Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 087_རྒྱུད་འབུམ།_ད
Văn bản gốc(Tây Tạng)
Trang 16 / 20 (50.000 ký tự/trang)
འཛིན་གྱི་ཕྱག་ཏུ་བཞག་ནས་ཚེས་བཅུ་གསུམ་གྱི་ཉིན་ཞག་སྨྱུང་བར་འདུག་ནས་བསྒྲུབ་པའམ། ཟླ་བ་ཉི་མ་གཟས་ཟིན་པའི་ཚེ་སྲོད་ནས་བརྩམས་ནས་བསྒྲུབ་པར་ བྱའོ། །གྲུབ་ན་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །གལ་ཏེ་དེའི་ནུབ་མོ་མ་གྲུབ་ན་དེ་བཞིན་དུ་དེ་ཉིད་དུ་འཆག་ཅིང་ཉི་མ་འཆར་ཀ་ནས་བརྩམས་ནས་སྲོད་ཀྱི་བར་དུ་བསྒྲུབ་པར་བྱའོ། །གྲུབ་པར་གྱུར་ན་བར་གྱི་བསྐལ་པར་གནས་ཤིང་གསེར་གྱི་མདོག་ཅན་འདོད་པའི་གཟུགས་ཅན་ དུ་འགྱུར་རོ། །བ་བླ་ལ་ཇི་ལྟ་བ་བཞིན་དུ་གི་ཝང་དང་ལྡོང་རོས་ལ་སོགས་པ་ལ་ཡང་བརྩོན་འགྲུས་དང་ལྡན་པས་སྔ་མ་བཞིན་དུ་བསྒྲུབ་པར་བྱའོ། །བུད་མེད་ཀྱི་མཚན་མ་གཞན་དུ་གྱུར་པ་དང་། སྔོན་གྱི་རྟེན་གཞན་དུ་གྱུར་པ་གཞོན་ནུ་དང་། གཞོན་ནུ་མའི་སྒྲུབ་པ་འབྱུང་བར་ འགྱུར་རོ། །སྔགས་གང་ཡང་རུང་བ་བཟུང་ལ་རི་གསེབ་ཏུ་ཞུགས་ཏེ་འབུམ་བཟླས་ལ། དེ་ནས་གཞོན་ནུ་མ་ལེགས་པར་ཁྲུས་བྱས་ཏེ་རྒྱན་གྱིས་བརྒྱན་པར་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ་བར་བྱ་ཞིང་ཚོགས་བསགས་པ་དང་། བྱང་ཆུབ་ཀྱི་ སེམས་ཡོངས་སུ་གཟུང་བ་བྱས་ལ་སྔ་མ་བཞིན་དུ་མཆོད་རྟེན་དང་། སྐུ་གཟུགས་དང་། རས་རིས་སམ། དམ་པའི་ཆོས་ཀྱི་གླེགས་བམ་གྱི་མདུན་དུ་ཇི་ལྟར་ནུས་པས་མཆོད་པ་བྱས་ལ། འཁོར་ལོའམ། རལ་གྲིའམ། རྡོ་རྗེའམ། ལྕགས་ཀྱུའམ། དམ་པའི་ཆོས་ཀྱི་གླེགས་ བམ་ལག་པ་ལ་བཅིངས་ནས་སམ། རྫས་དེ་དག་ལས་གང་ཡང་རུང་བ་ཉིད་དམ། མེད་པར་ཡང་གཞོན་ནུ་དཀྱིལ་འཁོར་དུ་བཅུག་ཅིང་ཤིང་མངར་པོ་ལ་མེ་སྦར་ལ། ཤིང་དང་ཚྭ་ཕྱེ་དང་བཅས་པའི་རང་གི་ཁྲག་གིས་བསྒོས་པ་ཉི་མ་ནུབ་ནས་བརྩམས་ནས་འབར་བར་གྱུར་གྱི་བར་དུ་དེ་ ལག་པ་ནས་བཟུང་ནས་བསྒྲུབས་ན། དེ་དང་བཅས་པར་ཐོགས་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། །དུར་ཁྲོད་དུ་ལྕགས་ཀྱི་རྡོ་རྗེ་ལག་ཏུ་བཟུང་ནས་སློང་མོ་ལ་སྤྱོད་ཅིང་ཇི་སྲིད་བདག་ཉིད་གནོད་སྦྱིན་དུ་གྱུར་གྱི་བར་དུ་བཟླས་ན་བདག་ཉིད་ལྕང་ལོ་ཅན་དུ་ཞུགས་པར་མཐོང་བར་འགྱུར་རོ། ། དེར་འཕགས་པ་ཕྱག་ན་རྡོ་རྗེའི་རིགས་སུ་རང་གི་གནས་ཐོབ་པར་འགྱུར་རོ། །བྱོན་ནས་སྡིག་པ་ཆེན་པོ་བྱས་པ་ཡང་ལག་པ་ནས་བཟུང་ནས་ངེས་པར་ལྕང་ལོ་ཅན་དུ་ཁྲིད་པར་བྱེད་དོ། །ཉལ་བའི་ཚེ་རྡོ་རྗེ་དེ་བསྲུང་བ་བྱས་ལ་སྔས་སུ་གཞག་པར་བྱའོ། །ཟས་ཟ་བའི་ཚེ་ཡང་དེ་ལག་ཏུ་ བཟུང་ནས་བཟའ་བར་བྱའོ། །ཙནྡན་དམར་པོ་ལས་བྱས་པའི་རྡོ་རྗེ་ལག་ཏུ་ཐོགས་ནས་རྟག་ཏུ་བསོད་སྙོམས་ལ་སྤྱོད་པས་རི་ལ་འཛེགས་ནས་བཟླས་པ་བྱས་ན་ཟླ་བ་ལྔའི་ནང་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐལ་བ་ཅི་ལྟ་བ་བཞིན་དུ་གནས་རབ་ཏུ་ཐོབ་པར་འགྱུར་རོ། །རི་ལ་སློང་མོ་ སྤྱོད་ཅིང་རལ་གྲི་མ་བོར་པར་རྟག་ཏུ་བཟླས་པ་བྱས་ལ་ཟས་ཟ་ན་བཟུང་ནས་བཟླའོ། །ཉལ་བ་ན་ཡང་བསྲུང་བ་བྱས་ཏེ་ཤུབས་སུ་བཅུག་སྟེ་སྔས་སུ་བཞག་ན་ཟླ་བ་གསུམ་གྱི་ནང་དུ་རིག་པ་འཛིན་པར་འགྱུར་རོ། །འཁོར་ལོ་ལ་ཡང་ཆོ་ག་འདི་ཉིད་ཡིན་ནོ། །ལྕགས་སམ་ས་ལས་ལྕགས་ ཀྱུ་བྱས་ལ་དུར་ཁྲོད་དུ་མེ་ཏོག་སིལ་མ་བཀྲམ་པའི་དཀྱིལ་འཁོར་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་ཤིང་ལས་མེ་སྦར་ལ་ལག་པ་གཡས་པར་ལྕགས་ཀྱུ་ཐོགས་ནས་སྐེ་ཚེའི་སྦྱིན་སྲེག་བྱ་སྟེ། དུར་ཁྲོད་ན་གཉུག་མར་གནས་པ་རྣམས་འོང་གི་བར་དུ་བྱའོ། །འོངས་ནས་བདག་ གིས་བགྱི་བ་ཅི་མཆིས་བཀའ་སྩོལ་ཅིག་ཅེས་ཟེར་ན། དེ་བཀའ་བཞིན་གྱིས་ཤིག་ཅེས་བརྗོད་དོ། །དེ་ནས་བཟུང་ནས་དྲན་པ་ཙམ་གྱིས་བཀའ་བཞིན་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཤིང་ཆེན་པོའི་རྩ་བར་དེ་བཟུང་ནས་སློང་མོ་སྤྱོད་བཞིན་དུ་བཟླས་པ་བྱས་ ན་གནོད་སྦྱིན་འོངས་ནས་ཅི་ཞིག་བགྱི་ཞེས་སྨྲ་ཞིང་གང་དོན་དུ་གཉེར་བའི་དོན་དེ་སྒྲུབ་པར་བྱེད་དོ། །མྱ་ངན་མེད་ཀྱི་ཤིང་གི་རྩ་བར་སློང་མོ་སྤྱོད་པས་ལྕགས་ཀྱུ་དེ་ཉིད་བཟུང་ནས་བཟླས་ན་གནོད་སྦྱིན་མོ་འོངས་ནས་ཅི་ལྟར་མངོན་པར་འདོད་པ་བཞིན་དུ་ཉེ་བར་གནས་པར་འགྱུར་རོ། །རི་ལ་ འཛེགས་ནས་ལྕགས་ཀྱུ་དེ་བཟུང་ནས་བཟླས་པ་བྱེད་ཅིང་རིག་པ་འཛིན་པ་གྲུབ་པར་བྱེད་པ་རྫས་གང་འདོད་པས་དེ་བཞིན་དུ་བྱས་ན་དེ་དག་གི་རིག་པ་འཛིན་པར་འགྱུར་རོ། །ལྕགས་ཀྱུ་དེ་དང་ཀླུའི་གནས་ཀྱི་སྟེང་དུ་བཟླས་པ་བྱས་ན། དེའི་རྗེས་ལ་ཀླུ་སྟེང་དུ་ལངས་ནས་གང་སྨྲས་པ་དེ་ བྱེད་དོ། །ལྕགས་ཀྱུ་ལ་ཇི་ལྟ་བ་དེ་བཞིན་དུ་ལྕགས་ལས་བྱས་པའི་རལ་གྲི་དང་། འཁོར་ལོ་དང་། རྡོ་རྗེའི་སྦྱོར་བས་ཀྱང་སྦྱར་བར་བྱའོ། །དོན་ཡོད་པ་འདིས་འདིར་ནི་མ་པ་ལས་བྱས་པའི་རྡོ་རྗེ་ལག་ཏུ་ཐོགས་ནས་བླཀྴའི་ཤིང་གི་རྩ་བར་སློང་མོ་སྤྱོད་ཅིང་བཟླས་ན། ལྷ་རྣམས་ འོངས་ནས་ཡིད་ལ་གང་འདོད་པའི་དོན་རྗེས་སུ་སྒྲུབ་པར་བྱེད་ཅིང་ཟླ་བ་གཅིག་གི་ནང་དུ་འོང་བར་འགྱུར་རོ། །ཐམས་ཅད་འོང་བར་མ་གྱུར་པར་དེ་བཞིན་དུ་སྦྱིན་སྲེག་བྱ་སྟེ། གོང་མའི་ཡམ་ཤིང་གིས་མེ་སྦར་ལ་མར་དང་སྐེ་ཚེ་སྦྱིན་སྲེག་བྱས་ན་ངེས་པར་རིམ་གྱིས་ཟིན་པར་བརྙེས་ཤིང་ བརྡུངས་ལ་ཆང་བུར་བཅངས་པའི་ལུས་ཀྱིས་འོང་བར་འགྱུར་རོ། །ཐམས་ཅད་ཀྱི་ཐུན་མོང་གི་སྦྱིན་སྲེག་ཡིན་ནོ། །འདིར་སྦྱིན་སྲེག་གི་ཆོ་ག་འདི་ཡིན་ཏེ། རྫས་ཀྱི་ཆེད་དུ་ནི་ཤིང་ཆེན་དང་། མ་དུ་ཀ་དང་། ཨ་མྲ་ལ་སོགས་པས་སོ། །དེ་བཞིན་དུ་འབྲས་བུ་དང་བཅས་པའི་ཚེར་མ་ ཅན་གྱི་ཤིང་གི་ཡམ་ཤིང་གིས་ཀྱང་སྦྱིན་སྲེག་བྱའོ། །ཞོ་དང་། སྦྲང་རྩི་དང་། སཱ་ལུའི་ཟན་གྱི་ཆང་བུའམ། སྦྲང་རྩི་དང་། མར་དང་། འབྲས་སམ། སྦྲང་དང་། མར་ལ་སོགས་པས་སྦྱིན་སྲེག་བྱའོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ་མཆོད་རྟེན་དང་། རས་རིས་དང་། སྐུ་གཟུགས་ཀྱི་ མདུན་དུ་དབང་དུ་བྱ་བའི་སྦྱིན་སྲེག་གི་ཆོ་ག་ནི་པྲི་ཡང་ཀུའི་བསྲེག་རྫས་ལ་སོགས་པའམ། མེ་ཏོག་དྲི་ཞིམ་པོའི་ཤིང་ལ་སོགས་པའི་ཡམ་ཤིང་གིས་ཀྱང་དེར་སྦྱིན་སྲེག་བྱའོ། །ཨ་ཏི་མུཀྟའི་བསྲེག་རྫས་ནི་ཞོ་ལ་བསྟེགས་པས་སོ། །པྲི་ཡང་ཀུའི་བསྲེག་རྫས་ནི་ཞོ་དང་མར་ལ་ བཏགས་པས་སོ། །ཚྭ་དང་ཏིལ་གྱི་ཆང་བུའམ། ཚྭ་དང་མར་གྱི་ཆང་བུའམ། ཚྭ་དང་ཁྲག་གི་ཆང་བུས་ཀྱང་བྱ་སྟེ། གལ་ཏེ་དབང་དུ་མ་གྱུར་ན་དེ་དག་གིས་སྦྱིན་སྲེག་བྱའོ། །མ་དུ་རི་ཀ་དང་ཏིལ་བསྲེས་པའི་སྦྱིན་སྲེག་གིས་ནི་དགའ་བ་ཆེན་པོར་བྱེད་པའོ། །སོ་བ་དང་མར་ བསྲེས་པ་དང་། ཚ་བའི་མར་དང་སྤགས་པའི་པོ་སོ་འཆའི་ཚེ་ར་མས་ནི་ཤ་ཟ་ལ་སོགས་པ་གདུག་པ་ཅན་རྣམས་ལའོ། །ཀླུའི་འོ་མ་དང་སྐེ་ཚེས་ནི་གནོད་སྦྱིན་དགུག་པ་ལའོ། །འབྲས་བུ་བསྲེགས་པས་ཀྱང་རུང་ངོ་། །སྐྱེད་མོས་ཚལ་ལ་སོགས་པ་གནས་དབེན་ཞིང་ཉམས་ དགའ་བར་མེ་ཏོག་གི་བསྲེག་རྫས་ཀྱིས་ཏེ་འོན་ཀྱང་རླུང་གི་རྒྱུན་ལ་དབུལ་བར་བྱའོ། །དེ་ལ་དོན་འདོད་པས་ནི་ཆུ་ཀླུང་གི་ནང་དུ་འདུག་ལ་ཨུཏྤལ་དང་། ཀུ་མུ་ད་དང་། པདྨ་དང་། པུཎྜ་རི་ཀ་དང་། ཀ་ར་བཱི་ད་དང་། ཨ་ཤོ་ཀ་དང་། ཙམ་པ་ཀ་ལ་སོགས་པའི་མེ་ཏོག་གསུམ་ནས་བརྩམས་ ནས་ཅི་ཙམ་འབྱོར་པ་ཀླུང་གི་ཆུའི་ནང་དུ་འདུག་ནས་ཉི་མ་གསུམ་ཡན་ཆད་ཅི་ཙམ་འདོད་པར་རང་གི་འབྱོར་པ་དང་མཐུན་པར་རམ། བརྩོན་འགྲུས་དང་རྗེས་སུ་མཐུན་པར་འབྲས་བུ་དོན་ཡོད་པར་འབྱུང་བར་འགྱུར་རོ། །མཆོད་རྟེན་དང་། སྐུ་གཟུགས་དང་། རས་རིས་དང་། དམ་པའི་ ཆོས་ཀྱི་གླེགས་བམ་ལ་སོགས་པའམ། གཞན་ཡང་རུང་རྫས་ཀྱི་དོན་དུ་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །དབང་དུ་བྱ་བའི་ཕྱིར་ནི་མ་ད་ཡན་ཏི་ཀ་དཱ་ཛ་ཏི་དང་། མ་ལི་ཀ་དང་། པྲི་ཡང་ཀུ་ལ་སོགས་པའི་ཆུའི་ནང་དུ་འདུག་ནས་བརྒྱ་ཡན་ཆད་ཉི་མ་ལྔ་ཡན་ཆད་བྱ་ཞིང་དབུལ་བར་ བྱའོ། །དེ་བཞིན་དུ་མཆོད་རྟེན་དང་། སྐུ་གཟུགས་དང་། རས་རིས་དང་། གླེགས་བམ་ཡང་རུང་ཕུལ་ན་རྒྱལ་པོ་ལ་སོགས་པ་ངེས་པར་དབང་དུ་འགྱུར་རོ། །ནད་ཀྱི་དོན་དུ་བྱ་བའི་སྦྱིན་སྲེག་ནི་འདི་ལྟ་སྟེ། སྨན་གྱི་ཤིང་གི་ཡམ་ཤིང་དང་། སྐྱུ་རུ་ར་ལ་སོགས་པ་དང་། འབྲས་བུ་ཁ་བོ་དང་། ནི་མ་པ་ལ་སོགས་པ་བླ་གབ་མེད་པའི་གནས་སུ་མཆོད་རྟེན་ལ་སོགས་པ་ལ་ཆུའི་མེ་ཏོག་དང་། ལོ་མ་དང་། དགོན་པའི་མེ་ཏོག་དབུལ་བར་བྱའོ། །དེ་བཞིན་དུ་མཆོད་རྟེན་ལ་སོགས་པ་ལ་ཉིན་བདུན་ཡན་ཆད་ཅི་ཙམ་ནུས་པ་བྱས་ན། ངེས་པར་ནད་མེད་པ་དང་། དབང་དུ་བྱ་བ་ དང་བཅས་པ་བྱེད་པར་འགྱུར་རོ། །གདོན་ལ་ནི་ཏིལ་མར་དང་། རང་སྐྱུར་ལ་མུ་སྟེགས་པའི་རྒྱལ་པོའི་ཡུངས་ཀར་སྦྱིན་སྲེག་གིས་སོ། །འབྱུང་པོ་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པ་ལ་ཐལ་བ་ལ་སོགས་པས་བྲིས་པས་འབྲོས་པར་འགྱུར་ཞིང་། བརྡེག་པ་དང་། གཅད་པ་དང་། བཅིང་བ་ཡང་མེད་དོ། །བདག་བསྲུང་བ་ལ་ནི་ལན་གསུམ་བརྗོད་པས་སོ། །གཞན་བསྲུང་བ་ལ་ནི་ལན་ལྔ་བྱས་པས་འདུག་པར་འགྱུར་རོ། །གང་དག་ལ་མདུད་པ་བཅིངས་པ་དང་། ཆུ་དང་། ཡུངས་ཀར་དང་། ས་དང་། ཚོན་དང་། ཕྱག་རྒྱས་སམ། ཡིད་ཀྱི་དཀྱིལ་འཁོར་གྱིས་ ཀྱང་འཆི་བར་བྱེད་དོ། །ཐལ་མོ་བརྡབས་པའམ། མདུད་པ་བཅིངས་པས་སམ། འདོད་པས་ཀྱང་དབང་དུ་བྱེད་ཅིང་འགུགས་སོ། །ཕུར་བུ་དང་། སྔགས་མདུད་དང་། ཆུས་ཀྱང་ཐམས་ཅད་བྱེད་དོ། །མདོར་ན་ཡིད་ལ་བསམས་ནས་བཟླས་པ་བྱས་ན་ཐམས་ཅད་དོན་ ཡོད་པར་བྱེད་དོ། །རང་བཞིན་དུ་གནས་པ་ལ་འབེབས་པར་བྱེད་ན་ཙནྡན་དང་། ཨ་ག་རུའི་བདུག་སྤོས་ལ་སོགས་པས་དཀྱིལ་འཁོར་མེ་ཏོག་སིལ་མ་བཀྲམ་པ་བྱས་པ་ལའོ། །གདོན་གྱིས་ཟིན་པ་ལ་འབེབས་པར་བྱེད་ན། ཨུ་ཤི་ར་དང་། མར་གྱི་བདུག་སྤོས་ཀྱིས་སོ། །བདུག་ སྤོས་ཐམས་ཅད་ཀྱང་མར་དང་བཅས་པར་བྱའོ། །དཔལ་པི་སྠ་ཀ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །མར་དང་བཅས་པས་ཉིན་བཞི་པ་ལ་སོགས་པའི་རིམས་ཞི་བར་བྱེད་དོ། །ཏིལ་མར་དང་བསྲེས་པའི་ཀུན་དུ་རུ་ཀ་ལ་སོགས་པའི་བདུག་སྤོས་ཐམས་ཅད་ཀྱིས་སོ། །ལྕགས་ ལས་བྱས་པའི་ཕུར་བུས་གདུག་པ་ཅན་སྲིན་པོ་དང་། ལྷ་མ་ཡིན་ལ་སོགས་པ་ཕུར་བུས་འདེབས་སོ། །གནོད་སྦྱིན་ལ་ནི་འོ་མ་ཅན་གྱི་ཕུར་བུས་སོ། །ཀླུ་ལ་ནི་ནིམ་པའི་ཤིང་ལས་བྱས་པས་སོ། །རིག་པ་འཛིན་པ་ལ་ནི་ཤྲི་ཁནྡ་ལས་བྱས་པས་སོ། །ལྷ་ལ་ཙནྡན་དམར་པོ་ ལས་བྱས་པའི་ཕུར་བུས་སམ། ཅི་ལྟར་འདོད་པས་ལན་ཉི་ཤུ་རྩ་གཅིག་གི་བར་དུ་བཟླས་ལ་གཟུགས་བརྙན་གྱི་གནས་གང་ཡིན་པ་དེར་གདབ་པར་བྱའོ། །བཏབ་ནས་ཁྲོས་པས་གནས་དེ་ཉིད་དུ་མཚན་མ་ཅུང་ཞིག་བྱུང་བར་གྱུར་གྱི་བར་དུ་བཟླས་པ་བྱ་ཞིང་། སྲེད་པ་མེད་པའི་དྲག་ ཏུ་ཁྲོས་པས་ཕ་རོལ་ཀུན་ཕུར་བུས་གདབ་བོ། །བསྟན་པ་ལ་སྡང་བའི་སེམས་ཅན་དང་། སེམས་ཅན་རྣམས་ལ་སྡང་བ་ཡང་ཕུར་བུས་གདབ་བོ། །དཔལ་ཕུར་བུས་རྒྱལ་པོ་གདུག་པ་ཅན་གྱི་དཔུང་ཕུར་བུས་གདབ་པར་འགྱུར་རོ། །རྒྱལ་པོ་ཕུར་བུས་གདབ་པ་ལ་ནི་ ཙམ་པའི་ཤིང་ལས་བྱས་པས་རྒྱལ་པོ་ཕུར་བུས་གདབ་པར་འགྱུར་རོ། །མིའི་རུས་པའི་ཕུང་བུས་ནི་བགེགས་ཕུར་བུས་གདབ་བོ། །རུས་པ་ལས་བྱས་པ་དང་། ལྕགས་ལས་བྱས་པ་དང་། སེང་ལྡེང་ལས་བྱས་པ་དང་། འོད་མ་ལས་བྱས་པས་གདུག་པའི་ཕུར་ བུས་ཐམས་ཅད་ལ་སྦྱར་བར་བྱའོ། །ཐ་ན་སྟོང་པར་གདབ་པ་ལྟར་བྱས་པས་ཀྱང་རྡོ་རྗེའི་རང་བཞིན་གྱིས་ཕུར་བུས་བཏབ་པར་འགྱུར་རོ། །བཅིང་བ་ལ་ནི་རྩྭའི་འདབ་མ་ལ་ལན་གསུམ་བརྗོད་པས་ཀྱང་བརྒྱ་བྱིན་ཡང་འཆིང་བར་བྱེད་དོ། །བཅད་པས་གྲོལ་བར་འགྱུར་རོ། །གལ་ཏེ་ རབ་ཏུ་སྦྱར་ན་ཚངས་པ་ལ་སོགས་པ་རང་ཉིད་ཀྱང་ལག་ན་རྡོ་རྗེ་སྟོབས་པོ་ཆེས་བཅིངས་པར་བསམས་ན་བཅིངས་པར་འགྱུར་རོ། །གྲོལ་བར་གྱུར་ཅིག་ཅེས་བསམས་ན་གྲོལ་བར་འགྱུར་རོ། །དེ་ལྟ་ན་ཡང་འདིར་སེམས་ལ་དབང་བ་ཡང་འགྲུབ་པར་འགྱུར་ཞིང་དམ་ཚིག་ལ་དབང་བར་ ཡང་འགྱུར་རོ། །དེ་ལ་འདིར་ཐོགས་པ་མེད་པ་དོན་ཡོད་པའི་འཆིང་བའི་སྦྱོར་བ་ནི་ཡུངས་ཀར་དང་འབྲས་བཏགས་པ་ལ་ཏིག་ཏ་དང་ཚྭ་བསྲེས་ལ། ལྕགས་སྒྲོག་གམ། རྡོ་རྗེའམ། མདུང་ངམ། རྡོ་རྗེའི་དཀྱིལ་འཁོར་རམ། རྡོ་རྗེ་ཞགས་པའི་ཕྱག་རྒྱ་བྱས་ནས་དུར་ཁྲོད་དུ་ སྦྱིན་སྲེག་བྱས་ན་འཆིང་བ་ཆེན་པོས་བཅིངས་པར་འགྱུར་རོ། །ཡང་ན་ནིམ་པའི་ལོ་མ་དང་། ནི་པི་ན་ལྷན་ཅིག་བཏགས་ནས་སྦྱིན་སྲེག་བྱས་ན་དེ་བཞིན་དུ་འཆིང་ངོ་། །མོན་སྲན་གྲེའུ་དང་། སྐེ་ཚེ་དང་སྐྱུ་རུ་ར་དང་ལྷན་ཅིག་བཏགས་ནས་ཕྱག་རྒྱ་བྱས་ལ་དུར་ཁྲོད་དུ་སྦྱིན་སྲེག་བྱས་ ན་འཆིང་བར་འགྱུར་རོ། །མངོན་སྤྱོད་ནི་འདི་ལྟར་འབྱུང་སྟེ། དུར་ཁྲོད་ཀྱི་ཤིང་ཏིག་ཏ་དང་བཅས་པ་དང་། ཚྭ་དང་བཅས་པའི་ཡམ་ཤིང་གིས་དུར་ཁྲོད་དམ། ཁང་པ་སྟོང་པ་དང་། སྐྱེད་མོས་ཚལ་རྙིང་པ་དང་། ས་སྒྲེན་གྱི་ཕྱོགས་སུ་ཁྲོས་པས་ནིམ་ པ་ལས་རྡོ་རྗེའི་རྣམ་པ་ལྟ་བུར་བྱས་ལ། དེ་ནས་རུས་པའི་ཕྱེ་མ་རང་གི་ཁྲག་དང་བསྒྲེས་པས་སྦྱིན་སྲེག་བྱས་ན་ཉི་མ་དགུས་ངེས་པར་འཆི་བར་འགྱུར་རོ། །ཡང་ན་ཤ་ཆེན་པོ་མར་དང་བཅས་པས་སྦྱིན་སྲེག་བྱའོ། །ཡང་ན་ཉའི་ཞག་དང་བསྒོས་པའི་སྦྱིན་སྲེག་བྱའོ། །ཡང་ན་ཏིལ་ མར་ལས་བསྟེགས་པའི་བ་ལང་གི་ཤས་སོ། །ཡང་ན་ཀེ་ཤ་ལི་ཐལ་བ་དང་། རྟའི་ཁྲག་དང་སྐེ་ཚེས་སོ། །ཡང་ན་ཁྭའི་སྒྲོ་ལ་སོགས་པ་ཏིལ་མར་ལ་བསྟེགས་པའི་སྒྲོ་ཐམས་ཅད་ཀྱིས་སོ། །ཡང་ན་རང་གི་ཁྲག་དང་བསྲེས་པའི་ཐལ་བས་སོ། །ཡང་ན་ཨར་ཀའི་འབྲས་བུ་ མར་ལ་བསྟེགས་པས་སོ། །ཡང་ན་དུག་དང་ཁྲག་གིས་སོ། །ཡང་ན་ཚྭ་དང་ཁྲག་གིས་སོ། །ཡང་ན་ཡུངས་ཀར་དང་ཁྲག་གིས་སོ། །ཡང་ན་བ་ལང་གི་ཤ་དང་། ཚྭ་དང་། ཁྲག་གིས་བསྒོས་པའི་སྦྱིན་སྲེག་ཁྲོ་བ་དང་བཅས་པས་ཉི་མ་དགུ་བྱས་པས་ངེས་པར་འཆི་བར་ འགྱུར་རོ། །ཡང་ན་དུར་ཁྲོད་དུ་ཟངས་ལས་བྱས་པའམ། ལྕགས་ལས་བྱས་པའི་སྣོད་ཏིལ་མར་གྱིས་བཀང་ནས་བསྒོས་པ་ལ་སྔར་གྱི་རྫས་དེ་དག་ཉིད་དང་། རང་སྐྱུར་ལ་བསྟེགས་པའམ། མར་དང་། ཏིལ་མར་དང་། འགྱུར་བྱེད་ལ་བསྟེགས་པ་བཙོ་བར་བྱ་ཞིང་གང་ སྔར་གྱི་ཚོས་པ་རྣམས་བསལ་ལ་གཞན་བཙོ་བར་བྱ་སྟེ། བརྒྱ་ཡན་ཆད་ཅི་ཙམ་འདོད་པ་སྦྱིན་སྲེག་བྱའོ། །ཁྭའི་སྒྲོ་དང་ཐལ་བ་བཙོས་པ་ཁྲག་དང་བསྲེས་པས་སྲེག་བླུགས་བྱའོ། །ཤིན་ཏུ་དྲག་པོའི་སྦྱིན་སྲེག་གི་ཆོ་གའོ། །མར་གྱི་སྲེག་བླུགས་ཀྱིས་ཞི་བར་འགྱུར་རོ། །ཁྲུས་ བྱས་པས་སམ། སྐུད་པ་བཅིངས་པས་ཀྱང་ངོ་། །གདུག་པ་ཚར་གཅད་པའི་ལས་འདི་དག་གིས་ངེས་པར་གདུག་པ་ཅན་འཆིང་བར་འགྱུར་རོ། །གང་ཡང་ཀླུ་གདུག་པ་ཅན་ཞི་བར་བྱ་བའི་ཕྱིར་ཀླུའི་གནས་ཀྱི་རྩ་བར་དེ་ལྟར་བྱས་ན་དེ་ཉིད་དུ་ཞུགས་ནས་འཆི་བར་འགྱུར་རོ། །གང་ ལྷ་གདུག་པ་ཅན་བསྟན་པ་ལ་གནོད་པ་བྱེད་པའམ། སེམས་ཅན་མང་པོ་ལ་གནོད་པ་བྱེད་པ་དང་། རིག་འཛིན་གདུག་པ་ཅན་རྫས་འཕྲོག་པར་བྱེད་པའམ། གང་ཡང་གནོད་སྦྱིན་གདུག་པ་ཅན་དང་། གང་ཡང་སྲིན་པོ་གདུག་པ་ཅན་ནམ། རྒྱལ་པོའམ། རྒྱལ་པོའི་ བློན་པོ་ཆེན་པོའམ། རྒྱལ་པོའི་སྐྱེས་བུའམ། ཁམས་ཀྱི་རྒྱལ་པོའམ། ཕན་པ་མ་ཡིན་པ་བྱེད་པ་དེ་རྣམས་ཞི་བར་བྱ་བའི་ཕྱིར་ཁྲོ་བ་དང་བཅས་པས་མངོན་སྤྱོད་བྱ་ཞིང་། བསྟན་པ་ལ་ཕན་པར་བྱ་བའི་དོན་དང་། སེམས་ཅན་མང་པོའི་དོན་མཐོང་ན་དོན་ཡོད་པར་གྲུབ་པ་ འདིས་སྦྱར་བར་བྱ་སྟེ། དཀྱིལ་འཁོར་གྱི་སྔོན་དུ་བསྟན་པའི་སྔགས་རྣམས་ཀྱིས་ནི་མངོན་སྤྱོད་ཀྱི་ལས་མི་བྱའོ། །དོན་ཆུང་ངུ་ལ་ཡང་མི་བྱའོ། །མི་ངས་ལ་ནི་ཞོ་དང་། སྦྲང་རྩི་དང་། མར་ལ་བསྟེགས་པའི་ཤ་ཆེན་དབང་ཕྱུག་ཆེན་པོའི་གནས་སུ་ནིམ་པའི་ཤིང་བཙོས་པའི་སྦྱིན་ སྲེག་བྱ་བའམ། དེ་བཞིན་དུ་བསྲུང་བའི་ཆོ་ག་བྱས་ནས་ཕུར་བུས་གཟུགས་བརྙན་ལ་གདབ་ཅིང་ཞག་བདུན་དུ་གནས་ཀྱི་ཟས་བཟའ་སྟེ། དབང་ཕྱུག་ཆེན་པོའི་གཡས་ཕྱོགས་སུ་སྟེང་ནས་ཕུར་བུས་གདབ་ཅིང་བརྒྱ་བཟླས་པར་བྱའོ། །ཡང་ན་ལམ་གྱི་བཞི་མདོར་ལྕགས་ཀྱི་རྡོ་རྗེ་བཟུང་ནས་ བཟླས་པ་བྱས་ན་མི་ངས་རབ་ཏུ་ཞི་བར་འགྱུར་རོ། །ཆར་མི་འབབ་པ་ལ་ནི་ཀླུང་གི་རྒྱུན་འབབ་པ་ལ་མེ་ཏོག་གིས་བྱས་ན་ཆར་འབེབས་པར་བྱེད་དོ། །དྲག་པོའི་ལས་རྫོགས་སོ།། །།དམ་ཚིག་གསུམ་བཀོད་པའི་རྟོག་པ་ཆེན་པོའི་རྒྱལ་པོའི་གསང་སྔགས་ཀྱི་སྒོའི་སྤྱོད་པའི་ ཚུལ་འདི་ལ་ནི་ཁྲུས་མ་བྱས་ཀྱང་སྐྱོན་ཡོད་པར་མི་འགྱུར་རོ། །ཤ་ཟ་བ་ཡང་དགག་པ་མེད་དོ། །ལ་ཕུག་དང་། ལ་དུ་ལ་སོགས་པ་ལ་སྤྱོད་ཀྱང་སྐྱོན་མེད་དོ། །ལྷག་མ་ལ་ཡང་སྐྱོན་མེད་དོ། །འོན་ཀྱང་གང་ཞིག་དད་པ་དང་ལྡན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཇོ་བོ་བཞིན་དུ་གུས་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་ཆེད་ཆེར་བྱེད་པ། འདུ་འཛི་སྤོང་བ་ལ་དགའ་བ་དེ་དག་ནི་མྱུར་དུ་འགྲུབ་པར་འགྱུར་རོ། །འདིར་ལོག་འདྲེན་ཉེ་བར་འབྱུང་བར་ཡང་མི་འགྱུར་རོ། །འདི་ལ་བགེགས་འབྱུང་བར་ ཡང་མི་འགྱུར་རོ། །འདི་འབད་པ་ཆུང་ངུས་དོན་ཡོད་པར་འགྲུབ་པའོ། །འདི་ནི་ལས་ཐོགས་པ་མེད་པའོ། །རྟོག་པ་འདི་ནི་ཆགས་པ་མེད་པའི་སེམས་བསྐྱེད་པ་མངོན་པར་བསྒྲུབས་པས་སྒྲུབ་པའི་ཐབས་ཀྱིས་འདིར་རྗེས་སུ་འཇུག་པར་བྱའོ། །འཇིག་ རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱེད་པའི་སྒྲུབ་པའི་ཐབས་དོན་ཡོད་པ་འདི་གོམས་པར་ཡང་བྱའོ། །སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་དོན་གྱི་དངོས་གྲུབ་འབྱུང་བར་འགྱུར་བ་འདི་ལ་སོམ་ཉི་མེད་པར་སྒྲུབ་པའི་ཐབས་ལ་སྦྱར་བར་བྱའོ། །ལུས་དང་། ངག་དང་། ཡིད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོ་བར་བྱེད་པ་འདིའི་སྦྱོར་བ་ལ་གོམས་པར་བྱའོ། །འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྟེན་ལ་གསོལ་བ་གདབ་པ་དང་། མཁྱེན་པར་བྱ་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་དགོས་པ་སྔགས་འདིས་བསྒྲུབ་པར་བྱའོ། །འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཀའ་བཞིན་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་ནས་ལེགས་སོ་ཞེས་བྱ་བ་དང་། བྱིན་གྱིས་བརླབ་པ་སོ་སོར་ཐོབ་པར་བྱ་བའི་ཕྱིར་སྔགས་ བསྒྲུབ་པར་བྱའོ། །མྱུར་དུ་རྟེན་གནས་གྱུར་ནས་བདེ་བའི་བདུད་རྩི་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་གང་ཡང་ཆགས་པ་མེད་པའི་བདག་ཉིད་ཅན་གྱི་རྟོག་པའི་རྒྱལ་པོ་འདིའི་སྔགས་ཀྱིས་བསྒྲུབ་པར་བྱའོ། །འདིར་བརྩོན་འགྲུས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ གསང་སྔགས་བཟླས་སམ། སེམས་ཅན་གྱི་ཁམས་རྣམས་ཀྱི་དོན་དུ་སྔགས་བཟླས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སེམས་རྒྱ་ཆེན་པོས་མཆོད་པ་ཆེན་པོའི་སྤྲིན་སེམས་ཅན་གྱི་ཁམས་རྣམས་ལ་བདེ་བ་ཡང་དག་པར་སྐྱེད་པས་མངོན་པར་མཆོད་པས་ མཆོད་པར་འགྱུར་རོ། །སྐད་ཅིག་སྐད་ཅིག་ལ་ཁྱད་པར་དུ་འགྲོ་བ་དང་། གོང་ནས་གོང་དུ་འགྲོ་བ་སོ་སོར་ཐོབ་པར་འགྱུར་རོ། །མདོར་བསྡུས་ན་སྔགས་བཟླས་པ་བྱས་པས་སངས་རྒྱས་འབྱུང་བ་རྣམས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ ཡང་འགྱུར་རོ། །འདི་ལ་གསང་སྔགས་ཀྱི་སྒོར་ཞུགས་ནས་སྤྱོད་པ་དད་པ་ཅན་བག་ཡོད་པས་སོམ་ཉི་མེད་པར་བྱའོ། །བརྩོན་འགྲུས་དང་བཅས་པའི་སྙིང་རྗེས་སྨོན་ལམ་ཆེན་པོ་མངོན་པར་བསྒྲུབས་པས་འདི་ལ་གུས་པར་བྱས་ནས་གཙང་སྦྲས་གསང་སྔགས་ཀྱི་སྤྱོད་པ་འདི་ཉིད་ དང་། བསླབ་པ་འདི་ཉིད་ལ་དམིགས་པ་ཡོངས་སུ་མ་བཏང་བས་དབེན་པའི་གནས་སུ་འདུ་འཛི་དང་བྲལ་བར་བྱས་ལ་སེམས་བསྐྱེད་པ་ཐམས་ཅད་དུ་ཚད་མེད་པ་ལ་གོམས་པར་བྱ་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རབ་ཏུ་དད་པས་དམིགས་པར་རྗེས་ སུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ལས་དང་རབ་ཏུ་ལྡན་པའི་ལུས་དང་། ངག་དང་ཡིད་ཀྱི་ལས་ཐམས་ཅད་ཡང་དག་པར་རྩོམ་པ་སྟེ། སྔགས་ཀྱི་སྒོའི་སྤྱོད་པ་ལ་ཞུགས་པས་ཆོས་དེ་དག་ལ་སྤྱད་པར་བྱའོ། །དེ་ལ་འདི་དག་ནི་རྟོག་པའི་རྒྱལ་པོ་ཆེན་པོ་ འདིར་བར་དུ་གཅོད་པར་འགྱུར་བ་ཡིན་ཏེ། ལེ་ལོ་དང་། འདོད་པ་མེད་པ་དང་། མངོན་པར་མི་སྦྱོར་བ་དང་། འདུ་འཛི་ལ་དགའ་བ་དང་། ཕན་པ་མ་ཡིན་པ་ལ་ཞུགས་པ་དང་། ཡིད་གཉིས་དང་། བདག་གི་བསོད་ནམས་དང་མི་ལྡན་པ་དང་། ཚུལ་ཁྲིམས་ འཆལ་པ་ཡིན་པ་དང་། དམན་པར་གྱུར་པ་ཡིན་པས་འདི་འགྲུབ་པར་མི་འགྱུར་རོ་ཞེས་ཟེར་ནས་ཡོངས་སུ་སྤོང་བ་དང་། ཀུན་ཏུ་འཚོ་བའི་དྲི་མ་དང་། མཐོང་བའི་ཆོས་འདི་ཉིད་ལ་བདག་གི་དོན་དང་། གཞན་གྱི་དོན་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་པ་ལ་སྦྱོར་བའི་འདོད་ པ་མེད་པ་དང་། གསང་སྔགས་ལ་བརྟག་པ་མེད་པ་དང་། འཇིག་རྟེན་པའི་སྔགས་ཀྱི་བསྟན་བཅོས་ལ་མངོན་པར་དགའ་བ་དང་། བདག་ཉིད་ལ་ང་རྒྱལ་བྱེད་པ་དང་། གཞན་ལ་མི་བསྔགས་པ་བརྗོད་པ་དང་། མངོན་པར་མི་བརྩོན་པ་སྤོང་བར་མི་བྱེད་པ་དང་། ཡོ་ བྱད་མང་པོ་ཉེ་བར་སྡུད་པ་དང་། ལུས་དང་སྲོག་ལ་ཆགས་པ་དང་། དེ་དག་ལ་སོགས་པ་གཞན་ཡང་བར་དུ་གཅོད་པའི་ཆོས་རྣམས་རྟོགས་པར་བྱའོ། །འདི་ལ་སེར་སྣ་ཡང་མི་བྱའོ། །གཞན་དག་སྔགས་ཀྱི་སྤྱོད་པ་ལ་གཞུག་པར་བྱའོ། །བསླབ་པར་བྱ། ཡང་དག་ པར་གཟུང་བར་བྱ་སྟེ། དེ་ལྟར་བྱེད་ན་བསྟན་པའི་དོན་བྱས་པ་ཡང་ཡིན་ནོ། །དམ་པའི་ཆོས་འཛིན་པ་ཡང་ཡིན་ནོ། །གཞན་དག་ཀྱང་ཡང་དག་པར་འཛུད་པར་འགྱུར་རོ། །བསྐུལ་བར་ཡང་འགྱུར་རོ། །དེས་ནི་འདས་པ་དང་། མ་བྱོན་པ་དང་། ད་ ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་པའི་ཆོས་བཟུང་བར་ཡང་འགྱུར་རོ། །བཀླགས་པ་དང་། བཅངས་པར་ཡང་འགྱུར་རོ། །དེ་ནི་སངས་རྒྱས་ཐམས་ཅད་བཟུང་བས་ཐམས་ཅད་དུ་མཉམ་པ་མེད་པའི་རིག་པ་འཛིན་པར་འགྱུར་རོ། །སྡང་མིག་བལྟས་པ་ཙམ་གྱིས་ ལྟུང་བར་འགྱུར་རོ། །སྦྱིན་སྲེག་གིས་ལོག་འདྲེན་ལ་སོགས་པ་འཆི་བར་འགྱུར་རོ། །རས་རིས་ཀྱི་ཆོ་ག་ནི་ནམ་མཁའི་སྤྱན་གྱི་གནས་སུ་ནི་རྡོ་རྗེའི་མཆོག་ཅེས་བྱ་བ་རིག་པའི་རྒྱལ་མོའི་མཆོག་བྱ་སྟེ། ཀུན་ནས་འབར་བ། གནག་ཅིང་ལྗང་བ། རབ་ཏུ་འབར་བའི་རྡོ་རྗེ་ལག་ན་ ཐོགས་པའོ། །འཕགས་པ་རྡོ་རྗེ་འཛིན་ནི་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བའོ། །རས་རིས་གཞན་ཡང་ཅུང་ཞིག་སྔོ་བ། གཞོན་ནུ་ཁྲོས་པ། རྡོ་རྗེ་འབར་བ་གསོར་བའོ། །ཁྲོ་བ་དང་བཅས་པ། འགྱིང་བ། འགྱིང་བག་གིས་རི་མོ་རྣམས་ཅུང་ཞིག་བསྐུལ་སྐུམ་ཞིང་འདར་ བ་བྲི་བར་བྱའོ། །འཕགས་པ་རྡོ་རྗེ་ལྕགས་ཀྱུས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་བཛྲ་ཛྭཱ་ལ་ཨཾ་གི་མྱ་ཨཱ་ཀཪྵ་ཡ་སྭཱ་ཧཱ། འདིས་ནི་རིག་པ་འཛིན་པར་འགྱུར་ཞིང་། ཐོགས་པ་མེད་པ་དོན་ཡོད་པར་གྲུབ་པ་འདིས་བདེ་སོགས་བཀུག་ནས་ཡོངས་སུ་ སྤྱོད་པ་ཡང་སྟོན་པར་བྱེད་དོ། །སྔར་བསྟན་པའི་ཆོ་གས་རེངས་པར་བྱེད་དོ། །རིག་པ་འཛིན་པ་ཐམས་ཅད་དང་མཉམ་པ་མེད་པར་འགྱུར་རོ། །ལྷ་ལ་སོགས་པའི་རིགས་འགུགས་པར་བྱེད་དོ། །གཡོ་བར་བྱེད། ཕུར་བུས་འདེབས་པར་བྱེད་དོ། །དེ་ནས་རས་རིས་ཀྱི་ཆོ་ག་ནི་ བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་འཕགས་པ་ཕྱག་ན་རྡོ་རྗེ་ལག་ན་རྔ་ཡབ་དང་རྡོ་རྗེ་ཐོགས་པའོ། །གཡོན་ལོགས་སུ་ནི་ལྷ་མོ་དང་བཅས་པ་གཞོན་ནུའི་གཟུགས་ཅན་རྡོ་རྗེ་གཞོན་ནུ་མ་ཅུང་ཞིག་སྔོ་བསངས་སོ། །རྡོ་རྗེ་འཛིན་གྱི་འོག་ཏུ་ནི་སྒྲུབ་པ་པོ་ལྷ་མོ་ལ་མངོན་དུ་ཕྱོགས་པའོ། །ལྷ་མོའི་ འོག་ཏུ་ནི་གཞོན་ནུ་མ་བྲི་བར་བྱའོ། །རས་རིས་གཉིས་པ་ནི་གཞོན་ནུ་མ་ཅུང་ཞིག་སྔོ་བསངས་ལག་ན་རལ་གྲི་ཐོགས་པ་འབར་བའི་ལུས་ཅན་ཞེས་བྱ་བ་རྡོ་རྗེ་གཞོན་ནུ་མ་བྲི་བར་བྱའོ། །དེ་ནས་ཡང་འཕགས་པ་རྡོ་རྗེ་སྡེས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་སཽ་མྱ་བ་ར་བཛྲཱ་ཡ་ན་མཿསྭཱ་ཧཱ། དེ་བཞིན་དུ་འཕགས་པ་ལག་བཟངས་ཀྱིས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་བཛྲ་གརྦྷ་ཕཊ་བི་རི་ནི་སྭཱ་ཧཱ། འཕགས་པ་མཐོར་འཕགས་ཀྱིས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། བཛྲ་བ་ ལ་ཡེ་སྭཱ་ཧཱ། ལོག་འདྲེན་ལ་སོགས་པ་འཆིང་བར་བྱེད་དོ། །འཕགས་པ་རྡོ་རྗེ་ལྕགས་སྒྲོག་གིས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་ཨ་ན་ལ་སམྦྷ་བེ་སྭཱ་ཧཱ། དེ་བཞིན་གཤེགས་པ་བྱིན་གྱིས་བརླབས་པའི་རྡོ་རྗེ་ཞེས་བྱ་བའོ། །རྡོ་རྗེ་འཛིན་གྱིས་ སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་སརྦ་ས་ཨུཏྟ་མ་བནྡྷ་བཛྲ་ཤི་ཁ་རེ། ཀ་མ་ལཱ་ཀ་མ་ལཱ། མ་པ་ལཱ་ཨ་དྷིཥྛཱ་ན་བཛྲ་བཛྲ་ཤི་ཁི་ཤི་ཁི། ན་མོ་ཨ་མ་ལཱ་ནཱ། སཱ་རཱ་སཱ་རཱ། ཛྭཱ་ལ་ཛྭཱ་ལ། བི་མ་ལེ་སྭཱ་ཧཱ། ཤིན་ཏུ་གནོད་མཛེས་རྡོ་རྗེ་ཞེས་ བྱ་བའི་རྡོ་རྗེ་འཛིན་གྱིས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། དྷུ་བ་རེ་དྷུ་བ་རེ། ཛྭཱ་ལ་ཛྭཱ་ལ་ཛྭཱ་ལ། བཛྲ་སཱ་ག་རེ་སྭཱ་ཧཱ། རྣམ་པར་སེལ་བ་རྡོ་རྗེ་ཞེས་བྱ་བའི་རྡོ་རྗེ་འཛིན་གྱིས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་ཙ་ར་བ་ན་ཙ་ར་ བ་ན། ཧ་ར་ཧ་ར། བི་སྐམྦྷ་ཡ། སཱ་ར་ཨུ་སཱ་ར་ཨུ། གོ་པ་གོ་པ། བཱ་བཱ་ཏྭ་ར་ཏྭ་ར། ཁ་ཧི་ཀྲུ་ར་བཛྲི་ཎི་སྭཱ་ཧཱ། མཉམ་པ་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་འཛིན་གྱིས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཀཱ་རུ་ཎ་ཀཱ་རུ་ཎ། ས་ར་ས་ར། བི་དྷ་མ་ན། ཧྲྀ་ད་ཡ། ས་ཏྭཱཾ་བི་དྷ་ཨུཏྟ་མ། ཛྭཱ་ལ་ན་ཏྭཱཾ་སྭཱ་ཧཱ། འཕགས་པ་རྡོ་རྗེ་ཟུག་རྔུས་སྔགས་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཏཱ་ག་ཏཱ་ནཱཾ། ཨོྃ་ཀྲོ་དྷ་ཛྭཱ་ལ་ཨུ་ཏ་ཧ་སི་ནི་སྭཱ་ཧཱ། མཐའ་ཡས་རྡོ་རྗེས་སྔགས་སྨྲས་པ། ན་མཿས་མནྟཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་ཨ། ས་མཱ་ག་ག་ནེ་སྭཱ་ཧཱ། ཨོྃ་ཨ་ན་མ་ལ་སམྦྷཱ་ནྟུ་ཏ་རི་ཎི། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་ས་མནྟཱ་གུ་ཎ་ཨུཏྟ་མ་དེ་ཧི་བི་རཾ། ག་ག་ན་ཨ་ནནྟཱ་ག་ཏི། ཛྭཱ་ལ་ཏ་ཛྭཱ་ལ་ཏ། ས་མ་ཏ་ས་མ་ཏ། བྷི་བཱི་ཏ་ཧྲྀ་དཱ་ཡེ། ཤ་ཁ་ལཱ་བ་ལེ་བེ། སྥ་ར་ཧེ་སྥ་ར་ ཧེ། དྷྲུ་བ་དྷྲུ་བ་སྭཱ་ཧཱ། དེ་བཞིན་གཤེགས་པའི་སྙིང་པོའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། མ་ཧཱ་བ་ར་ཙི་ཏཱ། ཨ་གྲ་ཤི་ཁ་རེ་སྭཱ་ཧཱ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་བྷུ་དྷ་ཀེ་བྷུ་དྷ་བ་ལཱ་ཏི་བ་ལཱ་ནི་སྭཱ་ཧཱ། གཙུག་ཏོར་དང་རྨ་བྱ་ཆེན་མོའི་ཡིན་ནོ། ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་ཨ་ན་མ་ལ་སཾ་བྷཱནྡུ་ཏ་རི་ཎི། ཨོཾ་བ་ར་སཾ་བནྡྷུ་དྷུ་སྭཱ་ཧཱ། རྡོ་རྗེ་མེ་དང་རྡོ་རྗེ་མི་གཡོ་བའི་སྟེ། ཉེ་བར་འཚེ་བ་ཡང་དག་པར་ཟློག་པར་བྱེད་དོ། །ཨོྃ་བཛྲ་བ་ལ་ཨནྟུ་ཤ་ཏྲི་ཤོ་སརྦ་དཱ་བེ་གི་ནེ་ཧནྟུ་ན་ཏཱཾ། ཨོྃ་ཨ་ས་དྲྀ་ཤེ་སྭཱ་ཧཱ། དཔེ་མེད་ རྡོ་རྗེའི་རིགས་དང་མི་གཡོ་བ་ཉིད་ཀྱི་ཡིན་ནོ། །ཨོཾ་ཨ་ས་མ་ས་མ། ཨ་ནནྟ་ཨ་ནནྟུ་ཡ་སྭཱ་ཧཱ། རྡོ་རྗེ་འདོད་པ་མའིའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཏ་ཐཱ་ག་ཏ་མ་ཧཱ་བེ་ག་སཾ་བྷ་བེ་སཾ་བྷ་བེ། ན་མོ་སྟུ་ཏེ་སཾ་གྷ་ནི་ལ་སནྟི་ས་ར་བྷུ་བེ་སྭཱ་ཧཱ། རྡོ་རྗེ་སྔོ་བསངས་ རྩེ་མོ་ཞེས་བྱ་བའོ། །ཨོཾ་ཤི་ཁི་ཤི་ཁི་སྭཱ་ཧཱ། ཤི་ཁེ་རེ་སྭཱ་ཧཱ། སྤྱི་གཙུག་རྣམ་གསུམ་གྱིའོ། །ཨོྃ་ཧུྃ་བནྡྷ་བཛྲ་མཎྜ་ལེ་སྭཱ་ཧཱ། ཨོཾ་དྷ་རི་དྷ་རི། དྷ་རེ་དྷ་རེ། དྷ་རེ་ཎ་དུ་ཡེ་ན་མོ་ཨ་པྲ་ཏི་ཧ་ཏ་ཨུཥྞཱི་ཥཱ་ཡ་སྭཱ་ཧཱ། དྷ་རི་དྷ་རི། དྷ་ན་ཏི་ཡེ་སྭཱ་ཧཱ། གཙུག་ཏོར་སོ་སོ་སོ་སོ་ ལ་དུས་གསུམ་གྱི་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་དང་། དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ཕྱག་འཚལ་བ་ནི་ཐམས་ཅད་དུ་སོ་སོར་བརྗོད་པར་བྱའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོྃ་ཧུ་ ལུ་ཧུ་ལུ། ཙཎྜ་ལ་སརྦ་དེ་བ་ནཱ་ག་ཡཀྵཱ་ཎ་ཨཱ་ཀཪྵ་ཡ་སྭཱ་ཧཱ། ན་མ་སྟྲེ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཧཱུྃ་སྥཱཊ་ཡ་མ་རུ་དྷི་ར། ཨངྒ། ཧཱུཾ་ཙཎྜ་ལཱ་མཱ་དྷི་པ་ཏ་ཡེ་ཧཱུྃ་ཕཊ་ཕཊ། བཛྲ་ས་མ་དྷ་ན་ཧཱ་ར་ག་ཏཱ། སརྦ་ཏ་ཐཱ་ག་ཏཱ་ཨ་དྷིཥྛ་ཏཱ་ཡ། ཨ་ལེ་ཧི་མཾ་ཛྭ་ལེ་ཧཱུྃ་ཧ་ན་ ཧཱ་ན། ཊཱ་ཏ་ཨཱ་ཀཪྵ་དེ་བ་ཨ་ཏི་ནཱཾ། ཏཱ་ར་ས་རུ་དྷི་ར་ཨཿགེ་ར་མ་ཧཱ་ཙཎྜ་ཙ་ལ། ཨོཾ་དྷ་ཤ་དུཪྡྷ་མ། ཛྭཱ་ལ་ཛྭཱ་ལ་ན་མཿསྭ་སྟི་སྭཱ་ཧཱ། རྡོ་རྗེ་འབིགས་པའོ། །ཨོཾ་བྷུ་ར་ཛྭ་ལ་ཨ་གྲ་ཡེ་སྭཱ་ཧཱ། རྡོ་རྗེ་གཟི་བརྗིད་ཀྱིའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་ཨ་ལ་ཀནྟི་ཏི་ཛ་ནི་སྭཱ་ཧཱ། སྔགས་ཐམས་ཅད་ལ་འདི་བཞིན་དུ་རེ་རེ་ཞིང་ཕྱག་འཚལ་བ་བརྗོད་པར་བྱའོ། །སྔགས་འདི་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བ་ལ་ སོགས་པ་རྒྱས་པར་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས། རིག་པའི་རྒྱལ་མོ་མཆོག་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱོད་པ་ཉིད་ཀྱིས་ངེས་པར་དོན་ཡོད་པར་གྲུབ་པར་རིག་འཛིན་ རིམ་པར་ཕྱེ་བ་སྨྲས་པ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཏཱཾ་ཏཱཾ་ཏཱཾ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཧཾ་ཧཾ་ཧཾ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། བཾ་བཾ་བཾ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཙཾ་ཙཾ་ཙཾ། དང་པོས་ནི་སངས་ རྒྱས་ཀྱི་ཞིང་རྣམས་གཡོ་བར་བྱེད་དོ། །གཉིས་པས་ནི་གཟུགས་རྣམས་སོ། །གསུམ་པས་ནི་འཆིང་བར་བྱེད་དོ། །བཞི་པས་ནི་ཐར་པ་དང་གཟི་བརྗིད་སྒྲུབ་པར་བྱེད་དོ། །ལྔ་པས་ནི་གཅོད་པར་བྱེད་དོ། །དྲུག་པས་ནི་རེངས་པར་བྱེད་དོ། །འདི་དག་ནི་ཕྱག་ འཚལ་བ་རེ་རེའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ས་མ་བེ་ག་བེ་ཨེ་ལཱ་ཨ་དྷིཥྛཱ་ནཱཾ། ཨུཏྟ་ར་ག་ག་ན་ས་མ་སུ་སྠི་ཏཱ། ཤྲཱི་ཀ་ར་ཤཱ་བ་ནཱ་ཏོ་ཁེ་ལ་ནཱ་ཏོ་ཤཱ་ནཱ་རཱ་གཱ་ན་ཤི་ཤནྟུ། ཨ་ནནྟཱ་ཏཱཾ། སཱ་ར་སཱ་ར། ཀ་མཱ་ལ། ཀ་མཱ་ལ། བ་ར་ཤ་ར་ཎཱ། ན་ མོ་སྟུ། སརྦ་ཏྲ་ཤ་ར་ཎཱ། བྷྲ་མ་བྷྲ་མ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་ནནྟཱ་ཡ་སྭཱ་ཧཱ། རྡོ་རྗེ་གདན་གྱིའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་བཛྲ་དྷ་རཱ་ཎཱཾ། བཛྲེ་ནི་ལེ་ནི་ལ་གྷཾ་ཧཱུྃ་སྥཱ་ཊ་ཧཱུྃ། རྡོ་རྗེ་དཀྱིལ་འཁོར་ཞེས་བྱའོ། །དེ་ནས་རྡོ་རྗེ་གཟི་ བརྗིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ནས། མགྲིན་གཅིག་ཏུ་རིག་པ་འཛིན་པའི་རིམ་པར་ཕྱེ་བ་འདིར་ངོ་མཚར་དུ་གྱུར་པའི་ཆོས་རྡོ་རྗེ་འདི་སྨྲས་སོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། ཨ་ མ་ལཱ་བེ་ག་སམྦྷ་བ་ཨ་དྷིཥྛཱ་ན། བཛྲ་བ་ལ་བེ་ག་ས་མནྟཱ་ག་མི། བྷྲ་མཾ་བྷྲ་མཾ། བི་དྷ་ར་ཎ་བི་དྷ་ར་ཎ། ན་མོ་སྟུ་ཏེ་ཛྭཱ་ལཱ་ན་ལཱ་བི་མ་ལ་ལོ་ཙ་ན། སརྦ་ཏ་པྲ་ས་ར་ཎ་བི་ས་ར་ཎ་བ་ར་པྲ་བ་ལ་དྲུ་བ་ར་ཤ་ར་ཎ་ཧཱུྃ་སྭཱ་ཧཱ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་ སྲུང་བར་བྱེད་པ་རྡོ་རྗེ་རྒྱལ་པོའོ། །དེ་བཞིན་གཤེགས་པའི་སྤྱན་གྱི་ཆོ་གས་རྡོ་རྗེ་སྒྲུབ་ན་རིག་པ་འཛིན་པར་འགྱུར་རོ། །བཀླགས་པ་ཙམ་གྱིས་འདིར་ལག་པའི་རྡོ་རྗེ་མི་སྣང་བར་འགྱུར་རོ། །རི་ལ་འདུག་ནས་སྔར་བསྟན་པའི་ཆོ་གས་ཇི་སྲིད་མཚན་མ་བྱུང་གི་བར་དུ་བཟླས་ པ་བྱས་ན། དེ་ནས་ཟླ་བ་ཉ་ལ་སྐྱིལ་མོ་ཀྲུང་བཅས་ནས་མཚན་རངས་པ་བཟླས་པ་བྱས་ན་འབར་བར་འགྱུར་ཞིང་། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པར་གྱུར་ནས་རིག་པའི་རྒྱལ་པོ་རྡོ་རྗེ་འཆང་དུ་འགྱུར་རོ། །གསང་སྔགས་འདི་དག་ཐམས་ཅད་ནམ་མཁའི་སྤྱན་ གྱི་ཆོ་གས་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེ་འཆང་གིས་གསོལ་བ་བཏབ་ཅིང་ཞུས་པ་སྟེ། རིག་པའི་མཆོག་གི་རྒྱལ་པོ་འདི་ནི་མཐུ་མཚུངས་པ་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པའོ། །བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱིས་བསྔགས་པ་སྒྲུབ་པ་ངེས་པ་མེད་པའོ། །སྔགས་དང་། ཕྱག་རྒྱ་དང་། སྤྱོད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་རིག་པ་འཛིན་པའི་རིམ་པར་ཕྱེ་བ་འདི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཡོངས་སུ་འཛིན་ཅིང་། དེ་བཞིན་ གཤེགས་པའི་མཐུ་ཡང་དག་པར་སྟོན་པར་བྱེད་པ། མཐོང་བའི་ཆོས་འདི་ཉིད་ལ་རྨད་དུ་བྱུང་བའི་མཐུ་མཐོང་བར་འདོད་པས། སྔགས་འདི་དག་ལས་གང་ཡང་རུང་བ་བཟུང་ནས་བསྒྲུབ་པར་བྱའོ། །འདི་ལ་རས་རིས་མེད་ཀྱང་རུང་། མ་བསྒྲུབས་ཀྱང་རུང་། མཆོད་པ་མེད་ཀྱང་རུང་། ཁྲུས་མེད་ཀྱང་རུང་། ཤ་ལ་སོགས་པ་མ་སྤངས་ཀྱང་རུང་སྟེ། རིག་པ་འཛིན་པའི་རིམ་པར་ཕྱེ་བའི་སྒྲུབ་པ་འདིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རབ་ཏུ་དང་བ་བསྐྱེད་ནས། བྱང་ཆུབ་ཀྱི་སེམས་ཀྱིས་ ཡོངས་སུ་བཟུང་བ་དེའི་ངེས་པར་འགྲུབ་པར་འགྱུར་རོ། །འདིར་འདིའི་དམ་ཚིག་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་ནས། དེ་བཞིན་གཤེགས་པའི་སྙིང་པོའི་མཆོད་རྟེན་གྱི་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ པས་འདུག་ལ། བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་དུས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱའོ། །ཡན་ལག་ཐམས་ཅད་ས་ལ་ཕབ་ལ་འདི་སྐད་དུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་སྡུག་བསྔལ་བར་གྱུར་པ་བདག་ཡོངས་སུ་གཟུང་དུ་གསོལ། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་བྱ་བའི་ངག་ཀྱང་བརྗོད་པར་བྱའོ། །དེ་ནས་སྤྱི་བོར་ཐལ་མོ་སྦྱར་བའི་ཕྱག་རྒྱ་བཅིངས་ལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ག་ ག་ནེ་ག་ག་ནེ། སྔགས་དང་། ཕྱག་རྒྱ་འདི་དག་གིས་རིག་པ་འཛིན་པའི་དམ་ཚིག་ལ་གནས་པར་འགྱུར་རོ། །དམ་ཚིག་འདི་དག་གང་ཡང་རུང་བ་མཉམས་པར་བྱའོ། །ཆོ་ག་འདི་དག་གིས་རིག་པ་འཛིན་པར་འགྱུར་ཞིང་། ཆོ་ག་འདི་ཉིད་ཀྱིས་དཀྱིལ་འཁོར་ ཐམས་ཅད་མཐོང་བར་འགྱུར་རོ། །དེ་ལ་འདི་དག་ནི་སྤང་བར་བྱ་བ་སྟེ། སེམས་ཅན་འདུལ་བར་བྱེད་པ་ལ་གནོད་པར་བྱེད་པ་དང་། སྐྱོན་ཐོགས་པར་འགྱུར་བའི་ལས་བྱེད་པ་དང་། བསྟན་པ་ལ་གནོད་པར་སྒྲུབ་པར་བྱེད་པ་དང་། དམ་པའི་ཆོས་སྤོང་བར་ བྱེད་པ་དང་། ཚུལ་ཁྲིམས་དང་ལྡན་པའི་ཁྱིམ་པ་དང་། རབ་ཏུ་བྱུང་བ་ལ་མངོན་སྤྱོད་ཀྱི་ལས་བྱེད་པ་དང་། མི་སྨྲ་བའི་སྦྱོར་བས་ཕྱག་རྒྱ་སྦྱོར་བར་བྱེད་པ་དང་། གཞན་བསོད་ནམས་མ་ཡིན་པ་ལ་སྦྱར་བར་མི་བྱ་བར་གསོལ་བ་གདབ་པར་བྱའོ། །རིག་པ་འཛིན་ པའི་རིམ་པར་ཕྱེ་བ་འདིར་འདི་དག་དམ་ཚིག་ཡང་དག་པར་བསྲུངས་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་སྟོབས་དང་། སྔགས་ཀྱི་སྦྱོར་བས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོར་འཇུག་པ་དོན་ཡོད་ པར་གྲུབ་པ། འཇིག་རྟེན་ལས་འདས་པའི་ལམ་འདྲེན་པར་བྱེད་པའོ། །རྡོ་རྗེ་འཆང་གིས་གསོལ་བ་བཏབ་པ་རྡོ་རྗེའི་རིགས་ཀྱི་རྟོག་པའི་སྙིང་པོར་འགྱུར་བའོ། །དད་པ་ཅན་བརྩོན་འགྲུས་དང་ལྡན་པས་ངེས་པར་འགྲུབ་པར་འགྱུར་རོ། །ཚེ་འདི་ཉིད་ལ་ཁྱད་ པར་ཐོབ་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་སྐུ་ཐོབ་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་སྐུ་ངེས་པར་བསྒྲུབ་པར་འདོད་པས་དབེན་ཞིང་སྟོང་པའི་གནས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་པའི་སྦྱོར་བ་བྱས་ནས་སྔགས་ གང་ཡང་རུང་བ་བཟླས་པ་བྱའོ། །དབེན་པར་དམ་པའི་ཆོས་གདོན་པ་དང་། སེམས་པ་ཡང་རུང་། ནུས་པ་ཅི་ལྟ་བ་བཞིན་ཕྱག་འཚལ་བ་ཡང་བྱས་ལ་མཆོད་རྟེན་ནམ། སྐུ་གཟུགས་ཀྱི་མདུན་དུ་རི་དང་། ཆུ་ཀླུང་དང་། མཚོ་དང་། གླིང་དང་། ཀུན་དགའ་ ར་བ་དང་། ཉེ་བའི་ཚལ་ལ་སོགས་པ་རྣམས་སུ་འམ། གཙུག་ལག་ཁང་གི་གནས་དང་། སྐུ་གདུང་དང་བཅས་པའི་སའམ། ལམ་གྱི་མདོའམ། ཐ་ན་གཙུག་ལག་ཁང་གི་བྲང་ཁང་དུའང་རུང་། དམ་པའི་ཆོས་ཀྱི་གླེགས་བམ་གྱི་མདུན་དུ་འམ། སངས་རྒྱས་ལ་དམིགས་པས་འདུ་འཛི་སྤངས་ལ། སྙོམ་ལས་དང་བྲལ་བས་དམ་པའི་ཆོས་ལ་བླ་མར་བྱེད་པས་བསྒྲུབ་པ་བྱས་ན། མཚན་གཅིག་གིས་རིག་པ་འཛིན་པར་འགྱུར་རོ། །བཅྭ་ལྔ་པ་ལ་སྐྱིལ་མོ་ཀྲུང་མ་བཤིག་པར་མངོན་པར་བསྔགས་ཤིང་ལེགས་སོ་ ཞེས་བྱ་བ་ཡང་གསོལ་བར་མཛད་དོ། །ཁ་ཅིག་གིས་ནི་མཐོང་བ་ཡང་གསོལ་བར་མཛད་དོ། །ཁ་ཅིག་གིས་ནི་དགེ་བའི་རྩ་བ་ཚད་མེད་པ་འཕེལ་བར་བྱེད་ཅིང་འབེབས་པར་ཡང་བྱེད་དོ། །བྱིན་གྱིས་རློབ་པར་འགྱུར། བྱིན་གྱིས་རློབ་པ་མཛད་པར་འགྱུར། ཚད་ མེད་པའི་ཡོན་ཏན་ཉིད་ལ་ཡང་རབ་ཏུ་འཇོག་པར་འགྱུར་རོ། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐའ་ཡས་ཤིང་མཐོང་བ་མེད་པའི་ཆོས་རྣམས་ཀྱིས་ཡོན་ཏན་རྣམས་ཀྱང་རབ་ཏུ་ཐོབ་པར་འགྱུར་རོ། །མཐུ་ཆེན་པོ་ཡང་རབ་ཏུ་ཐོབ་པར་འགྱུར་ རོ། །དེ་ལྟར་འདི་ནི་དེའི་འཇིག་རྟེན་གྱི་ཆོས་ཀྱི་ཐ་མ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ན་ཡང་སྔགས་ཀྱི་སྤྱོད་པ་མཐའ་དང་དབུས་མེད་པར་རབ་འབྱམ་རྒྱ་ཆེ་བ། དེ་བཞིན་གཤེགས་པ་དཔག་ཏུ་མེད་ཅིང་ཚད་མེད་པས། མདོ་སྡེའི་དབང་པོའི་རྒྱལ་པོ་ཆོག་པ་མེད་པ་དམ་ ཚིག་ཆེན་པོ་གསུམ་གྱི་རྡོ་རྗེ་ཞེས་བྱ་བ། དེ་བཞིན་གཤེགས་པའི་ཐུགས་གསང་བའི་དཀྱིལ་འཁོར་དམ་ཚིག་གསུམ་རྡོ་རྗེའི་སྒོ་ཉིད་ཀྱི་སྙིང་པོ་བསྡུས་པ་རྟོག་པ་ཆེན་པོའི་རྒྱལ་པོ་ཞེས་བྱ་བ། གསང་བ་པའི་བདག་པོ་གང་ཡིན་པས་རྡོ་རྗེ་འཆང་ལས་གསང་བའི་སྙིང་ པོ་ཡང་དག་པར་བཟུང་བ་ཉིད་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཀོར་གྱི་སྙིང་པོ་འདི་སེམས་ཅན་གྱི་ཁམས་མ་ལུས་པ་ཡང་དག་པར་སྦྱང་བའི་ཕྱིར་དང་། བསྟན་པ་བསྲུང་བའི་ཕྱིར་ཏེ། འདི་གཉིས་ནི་སྔགས་དང་། ཕྱག་རྒྱ་ ལ་སྤྱོད་པ་རྣམས་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པའོ། །དེ་བཞིན་གཤེགས་པའི་ནོར་བུ་ཆེན་པོའི་རྒྱ་མཚོའི་མཆོད་པའི་མཆོག་བཀའ་བཞིན་བྱེད་པ་ཞེས་གསུངས་སོ། །སྔགས་དང་། ཕྱག་རྒྱ་སྤྱོད་པ་ ཞེས་ཀྱང་གསུངས་སོ། །གཡོ་བ་མེད་པའི་ནོར་བུ་ཞེས་ཀྱང་གསུངས་སོ། །ཡོན་ཏན་མཐའ་ཡས་པ་ཞེས་ཀྱང་གསུངས་སོ། །དམ་ཚིག་སྲུང་བ་པོ་ཞེས་ཀྱང་གསུངས་སོ། །བསམ་གྱིས་མི་ཁྱབ་པའི་སྨོན་ལམ་འཛིན་པ་པོ་ཞེས་ཀྱང་གསུངས་སོ། །བསྟན་ པ་སྲུང་བ་པོ་ཞེས་ཀྱང་གསུངས་སོ། །སྟོབས་ཆེན་པོ་ཞེས་ཀྱང་གསུངས་སོ། །དོན་ཡོད་པ་འདི་ལ་སོམ་ཉི་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་དངོས་གྲུབ་སྒྲུབ་པ་ལ་དད་པས་ནན་ཏན་དུ་བྱའོ། །འདིར་དེ་ལྟ་བུའི་བསྟོད་པ་རྨད་དུ་བྱུང་བ་གང་བདག་གིས་སྔོན་ དབྱངས་སུ་བླངས་པ་དེ་དབྱངས་སུ་བརྗོད་པས་དེ་དང་མཐུན་པའི་དངོས་གྲུབ་རྗེས་སུ་ཐོབ་པར་འགྱུར་རོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། མ་ཧཱ་ཀྲྀ་པེ་བྷྱཿ། ཨ་ས་མ་ཨ་ཙ་ལཱ། ས་མ་ཏཱ་སཱ་ར། དྷརྨ་ཎ་ཀཱ་རུ་ཎ་ཨཱཏྨ་ག་ཛ་གཱ་ཏཱི་དུཿཁ་ཧཱ་རི་ཎཱ། ཨ་ སི་མནྡྷ། སརྦ་གུ་ཎཱ་སིདྡྷི་དྷ་ཡི་ནོ། ས་མ་ལཱ་ཨ་ཙ་ལཱ། ས་མ་བ་ར་ཨ་གྲ། དྷརྨ་ཎི་ག་ག་ན་ས་མོ་པ་མ་ག་ཏན་བཱིརྱ་ཏེ། གུ་ཎ་ལ་ཤ་རེ་ཎ་ཏུ་ཀ་ཏི་ཀེ་པྱ། ཤི་མེ་ཀེ་སཱ་དྷ་སརྦ་དྷཱ་ཏུ་བ་ར། སིདྡྷི་ད་ཡཥྚི་བི་ག་ཏོ། ཨུ་པཱ་མེ་ཥུ། ཨ་ས་མནྟ། སིདྡྷི་ཤུ་ས་ཏ་ཏཱ། ཨ་ མ་ལ་ཀཱ་རུ་ཎ་བེ་ག་ཏོ་ཨུ་ཏྠི་ཏ་པྲ་ཎི་དྷ་ནཱ་སིདྡྷི་ར་ནི་རོ་དྷ་དྷརྨ་ཏཱ། ཛ་ག་ཏོ་ཨརྠཱ་སཱ་དྷ་ན་པ་ར། ཨ་ས་མ་ནྟཱི་ནཱི། ཤ་ཏ་ཏཱཾ་བི་རོ་ཙི་ཏ་མ་ཧཱ་ཀྲཱྀ་པ་ཨཱཏྨ་ནཱཾ། ན་ནི་རོ་དྷ་ཏྭཱཾ་ཀཱ་རུ་ཎཱ་ཙཱ་ར་ཀ། ཨ་ཙ་ལ་པྲ་ཛ་ཏེ་ཏྲི་ལོ་ཀི། དྷ་ར་སིདྡྷི་དྷ་ཡི་ཀ། ཨ་མཱི་ཏཱ་ཨ་མཱི་ཏེ་ཥུ་སུ་ས་མ་པཱ་ཏི་ཏཱཾ། ག་ཏི་ཤྭ་ བི། ཨ་ཧོ་སུ་དྷརྨ་ཏཱ། ཏྲི་ས་མ་ཡེ་ཨ་གྲཱ། སིདྡྷི་བ་ར་དྷ་ནྟེ། མེ་བ་ར་དྷ། ན་ཏ་ཨ་གྲ་ཏི་ཏི་ཏི་ཏཾ། སཱ་དྷ་ས་ཀ་ལཱ་ཏྲི་ལོ་ཀི་བ་ར་དྷ་ཨ་གྲ། ས་དྷ་ནཱ་ནཱ་ཨརྠཱ། སྟྲཻ་ཡ་དྷྭི་ཀཱ་ཏཱི་ཀཱ། ཨཱ་ནཱ་པྲི་ཏཱ། ན་མཿས་མནྟ་བཛྲཱ་ཎཱཾ། ཨ་མོ་གྷ་ཨེ་ཧི། ཨ་པྲ་ཏི་ཧཱ་ཏ། ཨེ་ཧི་ཨ་ཙ་ལཱ། ཙེ་ཊཱ་ ཨ་ནནྟཱ་ཀཱ་ཎ་ཏིཥྛ། ཙ་རུ་ཙ་རུ། ཏ་ཊི་ཏ་ཊི། ཏཱ་ཊ་ཏཱ་ཊ། བིགྷྣཱ་ན་གྷ་ཏ་ཡ། མཱ་ར་ཡ་ཁཱ་ད་ཡ། སྥོ་ཊ་ཡ། ཤ་ཏཱ་ཏཱཾ་ཙ་མེ། ཨ་ནུ་བནྡྷ་ཨཱ་ཛྙཱ་ཀུ་རུ། ཨ་ས་ཧ་དྷ་ན་ཨ་གྲ། ཀ་ཊཱ་ཀ་ཊཱ། ཧེ་ཧཾ། ཨ་ཏི་བཱ་ལཱ། ཨེ་ཧོ་མ་ཧཱ་གུ་ཎ་བི་ཥ་ཎཱ། ན་ཊཱ་ན་ཊཱ། ཨཱ་བི་ཤ་ཨཱ་བི་ ཤ །ཨ་ཙ་ལ་ཙེ་ཊ་སརྦ་ཏྲ་ཨ་ནུཏྟཱ་ར་ཨེ་ཀ་ཙ་ཏཱ་ཊ་ཏཱ་ཊ། ད་མཱ་ད་མཱ། ཕཊ་ཕཊ་སྭཱ་ཧཱ། ཁྲོ་བོ་མི་གཡོ་བའི་སྙིང་པོའོ། །དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཆེན་པོ་ལས་ཐུན་མོང་གི་ཆོ་ག་རྫོགས་སྷོ།། །།དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་རྒྱུད་རྟོག་པའི་རྒྱལ་པོ་ ཆེན་པོ་ལས་ཐུན་མོང་གི་ཆོ་ག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དང་། ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་སཔྟ་ཏ་ཐཱ་ག་ཏ་པཱུརྦ་པྲ་ཎི་དྷཱ་ན་བི་ཤེ་ཥ་བི་སྟྭ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་རྒྱུ་བ་རྒྱུ་ཞིང་ཡངས་པ་ཅན་དུ་བྱོན་ཏེ། ཡངས་པ་ཅན་ན་རོལ་མོའི་སྒྲ་ཅན་གྱི་ཤིང་ལྗོན་པའི་དྲུང་ན་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་ འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་གནོན་པ་དོན་ཡོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བལྟ་ན་སྡུག་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་མུན་པ་མུན་ནག་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ལེགས་པར་རྣམ་པར་སེམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་བརྩེགས་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སང་སང་པོའི་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོ་ཆེན་པོའི་རྩེ་འཛིན་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་དྲུག་སྟོང་ དང་ཐབས་ཅིག་ཏུ་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་ མདུན་གྱིས་བལྟས་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོའི་ཆོས་སྟོན་ཅིང་ཆོས་ཀྱི་གཏམ་གྱིས་སེམས་ཅན་རྣམས་ཚིམ་པར་མཛད། ཡང་དག་པར་དགའ་བར་མཛད། སངས་རྒྱས་ཀྱི་བྱང་ཆུབ་ལ་ འགོད་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྒྱལ་བུ་འཇམ་དཔལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་པོ་དང་། བློན་པོ་དང་། ཁྱིམ་བདག་ དང་། མི་དང་། མི་མ་ལགས་པ་མང་པོ་དག་ཆོས་ཉན་པའི་སླད་དུ་འདུས་ཤིང་མཆིས་ལགས་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ། ཐོས་ན་ཅི་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ པར་འགྱུར་བ་དང་། སྡིག་པ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཡོངས་སུ་བས་པར་འགྱུར་བ་དང་། བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བའི་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་གནས་རྣམས་བཤད་དུ་གསོལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ལ་ནི་མ་གཟིགས་པ་འམ། མ་གསན་པའམ། རྣམ་པར་མི་མཁྱེན་པ་མི་མངའ་བས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་ རབ་སྙེད་དག་ཀྱང་དཔེར་ན་དེང་ངམ་སང་གི་ལྟར་དགོངས་པ་ལགས་ཏེ། དེ་བཞིན་གཤེགས་པ་དེ་དག་གི་དང་པོ་བྱང་ཆུབ་ཀྱི་ཐུགས་ཡིད་ལ་མཛད་པ་དང་། སྔོན་གྱི་སྨོན་ལམ་དང་། དེ་བཞིན་གཤེགས་པ་ལ་དམིགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བརྗོད་པ་དང་། ཡང་དག་པར་བསྟན་པར་སྤྱོད་ན། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་ གྱི་ཁྱད་པར་རྒྱས་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཀ་ལ་པིང་ཀའི་སྒྲ་སྐད་དང་དབྱངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་ དཔལ་ཁྱོད་སྙིང་རྗེ་དང་ལྡན་པ་སྟེ། འཇམ་དཔལ་ཁྱོད་ཀྱིས་སྙིང་རྗེ་དཔག་ཏུ་མེད་པ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ ཀྱིས་གཙེས་པའི་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་གསོལ་བ་འདེབས་པ་ནི་ཡང་ལེགས་སོ། །འཇམ་དཔལ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཁྱོད་ཀྱི་སྤོབས་པ་འདི་སྐྱེས་སོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ ལ་ཟུང་ཤིག་དང་ངས་བཤད་དོ། །འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞེས་བྱ་བ་ཞམ་རིང་བ་བྱང་ ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡོད་དོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ ཞེས་བྱ་བ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་ཤིན་ཏུ་ཡོངས་སུ་དག་པ། ཐ་གྲུར་དཔག་ཚད་བརྒྱ་སྟོང་དུ་མ་ཡོད་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ངན་སོང་དང་། སྡུག་བསྔལ་གྱི་སྒྲ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ཚེར་མ་དང་གཡང་ས་ མེད་པ། རི་དང་། རྡོ་དང་། གསེག་མ་དང་། གྱོ་མོ་མེད་པ། འཇམ་པ། སའི་ངོས་རེག་ན་བདེ་བ། ལྷའི་དྲི་བསུང་དང་ལྡན་པ། ལྷའི་རིན་པོ་ཆེའི་ཤིང་ལྗོན་པ་དང་། མེ་ཏོག་དང་། འབྲས་བུས་མཛེས་པར་བྱས་པ། རིན་པོ་ཆེའི་སེང་གེའི་ཁྲིས་ལེགས་པར་བརྒྱན་པ། བྱང་ཆུབ་སེམས་དཔའ་དག་པ་ཕྱིར་མི་ལྡོག་པའི་ས། འཛམ་བུའི་ཆུ་བོའི་གསེར་དང་། ནོར་བུ་དང་། མུ་ཏིག་གིས་བརྒྱན་པའི་རྫིང་གིས་མཛེས་པར་བྱས་པའོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་ཐམས་ཅད་ནི་རྫུས་ཏེ་ སྐྱེས་པ། རིན་པོ་ཆེ་སྣ་བདུན་གྱི་པདྨ་ལས་བྱུང་བ་ཤ་སྟག་གོ། །དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་ཐོབ་ཤིག །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེ་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེས་སྨོན་ལམ་ཆེན་པོ་བརྒྱད་རྒྱུན་མ་ཆད་པར་བཏབ་བོ། །བརྒྱད་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི་གང་གི་ཚེ་བདག་མ་འོངས་ པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་ལ་ལ་དག་ན་བའི་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཏེ། རིམས་དང་། གཤེད་བྱེད་དང་། བྱད་དང་། རོ་ལངས་དང་། འཇིགས་པ་རྣམས་ཀྱིས་ གཙེས་པ་དེ་དག་བདག་གི་མཐུས་བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་བརྗོད་པས་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་། སྡིག་པ་ཅན་གྱི་གདོན་རྣམས་མེད་པར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་ལོང་བ་དང་། འོན་པ་དང་། སྨྱོན་པ་དང་། ཤ་བཀྲ་ཅན་དང་། ནད་ཚབས་ཆེན་པོས་བཏབ་པར་གྱུར་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིག །སྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ ཆད་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པ་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་། སེམས་ཅན་དམྱལ་བར་འགྲོ་བ་དེ་དག་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་ གྱི་ཚོར་བ་མྱོང་བ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་གི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཡོངས་སུ་ཟད་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་། ངན་འགྲོར་འགྲོ་བར་མ་གྱུར་ཅིག །ལྷ་ཡུལ་བའི་ལྷའི་བདེ་བ་དང་། མིའི་བདེ་བ་ཉམས་སུ་མྱོང་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི་གང་གི་ཚེ་བདག་མ་འོངས་ པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་སུ་དག་དབུལ་པོར་གྱུར་ཏེ། ཟས་དང་། སྐོམ་དང་། གོས་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་དང་། རྒྱན་དང་ཡོ་བྱད་མི་བདོག་པ་དེ་དག་ བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་། གོས་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་དང་། རྒྱན་དང་ཡོ་བྱད་འཕེལ་བར་གྱུར་ ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། མཚོན་ཆའི་ ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་། བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལུས་ ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་དྲུག་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་མགོན་མེད་པར་གྱུར་པ། ལུས་ ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པའི་ནང་དུ་ཆུད་དེ། སྲོག་ལ་བབ་སྟེ་འཇིགས་སྐྲག་ནས་མགོན་མེད་དེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་ མིང་ལན་བདུན་ཡིད་ཀྱིས་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་ཞི་བར་གྱུར་ཅིག །སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག །འཇིགས་པ་མེད་པ་དང་། ཞི་ བའི་གནས་ལ་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བདུན་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན་སེམས་ཅན་གང་དག་ཕན་ཚུན་འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པར་གྱུར་ཏེ། འཁྲུགས་ཤིང་འཇིགས་སྐྲག་ནས་དངངས་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ལན་བདུན་ཡིད་ཀྱིས་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་པ་དང་། འཐབ་མོ་དང་། རྩོད་པ་ དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ པ་དེ་ན། སེམས་ཅན་གང་དག་ཆུའི་ནང་དུ་སོན་ཏེ། གྲུར་ཞུགས་པ་གླིང་མེད་པར་ཕྱིན་པ། སྲོག་འདོད་པ། ཆུ་ཀླུང་དང་། རྒྱ་མཚོའི་ནང་དུ་སོན་ཏེ། སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་ ལན་བདུན་བརྗོད་པས་དེ་དག་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིག །འཇིགས་པ་མེད་པར་རྒལ་བར་གྱུར་ཅིག་ཅེས་བཏབ་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་ བསྒྲགས་དཔལ་གྱི་རྒྱལ་པོ་དེས་སྨོན་ལམ་ཆེན་པོ་བརྒྱད་པོ་དེ་དག་བཏབ་བོ། །འཇམ་དཔལ་དེ་ལྟ་བས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྨོན་ལམ་དང་། ཏིང་ ངེ་འཛིན་གྱི་སྟོབས་ཀྱི་གནས་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་མཛད་པ་དང་། རྣམ་པར་འཕྲུལ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། ཞམ་རིང་ བ་བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་གནས་པ་རྣམས་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ལོ་བརྒྱར་ ཡང་བརྗོད་པར་མི་ནུས་སོ། །འཇམ་དཔལ་དེ་ལྟ་བས་ན་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། རྒྱལ་པོ་འམ། བློན་པོའམ། ཁྱིམ་བདག་ཡོན་ཏན་དོན་དུ་གཉེར་བ་རྣམས་ཀྱིས་ཞེ་སྡང་དང་། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་དེ་བཞིན་ གཤེགས་པ་དེའི་མཚན་གཟུང་བར་བྱ་བཀླག་པར་བྱ་སྟེ། རབ་ཏུ་གུས་པར་དེ་བཞིན་གཤེགས་པ་དེ་ལ་མཆོད་པ་བྱས་ན། དེའི་སྡིག་པ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་ འགྱུར། སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ལུང་བདུན་གྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་། ཟླ་བ་དང་། པདྨ་ས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་ཀྱི་སྒྲ་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ གཏམ་འབའ་ཞིག་སྟོན་པ་ཡོད་དོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བརྒྱད་བཏབ་བོ། །བརྒྱད་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི་གང་གི་ ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་ཞིང་བླས་ཀྱི་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ། གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པ་དང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ། དེ་དག་འཁོར་བའི་སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་བར་མ་གྱུར་ཅིག །སོ་སོར་འཁོར་བའི་སྡུག་བསྔལ་རྣམས་མྱོང་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་མྱོང་བ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ བསམས་མ་ཐག་ཏུ་བགོ་བ་དང་། བཟའ་བ་དང་། བཏུང་བ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་རྣམས་འབྱུང་བར་གྱུར་ཅིག །དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་ བྱེད་པ་དང་མི་འབྲལ་བར་གྱུར་ཅིག །ངན་སོང་གསུམ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག་ཅེས་བཏབ་བོ། །བཅོམ་ལྡན་འདས་དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའི་སེམས་ཅན་གང་དག་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་བདག་གི་མཐུས། བདག་གི་མིང་རྣ་ལམ་དུ་གྲག་ཅིང་དེ་དག་གིས་བདག་གི་མིང་དྲན་པ་དང་། བརྗོད་པས་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་བྱང་བར་གྱུར་ཅིག །སྐྱེ་བ་ དེ་ཡང་ཐ་མ་པར་གྱུར་ཅིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག །ལྷའི་ཡུལ་བའི་ལྷའི་བདེ་བ་མྱོང་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་ པོ་གསུམ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བུད་མེད་གང་དག་ཀུན་ནས་ཉོན་མོངས་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་ གང་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་། གང་དག་བཙའ་བའི་དུས་ན་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་བདག་གི་མཐུས། བདག་གི་མིང་རྣ་ལམ་དུ་གྲག་ཅིང་དེ་དག་གིས་བདག་གི་མིང་དྲན་པ་དང་། བརྗོད་པས་ཚོར་བ་ཐམས་ཅད་དང་། སྡུག་ བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །སྐྱེ་བ་དེ་ཡང་ཐ་མ་པར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་འཆི་བའམ། དགྲ་དང་། དགོན་པས་གཙེས་པ་དང་། ཕན་ཚུན་དུ་ཕ་མ་དང་། སྲིང་མོ་དང་། མཛའ་བཤེས་དང་། ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་དང་། མྱ་ངན་གྱི་ཟུག་རྔུས་ལུས་ལ་ ཟུག་པ་དེ་དག་བདག་གི་མཐུས། བདག་གི་མིང་རྣ་ལམ་དུ་གྲག་ཅིང་དེ་དག་གི་རྣ་ལམ་དུ་བདག་གི་མིང་གྲག་པ་དང་། ཁ་ཏོན་དུ་བཏོན་པས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །མྱ་ངན་དང་། སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ལྔ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་ན་ རྣམ་པར་རྒྱུ་བ་ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ། སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པས་སྨྲེ་སྔགས་སྣ་ཚོགས་འདོན་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་བྱང་ ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིག །སྡིག་པ་ཅན་གྱི་གདོན་ཐམས་ཅད་བྱམས་པ་ལ་གནས་པར་གྱུར་ཅིག །མཆོད་པ་དང་། རིམ་གྲོ་བྱ་བ་རྣམ་པ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་ དྲུག་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ། དགེ་བའི་ཆོས་རྣམས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་ བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་། དྲན་པ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། གཟུངས་ཀྱི་སྒོ་རྣམས་མངོན་དུ་གྱུར་ཅིག །ཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བདུན་པ་ནི་གང་གི་ཚེ་བདག་མ་ འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་ཅིག །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བརྒྱད་པ་ནི་གང་ གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བར་འཁྲུགས་པར་འགྱུར་ཏེ་ངུ་ཞིང་མྱ་ངན་བྱེད་ལ་སྔོན་ གྱི་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་མྱོང་ཞིང་སྐྱབས་མེད་མགོན་མེད་པའི་སེམས་ཅན་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་། བདག་གི་མིང་ཡིད་ཀྱིས་བརྗོད་པས་དེ་དག་སྡུག་བསྔལ་དང་། མྱ་ངན་ཐམས་ཅད་དང་བྲལ་བར་ གྱུར་ཅིག །བསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིག །དེ་ནས་ཤི་འཕོས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་གྱུར་ཅིག་ཅེས་བཏབ་སྟེ། འཇམ་དཔལ་བཅོམ་ལྡན་འདས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ ལམ་ཆེན་པོ་བརྒྱད་པོ་དེ་དག་བཏབ་བོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་ཀྱི་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེ་ནི་མཉམ་པ། ཐ་གྲུ་ ཆེ་བ། ཡངས་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ལྷའི་སྤོས་ཀྱི་ཤིང་ལྗོན་པ་རྣམས་ཀྱིས་རབ་ཏུ་བརྒྱན་པ། སྤོས་གཙང་ཞིང་སྐྱོན་མེད་པ་དང་། ལྷའི་སྤོས་དང་། མེ་ཏོག་གིས་རབ་ཏུ་བརྒྱན་པ། ལྷའི་རོལ་མོའི་སྒྲ་སྐད་དང་། གླུའི་ང་རོ་འབྱུང་བ། ལྷའི་རིན་པོ་ ཆེའི་དྲིལ་བུ་གཡེར་ཀའི་དྲ་བས་ལེགས་པར་བརྒྱན་པ། ལྷའི་རིན་པོ་ཆེའི་སེང་གེའི་ཁྲིས་མཛེས་པར་བྱས་པ། ལྷའི་རིན་པོ་ཆེའི་རྫིང་གིས་རབ་ཏུ་བརྒྱན་པ། ས་གཞི་འཇམ་ཞིང་སྙི་བ། རི་དང་། རྡོ་དང་། གསེག་མ་དང་། ཚེར་མ་མེད་པ། བུད་མེད་ཀྱི་དངོས་པོ་མེད་པ། ཉེ་ བའི་ཉོན་མོངས་པ་མེད་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སར་གྱུར་པའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་བྱུང་བ། ལྷའི་རིན་པོ་ཆེའི་རྒྱན་དང་གོས་ཀྱིས་ལུས་ལེགས་པར་བརྒྱན་པ་ཤ་སྟག་གོ། །སངས་རྒྱས་ ཀྱི་ཞིང་དེ་ན་བསམས་མ་ཐག་པ་ཙམ་གྱིས་གོས་དང་། ཟས་དང་། སྐོམ་དང་། མལ་ཆ་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བ་དང་། རྒྱན་དང་། བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ཐམས་ཅད་དང་། སེམས་ཅན་གྱི་འཚོག་ཆས་ཐམས་ཅད་དང་། ལྷའི་རིན་པོ་ཆེའི་ ལོངས་སྤྱོད་ཐམས་ཅད་འབྱུང་སྟེ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེ་དང་ལྡན་པ་ཞེས་བྱའོ། །འཇམ་དཔལ་དེ་ལྟ་བས་ན་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། རྒྱལ་པོ་འམ། རྒྱལ་བུ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ ཆེ་དང་། ཟླ་བ་དང་། པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་མཚན་ཉིན་ལན་གསུམ། མཚན་ལན་གསུམ་དུ་ཡིད་ལ་བྱ། རབ་ཏུ་གུས་པར་གཟུང་བར་བྱ། དད་པར་བྱ། དེ་བཞིན་གཤེགས་པ་དེའི་སྐུ་གཟུགས་ཀྱང་བྱེད་དུ་གཞུག ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། རོལ་མོའི་སྒྲ་དང་། མར་མེ་རྣམས་ཀྱིས་མཆོད་པར་བྱ། ཡན་ལག་བརྒྱད་པའི་བསྙེན་གནས་ལ་ཉེ་བར་གནས་ལ། ཉིན་བདུན་གཙང་མར་བྱས་ཏེ་ས་ཕྱོགས་གཙང་མར་གནས་པར་བྱ། སངས་རྒྱས་ ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ་ཅིང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བའི་སེམས་སུ་བྱས་ན། དེ་ལ་དེ་བཞིན་གཤེགས་པ་དེ་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་པར་འགྱུར་རོ། །སྡིག་པ་ ཐམས་ཅད་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར་རོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྲབས་པར་འགྱུར་རོ། །ཡུན་རིང་དུ་འཚོ་ཞིང་ནད་མེད་པར་འགྱུར་རོ། ། གང་བསམས་པའི་བསམ་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་སྡིག་པ་ཐམས་ཅད་ཟད་པར་འགྱུར་ཏེ། སངས་རྒྱས་ཀྱི་ ཞིང་དེར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ། །སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་མངོན་དུ་འགྱུར་རོ། །འཇམ་དཔལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེའི་མཚན་འཛིན་པ་འདི་ནི་དེ་ལྟར་ཡོན་ཏན་མང་པོ་དང་ལྡན་ པ་ཡིན་ནོ། །འཇམ་དཔལ་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྤོས་ཀྱིས་ཡོངས་སུ་གང་བ་རིན་ཆེན་བརྩེགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཅིང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་ཡོད་དོ། །འཇམ་དཔལ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཆེན་པོ་བཞི་བཏབ་བོ། །བཞི་གང་ཞེ་ན། དེའི་སྨོན་ལམ་ཆེན་པོ་དང་པོ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་སྲོག་གཅོད་པ། སྲོག་གཅོད་པའི་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ། སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱི་སྲོག་གཅོད་པ་དེ་དག་སྲོག་གཅོད་པ་བྱས་པས་ཚེ་ཐུང་ ཞིང་ནད་མང་བ་དང་། ཆུ་དང་། དུག་དང་། མཚོན་དང་། མེ་དང་། ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་གིས་བདག་གི་མིང་ཐོས་ནས་འཛིན་པ་དང་། མཆོད་པས་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །སུ་ཡང་དུས་མ་ ཡིན་པར་འཆི་བས་འཆི་བའི་དུས་བྱེད་པར་མ་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གཉིས་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་སྡིག་ པ་མི་དགེ་བ་སྣ་ཚོགས་བྱས་ཏེ། གཞན་གྱི་རྫས་ཕྲོགས་པས་དབུལ་པོའི་ཁྱིམ་དུ་སྐྱེས་ཏེ། སྒྲེན་མོ་དང་། བཀྲེས་པ་དང་། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་གིས་བདག་གི་མིང་ཐོས་ནས་བཟུང་བས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག །དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་གསུམ་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་གཅིག་ལ་གཅིག་ཀུན་དུ་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པ་བྱེད་པ་དང་། འཐབ་པ་དེ་དག་གིས་བདག་གི་མིང་ཐོས་པས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག་ཅེས་བཏབ་བོ། །དེའི་སྨོན་ལམ་ཆེན་པོ་བཞི་པ་ནི་གང་གི་ཚེ་བདག་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་པ་དེ་ན། སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་ཏེ། ཚུལ་ཁྲིམས་འཆལ་བར་གྱུར་བ་དེ་དག་སྡིག་པ་ཀུན་ཏུ་སྤྱོད་དེ། དེ་བཞིན་གཤེགས་པའི་