Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 024_འབུམ།_ད

Văn bản gốc(Tây Tạng)

Trang 12 / 23 (50.000 ký tự/trang)
ི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཡོངས་
སུ་འདྲིས་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་དེ་དག་དང་། སེམས་ཅན་དེ་དག་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཤེས་པ་དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ཐབས་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་
ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་
འདྲིས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་
སུ་འདྲིས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་
ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཐོག་མ་དང་ཐ་མ་
མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་

འདྲིས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་།
བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དངོས་པོ་མྱེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་
ཡོངས་སུ་འདྲིས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དབང་པོ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོབས་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་
ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །འཕགས་
པའི་བདེན་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བསམ་གཏན་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཚད་མྱེད་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་
བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པར་ཐར་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་
ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །དེ་བཞིན་
གཤེགས་པའི་སྟོབས་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །མྱི་འཇིགས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་
ཡོངས་སུ་འདྲིས་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱམས་པ་ཆེན་པོ་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་།
བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ལམ་ལ་ཡོངས་སུ་འདྲིས་པར་བྱེད་དོ། །བྱང་ཆུབ་ཀྱི་ལམ་དེ་ཡང་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ནམ་དེ་
བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་མ་གྱུར་པ་དང་། མྱི་འཇིགས་པ་བཞི་དང་ལྡན་པར་མ་གྱུར་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པར་མ་གྱུར་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་ལྡན་པར་མ་གྱུར་པ་དང་། བྱམས་པ་

ཆེན་པོ་དང་ལྡན་པར་མ་གྱུར་པ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་མ་གྱུར་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པར་མ་གྱུར་པ་དེའི་བར་དུ་བྱང་ཆུབ་ཀྱི་ལམ་དེ་ལ་ཡོངས་སུ་འདྲིས་པར་བྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། ལམ་དེ་ལ་
གནས་ཤིང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་བག་ཆགས་ཀྱི་མཚམས་
སྦྱོར་བའི་ཉོན་མོངས་པ་ཐམས་ཅད་ཀྱང་། མྱི་སྐྱེ་བར་སྤང་བས་ཡོངས་སུ་སྤོང་བར་འགྱུར་ཏེ། དེས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་ལྟ་ན། དངོས་པོ་མྱེད་པར་ཡང་མྱི་དམྱིགས་ན། དངོས་པོ་ཡོད་པ་ལྟ་
སྨོས་ཀྱང་མྱི་སྨོས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་དེ་ལྟར་སྦྱིན་པ་ཡོངས་སུ་གཏོང་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ལེན་པ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་
འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གཏོང་བ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་དུ་མྱི་བྱེད།
ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་སྲུང་སྟེ། དེ་དེ་ལྟར་ཚུལ་ཁྲིམས་སྲུང་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་

ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པ་སྒོམ་སྟེ། དེ་དེ་ལྟར་བཟོད་པ་སྒོམ་ཡང་། མྱི་རྟོག་མཚན་མར་
མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད། ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་
བརྩོན་འགྲུས་རྩོམ་སྟེ། དེ་དེ་ལྟར་བརྩོན་འགྲུས་རྩོམ་ཡང་མི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད་ཡུལ་དུ་མི་བྱེད།
ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་རྣམས་ལ་སྙོམས་པར་འཇུག་སྟེ། དེ་དེ་ལྟར་བསམ་གཏན་རྣམས་ལ་སྙོམས་པར་འཇུག་ཀྱང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།
དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་སེམས་དེ་ཡང་མྱི་དམྱིགས་ཏེ། མཚན་མར་མྱི་བྱེད་ཡུལ་དུ་མྱི་བྱེད། ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་སྒོམ་སྟེ། དེ་དེ་ལྟར་ཤེས་
རབ་སྒོམ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་ཤེས་རབ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་
བྱེད་དོ། །སེམས་ཅན་གང་གི་དོན་དུ་ཤེས་རབ་དེ་ལ་སྒོམ་པ་དེ་དག་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་

བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་
དོན་ཏུ་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ།
དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཕྱི་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཕྱི་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་
མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཕྱི་ནང་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །
གང་ཕྱི་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཕྱི་ནང་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་
འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གི་དོན་ཏུ་སྟོང་པ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་
བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྟོང་པ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཆེན་པོ་

སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཆེན་པོ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཆེན་པོ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་
པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཆེན་པོ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་
སྤྱོད་པའི་ཚེ། དོན་དམ་པ་སྟོང་པ་ཉིད་ལ་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གི་དོན་ཏུ་དོན་དམ་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་
འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དོན་དམ་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དོ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་
སྤྱོད་པའི་ཚེ། འདུས་བྱས་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འདུས་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་
འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འདུས་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་
ལ་སྤྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འདུས་མ་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འདུས་མ་བྱས་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་
ཉིད་ལ་སྤྱོད་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་
མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་
ཡང་ཡིད་ལ་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། །དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཐོག་མ་དང་ཐ་མ་
མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་
མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་
པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དོར་བ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དོར་བ་མྱེད་པ་སྟོང་པ་ཉིད་

དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།
དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རང་བཞིན་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རང་
བཞིན་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་རྟོག །མཚན་མར་མྱི་བྱེད་དེ།
དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་
དོན་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག །མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་
མི་རྟོག། མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་
བྱེད་དོ། །སེམས་ཅན་གང་གི་དོན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། མྱི་དམྱིགས་

པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མྱི་དམྱིགས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་
ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མྱི་དམྱིགས་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པའི་ཚེ་
དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་
པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ།
ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་
བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པའི་
ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་

ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དྲན་པ་ཉེ་
བར་གཞག་པ་རྣམས་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་དེ་དག་ལ་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དྲན་པ་ཉེ་བར་གཞག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་
བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དྲན་པ་ཉེ་བར་གཞག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་
བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཡང་དག་པར་སྤོང་བ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་
རྟོག་མཚན་མར་མྱི་བྱེད་དེ། །དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་ཡང་དག་པར་སྤོང་བ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་
པར་ཡང་ཡིད་ལ་མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་སྒོམ་
པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རྫུ་འཕྲུལ་གྱི་རྐང་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དབང་པོ་རྣམས་ལ་སྤྱོད་པའི་ཚེ། དབང་པོ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་དབང་པོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་
མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དབང་པོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་
བྱེད་དོ། །སྟོབས་རྣམས་ལ་སྤྱོད་པའི་ཚེ། སྟོབས་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་
འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་
ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ།
དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་བྱང་ཆུབ་ཀྱི་ཡན་ལག་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འཕགས་པའི་ལམ་ཡན་ལག་

བརྒྱད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་
ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།
དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་འཕགས་པའི་བདེན་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་
གང་གི་དོན་ཏུ་འཕགས་པའི་བདེན་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བསམ་གཏན་རྣམས་ལ་སྤྱོད་པའི་ཚེ། བསམ་གཏན་དེ་དག་ལ་མྱི་རྟོག་
མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་བསམ་གཏན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །
སེམས་ཅན་གང་གི་དོན་ཏུ་བསམ་གཏན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཚད་མྱེད་པ་རྣམས་ལ་སྤྱོད་པའི་ཚེ། ཚད་མྱེད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་
བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཚད་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་

ཏུ་ཚད་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚེ། གཟུགས་མྱེད་པའི་
སྙོམས་པར་འཇུག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་
དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་
འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པར་ཐར་པ་རྣམས་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །
གང་རྣམ་པར་ཐར་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་རྣམ་པར་ཐར་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་
མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།
དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

སེམས་ཅན་གང་གི་དོན་ཏུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པར་ཐར་པའི་
སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་
ཡང་ཡིད་ལ་མྱི་བྱེད་དོ། །གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་
གང་གི་དོན་ཏུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །མངོན་པར་ཤེས་པ་རྣམས་ལ་
སྤྱོད་པའི་ཚེ། མངོན་པར་ཤེས་པ་དེ་དག་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མངོན་པར་ཤེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ།
དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མངོན་པར་ཤེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་ལ་སྤྱོད་པའི་ཚེ། ཏིང་ངེ་
འཛིན་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཏིང་ངེ་འཛིན་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །

སེམས་ཅན་གང་གི་དོན་ཏུ་ཏིང་ངེ་འཛིན་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་
དེ་དག་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་གཟུངས་ཀྱི་སྒོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་
མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་གཟུངས་ཀྱི་སྒོ་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་
ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་
མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་དེ་བཞིན་གཤེགས་པའི་སྟོབས་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་
ཡང་ཡིད་ལ་མྱི་བྱེད་དོ། །མྱི་འཇིགས་པ་རྣམས་ལ་སྤྱོད་པའི་ཚེ། མི་འཇིགས་པ་དེ་དག་ལ་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མི་འཇིགས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་
མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་མྱི་འཇིགས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་

མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་
ལ་མྱི་བྱེད་དོ། །གང་སོ་སོ་ཡང་དག་པར་རིག་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སོ་སོ་ཡང་དག་པར་རིག་པ་
དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བྱམས་པ་ཆེན་པོ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་དེ་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་
ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མི་བྱེད་དོ། །གང་བྱམས་པ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་
བྱམས་པ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མི་བྱེད་དོ། །སྙིང་རྗེ་ཆེན་པོ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་དེ་ལ་མྱི་རྟོག་མཚན་མར་མི་བྱེད་དེ། དངོས་པོ་ཡོད་པ་འམ།
དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སྙིང་རྗེ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སྙིང་རྗེ་ཆེན་པོ་དེ་ལ་སྒོམ་པ་དེ་ལ་ཡང་
མྱི་རྟོག་མཚན་མར་མྱི་བྱད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་དེ་དག་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ཐམས་ཅད་ཤེས་པ་ཉིད་དེ་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ།
དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ཐམས་ཅད་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་ཅན་གང་གི་དོན་ཏུ་
ཐམས་ཅད་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་མྱི་རྟོག་མཚན་མར་
མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །སེམས་
ཅན་གང་གི་དོན་ཏུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལ་སྒོམ་པ་དེ་ལ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པའམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དེ་ལ་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་མྱི་རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ།

དངོས་པོ་མེད་པར་ཡང་ཡིད་ལ་མྱི་བྱེད་དོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལ་ཡང་མྱི་
རྟོག་མཚན་མར་མྱི་བྱེད་དེ། དངོས་པོ་ཡོད་པ་འམ། དངོས་པོ་མྱེད་པར་ཡང་ཡིད་ལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་དག་སངས་རྒྱས་རྣམས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་
དང་། ཉན་ཐོས་རྣམས་ཀྱིས་ཀྱང་མ་བྱས་ཏེ། ཆོས་ཐམས་ཅད་ནི་བྱེད་པ་པོ་མྱེད་པ། བྱེད་པ་པོ་དང་བྲལ་བའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་རྣམས་ནི་ཆོས་རྣམས་ཉིད་དང་བྲལ་བའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཆོས་རྣམས་ཉིད་དང་བྲལ་བ་ལགས་ན།
ཇི་ལྟར་ཆོས་ཀྱིས་ཆོས་ལ་དངོས་པོ་མཆིས་ཤེས་བགྱི་བ་འམ། དངོས་པོ་མ་མཆིས་ཤེས་བགྱི་བར་ཡོངས་སུ་འཚལ་བར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ཆོས་ཀྱིས། དངོས་པོ་མ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་
མྱི་རུང་སྟེ། དངོས་པོ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མྱི་རུང་ངོ་། །དངོས་པོ་མ་མཆིས་པའི་ཆོས་ཀྱིས་ཀྱང་། དངོས་པོ་མཆིས་པའི་ཆོས་ཡོངས་སུ་འཚལ་བར་མྱི་རུང་ངོ་། །དངོས་པོ་མཆིས་པའི་
ཆོས་ཀྱིས་ཀྱང་། དངོས་པོ་མ་མཆིས་པའི་ཆོས་འཚལ་བར་མྱི་རུང་ངོ་། །དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་འཚལ་བ་མ་མཆིས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་དངོས་པོ་མཆིས་པ་འམ། དངོས་པོ་མ་མཆིས་པར་སེམས་

པར་ཡང་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཇིག་རྟེན་གྱི་ཀུན་རྫོབ་ཉེ་བར་བཟུང་བས། དངོས་པོ་ཡོད་ཅེས་བྱ་བ་འམ། དངོས་པོ་
མྱེད་ཅེས་བྱ་བར་སྟོན་ཏེ། དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ། དོན་དམ་པ་ཡང་གཞན་ཞིག་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ། དོན་དམ་པར་ཡང་གཞན་ཞིག་ཡིན་ཞེས་བྱ་བ་ཡང་མྱེད་དེ། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ཡང་། དེ་ལ་སེམས་ཅན་དེ་དག་ཕྱིན་ཅི་ལོག་ཏུ་གྱུར་པས་
དེ་བཞིན་ཉིད་དེ་མྱི་ཤེས་མྱི་མཐོང་སྟེ། དེ་དག་གི་དོན་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་དངོས་པོ་ཡོད་ཅེས་བྱ་བ་འམ། དངོས་པོ་མྱེད་ཅེས་བྱ་བར་བརྗོད་དོ། །རབ་འབྱོར་འདི་ལྟར་ཡང་སེམས་ཅན་གང་ཇི་སྙེད་ཅིག་ཕུང་
པོ་ལྔ་ལ་དངོས་པོ་ཡོད་པའི་འདུ་ཤེས་སུ་གྱུར་ཏེ། དངོས་པོ་མྱེད་པར་མྱི་ཤེས་པ་དེ་དག་གི་དོན་ཏུ་ཆོས་རྣམས་རབ་ཏུ་དབྱེ་བ་ཉེ་བར་བཟུང་སྟེ། དངོས་པོ་མྱེད་པར་ཇི་ལྟར་ཤེས་པར་འགྱུར་ཞེས་ཏེ་དེ་སྐད་དུ་བརྗོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་བཞིའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན། དེ་སྐད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱ་བ་ནི། དེ་བྱང་ཆུབ་ཀྱི་དོན་ཏུ་སྤྱད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཚོར་བ་སྟོང་པ་ཞེས་བྱ་བར་
སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུ་ཤེས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུ་བྱེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་
མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་སྟོང་པ་ཞེས་བྱ་བ་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣ་
བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྣ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་
སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །གཟུགས་སྟོང་པ་ཞེས་བྱ་བར་
སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྒྲ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དྲི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །

རོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རེག་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆོས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་
མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་གི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་
སྤྱོད་དོ། །སྣའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེའི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་ཀྱི་རྣམ་
པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པ་སྟོང་པ་
ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ། །སྣའི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་
ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་
འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་

བ་དེ་ལྟར་སྤྱོད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ།
ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་
བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་
དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆུའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱེའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་
འགྱུར་བ་དེ་ལྟར་སྤྱོད་དོ། །རླུང་གི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ནམ་མཁའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །
རྣམ་པར་ཤེས་པའི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མ་རིག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུ་བྱེད་སྟོང་པ་ཞེས་བྱ་
བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པར་ཤེས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱིང་དང་གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་

བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྐྱེ་མཆེད་དྲུག་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རེག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །
ཚོར་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྲེད་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལེན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་
བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྲིད་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྐྱེ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །
རྒ་ཤི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་
ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་
ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཕྱི་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་

ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཕྱི་ནང་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་
ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆེན་པོ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དོན་དམ་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་
གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་བྱས་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་
མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་
སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རང་བཞིན་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་
བ་དེ་ལྟར་སྤྱོད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། །ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་
སྤྱོད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །

ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་
དོ། །བསམ་གཏན་དང་པོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་གཏན་གཉིས་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །
བསམ་གཏན་གསུམ་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་གཏན་བཞི་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བྱམས་པ་
སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྙིང་རྗེ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དགའ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་
རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བཏང་སྙོམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་
སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་
བ་དེ་ལྟར་སྤྱོད་དོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་

འགྱུར་བ་དེ་ལྟར་སྤྱོད་དོ། །ཡང་དག་པར་སྤོང་བ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་
འགྱུར་བ་དེ་ལྟར་སྤྱོད་དོ། །དབང་པོ་ལྔ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྟོབས་ལྔ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བྱང་ཆུབ་ཀྱི་ཡན་
ལག་བདུན་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འཕགས་པའི་
བདེན་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བསམ་གཏན་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཚད་མྱེད་པ་བཞི་སྟོང་པ་ཞེས་
བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པར་ཐར་པ་བརྒྱད་
སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྟོང་པ་ཉིད་
ཀྱི་ཏིང་ངེ་འཛིན་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྨོན་པ་མྱེད་པའི་

ཏིང་ངེ་འཛིན་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མངོན་པར་ཤེས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཏིང་ངེ་འཛིན་རྣམས་སྟོང་པ་ཞེས་
བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །གཟུངས་ཀྱི་སྒོ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་པ་ཞེས་བྱ་
བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །མྱི་འཇིགས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་པ་ཞེས་བྱ་བར་
སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །བྱམས་པ་ཆེན་པོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྙིང་རྗེ་ཆེན་པོ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་
གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཐམས་ཅད་ཤེས་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་
རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་
རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྟོང་པ་ཞེས་བྱ་བར་སྤྱོད་དེ།

ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །སྤོབས་པ་རྣམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་མངོན་པར་བསྒྲུབ་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ།
ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །ཡི་གེ་མྱེད་པ་ལ་འཇུག་པ་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་
གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །གཟུངས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །འདུས་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་
སྤྱོད་དོ། །འདུས་མ་བྱས་ཀྱི་ཁམས་སྟོང་པ་ཞེས་བྱ་བར་སྤྱོད་དེ། ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི།
བྱང་ཆུབ་ཏུ་སྤྱོད་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་སངས་རྒྱས་ཞེས་
བགྱི་ན་སངས་རྒྱས་ཞེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཞེས་བྱ་སྟེ། རབ་འབྱོར་ཡང་འདི་ལྟར་དེས་ཡང་དག་པའི་ཆོས་མངོན་པར་རྫོགས་པར་སངས་
རྒྱས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །དེས་ཡང་དག་པའི་དོན་རབ་ཏུ་རྟོགས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ། །རབ་འབྱོར་ཡང་འདི་ལྟར་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར་སངས་རྒྱས་ཞེས་

བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་བྱང་ཆུབ་ཅེས་བགྱི་ན། བྱང་ཆུབ་ཅེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་ཅེས་བྱ་བ་དེ་ནི། སྟོང་པ་ཉིད་
ཀྱི་ཚིག་བླ་དགས་སོ། །དེ་ནི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་ཆོས་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་ཆོས་ཀྱི་དབྱིངས་
ཀྱི་ཚིག་བླ་དགས་སོ། །དེ་ནི་ཆོས་ཀྱི་གནས་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ནི་ཆོས་སྐྱོན་མྱེད་པའི་ཚིག་བླ་དགས་སོ། །དེ་ནི་ཡང་དག་པའི་མཐའི་ཚིག་བླ་དགས་སོ། །རབ་འབྱོར་ཡང་འདི་ལྟར་བྱང་ཆུབ་ཅེས་བྱ་བ་ནི་དེ་བཞིན་ཉིད་མ་ནོར་བ་དེ་
བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་རྣམ་པ་གཞན་དུ་མྱི་འགྱུར་བ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མྱིང་དང་མཚན་མ་ཙམ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་
འབྱོར་ཡང་འདི་ལྟར་ཡང་དག་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་ཆོས་ཐམས་ཅད་མྱིང་དང་མཚན་མ་ཙམ་དུ་རྟོགས་པར་བྱེད་པ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དབྱེར་མྱེད་པའི་དོན་ནི་བྱང་ཆུབ་ཀྱི་
དོན་ཏོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ། །རབ་འབྱོར་ཡང་འདི་ལྟར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས་ན། དེའི་
ཕྱིར་བྱང་ཆུབ་ཅེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་
སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་
སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་
ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་
དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་
པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་
སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་

རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་
དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ལ་སྤྱོད་པའི་དགེ་བའི་རྩ་བ་གང་དང་གང་ཚོགས་སུ་འགྱུར་བ་འམ། འགྲིབ་པ་འམ་འགོང་པ་འམ། འཕེལ་བ་འམ། སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱེད་པར་འགྱུར་བ་ལགས། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་སྤྱོད་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་
ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་
པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་

མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་
དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་
བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་རྣམས་ལ་
སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་
རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་
པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་དེ་ལ་ཆོས་
གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པ་འམ། འཕེལ་བ་འམ། འགོང་བ་འམ། སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བ་གང་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པར་བྱ་བ་འམ། འགོང་བར་བྱ་བ་འམ། འཕེལ་བར་བྱ་བ་འམ། སྐྱེ་བར་བྱ་བ་འམ། འགག་པར་བྱ་བ་འམ། ཀུན་
ནས་ཉོན་མོངས་པར་བྱ་བ་དང་། རྣམ་པར་བྱང་བར་བྱ་བའི་ཕྱིར་དེ་དམྱིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་བྱང་ཆུབ་ཆོས་གང་ཡང་ཚོགས་སུ་འགྱུར་བ་འམ། འགྲིབ་པར་བགྱི་བ་འམ། འགོང་བར་བགྱི་བའམ། འཕེལ་བར་བགྱི་བ་འམ། སྐྱེ་བར་བགྱི་བ་འམ། འགག་པར་བགྱི་བ་འམ། ཀུན་ནས་ཉོན་མོངས་པར་བགྱི་བ་འམ། རྣམ་པར་
བྱང་བར་བགྱི་བའི་སླད་དུ་དམྱིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
འཛིན་པར་འགྱུར། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པར་འགྱུར། ཇི་ལྟར་ནང་སྟོ