Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 024_འབུམ།_ད

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
ས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་
པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །སའི་ཁམས་ནི་སྤྲོར་
མྱེད་པའོ། །ཆུའི་ཁམས་ནི་སྤྲོར་མྱེད་པའོ། །མྱེའི་ཁམས་ནི་སྤྲོར་མྱེད་པའོ། །རླུང་གི་ཁམས་ནི་སྤྲོར་མྱེད་པའོ། །ནམ་མཁའི་ཁམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ནི་སྤྲོར་མྱེད་པའོ། །མ་རིག་པ་ནི་

སྤྲོར་མྱེད་པའོ། །འདུ་བྱེད་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིང་དང་གཟུགས་ནི་སྤྲོར་མྱེད་པའོ། །སྐྱེ་མཆེད་དྲུག་ནི་སྤྲོར་མྱེད་པའོ། །རེག་པ་ནི་སྤྲོར་མྱེད་པའོ། །ཚོར་བ་ནི་སྤྲོར་མྱེད་པའོ། །
སྲེད་པ་ནི་སྤྲོར་མྱེད་པའོ། །ལེན་པ་ནི་སྤྲོར་མྱེད་པའོ། །སྲིད་པ་ནི་སྤྲོར་མྱེད་པའོ། །སྐྱེ་བ་ནི་སྤྲོར་མྱེད་པའོ། །རྒ་ཤི་ནི་སྤྲོར་མྱེད་པའོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ནི་སྤྲོར་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ནང་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །
ཕྱི་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །
འདུས་མ་བྱས་སྟོང་པ་ཉིད་ནི་སྤྲོར་མེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །
ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །མི་དམྱིགས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དངོས་
པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་སྤྲོར་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་སྤྲོར་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྤྲོར་མྱེད་པའོ། །དབང་པོ་རྣམས་ནི་སྤྲོར་མྱེད་པའོ། །

སྟོབས་རྣམས་ནི་སྤྲོར་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྤྲོར་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྤྲོར་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ནི་སྤྲོར་མྱེད་པའོ། །བསམ་གཏན་རྣམས་ནི་སྤྲོར་མྱེད་པའོ། །ཚད་
མྱེད་པ་རྣམས་ནི་སྤྲོར་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཐར་པ་རྣམས་ནི་སྤྲོར་མྱེད་པའོ། །མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཐར་པའི་
སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྤྲོར་མྱེད་པའོ། །མངོན་པར་ཤེས་པ་རྣམས་ནི་སྤྲོར་མྱེད་པའོ། །ཏིང་ངེ་འཛིན་རྣམས་ནི་སྤྲོར་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་སྤྲོར་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་
སྤྲོར་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །དགྲ་བཅོམ་པ་ཉིད་ནི་སྤྲོར་མྱེད་པའོ། །རང་བྱང་ཆུབ་ནི་སྤྲོར་མྱེད་པའོ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི་སྤྲོར་མྱེད་
པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི་སྤྲོར་མྱེད་པའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་སྤྲོར་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་སྤྲོར་
མྱེད་པའོ། །མྱི་འཇིགས་པ་རྣམས་ནི་སྤྲོར་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྤྲོར་མྱེད་པའོ། །བྱམས་པ་ཆེན་པོ་ནི་སྤྲོར་མྱེད་པའོ། །སྙིང་རྗེ་ཆེན་པོ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྤྲོར་
མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྲོར་མྱེད་པའོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ནི་སྤྲོར་མྱེད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤྲོར་མྱེད་པའི་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་འདི་ལྟར་ཡང་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །འདུ་ཤེས་ལ་ངོ་བོ་ཉིད་མྱེད་དོ། །འདུ་བྱེད་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་ལ་
ངོ་བོ་ཉིད་མྱེད་དོ། །མྱིག་ལ་ངོ་བོ་ཉིད་མྱེད་དོ། །རྣ་བ་ལ་ངོ་བོ་ཉིད་མྱེད་དོ། །སྣ་ལ་ངོ་བོ་ཉིད་མྱེད་དོ། །ལྕེ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ལ་ངོ་བོ་ཉིད་མྱེད་དོ། །གཟུགས་ལ་ངོ་བོ་ཉིད་མྱེད་དོ། །སྒྲ་ལ་ངོ་བོ་ཉིད་མྱེད་དོ། །དྲི་ལ་
ངོ་བོ་ཉིད་མྱེད་དོ། །རོ་ལ་ངོ་བོ་ཉིད་མྱེད་དོ། །རེག་ལ་ངོ་བོ་ཉིད་མྱེད་དོ། །ཆོས་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ལྕེའི་
རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་འདུས་
ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་
དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེནད་
ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །ཆུའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །མྱེའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །རླུང་གི་ཁམས་ལ་ངོ་བོ་

ཉིད་མྱེད་དོ། །ནམ་མཁའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །མ་རིག་པ་ལ་ངོ་བོ་ཉིད་མེད་དོ། །འདུ་བྱེད་ལ་ངོ་བོ་ཉིད་མེད་དོ། །རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིང་དང་གཟུགས་ལ་ངོ་བོ་
ཉིད་མྱེད་དོ། །སྐྱེ་མཆེད་དྲུག་ལ་ངོ་བོ་ཉིད་མྱེད་དོ། །རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སྲེད་པ་ལ་ངོ་བོ་ཉིད་མྱེད་དོ། །ལེན་པ་ལ་ངོ་བོ་ཉིད་མྱེད་དོ། །སྲིད་པ་ལ་ངོ་བོ་ཉིད་མྱེད་དོ། །སྐྱེ་བ་ལ་ངོ་བོ་ཉིད་མྱེད་དོ། །རྒ་
ཤི་ལ་ངོ་བོ་ཉིད་མྱེད་དོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་ངོ་བོ་ཉིད་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་
དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །སྟོང་
པ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མཐའ་ལས་
འདས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ངོ་བོ་ཉིད་
མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་

ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དྲན་པོ་ཉེ་བར་གཞག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །དབང་པོ་རྣམས་ལ་ངོ་བོ་ཉིད་མྱེད་
དོ། །སྟོབས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ངོ་བོ་ཉིད་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ངོ་བོ་ཉིད་མྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བསམ་གཏན་རྣམས་ལ་ངོ་བོ་ཉིད་མྱེད་
དོ། །ཚད་མྱེད་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ངོ་བོ་ཉིད་མྱེད་དོ། །མངོན་པར་ཤེས་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །ཏིང་ངེ་འཛིན་རྣམས་ལ་ངོ་བོ་ཉིད་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྒྱུན་
ཏུ་ཞུགས་པའི་འབྲས་བུ་ལ་ངོ་བོ་ཉིད་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ངོ་བོ་ཉིད་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ངོ་བོ་ཉིད་མྱེད་དོ། །དགྲ་བཅོམ་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་བྱང་ཆུབ་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་
སེམས་དཔའི་ས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་ངོ་བོ་ཉིད་མྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ངོ་བོ་ཉིད་མྱེད་དོ། །སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ལ་ངོ་བོ་ཉིད་མྱེད་དོ། །དེ་བཞིན་
གཤེགས་པའི་སྟོབས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །མྱི་འཇིགས་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །བྱམས་པ་ཆེན་པོ་ལ་ངོ་བོ་ཉིད་མྱེད་དོ། །སྙིང་རྗེ་ཆེན་པོ་ལ་ངོ་བོ་ཉིད་མེད་དོ། །སངས་རྒྱས་ཀྱི་

ཆོས་མ་འདྲེས་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །གང་ལ་ངོ་བོ་ཉིད་མྱེད་པ་དེ་ནི་སྤྲོར་མྱེད་པ་སྟེ། རབ་འབྱོརད་དེའི་ཕྱིར། གཟུགས་ནི་སྤྲོར་མྱེད་པའོ། །ཚོར་བ་ནི་སྤྲོར་མྱེད་པའོ། །འདུ་ཤེས་ནི་སྤྲོར་
མྱེད་པའོ། །འདུ་བྱེད་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིག་ནི་སྤྲོར་མྱེད་པའོ། །རྣ་བ་ནི་སྤྲོར་མྱེད་པའོ། །སྣ་ནི་སྤྲོར་མྱེད་པའོ། །ལྕེ་ནི་སྤྲོར་མྱེད་པའོ། །ལུས་ནི་སྤྲོར་མྱེད་པའོ། །ཡིད་ནི་སྤྲོར་མྱེད་པའོ། །གཟུགས་
ནི་སྤྲོར་མྱེད་པའོ། །སྒྲ་ནི་སྤྲོར་མྱེད་པའོ། །དྲི་ནི་སྤྲོར་མྱེད་པའོ། །རོ་ནི་སྤྲོར་མྱེད་པའོ། །རེག་ནི་སྤྲོར་མྱེད་པའོ། །ཆོས་ནི་སྤྲོར་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །སྣའི་
རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ནི་
སྤྲོར་མྱེད་པའོ། །སྣའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་སྤྲོར་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ནི་སྤྲོར་
མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་
སྤྲོར་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྤྲོར་མྱེད་པའོ། །སའི་ཁམས་ནི་སྤྲོར་མྱེད་པའོ། །ཆུའི་ཁམས་ནི་སྤྲོར་མྱེད་པའོ། །མྱེའི་ཁམས་ནི་སྤྲོར་མྱེད་པའོ། །རླུང་གི་ཁམས་ནི་སྤྲོར་མྱེད་པའོ། །ནམ་མཁའི་ཁམས་ནི་

སྤྲོར་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ནི་སྤྲོར་མྱེད་པའོ། །མ་རིག་པ་ནི་སྤྲོར་མྱེད་པའོ། །འདུ་བྱེད་ནི་སྤྲོར་མྱེད་པའོ། །རྣམ་པར་ཤེས་པ་ནི་སྤྲོར་མྱེད་པའོ། །མྱིང་དང་གཟུགས་ནི་སྤྲོར་མྱེད་པའོ། །སྐྱེ་མཆེད་དྲུག་ནི་
སྤྲོར་མྱེད་པའོ། །རེག་པ་ནི་སྤྲོར་མྱེད་པའོ། །ཚོར་བ་ནི་སྤྲོར་མྱེད་པའོ། །སྲེད་པ་ནི་སྤྲོར་མྱེད་པའོ། །ལེན་པ་ནི་སྤྲོར་མྱེད་པའོ། །སྲིད་པ་ནི་སྤྲོར་མྱེད་པའོ། །སྐྱེ་བ་ནི་སྤྲོར་མྱེད་པའོ། །རྒ་ཤི་ནི་སྤྲོར་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ནི་སྤྲོར་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤྲོར་མྱེད་པའོ། །ནང་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཕྱི་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །
དོན་དམ་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དོར་བ་
མྱེད་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དངོས་པོ་མྱེད་པ་
སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྤྲོར་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་སྤྲོར་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་སྤྲོར་མྱེད་པའོ། །རྫུ་འཕྲུལ་

གྱི་རྐང་པ་རྣམས་ནི་སྤྲོར་མྱེད་པའོ། །དབང་པོ་རྣམས་ནི་སྤྲོར་མྱེད་པའོ། །སྟོབས་རྣམས་ནི་སྤྲོར་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྤྲོར་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྤྲོར་མྱེད་པའོ། །འཕགས་པའི་
བདེན་པ་རྣམས་ནི་སྤྲོར་མྱེད་པའོ། །བསམ་གཏན་རྣམས་ནི་སྤྲོར་མྱེད་པའོ། །ཚད་མྱེད་པ་རྣམས་ནི་སྤྲོར་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཐར་པ་རྣམས་ནི་སྤྲོར་མྱེད་པའོ། །
མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྤྲོར་མྱེད་པའོ། །མངོན་པར་ཤེས་པ་རྣམས་ནི་སྤྲོར་མེད་པའོ། །ཏིང་ངེ་འཛིན་
རྣམས་ནི་སྤྲོར་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་སྤྲོར་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་སྤྲོར་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་སྤྲོར་མྱེད་པའོ། །དགྲ་བཅོམ་
པ་ཉིད་ནི་སྤྲོར་མྱེད་པའོ། །རང་བྱང་ཆུབ་ནི་སྤྲོར་མྱེད་པའོ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི་སྤྲོར་མྱེད་པའོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ནི་སྤྲོར་མྱེད་པའོ། །
སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་ནི་སྤྲོར་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་སྤྲོར་མྱེད་པའོ། །མྱི་འཇིགས་པ་རྣམས་ནི་སྤྲོར་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྤྲོར་མྱེད་པའོ། །བྱམས་པ་ཆེན་པོ་ནི་སྤྲོར་
མྱེད་པའོ། །སྙིང་རྗེ་ཆེན་པོ་ནི་སྤྲོར་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྤྲོར་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྤྲོར་མྱེད་པའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་

ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་གོ། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ།
གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་གང་ལ་ཡང་ངོ་བོ་ཉིད་དམྱིགས་སུ་མ་མཆིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཉན་ཐོས་ཀྱི་ཤུལ་ཏམ། རང་སངས་རྒྱས་ཀྱི་ཤུལ་ཏམ། ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱི་ཤུལ་ཏམ། ཆོས་གང་གིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་
སྐྱོན་མྱེད་པར་མྱི་འཇུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་སངས་རྒྱས་ཀྱི་ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མྱི་འཇུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་
ལམ་གྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མྱི་འཇུག་གི །རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཐམས་ཅད་ལ་བསླབས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ །འདི་ལྟ་སྟེ་དཔེར་ན།
བརྒྱད་པ་ནི་ཆོས་ཐམས་ཅད་ལ་བསླབས་ཤིང་། ཡང་དག་པའི་སྐྱོན་མྱེད་པར་འཇུག་སྟེ། ནམ་འབྲས་བུའི་ལམ་མ་གྲུབ་ཀྱི་བར་དུ་འབྲས་བུ་ཐོབ་པར་མྱི་བྱེད་དེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལམ་ཐམས་
ཅད་བསྒྲུབས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་སྟེ། ནམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་མ་གྱུར་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་བྱེད་དོ། །དེས་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་སྐད་ཅིག་གཅིག་དང་ལྡན་

པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཏེ། བྱང་ཆུབ་སེམས་
དཔའི་སྐྱོན་མ་མཆིས་པར་འཇུག་པར་བགྱིས་ན། བཅོམ་ལྡན་འདས་འདི་ལྟར་བརྒྱད་པའི་ཤུལ་ཡང་གཞན། རྒྱུན་ཏུ་ཞུགས་པའི་ཤུལ་ཡང་གཞན། ལན་ཅིག་ཕྱིར་འོང་བར་ཞུགས་པའི་ཤུལ་ཡང་གཞན། ལན་ཅིག་ཕྱིར་འོང་བའི་ཤུལ་ཡང་
གཞན། ཕྱིར་མྱི་འོང་བར་ཞུགས་པའི་ཤུལ་ཡང་གཞན། ཕྱིར་མྱི་འོང་བའི་ཤུལ་ཡང་གཞན། དགྲ་བཅོམ་པར་ཞུགས་པའི་ཤུལ་ཡང་གཞན། དགྲ་བཅོམ་པའི་ཤུལ་ཡང་གཞན། རང་སངས་རྒྱས་ཀྱི་ཤུལ་ཡང་གཞན། དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤུལ་ཡང་གཞན་ཏེ། བཅོམ་ལྡན་འདས་གལ་ཏེ་ཤུལ་དེ་དག་གཞན་དང་གཞན་ན། ཇི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་
པར་བགྱིས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་བགྱི། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་དག་བརྒྱད་པའི་ཤུལ་བསྒྲུབས་ཤིང་། བརྒྱད་པར་མྱི་གྱུར་ཏམ། མཐོང་བའི་ཤུལ་བསྒྲུབས་ཤིང་། རྒྱུན་ཏུ་ཞུགས་པར་མྱི་གྱུར་ཏམ། བསྒོམ་པའི་ཤུལ་བསྒྲུབས་ཤིང་། ལན་ཅིག་ཕྱིར་འོང་བར་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བར་
མྱི་གྱུར་ཏམ། ཕྱིར་མྱི་འོང་བར་ཞུགས་པ་འམ། ཕྱིར་མྱི་འོང་བར་མྱི་གྱུར་ཏམ། དགྲ་བཅོམ་པར་ཞུགས་པ་འམ། དགྲ་བཅོམ་པར་མྱི་གྱུར་ཏམ། རང་སངས་རྒྱས་ཀྱི་ཤུལ་བསྒྲུབས་ཤིང་། རང་སངས་རྒྱས་སུ་མྱི་འགྱུར་ཏམ། བཅོམ་ལྡན་

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བརྒྱད་པར་གྱུར་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་དང་། སྐབས་མ་མཆིས་ཏེ་དེ་ནི་གནས་མ་ལགས་སོ། །བྱང་ཆུབ་སེམས་དཔའི་
སྐྱོན་མ་མཆིས་པར་མ་ཆུད་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་
དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་
སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་
ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། དགྲ་བཅོམ་པ་ཉིད་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་
སེམས་དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས། རང་བྱང་ཆུབ་ཐོབ་ནས། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པའི་གནས་མ་མཆིས། བྱང་ཆུབ་སེམས་
དཔའི་སྐྱོན་མ་མཆིས་པར་མ་ཆུད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མ་མཆིས་ན། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུལ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཤིང་།

བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་ཆུད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་
ཅད་ཡོངས་སུ་སྤོང་བར་འགྱུར་བ་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོརད་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པར་གྱུར་ཏེ། རྒྱུན་ཏུ་ཞུགས་པའི་
འབྲས་བུ་ཐོབ་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པའམ། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པ་འམ། དགྲ་བཅོམ་པ་ཉིད་ཐོབ་པའམ། རང་བྱང་ཆུབ་ཐོབ་པར་གྱུར་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པའི་
གནས་དང་སྐབས་མྱེད་དེ། དེ་ནི་གནས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་མ་ཆུད་པར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་གནས་མྱེད་དོ། །རབ་འབྱོར་འོན་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ཤེས་པ་དང་མཐོང་བས་ས་བརྒྱད་ལས་ཡོངས་སུ་འདས་ཏེ། བརྒྱད་གང་ཞེ་ན། དཀར་པོ་རྣམ་པར་མཐོང་བའི་ས་དང་།
རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་སྟེ། ས་བསྟན་པ་བརྒྱད་པོ་འདི་དག་ལས་ཤེས་པ་དང་། མཐོང་
བས་འདས་ནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་

མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ་། །རབ་འབྱོར་དེ་ལ་བརྒྱད་པའི་ཡེ་ཤེས་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་རྒྱུན་ཏུ་ཞུགས་པའི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ལན་ཅིག་ཕྱིར་འོང་བའི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། ཕྱིར་མྱི་འོང་བའི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། དགྲ་བཅོམ་པའི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ། རང་སངས་རྒྱས་ཀྱི་ཡེ་ཤེས་དང་། སྤོང་བ་གང་ཡིན་པ་དེ་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་ཆེན་པོ་སྟེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱས་ཤིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བྱང་
ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་ངོ་། །རབ་འབྱོར་དེ་ལྟ་བས་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་
འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གང་ཉན་ཐོས་ཀྱི་ཤུལ་དང་། རང་སངས་རྒྱས་ཀྱི་ཤུལ་དང་། སངས་རྒྱས་ཀྱི་ཤུལ་དེ་དག་ལས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཤུལ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་

འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་བསྒྲུབ་པར་བྱ་སྟེ། དེ་ལས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་ནི་རྣམ་པ་གང་དང་གང་དང་། ཚུལ་གང་དང་གང་དང་། མཚན་མ་གང་དང་གང་
གིས་ལམ་དུ་བརྗོད་པའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ནས་ཀྱང་གཞན་གྱིས་ཤེས་
པར་འགྱུར་བ་དང་། གཞན་འདུལ་བའི་དོན་དུ་གཞན་ལ་བརྗོད་པ་དང་བསྟན་པ་དང་། བཤད་པ་དང་། གདགས་པ་དང་། རྣམ་པར་དགོད་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་བརྙན་ལྟ་བུ་ཤེས་པར་བྱ་བའི་དོན་དུ་སྒྲ་སྐད་དང་།
བརྡར་བྱ་བ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གོ་བར་འགྱུར་བ་ལྟ་བུའི་སྒྲ་སྐད་དང་། བརྡ་ཐམས་ཅད་བརྗོད་པར་བྱ། ཡོངས་སུ་གཟུང་བར་བྱ་སྟེ། རབ་འབྱོར་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས། ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །ལམ་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་རིག་པར་བྱས་ནས། སེམས་ཅན་དམྱལ་བ་པའི་སེམས་ཅན་
རྣམས་ཀྱི་སེམས་ཅན་དམྱལ་བའི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་སེམས་ཅན་དམྱལ་བའི་ལམ་བཟློག་པར་བྱ་སྟེ། རྒྱུ་ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །བྱོལ་སོང་གི་སྐྱེ་གནས་
ཀྱི་སེམས་ཅན་རྣམས་ཀྱི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་བཟློག་པར་བྱ་སྟེ། རྒྱུ་ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་ཀྱང་བཟློག་

པར་བྱའོ། །གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །དེས་ཀྱང་གཤིན་རྗེའི་འཇིག་རྟེན་གྱི་ལམ་བཟློག་པར་བྱ་སྟེ།
རྒྱུ་ལས་ཀྱང་བཟློག་པར་བྱའོ། །འབྲས་བུ་ལས་ཀྱང་བཟློག་པར་བྱའོ། །མྱི་འམ་ཅི་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །
འབྲས་བུ་ཤེས་པར་བྱའོ། །ཀླུ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །གནོད་སྦྱིན་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །མྱི་རྣམས་ཀྱི་ལམ་ཤེས་
པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཚངས་པ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་
པར་བྱའོ། །ཀུན་སྣང་དང་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འབྲས་བུ་ཆེ་བའི་ལྷ་
རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འདུ་ཤེས་མྱེད་པའི་སེམས་ཅན་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །མྱི་ཆེ་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་
བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །མྱི་གདུང་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །

འབྲས་བུ་ཤེས་པར་བྱའོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འོག་མྱིན་གྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ནམ་མཁའ་
མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །ཆུང་
ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལམ་ཤེས་པར་བྱའོ། །རྒྱུ་ཤེས་པར་བྱའོ། །འབྲས་བུ་ཤེས་པར་བྱའོ། །
དྲན་པ་ཉེ་བར་གཞག་པ་བཞི་ཤེས་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ཤེས་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཤེས་པར་བྱའོ། །དབང་པོ་ལྔ་ཤེས་པར་བྱའོ། །སྟོབས་ལྔ་ཤེས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཤེས་པར་བྱའོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པར་བྱའོ། །རྣམ་པར་ཐར་པའི་སྒོ་གསུམ་ཤེས་པར་བྱའོ། །བསམ་གཏན་བཞི་ཤེས་པར་བྱའོ། །ཚད་མྱེད་པ་བཞི་ཤེས་པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཤེས་པར་བྱའོ། །
རྣམ་པར་ཐར་པ་བརྒྱད་ཤེས་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཤེས་པར་བྱའོ། །ཏིང་ངེ་འཛིན་རྣམས་ཤེས་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པར་
བྱའོ། །མྱི་འཇིགས་པ་བཞི་ཤེས་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཤེས་པར་བྱའོ། །བྱམས་པ་ཆེན་པོ་ཤེས་པར་བྱའོ། །སྙིང་རྗེ་ཆེན་པོ་ཤེས་པར་བྱའོ། །

ལམ་དེ་དག་གིས་ཀྱང་སེམས་ཅན་གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད། གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི་ལན་ཅིག་
ཕྱིར་འོང་བའི་འབྲས་བུ་ལ་འགོད། གང་ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་བྱ་བ་དེ་དག་ནི། ཕྱིར་མྱི་འོང་བའི་འབྲས་བུ་ལ་འགོད། གང་དགྲ་བཅོམ་པ་ཉིད་ལ་དགོད་པར་བྱ་བ་དེ་དག་ནི་དགྲ་བཅོམ་པ་ཉིད་ལ་འགོད། གང་རང་བྱང་ཆུབ་ལ་
དགོད་པར་བྱ་བ་དེ་དག་ནི། རང་བྱང་ཆུབ་ལ་འགོད། གང་བྱང་ཆུབ་ལ་དགོད་པར་བྱ་བ་དེ་དག་ནི་བྱང་ཆུབ་ལ་འགོད་དོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །དེ་དག་ལ་བསླབས་
ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་གོ །སེམས་ཅན་རྣམས་ཀྱི་བསམ་པ་ལ་ཞུགས་ནས་དེ་བཞིན་དུ་ཆོས་སྟོན་ཏོ། །དེས་ཆོས་བསྟན་པ་དེ་ཡང་འབྲས་བུ་མྱེད་པར་མྱི་འགྱུར་རོ། །དེ་ཅིའི་
ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་གཞན་གྱི་དབང་པོ་ཤིན་ཏུ་ཤེས་པར་བྱས་པའི་ཕྱིར་ཏེ། དེ་ནི་སེམས་ཅན་རྣམས་ཀྱི་ལམ་དང་། ལམ་མ་ཡིན་པ་དང་། འཆི་འཕོ་དང་། སྐྱེ་བ་ཡང་རབ་ཏུ་ཤེས་སོ། །རབ་འབྱོརད་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་ནི། བྱང་ཆུབ་ཀྱི་ཕྱོགས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་བ་འམ། ཉན་ཐོས་ཀྱིས་བསླབ་
པར་བྱ་བ་འམ། རང་སངས་རྒྱས་ཀྱིས་བསླབ་པར་བྱ་བའི་ཆོས་ཐམས་ཅད་གང་ཡང་མ་འདུས་པ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ལགས་པ་དང་། བྱང་ཆུབ་གང་ལགས་པའི་ཆོས་

དེ་དག་ཐམས་ཅད་ལྡན་པ་ཡང་མ་ལགས། མྱི་ལྡན་པ་ཡང་མ་ལགས། གཟུགས་མ་མཆིས་པ། བསྟན་ཏུ་མ་མཆིས། ཐོགས་པ་མ་མཆིས་པ་སྟེ། འདི་ལྟར་མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་ན། ཇི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་བྱང་ཆུབ་བསྒྲུབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས། མྱི་ལྡན་པ་ཡང་མ་ལགས་ལ། གཟུགས་མ་མཆིས་ཤིང་བསྟན་དུ་མ་མཆིས། ཐོགས་པ་མ་མཆིས་པ། འདི་ལྟར་མཚན་ཉིད་མ་མཆིས། མཚན་
ཉིད་གཅིག་པ་ནི་ཆོས་གང་ལ་ཡང་བསྒྲུབ་པ་འམ། འཇིག་པར་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཆོས་གང་ལ་ཡང་བསྒྲུབ་པ་འམ། འཇིག་པར་མྱི་བགྱིད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་རང་གི་
མཚན་ཉིད་ཀྱིས་སྟོང་པའི་ཆོས་ནི། ཆོས་གང་ལ་ཡང་བསྒྲུབ་པ་འམ། འཇིག་པར་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་རང་གི་མཚན་ཉིད་ཀྱིས་སྟོང་པའི་
ཆོས་ནི། ཆོས་གང་ལ་ཡང་བསྒྲུབ་པའམ། འཇིག་པར་བྱེད་པ་མྱེད་དོ། །རབ་འབྱོར་སེམས་ཅན་གང་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་མྱི་ཤེས་པ་དེ་དག་གི་དོན་དུ་འདི་སྐད་དུ་འདི་དག་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བྱང་ཆུབ་ཏུ་ཐོབ་པར་བྱེད་པའོ་
ཞེས་བཤད་ཀྱི། རབ་འབྱོརད་དེ་ནི་འདི་ལྟར་གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མྱིག་གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། སྣ་
གང་ཡིན་པ་དང་། ལྕེ་གང་ཡིན་པ་དང་། ལུས་གང་ཡིན་པ་དང་། ཡིད་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། སྒྲ་གང་ཡིན་པ་དང་། དྲི་གང་ཡིན་པ་དང་། རོ་གང་ཡིན་པ་དང་། རེག་གང་ཡིན་པ་དང་། ཆོས་གང་ཡིན་པ་དང་། མྱིག་གི་རྣམ་

པར་ཤེས་པ་གང་ཡིན་པ་དང་། རྣ་བའི་རྣམ་པར་ཤེས་པ་གང་ཡིན་པ་དང་། སྣའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལྕེའི་རྣམ་པར་ཤེས་པ་གང་ཡིན་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཡིད་ཀྱི་རྣམ་
པར་ཤེས་པ་གང་ཡིན་པ་དང་། མྱིག་གི་འདུས་ཏེ་རེག་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་།
ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ལྕེའི་འདུས་
ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་ཡིན་པ་དང་། སའི་ཁམས་གང་ཡིན་པ་དང་། ཆུའི་ཁམས་གང་ཡིན་པ་དང་། མྱེའི་
ཁམས་གང་ཡིན་པ་དང་། རླུང་གི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། མ་རིག་པ་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མྱིང་
དང་གཟུགས་གང་ཡིན་པ་དང་། སྐྱེ་མཆེད་དྲུག་གང་ཡིན་པ་དང་། རེག་པ་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། སྲེད་པ་གང་ཡིན་པ་དང་། ལེན་པ་གང་ཡིན་པ་དང་། སྲིད་པ་གང་ཡིན་པ་དང་། སྐྱེ་བ་གང་ཡིན་པ་དང་། རྒ་ཤི་གང་ཡིན་པ་དང་།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་

ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། ཆེན་པོ་སྟོང་པ་ཉིད་གང་ཡིན་པ་དང་། དོན་
དམ་པ་སྟོང་པ་ཉིད་གང་ཡིན་པ་དང་། འདུས་བྱས་སྟོང་པ་ཉིད་གང་ཡིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་གང་ཡིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གང་ཡིན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། དོར་བ་
མྱེད་པ་སྟོང་པ་ཉིད་གང་ཡིན་པ་དང་། རང་བཞིན་སྟོང་པ་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གང་ཡིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མྱེད་པ་
སྟོང་པ་ཉིད་གང་ཡིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཡིན་པ་དང་། བསམ་གཏན་དང་པོ་གང་ཡིན་པ་དང་། བསམ་གཏན་གཉིས་པ་གང་ཡིན་པ་དང་། །བསམ་གཏན་གསུམ་པ་གང་
ཡིན་པ་དང་། བསམ་གཏན་བཞི་པ་གང་ཡིན་པ་དང་། བྱམས་པ་གང་ཡིན་པ་དང་། སྙིང་རྗེ་གང་ཡིན་པ་དང་། དགའ་བ་གང་ཡིན་པ་དང་། བཏང་སྙོམས་གང་ཡིན་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་
ཡིན་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་ཡིན་པ་དང་། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་གང་ཡིན་པ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་
པ་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དང་། ཡང་དག་པར་སྤོང་བ་རྣམས་གང་ཡིན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་གང་ཡིན་པ་དང་། དབང་པོ་རྣམས་གང་ཡིན་པ་དང་། སྟོབས་རྣམས་གང་ཡིན་པ་དང་།

བྱང་ཆུབ་ཀྱི་ཡན་ལག་རྣམས་གང་ཡིན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་ཡིན་པ་དང་། འཕགས་པའི་བདེན་པ་རྣམས་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་གང་ཡིན་པ་དང་། རྣམ་པར་ཐར་པ་བརྒྱད་
གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཡིན་པ་དང་། ཏིང་ངེ་འཛིན་རྣམས་གང་ཡིན་པ་དང་། གཟུངས་ཀྱི་སྒོ་རྣམས་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཡིན་པ་དང་། མྱི་
འཇིགས་པ་བཞི་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་གང་ཡིན་པ་དང་། བྱམས་པ་ཆེན་པོ་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། རྒྱུན་ཏུ་
ཞུགས་པའི་འབྲས་བུ་གང་ཡིན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་ཡིན་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་གང་ཡིན་པ་དང་། དགྲ་བཅོམ་པ་ཉིད་གང་ཡིན་པ་དང་། རང་བྱང་ཆུབ་གང་ཡིན་པ་དང་། ལམ་གྱི་རྣམ་པ་ཤེས་པ་
ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ཆོས་དང་། འདུལ་བ་འདི་ལ་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་
མེད་པ། ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་ཀྱང་དེ་དག་དེ་བཞིན་གཤེགས་པས། སེམས་ཅན་རྣམས་གཟུད་པར་བྱ་བའི་དོན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་དེ་སྐད་དུ་བརྗོད་དེ། དོན་དམ་པར་མ་ཡིན་
ནོ། །དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པ་དང་། མཐོང་བས་བསླབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་ཤེས་པ་དང་། མཐོང་བས་བསླབས་ནས། ཆོས་ལ་ལ་ནི་མངོན་དུ་བྱའོ། །ལ་ལ་ནི་མངོན་དུ་མྱི་

བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ནི་ཤེས་པ་དང་། མཐོང་བས་བསླབས་ཏེ་མངོན་དུ་བྱ། ཆོས་གང་ནི་ཤེས་པ་དང་། མཐོང་བས་བསླབས་ཏེ། མངོན་དུ་མྱི་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་
ནི་ཤེས་པ་དང་མཐོང་བས་བསླབས་ཏེ། མངོན་དུ་མྱི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད། རྣམ་པ་ཐམས་ཅད་དུ་མངོན་དུ་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
འཕགས་པའི་ཆོས་དང་འདུལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འཕགས་པའི་ཆོས་དང་འདུལ་བ། འཕགས་པའི་ཆོས་དང་འདུལ་བ་ཞེས་བགྱི་བ་དེ་ཇི་ཙམ་གྱིས་ན། འཕགས་
པའི་ཆོས་དང་འདུལ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཞེ་སྡང་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཏི་མུག་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འཇིག་
ཚོགས་སུ་ལྟ་བ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཐེ་ཙོམ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདོད་པའི་འདོད་ཆགས་དང་གནོད་
སེམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུགས་ཀྱི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུགས་མྱེད་པའི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མ་རིག་པ་དང་ལྡན་པ་ཡང་མ་

ཡིན། བྲལ་བ་ཡང་མ་ཡིན། ང་རྒྱལ་དང་རྒོད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་དང་པོ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་གཉིས་པ་དང་ལྡན་པ་ཡང་མ་ཡིན།
བྲལ་བ་ཡང་མ་ཡིན། བསམ་གཏན་གསུམ་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བསམ་གཏན་བཞི་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བྱམས་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སྙིང་རྗེ་དང་
ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དགའ་བ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བཏང་སྙོམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་
ཡིན། བྲལ་བ་ཡང་མ་ཡིན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན།
འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དྲན་པ་ཉེ་བར་གཞག་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཡང་དག་པར་སྤོང་བ་བཞི་དང་ལྡན་པ་ཡང་མ་
ཡིན། བྲལ་བ་ཡང་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དབང་པོ་ལྔ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སྟོབས་ལྔ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བྱང་ཆུབ་
ཀྱི་ཡན་ལག་བདུན་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འཕགས་པའི་བདེན་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན།

བསམ་གཏན་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཚད་མྱེད་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན།
རྣམ་པར་ཐར་པ་བརྒྱད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་
དང་། སྨོན་པ་མྱེད་པ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མངོན་པར་ཤེས་པ་ལྔ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཏིང་ངེ་འཛིན་རྣམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། གཟུངས་
ཀྱི་སྒོ་རྣམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། མྱི་འཇིགས་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སོ་སོ་ཡང་
དག་པར་རིག་པ་བཞི་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། བྱམས་པ་ཆེན་པོ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། སྙིང་
རྗེ་ཆེན་པོ་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདུས་བྱས་ཀྱི་ཁམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། འདུས་མ་བྱས་ཀྱི་ཁམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པས་དེའི་ཕྱིར་དེ་དག་ནི་འཕགས་
པ་ཞེས་བྱ་སྟེ། འདི་ནི་དེ་དག་གི་ཆོས་དང་འདུལ་བ་ཡིན་པས། དེའི་ཕྱིར་འཕགས་པའི་ཆོས་འདུལ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ཐམས་ཅད་གཟུགས་མྱེད་པ་བསྟན་དུ་མྱེད་པ་ཐོགས་པ་མྱེད་པ།

འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པ་སྟེ། དེ་དག་ནི་གཟུགས་མྱེད་པ། གཟུགས་མྱེད་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །བསྟན་ཏུ་མྱེད་པ་དང་། བསྟན་ཏུ་མྱེད་པར་ལྡན་པ་ཡང་མ་ཡིན།
བྲལ་བ་ཡང་མ་ཡིན་ནོ། །ཐོགས་པ་མྱེད་པ་དང་། ཐོགས་པ་མྱེད་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །མཚན་ཉིད་མྱེད་པ་དང་། མཚན་ཉིད་མྱེད་པར་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་ནོ། །རབ་འབྱོརད་འདི་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཟུགས་མྱེད་པ། བསྟན་དུ་མེད་པ་ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་མཚན་ཉིད་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལ་བསླབ་པར་
བྱའོ། །དེས་དེ་ལ་བསླབས་ན། ཆོས་ཀྱི་མཚན་ཉིད་གང་ཡང་དམྱིགས་པར་མྱི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན། གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཚོར་བའི་མཚན་ཉིད་ལ་བསླབ་པར་
མྱི་བགྱི་འམ། འདུ་ཤེས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུ་བྱེད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣ་བའི་
མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལྕེའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལུས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ།
གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྒྲའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དྲིའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རེག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་

འམ། ཆོས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་
པར་མྱི་བགྱི་འམ། ལྕེའི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་
འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་འམ། རྣ་བའི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལྕེའི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་
བགྱི་འམ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣ་བའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་
བགྱི་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་
བགྱི་འམ། ཆུའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱེའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རླུང་གི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ནམ་མཁའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་

བགྱི་འམ། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མ་རིག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུ་བྱེད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་པར་ཤེས་པའི་མཚན་
ཉིད་ལ་བསླབ་པར་མྱི་བགྱི་འམ། མྱིང་དང་གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྐྱེ་མཆེད་དྲུག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རེག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཚོར་བའི་མཚན་ཉིད་ལ་བསླབ་པར་
མྱི་བགྱི་འམ། སྲེད་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལེན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྲིད་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྐྱེ་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྒ་ཤིའི་མཚན་
ཉིད་ལ་བསླབ་པར་མྱི་བགྱི་འམ། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་
མྱི་བགྱི་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ལ་བསླབ་པར་
མྱི་བགྱི་འམ། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཕྱི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་
ཉིད་ལ་བསླབ་པར་མྱི་བགྱི་འམ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ།

འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དོར་བ་མྱེད་
པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་
ཉིད་ལ་བསླབ་པར་མྱི་བགྱི་འམ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ།
དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་དང་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་གཉིས་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་གསུམ་
པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བསམ་གཏན་བཞི་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བྱམས་པ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྙིང་རྗེ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དགའ་
བ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བཏང་སྙོམས་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་
ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་

སྙོམས་པར་འཇུག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཡང་དག་པར་སྤོང་བ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྫུ་
འཕྲུལ་གྱི་རྐང་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། དབང་པོ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྟོབས་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མཚན་ཉིད་ལ་
བསླབ་པར་མྱི་བགྱི་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མཚན་མ་མྱེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་བསླབ་
པར་མྱི་བགྱི་འམ། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། རྣམ་པར་ཐར་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མཚན་
ཉིད་ལ་བསླབ་པར་མྱི་བགྱི་འམ། མངོན་པར་ཤེས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཏིང་ངེ་འཛིན་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། གཟུངས་ཀྱི་སྒོ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་
འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། མྱི་འཇིགས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་
འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བྱམས་པ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྙིང་རྗེ་ཆེན་པོའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། སྡུག་བསྔལ་འཕགས་

པའི་བདེན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ཀུན་འབྱུང་བའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འགོག་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། ལམ་འཕགས་པའི་བདེན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་
འམ། རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པའི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུས་བྱས་ཀྱི་ཁམས་ཀྱི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། འདུས་མ་བྱས་ཀྱི་ཁམས་ཀྱི་མཚན་ཉིད་
ལ་བསླབ་པར་མྱི་བགྱི་འམ། བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་གི་མཚན་ཉིད་ལ་བསླབ་པར་མྱི་བགྱི་འམ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ཀྱི་མཚན་ཉིད་དང་།
འདུ་བྱེད་ཀྱི་མཚན་ཉིད་ལ་བསླབས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདའ་བར་འགྱུར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་མ་འདས་ན། ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པར་འགྱུར། བྱང་
ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་མ་ཞུགས་ན། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཇི་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། ཆོས་ཀྱི་འཁོར་ལོ་མ་བསྐོར་ན།
ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ། ཆོས་ལ་ལ་ཞིག་
ལ་མཚན་ཉིད་ཡོད་ན་ནི། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མཚན་ཉིད་དེ་ལ་བསླབ་པར་ཡང་འགྱུར་ན། ཆོས་ཐམས་ཅད་ལ་མཚན་ཉིད་མྱེད་ཅིང་། གཟུགས་མྱེད་བསྟན་དུ་མེད། ཐོགས་པ་མྱེད་པ་སྟེ། འདི་

ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་ཉིད་ལ་ཡང་བསླབ་པར་མྱི་བྱ། མཚན་ཉིད་མྱེད་པ་ལ་ཡང་བསླབ་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་
ན། སྔོན་ཆད་མཚན་ཉིད་ཡོད་པར་གྱུར་པའམ། ཕྱིས་མཚན་ཉིད་མྱེད་པར་གྱུར་པ་མ་ཡིན་གྱི། རབ་འབྱོར་ཆོས་འདི་དག་ནི་སྔོན་ཆད་ཀྱང་མཚན་ཉིད་མྱེད་ལ་ད་ལྟར་ཡང་མཚན་ཉིད་མྱེད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས། མཚན་ཉིད་ལ་ཡང་བསླབ་པར་མྱི་བྱ། མཚན་ཉིད་མེད་པ་ལ་ཡང་བསླབ་པར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མྱེད་
པའི་དབྱིངས་འདི་ནི་དེ་བཞིན་དུ་གནས་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ། དེ་ལྟར་ཆོས་ཐམས་ཅད་ལ་མཚན་ཉིད་མ་མཆིས་ཤིང་། མཚན་ཉིད་ཐ་དད་པ་ཡང་མ་ལགས། མཚན་ཉིད་གཅིག་པ་ཡང་མ་ལགས་ན། དེ་ཇི་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མཆིས་པར་འགྱུར། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་བསྒོམས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉན་
ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱིས་ལས་འདའ་བར་མྱི་ནུས་སོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་མ་འདས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་
པར་མྱི་ནུས་སོ། །བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་མ་ཞུགས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མྱི་སྐྱེ་བའི་ཆོས་ལ་བཟོད་པ་བསྐྱེད་པར་མྱི་ནུས་སོ། །མྱི་སྐྱེ་བའི་ཆོས་ལ་བཟོད་པ་མ་བསྐྱེད་པར་ནི།

མངོན་པར་ཤེས་པ་བསྒྲུབ་པར་མྱི་ནུས་སོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མ་བསྒྲུབས་པར་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བགྱི་བར་མྱི་ནུས་སོ། །སངས་རྒྱས་ཀྱི་
ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མ་བགྱིས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མྱི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་མྱི་
ནུས་སོ། །ཆོས་ཀྱི་འཁོར་ལོ་མ་བསྐོར་བར་ནི་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་མྱི་ནུས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་དགོད་པར་མི་ནུས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་དགོད་པར་
མྱི་ནུས་སོ། །དགྲ་བཅོམ་པ་ཉིད་ལ་དགོད་པར་མྱི་ནུས་སོ། །རང་བྱང་ཆུབ་ལ་དགོད་པར་མྱི་ནུས་སོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་མྱི་ནུས་སོ། །སེམས་ཅན་རྣམས་སྦྱིན་པ་ལས་བྱུང་བའི་བསོད་
ནམས་བགྱི་བའི་དངོས་པོ་ལ་དགོད་པར་མྱི་ནུས་སོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་མྱི་ནུས་སོ། །བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་ལ་དགོད་པར་མྱི་ནུས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་མཚན་ཉིད་མྱེད་པ་སྟེ། མཚན་ཉིད་ཐ་དད་པ་ཡང་མ་ཡིན། མཚན་ཉིད་གཅིག་པ་ཡང་མ་
ཡིན་ནོ། །གསོལ་པ། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་མ་མཆིས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། མཚན་ཉིད་ཐ་དད་པ་ཡང་མ་ཡིན། མཚན་ཉིད་གཅིག་པ་ཡང་མ་ཡིན་ཏེ། རབ་འབྱོར་མཚན་ཉིད་མྱེད་པ་བསྒོམ་པ་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གསོལ་པ། དེ་ཇི་ལྟར་ན་མཚན་ཉིད་མ་མཆིས་པ་བསྒོམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཆོས་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ཇི་ལྟར་ཆོས་ཐམས་ཅད་རྣམ་པར་བསྒོམ་པ་བསྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྒོམ་པའོ། །འདུ་ཤེས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུ་བྱེད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་པར་ཤེས་པ་རྣམ་པར་
བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིག་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣ་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྒོམ་པའོ། །སྣ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་རྣམ་པར་བསྒོམ་པ་བསྒོམ་པ་ནི།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཡིད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྒྲ་རྣམ་
པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དྲི་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རོ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་བསྒོམ་པའོ། །རེག་རྣམ་པར་བསྒོམ་པ་བསྒོམ་པ་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆོས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིག་གི་རྣམ་པར་ཤེས་པ་རྣམ་པར་
བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣ་བའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྣའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེའི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་བསྒོམ་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིག་གི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣ་
བའི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྣའི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེའི་འདུས་ཏེ་རེག་པ་རྣམ་

པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་རྣམ་
པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེནད་
ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལྕེའི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆུའི་
ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱེའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རླུང་གི་ཁམས་རྣམ་པར་བསྒོམ་པ་
བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ནམ་མཁའི་ཁམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་པར་ཤེས་པའི་ཁམས་རྣམ་པར་བསྒོམ་པ་

བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མ་རིག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུ་བྱེད་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་པར་ཤེས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །མྱིང་
དང་གཟུགས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྐྱེ་མཆེད་དྲུག་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རེག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཚོར་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྲེད་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ལེན་
པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྲིད་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྐྱེ་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྒ་ཤི་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བླང་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དོར་
བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་དང་པོ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་གཉིས་པ་རྣམ་པར་བསྒོམ་

པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་གསུམ་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བསམ་གཏན་བཞི་པ་རྣམ་པར་
བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བྱམས་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སྙིང་རྗེ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་
པ་བསྒོམ་པའོ། །དགའ་བ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །བཏང་སྙོམས་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ནམ་མཁའ་མཐའ་ཡས་
སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལད་ཏུ་
ཕྱིན་པ་བསྒོམ་པའོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་རྣམ་པར་
བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །སངས་རྒྱས་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཆོས་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་
ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །དགེ་འདུན་རྗེས་སུ་དྲན་པ་རྣམ་པར་བསྒོམ་པ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ། །ཚ