Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 211
Văn bản gốc(Tây Tạng)
Trang 21 / 22 (50.000 ký tự/trang)
་པ་དང་། སླར་ཡང་བའི་ཆུས་ཞག་བདུན། བངྒ་རའི་ཁུ་བས་ཞག་བདུན། ནི་ར་གུཎྜའི་ཁུ་བས་ཞག་བཞི། ད་དྷུ་རའི་ཁུ་བས་ཞག་གསུམ། འབྲས་ཆུ་སྐྱུར་མོས་ཞག་གཅིག་རྣམས་སྤངས་སྐེམས་གོང་ལྟར་རིམ་བཞིན་བྱས་ལ། དེ་ནས་ཞིབ་པར་བཏགས་ལ་ཐུན་ ཚད་ཉིས་འགྱུར་ཙམ་རེ་ནི་ར་གུཎྜའི་ཁུ་བས་རྟ་བྱས་བཏང་བས་མརྫེ་རིགས་བརྒྱད་གང་གིས་ན་ཡང་རྩ་བ་ནས་ཐོན་ཞིང་ཁོང་སྐྲན་དང་ཡན་ལག་ཁོལ་བུར་སྐྲངས་པ་ཞི་བར་འགྱུར་རོ། །རའི་ཆུས་རྟ་བྱས་ཁོང་དུ་བཏང་ཞིང་དཔལ་བར་བྱུགས་ན་མགོ་བོ་ན་བ་ལ་ཕན་ནོ། །རའི་ཆུར་ བརྡར་ཏེ་མིག་ལ་བྱུགས་ན་ལིང་ཏོག་མེད་པར་འགྱུར་རོ། །ཤེལ་དཀར་དང་མཉམ་དུ་བཏང་ན་བུད་མེད་བུ་བཙས་པའི་བང་ཚད་སེལ་བར་འགྱུར་རོ། །རའི་ཆུས་རྟ་བྱས་བཏང་ན་མཁྲིས་པའི་ནད་ཐམས་ཅད་ཞི་བར་འགྱུར་རོ། །བའི་དར་བ་དང་མཉམ་དུ་བཏང་ན་ཕོ་བ་ན་ཞིང་སྦོས་ ན་སེལ་བར་འགྱུར་རོ། །ཨ་ཛ་ཝ་ན་དང་མཉམ་དུ་ཟོས་ན་དུག་རིགས་མཐའ་དག་ལ་ཕན་ནོ། །ཧིངྒུ་དང་མཉམ་དུ་ཟོས་ན་སྲིན་ནད་ཞི་བར་འགྱུར་རོ། །ཧ་རི་ཏལ་བཏུལ་མ་དང་མཉམ་དུ་ཟོས་ན་མཛེ་དཀར་པོ་ཐོན་པར་འགྱུར་ཞིང་རྨ་གསར་རྙིང་ཐམས་ཅད་ལ་ཕན་ ནོ། །ནིམྦུའི་ཁུ་བས་རྟ་བྱས་བཏང་ན་ཕོ་བའི་གཟེར་ཞི་ ལ་ལ་ཕུད བར་འགྱུར་རོ། །ནིམྦུའི་འབྲུ་དང་མཉམ་དུ་ ཤིང་ཀུན བཏང་ན་མཁྲིས་པའི་ནད་ཐམས་ཅད་ལ་ཕན་ནོ། ཐ་བ་ལ །ཧ་ལ་དྷི་དང་མཉམ་དུ་བཏང་ཀྱང་ཕན་ཡོན་གོང་དང་འདྲ། རའི་ཆུས་རྟ་བྱས་བཏང་ན་ལུས་སྟོབས་ཆེ་ ཞིང་མདངས་དང་ལྡན་པར་འགྱུར་རོ། །ཀུངྐུ་མའི་ཁུ་བ་དང་མཉམ་དུ་བཏང་ན་སྐྱ་རྦ་བ་ལ་ཕན་ནོ། །ཡང་གུར་གུམ་གྱི་ཁུ་བས་རྟ་བྱས་ཁོང་དུ་བཏང་ཞིང་རྣ་བར་ཡང་བླུག་ན་རྣ་བ་འོན་ སྒ་སེར་ པས་ཐོས་པར་འགྱུར་རོ། །རའི་ཆུ་ལ་བརྡར་ནས་མིག་ལ་བྱུགས་ན་སྤོད་ལོང་སེལ་ ལོ༑ །རའི་ཆུས་རྟ་བྱས་བཏང་ན་དངུགས་ གུང་བུམ སྟོད་དུ་འཚངས་པ་སེལ་ལོ། །ནི་ར་གུཎྛའི་ཁུ་བས་རྟ་བྱས་ཟོས་ན་བུད་མེད་དབང་དུ་འདུས་སོ། །སྦྲང་རྩི་དང་མཉམ་དུ་བཏང་ན་ལྕེའི་དོག་སེལ་ལོ། །ཀོ་ཅི་ལ་འབྲས་ཙམ་རེ་དང་མཉམ་དུ་བཏང་ན་སྐྲ་རྒྱ་སྨ་ར་སོགས་དཀར་པོར་ སོང་བ་སླར་ཡང་ནག་པོར་འགྱུར་རོ། །ནི་ར་གུཎྜའི་ཁུ་བ་དང་མཉམ་དུ་ཟོས་ན་སྐྱ་རྦབ་སེལ་བར་འགྱུར་ཞིང་ཆུ་ནད་ཚ་གྲང་གང་ལ་ཡང་ཕན་ནོ། །ཧ་ལ་ངྷི་དང་མཉམ་དུ་བཏང་ན་ཁྲག་མཁྲིས་ཀྱི་ནད་ཞི་བར་བྱེད་དོ། །ཧ་ལ་ངྷི་དང་མཉམ་དུ་བ་མར་ལ་སྦྱར་ནས་ལྦ་བ་ལ་བྱུགས་ན་ སྐེམ་པར་འགྱུར་རོ། །བ་མདོག་གཅིག་མའི་མར་ལ་སྦྱར་ནས་མིག་ལ་བྱུགས་ན་འདྲེ་གདོན་གང་གིས་ཀྱང་གནོད་པ་མི་འབྱུང་ངོ་། །ཏིལ་མར་ལ་སྦྱར་ སྒ་སེར ནས་མིག་ལ་བྱུགས་ན་མིག་གི་ནད་ཐམས་ཅད་ལ་ཕན་ སྒ་སེར་ ཞིང་གསལ་བར་འགྱུར་རོ། །ནི་ར་གུཎྜའི་ཁུ་བར་ སྦྱར་ལ་སྣར་བླུག་ན་ཡ་མས་མགོ་ཕྱེད་ན་བ་སེལ་ལོ། །བ་དར་གྱིས་རྟ་བྱས་བཏང་ན་དམུ་རྗིངས་ཀྱི་ནད་སེལ་ལོ། །ཏུ་ལ་སེ་ཀ་ཏུ་བ་པའི་མེ་ཏོག་པ་ཏ་དང་མཉམ་དུ་ཟོས་ན་ཚ་བའི་ནད་ཐམས་ཅད་སེལ་ལོ། །ཙ་ར་ཙི་རི་དང་མཉམ་དུ་ཟོས་ན་སྟོབས་གླང་པོ་དང་མཉམ་པར་ འགྱུར་རོ། །ཀ་རོ་དྷ། རངྒ་ནི། བཻ་རི་གསུམ་གྱི་ཁུ་བཞོ་བཞི་རེ་དང་མཉམ་དུ་ཟོས་ན་དྭངས་མ་འཕེལ་ཞིང་ལུས་སྟོབས་ཆེ་ལ་མདངས་གསལ་ཞིང་གཞོན་ཤ་ཆགས་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །དེ་རྣམས་ནི་ས་མུ་དྲ་ཕ་ལ་ཁ་སྒྱུར་དང་བཅས་པའོ། །བྷངྒ་ར། སཾ་ བྷ་ལུའི་འབྲས་བུ། ལོ་མ། གུརྩ། ཧ་རི་ཏ་ཀེ། བ་ཡ་ར། ཨ་མྭ་ལ། ཙི་ཏའི་འདྲུ། ཤུན་པ་རྣམས་སོ་སོར་ཞོ་དྲུག་ཅུ་རེ་གཉིས་ར། ནག་རི་མུ་ས་རི་ཞེ་ལྔ་བཅུ་ང་དགུ། ཙཀ་བ་ཛ་གཞོ་ཉི་ཤུ་རྩ་དྲུག །དཱ་ལི་ཙི་ནི་ཞོ་བཅོ་ལྔ་རྣམས་ཞིབ་པར་བཏགས་ལ། བུ་རམ་ཞོ་དྲུག་ བརྒྱ་དང་མཉམ་དུ་འདྲེས་པར་ ] ཨ་རུར་ བ་རུང [རུར་ སྣུར་ལ་ལེགས་པར་འདྲེས་པ་དང་རིལ་བུ་སུམ་བརྒྱ་བསྒྲིལ་ལ། ད་ནས་སྔ་དྲོ་ཟས་གང་ཡང་མཟོས་པའི་སྔོན་དུ་རིལ་བུ་རེ་ཉིན་ལྟར་གྱིས་ཟླ་བ་ ཤིང་ཚེ གཅིག་གི་བར་ཟོས་ན་ཁོག་ནང་གི་ནད་ཐམས་ཅད་ཞི་བར་ འགྱུར་ལ། ཟླ་བ་གཉིས་ཀྱི་བར་དུ་ཟོས་ན་ལུས་ཡང་བར་འགྱུར་རོ། །ཟླ་བ་གསུམ་གྱི་བར་དུ་ཟོས་ན་མདངས་གསལ། ཟླ་བ་བཞིའི་བར་དུ་ཟོས་ན་སྟོབས་འཕེལ། ཟླ་བ་ལྔའི་བར་དུ་ཟོས་ན་སྐྲ་དཀར་པོར་སོང་བ་སྐྲ་ནག་པོར་འགྱུར། ཟླ་བ་དྲུག་གི་བར་དུ་ཟོས་ན་ལུས་རྒྱགས་པར་ འགྱུར། ཟླ་བ་བདུན་གྱི་བར་དུ་ཟོས་ན་གླ་བའི་མིག་ལྟར་གསལ་བར་འགྱུར་ལ། ཟླ་བ་བརྒྱད་ཀྱི་བར་དུ་ཟོས་ན་སེམས་དྲན་པ་གསལ་ཞིང་སྔར་བརྗེད་པ་རྣམས་ཀྱང་དྲན་པར་འགྱུར་རོ། །ཟླ་བ་དགུའི་བར་དུ་ཟོས་ན་རྒྱང་རིང་པོ་ཡང་མིག་གིས་མཐོང་བར་འགྱུར་རོ། །ཟླ་བ་བཅུའི་བར་དུ་ཟོས་ ནས་འོག་གི་གཏེར་མང་པོ་རྙེད་པར་འགྱུར་བ་སོགས་ཡོན་ཏན་མཐའ་ཡས་སོ། །ཧ་རི་ཏ་ཀེ། བ་ཡི་ར། ཨམྦ་ལ། ཅ་ཀ་བ་ཌ། ཙ་ར་ཙི་རི། གུརྩ། བྷངྒ་ར་རྣམས་སོ་སོ་ནས་སྲང་བཅོ་ལྔ་རེ། སཛྷ་ཁར་དང་ལུ་ཧ་ཙུརྞ་གཉིས་ཞོ་བཅུ་གཉིས་རེ། ཏེ་ཛ་བ་ལ་ཞོ་གསུམ། སེསྦ་རི་མནུརྟརྐང་ཞོ་བཞི་རྣམས་ཞིབ་བར་བཏགས་ལ་བུ་རམ་རྙིང་བ་སྲང་དྲུག་ཅུ་དང་ ཨ་རུར་ བ་རུར སྐྱུ་རུར ཐབ་དཀར་རྡོ་རྗེ་ མཉམ་དུ་སྣུར་ལ་ལེགས་ ལི་ཁྲི པར་འདྲེས་པ་དང་རིལ་བུ་སུམ་བརྒྱ་བསྒྲིལ་ ཟི་ཚ་ལ་དེ་ནས་སྔ་དྲོ་ལྟོ་རྩགས་བྱེ་སྟོང་ལ་རིལ་བུ་རེ་ཉིན་ལྟར་གྱིས་ཟླ་བ་གཅིག་གི། བར་ཟོས་པས་ཁོང་ནང་གི་ནད་དང་མི་གཙང་བ་མཐའ་དག་དབྱུང་སྟེ་ལུས་ཤེལ་གོང་ལྟར་འགྱུར་རོ། །ཟླ་བ་གཉིས་ཀྱི་བར་ཟོས་ན་མདངས་གསལ་བར་འགྱུར། ཟླ་བ་གསུམ་གྱི་བར་དུ་ཟོས་ན་ལུས་སྟོབས་དང་ལྡན་པར་འགྱུར་རོ། །ཟླ་བ་བཞིའི་བར་དུ་ཟོས་ན་ བད་ཀན་གྱི་ནད་ཐམས་ཅད་རྩ་བ་ནས་ཐོན་པར་འགྱུར་རོ། །ཟླ་བ་ལྔའི་བར་དུ་ཟོས་ན་སྐྲ་དང་ཁ་སྤུ་དཀར་པོར་སོང་བ་སླར་ནག་པོར་འགྱུར་རོ། །ཟླ་བ་དྲུག་གི་བར་དུ་ཟོས་ན་སོ་དོན་པ་སླར་སྐྱེ་བར་འགྱུར་རོ། །ཟླ་བ་བདུན་གྱི་བར་དུ་ཟོས་ན་མིག་ཤིན་ཏུ་གསལ་ཞིང་རྒྱང་རིང་པོའང་ མཐོང་བར་འགྱུར་རོ། །ཟླ་བ་བརྒྱད་ཀྱི་བར་དུ་ཟོས་ན་མཛེའི་རིགས་ཐམས་ཅད་རྩ་བ་ནས་ཐོན་པར་འགྱུར་རོ། །ཟླ་བ་དགུའི་བར་དུ་ཟོས་ན་དྭངས་མ་ཤིན་ཏུ་འཕེལ་ཞིང་ལུས་གཟི་བརྗིད་དང་ལྡན་ལ་འདོད་པའང་ཅི་འདོད་སྤྱོད་ནུས་པར་འགྱུར་རོ། །ཟླ་བ་བཅུའི་བར་དུ་ཟོས་ན་ མངོན་པར་ཤེས་པ་ཐོགས་མེད་འབྱུང་བ་སོགས་ཕན་ཡོན་བསམ་པའི་ར་བ་ལས་འདས་སོ། །པ་ལག་ཤ་ལ་བརྟེན་པའི་མན་ངག་ཁྱད་པར་ཅན་ཀུན་ལ་མེད་པའི་ཁྱད་ཆོས། སློབ་དཔོན་ཧ་རི་ཧ་རི་བྷ་ཙའི་གདམས་པ་ཟབ་མོ་ནི། པ་ལ་ཤ་བ་ཛེའི་སྣུམ་ལེགས་པར་བཏོན་ལ། སྣུམ་སེ་བ་ཕྱེད། སྦྲང་རྩི་སེ་བ་ཕྱེད་གཉིས། བ་མར་སེ་བ་དོ་སྟེ་ཡོངས་སྒྲིལ་སེ་བ་བཞིའི་རྩིས་རེ་གྲངས་ལྟར་ཆགས་རྒྱུན་དུ་ཟོས་ན་ཉིན་མོའང་སྐར་མ་ཐམས་ཅད་མཐོང་། ཚེ་རིང་ཐུང་ལྷ་དང་མཉམ། གཞན་གྱིས་མཐོང་ན་ བ་ཡང་ཤའི་འབྲུ་ ལུས་ཤིན་ཏུ་རིང་ཞིང་སྦོམ་པ་ བློས་མི་འཁྱུད་པ་ཙམ་དུ་མཐོང་། གཟི་བརྗིད་ཉི་མ་དང་མཉམ་པས་གཞན་གྱིས་གླགས་ལྟ་བར་མི་ནུས། ལུས་མཛེས་ཤིང་བལྟ་ན་སྡུག་པ་འདོད་ལྷ་དང་མཉམ། གང་འདོད་དུ་བསམ་པ་ཙམ་གྱིས་སླེབ། གློ་གྲོས་ཕུར་བུ་དང་མཉམ། གང་སྨྲས་ཀུན་གྱིས་བདེན་པར་འཛིན་ཞིང་ཉན་ པ་དགའ་བྱེད་དཔའ་བོ་དང་མཚུངས། ལུས་ལ་གཞན་གང་གིས་ཀྱང་གནོད་པས་མི་ཚུགས། རང་ཉིད་ལུས་འདོར་བར་འདོད་ན་མ་གཏོགས་སྟོབས་རྩལ་དང་ལྡན་པར་བསྐལ་པ་གྲངས་མེད་ཀྱི་བར་དུ་གནས་པར་འགྱུར། ཡང་ཐོ་རངས་གོང་བཞིན་ལ། ཕྱི་དྲོ་པ་ལ་ཤའི་རྩ་བ། ཤིང་། ལོ་མ། མེ་ཏོག །འབྲས་བུ་ལྔ་ཆ་མཉམ་ཞིབ་པར་བཏགས་པ་སེ་བ་བཞི། བ་མར་དང་སྦྲང་རྩི་སེ་བ་དོ་རེ་བཅས་ཟོས་ན་ས་གཞིར་རྐང་པ་ཁྲུ་གང་ཙམ་མ་རེག་པར་བར་སྣང་ལ་འགྲོ། ལྕགས་དང་ཟངས་མེ་ལ་བསྲེགས་པར་དྲི་ཆུ་བྲན་ན་གསེར་དུ་འགྱུར། ལུས་ལ་གྲིབ་ མ་མི་འབྱུང་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཐོབ། དེ་ཡང་ཐོག་མར་སྨན་བཏང་ནས་ལོ་བཅུ་གཉིས་ཚུན་གོང་གི་རྟགས་དེ་རྣམས་རྫོགས་པར་རིམ་ཅན་དུ་འབྱུང་ངོ་། །ཐོག་མ་སྨན་སྤྱོར་བ་དང་ཟ་བ་གཉིས་ཀ་གཟའ་སྐར་ལེགས་པ་ལ་བྱེད་དོ། །ནད་གསར་རྙིང་ཚ་གྲང་གང་ ལའང་སྦྱོངས་འགྲོ་བའི་རིགས་ལ་གཏོང་ན། བི་ད་ར་ཞིབ་པར་བཏགས་ལ་ཞོ་གསུམ་ཆུ་སྐོལ་གྱིས་ཕུལ་ལ་བཏང་ནས་ལུས་མ་འཁྱགས་པ་བྱས། དེ་ནས་མ་དག་པར་ཆུ་སྐོལ་གྱིས་ལྕག་རིམ་བཞིན་རྒྱབ་ལ་གཅོད་མཚམས་སུ་སླེབ་པ་དང་རྐང་ལག་ཆུ་གྲང་མོས་བཀྲུས་པར་ ཆོད་ལ། རྗེས་ཀྱི་ཟས་སྤྱོད་སོགས་སྦྱོང་སྤྱི་དང་འདྲའོ། །ཨ་ཛ་མོང་། ཙི་ཏ། མ་རི་ཙི། པིཔྤ་ལ། བ་ཡི་བིརངྒ་། དེ་བ་ད་རུ། སནྔྷལོ་ཎ། པིཔྤ་ལ་ཀ་མུ་ལ་ཤུཎྛི། སི་ལ་ཛ་ཏ་རྣམས་སྲང་རེ། ཧ་རི་ཏ་ཀ་སྲང་ལྔ་རྣམས་ཞིབ་པར་བཏགས་ལ་བུ་རམ་སྲང་བཅོ་ལྔས་རྟ་ བྱས་རིལ་བུ་སྐྱུ་རུ་ར་ཙམ་སྒྲིལ་ལ་ཆུ་སྐོལ་བཞི་ཆ་བསྡུས་པ་ཙམ་ དབྱི་མོང་ གྱིས་ཕུལ་ ཕོ་རིས་ དྲོད་སྨན་ བྱི་ཐང་ཀ་ ཤུག་པ རྒྱམ་ཚ་ པི་པི་ལིང་གི་རྩ་པ་ ལྒ ནས་ཐོ་རངས་བཏང་བས་ཕོ་བ་མི་བདེ་བ། ཨ་རུར ཚད་པ། བད་ཀན། རླུང་སྐྲན། སྲིན་ནད། གཞང་འབྲུམ། ལྟེ་བའི་རླུང་གཟེར། ཚགས་ཚིགས་ན་བ། ཕོ་བ་སྒོས་འཁྲོག །ཁ་དྲི་མི་ཞིམ་པ། རླུང་གི་རིགས། འདུས་པ་རྣམས་ལ་མཆོག་ཏུ་ཕན་ཞིང་དང་ཁ་འབྱེད་པར་འགྱུར་རོ། །ཀ་ཀ་ཛེེ་གིའི་རྩ་བ་ནད་པའི་ཆུ་ལ་བརྡར་ནས་རྨ་གང་ཡོད་ལ་བྱུགས་པས་མདའ་གྲི་ཕོག་པ་སོགས་རྨ་གསར་རྙིང་ཀུན་ བསོས་རྟེཤིང་ཁྲག་ཀྱང་ཆད་དོ། །ཁྱི་སྨྱོ་བ་དང་མ་སྨྱོ་བ་གང་གིས་རྨུགས་ཀྱང་། ཙ་ར་ཙི་རིའི་ལོ་མ་ཕྱེད་དང་གསུམ། བུ་རམ་བ་རུ་ར་ཙམ་དེ་དང་མཉམ་དུ་ཁོང་དུ་བཏང་ཞིང་། ལོ་མ་ཆུར་བརྡར་བ་རྨ་ཁར་ཡང་བྱུགས་པས་རྨ་མྱུར་དུ་བསོས་ཞིང་བྱི་དུག་གི་གནོད་པ་ཡང་མི་འབྱུང་ངོ་། །གཤའ། དཀར། རྒྱ་མཚལ། ལྷང་ཚེར། ཟངས། ལྕགས་སོགས། འདུལ་ཐབས་ལས། གཤའ་དཀར་འདུལ་ལུགས་ནི། ཆང་ཞོ་བཅུ་བཞུ་བའི་ཞང་དུ་དངུལ་ཆུ་ཞོ། ས་པ་དང་རྫའི་སྤར་བུ་ལྟ་བུ་ཁེབས་ལྡན་གྱེ་ནང་ཚྭ་ཞིབ་མོས་བརྒྱངས་པའི་དཀྱིལ་དུ་བཅུག་ ནས་ཁ་ལེགས་པར་བཅད། གཤའ་དཀར་ལ་སོགས་པ་བཏུས་མ་འདི་རྣམས་སྨན་སྦྱོར་གང་དང་གི་སྐབས་སུ་དེ་དང་དེ་བཅུལདགོས་པ་བྱུང་ན་སོ་སོའི་ཁ་སྐྱུར་རྣམས་དེར་ཏེ་བཏགས་པར་ ཐུག་ནས་ཕྱེད་ཙམ་གྱིས་གཏུམས། དེ་ནས་ས་དོང་ཁྲུ་ གང་ཙམ་ཞིག་བྲུས་ལ་རའི་རིལ་མས་བཀང་བའི་དཀྱིལ་དུ་བཙུག །དེ་ལ་མེ་སྦར་ཏེ་མེ་མ་ཡལ་ཙམ་ལ་སླར་ཡང་རིལ་མ་བསྣན་ཏེ་ཞག་གསུམ་གྱི་བའི་ཁུབ་སྲང་ལྔ་དང་མཉམ་དུ་བླུགས་ལ་ཁ་ལེགས་པར་བསྡམས་ ནས་ཁ་མཚམས་འཇིམ་པས་བྱུགས་ལ་རླུང་མི་འགྲོ་བར་བྱས་ཏེ་ཉིན་ཕྱེད་ཙམ་གྱི་བར་ཤིང་གི་མེ་མཚམས་མ་ཆད་པར་བཏང་། དེ་ནས་བཏོན་ལ་གྲང་ཐག་ཆོད་ཐོག་རྡོ་གཞོང་གི་ནང་དུ་ཞིབ་པར་བཏགས། ཐོག་མར་གྲོ་ཙམ་རེ་དང་། དེ་ནས་སྲན་མ་ཙམ་རེ་ཛཱ་ཏིའི་བཞི་ཆ་རེ་དང་མཉམ་དུ་ བཏང་ན་ལུས་སྟོབས་འཕེལ། དང་ཁ་བདེ། གཞོན་ཤ་ཆགས་པ་སོགས་ཡོན་ཏན་མཐའ་ཡས་པ་འབྱུང་ངོ་། །རྒྱ་མཚལ་འདུལ་ཐབས་ནི། སིངྒ་ར་ཕ་སྲང་དོ་བིལ་བའི་འབྲས་བུའི་ཁ་ནས་མཐེབ་གང་ཙམ་མ་ཆགས་པ་སྒོར་བའི་ནང་དུ་བླུག །དེ་ནས་སྒོར་བ་དེས་ཁ་བཅད། རས་བརྡུངས་ པ་བསྲེས་པའི་འཇིམ་པ་སྦྱིན་པོའི་སྲབ་མཐུག་ནས་གང་ཙམ་གྱིས་གཏུམས། དེ་ནས་ས་དོང་བྲུས་ལ་རའི་རིལ་མའི་ནང་ན་མེ་གཏོང་ལུགས་ཡུན་ཚད་སོགས་རྒྱ་མཚལ་གོང་བཞིན་ཚར་བ་དང་བཏོན། འཇིམ་པ་ལ་སོགས་གང་ལེགས་པར་བྱས་རྗེས་རྒྱ་མཚལ་བིལ་བ་དང་དབྱེར་མེད་སོང་བ་དེ་རྡོ་གཞོང་ གི་ནང་དུ་ལེགས་པར་སྣུར་ལ་སྲན་མ་ཙམ་རེ་ལི་ཤི་རྡོག་བཞི་ཙམ་བཏགས་པ་དང་མཉམ་དུ་བཏང་ཀྱང་ཡོན་ཏན་གོང་དང་འདྲའོ། །ལྷང་ཚེར་འདུལ་ཐབས་ནི། ཨ་བྷ་ལྷང་ཚེར་ཀ་སྲང་ལྔ། སྣུམ་བཏོན་པའི་རོ་མ་བ་ཆུ་སྲང་བཅུ་དང་མཉམ་དུ་ལེགས་པར་བརྡུངས་ཏེ་སྲབ་མཐུག་བག་ལེབ་ཙམ་ བྱས་ལ་སྐམ་ཐག་ཆོད་པ་དང་གཅི་བའི་མེའི་དཀྱིལ་དུ་ཉིན་ཕྱེད་ཙམ་གྱི་བར་བསྲེགས། དེ་ནས་བཏོན་ལ་གྲང་ཐག་ཆོད་པ་དང་གི་ལ་ཀོ་ཊིའི་ཁུ་བ་དང་མཉམ་དུ་རྡོ་གཞོང་ནང་དུ་ཉིན་གཅིག་གི་རིང་བརྡར་ཏེ་སླར་ཡང་སྲབ་མཐུག་བག་ལེབ་ཙམ་བཟོསཀྱེ། དེ་སྐམ་ཐག་ཆོད་པ་དང་གོང་བཞིན་ གཅི་བའི་མེ་ནང་དུ་ཉིན་ཕྱེད་ཀྱི་བར་བསྲེགས། མ་ཧེ་རིའི་ཁུ་བས་ཉིན་གཅིག་གི་བར་ཉེད་པ་དང་བག་ལེབ་ཙམ་བཅོས་ནས་གཅི་བའི་མེར་བསྲེགས་པ་སོགས་སྔར་བཞིན་བྱས། བན་བུ་ཋིའི་ཁུ་བ་དང་མཉམ་དུ་ཉེད་པ་སོགས་གཞན་མ་གོང་དང་འདྲ་བ་ལ་གཅི་བའི་མི་ནང་དུ་ཉིན་གཅིག་གི་ བར་བསྲེགས་ལ། དེ་ནས་གྲང་ཐག་ཆོད་པ་དང་བཏོན་ལ་རྡོ་གཞོང་ནང་དུ་ཞིབ་པར་བཏགས་ལ་རས་ལ་བཙགས། དེ་ནས་འབྲས་ཙམ་རེ་ལི་ཤི་བཞི་ཙམ་བརྡུངས་པའི་ཕྱེ་མ་དང་མཉམ་དུ་བཏང་བས་ལུས་རྒྱགས་པ། བརྟན་པ། གཟི་མདངས་ཆེ་བ། རྒས་སྲ་བ། འདོད་པ་སྤྱོད་ནུས་པ་སོགས་ སྟོབས་བསྐྱེད་ཀུན་གྱི་མཆོག་ཏུ་འགྱུར་རོ། །ཟངས་འདུལ་ཐབས་ནི། ཏལྦ་མང་ཉུང་ཇི་ལྟར་འདོད་པ་སྦྲང་གཤོག་ལེགས་པར་འཐེན་ཏེ་མེར་བསྲེགས། དེ་སྣུམ་གྱི་དཀྱིལ་དུ་བཅུག །ཡང་མེར་བསྲེགས། སྣུམ་ནང་དུ་འཇུག་པ་སོགས་ལན་བདུན་གྱི་བར་བྱས། དེ་བཞིན་དུ་རིམ་པ་ ལྟར། དར་བ། བའི་ཆུ། བའི་ཞོ་སྟར་བུའི་ཁུ་བ་རྣམས་ལན་བདུན་ཟངས་ རེ་བྱས་རྗེས། དེ་ནས་རྫ་སྣོད་དུ་རའི་ཆུ་ཟངས་མང་ཉུང་དང་བསྟུན་པའི་སྣོད་ཀྱི་ཕྱེད་ཙམ་གང་བ་བླུག་ལ་མེ་བཏང་སྟེ། ཆུ་དེ་སྐམ་ཐག་ཆོད་པ་དང་ཆུ་གཙང་མས་ལེགས་པར་བཀྲུས། དེ་ནས་དངུལ་ཆུ་ ཟངས་ལེབ་གང་ཡོད་ཀྱི་ཕྱི་ནང་ཚང་མར་མདོག་དཀར་པོར་མ་སོང་བར་བྱུགས། དེ་སྟེང་བྷངྒ་རིའི་ཁུ་བ་ལེགས་པར་བྱུགས། དེ་ནས་ཟངས་དང་ལྗིད་མཉམ་པའི་མུ་ཟི་སེར་པོ་བཏགས་པ་ཟངས་བརྩེགས་པའི་སྲུབས་ལ་ཁོད་སྙོམས་ཡོད་པ་བྱས་ནས་ཁོག་མ་གསར་པའི་ནང་དུ་བཅུག ། ཁོག་མའི་ཁ་དམ་པར་བཅད་དེ་ཁ་མཚམས་འཇིམ་པས་གཏུམས་ནས་རླུང་མི་འགྲོ་བར་བྱ། དེ་ལྕགས་སྒྱེད་ལྟ་བུའི་སྟེང་དུ་བཞག་ནས་ཉིན་གཉིས་དང་མཚན་གཅིག་གི་བར་མེ་མཚམས་མ་ཆད་པར་བཏང་། དེ་ཡང་ཉིན་དང་པོ་ལ་མེ་ཅུང་ཟད་ཆུང་བ་བཏང་། ཉིན་མཚན་ ཕྱི་མ་གཉིས་ལ་ཤིན་ཏུ་ཚལ་བཏང་། དེ་ནས་གྲང་ཐག་ཆོད་པ་དང་རས་ཀྱི་ཁུང་དུ་གཏུམས་ནས་ཆུ་གཙང་མར་འཇུག་འདོན་ཐེངས་ལྔ་ཙམ་བྱས། དེ་རྗེས་སྐམ་ཐག་ཆོད་པ་དང་རྡོ་གཞོང་དུ་ཞིབ་པར་བཏགས། དེ་ནས་འབྲས་ཙམ་རེ་ནམ་ཟླ་གྲང་ དུས་ལི་ཤི་དང་། དྲོ་དུས་ཀ་ཀོ་ལ་དང་མཉམ་དུ་བཏང་བས་ཕོ་བའི་མེ་དྲོད་ཆེས་ཆེར་བསྐྱེད་དེ་ཟས་གང་ཟོས་ཀྱང་འཕྲལ་དུ་འཇུ་བས་དང་ཁ་ཤིན་ཏུ་བདེ་ལ་ལུས་གཟི་མདངས་དང་སྟོབས་རྩལ་ཆེ་ཞིང་གཞོན་ཤ་ཆགས་པ་སོགས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་། །ལྕགས་འདུལ་ ལུགས་ནི། ལུ་ཧ་མང་ཉུང་ཇི་ལྟར་འདོད་པ་སྲབ་འཐུག་ནས་ཕྱེད་ཙམ་བརྡུངས་པ་སོར་བཞི་གྲུ་བཞི་ཙམ་པ་བཅོས། དེ་རྫ་སྣོད་ཀྱི་ནང་དུ་བི་ས་ཁ་པ་རིའི་ཁུ་བ་དང་མཉམ་དུ་བླུག་ལ་ཉི་མ་གང་ཚ་སར་ཞག་ཉི་ཤུའི་བར་ཁུ་བ་སྐམ་རིམ་བཞིན་བླུག་ནས་བཞག །ཞག་གྲངས་ཐིམ་པ་དང་བཏོན་ ལ་སླར་ཡང་གོང་ ལྕགས་ བཞིན་ལ་ཕུག་བཙིར་བའི་ཁུ་བ་དང་མཉམ་དུ་ཞག་ཉི་ཤུའི་བར་བཞག །དེ་ནས་བཏོན་ལ་སོལ་བའི་མེ་ནང་དུ་སྐམ་པས་བཟུང་ལ་དམར་པོར་ཚིག་པ་དང་བའི་ཆུའི་ནང་དུ་བཅུག །སླར་ཡང་སྲེག་འཇུག་གོང་བཞིན་ལན་ལྔའི་བར་བྱས་ལ། དེ་ནས་རྡོ་གཞོང་ནང་དུ་ ཞིབ་པར་བཏགས་ལ་ནས་ཙམ་རེ་ནམ་ཟླ་གྲོང་དུས་ལྒ་དང་། དྲོ་དུས་ཀ་ཀོ་ལ་དང་མཉམ་དུ་ཟོས་པས་དངས་མ་འཕེལ་ཞིང་ལུས་སྟོབས་བསྐྱེད་ལ། མུ་ས་བ་ར་དང་མཉམ་དུ་ཟོས་ན་དམུ་རྫིངས་དང་སྐྱ་རྦབ་སེལ། ཨ་ཀ་ར་ཀ་དང་ལ་བངྒ་ཆ་མཉམ་བཏགས་པ་སེ་བ་ཕྱེད་དོ་དང་། གོང་གི་ ལྕགས་ཕྱེས་བ་ཕྱེད་བཅས་བཏང་ན་དང་ཁ་མི་བདེ་བ། གློ། མིག་སེར་རྣམས་ལ་ཕན་ནོ། །ཞ་ཉེ་ནག་པོ་འདུལ་ཐབས་ནི། ཤི་ཤ་མང་ཉུང་ཛོ་ལྟར་འདོད་པ་སུ་བམ་ཐུག་རས་ཙ་མ་བརྡུངས་པ་སེན་མོ་ཙམ་དུ་གཏུབས། ལི་ཤི། དེ་དང་ལྗིད་མཉམ་པའི་པིཔྦ་ལ་དང་མཉམ་དུ་རྡོ་ གཞོང་ནང་དུ་ཉིན་གཉིས་ཀྱི་བར་སྐམ་ཉེད་ཞིབ་པར་བྱས། དེ་ནས་རས་ལ་བཙགས་པ་སེ་བ་ཕྱེད་ཤེལ་དཀར་དང་ལི་ཤི་ཆ་མཉམ་ ཞ་ཉེན་ནག་ཁོ དུ་བཏགས་པ་ཞོ་རེ་དང་མཉམ་དུ་བཏང་ན། ལུས་ཤིན་ཏུ་རིད་ཅིང་ཤེད་མེད་པ་སོགས་ལ་མདངས་དང་ལུས དྲོད་སྨན སྟོབས་མཆོག་ ཏུ་བཟང་བར་འགྱུར་རོ། །གཤའ་ཚེ་འདུལ་ཐབས་ནི། ས་ཏ་ཇི་ལྟར་འདོད་པ་ལྕགས་སྣོད་དུ་བཞུ་བ་དེ་དང་ལྗིད་མཉམ་པའི་བཀུ་ཙི་ཞིབ་པར་བཏགས་པ་ཐུག་ཐལ་ལྟར་འདེབས་ཤིང་དཀྲུག །དེ་ལེགས་པར་འདྲེས་ནས་ནས་ཁངས་པ་དང་རྡོ་གཞོང་ནང་དུ་ཞིབ་པར་བཏགས་ལ་རས་ ལ་བཙགས་པ་སེ་བ་ཕྱེད་ཤེལ་དཀར་དང་ཀ་ཀོ་ལ་ཆ་མཉམ་ གཤའ་ཚེ་ དུ་བཏགས་པ་སེ་བ་བཞི་དང་མཉམ་དུ་བཏང་ན་ཚ་བའི་ནད་རིགས་ཐམས་ཅད་ལ་ཕན་ནོ། །བབ་ལ་འདུལ་ཐབས་ནི། ཧ་རི་ཏ་ལ་ཏ་བ་ཀི་སྲང་ཉི་ཤུ་ཞིབ་པར་བཏགས་ལ་རས་ལ་གཏུམས་ཁོག་མར་གོང་གི་འབྲས་ ཆུ་སྐྱུར་མོའི་ནང་དུ་བཅུག་ལ་རས་ཁོག་མའི་མཐིལ་ལམ་རེག་པའི་ངོས་རས་ཐུམ་ཆུ་དཀྱིལ་དུ་ཡོང་བའི་ཐི་གུ་རི་ཐུང་འཚམ་པ་བཏགས་པའི་ཤིང་ཚག་ཁོག་མའི་ཁར་འཇོག །ཁོག་མ་ལྕགས་སྒྱེད་ལྟ་བུའི་སྟེང་དུ་ བབ་ལབ་ཙག་བུ་ལྟར་ཤུན་པ་འབྱེ་རྒྱུ་ཡོད་བཞིག་ཡོད་ བཞག་ནས་མེ་ཉིན་ ཕྱེད་ཀྱི་རིང་བར་མ་ཆད་པར་བཏང་། དེ་ནས་བཏོན་ལ་རྡོ་གཞོང་ནང་དུ་ཨ་ཛྱཔ་ལ་སྲང་དོ་དང་མཉམ་རས་ཤིང་གི་རྩ་བས་ཁུ་བ་བྱས་ལ་ཉིན་གསུམ་གྱི་བར་དུ་སྣུར། དེ་བཞིན་དུ་པ་ལ་ཤའི་ཁུ་བ། བངྒ་རིའི་ཁུ་བ། ད་ངྷུ་རིའི་ཁུ་བ། ཀུ་ཧཌའི་ཁུ་བ། བཊ་ཀུ་ཨིའི་ཁུ་བ་རྣམས་ཀྱིས་རིམ་ པ་བཞིན་ཉིན་གསུམ་རེའི་བར་སྣུར་ལ། དེ་ནས་སྲབ་འཐུག་བག་ལོ་ཙམ་བྱས་ལ་སྐམ། དེ་ནས་ཁོག་མའི་ནང་དུ་པ་ལ་ཤ་བརྡར་བའི་ཕྱེ་མས་ཁོག་མའི་ཕྱེད་བརྒྱངས་པའི་སྟེང་དུ་བཞག །དེ་སྟེང་དུ་ཡང་ཤིང་ཕྱེ་ཁེངས་པར་བླུག་ལ་ཁ་གཅོད་ལེགས་པར་འགྲིག་པའི་མཚམས་འཇིམ་ པས་གཏུམས་ནས་རླུང་མི་འཆོར་བ་བྱས། དེ་ལྕགས་སྒྱེད་ཀྱི་སྟེང་དུ་བཞག་ལ་ཐོག་མར་ཉིན་ཕྱེད་ཀྱི་བར་མེ་ཆུང་བརྟ་མ་ཆད་ཙམ་རེ་བཏང་། དེ་ནས་ཉིན་ཕྱེད་ཀྱི་བར་དེ་ལས་ཆེ་ཙམ་བཏང་། དེ་ནས་ཉིན་མཚན་གཉིས་ཀྱི་རིང་མེ་ཤིན་ཏུ་ཚ་བ་བཏང་། དེ་ནས་གྲང་ཐག་ཆོད་པ་དང་བཏོན་ ལ་རྡོ་གཞོང་གི་ནང་དུ་ཞིབ་པར་བཏགས་ལ་རས་ལ་བཙགས་པ་སེ་བ་ཕྱེད་དང་ཧླངྷི སྒ་སེར ཞོ་དོ་དང་མཉམ་དུ་ཟོས་ན་ཁྲག་མཁྲིས་ཀྱི་ནད་སེལ་ལོ། བ་ཡི་བི་བྱི་ཐང་ཀ་རངྒ་ཞོ་གང་ཧ་ལ་ངྷི་ཞོ་དོ་བཅས་ཞག་ཉི་ཤུ་རྩ་གཅིག་གི་རིང་ཟོས་ན་སྐོམ་པའི་ནད་སེལ་བར་འགྱུར་རོ། །ཙ་ར་ཙི་རིའི་ ཐང་ཆུ་ཞོ་ལྔ་དང་སེནྡྷ་ལོ་ཎ་ཞོ་གང་བཅས་པ་ཟླ་གཅིག་ཞག་བཅུ་དགུའི་བར་ཟོས་ན་མཛེ་དཀར་པོའི་རིགས་རྩ་བ་ནས་ཐོན་ནོ། །པིཔྤ་ལ་ཞོ་དོ་དང་ཨ་ཇལྦ་ཎ་ཞོ་ལྔ་བཅས་པ་ཞག་གྲངས་གོང་འདྲ་ཟོས་ན་པགས་ནད་ཤུ་འགྲམ་སོགས་སེལ་ལོ། །བ་ཀུ་ཙི་དང་ན་གི་ཞོ་གསུམ་ དེ་བཅས་པ་ཟླ་གཅིག་ཞག་བཅུ་དགུའི་ རྒྱམ་ཚ བར་ཟོས་ན་མཛེ་ནག་པོའི་རིགས་རྩ་བ་ནས་ཐོན་ནོ། །ཇ་ཡ་པ་ཏྲི་དང་ཁུ་ར་ས་ཨ་ཛ་ཝ་ནི་ཞོ་རེ་བཅས་པ་ དྲོད་སྨན་ བལ་ཕུད་ ཞག་གྲངས་གོང་འདྲ་ཟོས་ན་ཤ་བཀྲའི་ནད་སལ་ལོ། །ནི་ར་གུཎྜིའི་ཁུ་བ་ཞོ་གསུམ། ལ་བངྒ་ཞོ་ལྔ་དང་བཅས་པ་ཟླ་བ་ གཅིག་ཞག་བཅུ་དགུའི་བར་ཟོས་ན་མཛེས་སོར་མོ་གུམ་པ་དང་ཡན་ལག་ཞ་བ་སོགས་སོས་སོ། ཇ་ཏིའི་མེ་ཏོག ལ་ལ་བུབ་ཆུང་བ ཤྭེ་ཏ་སུ་བ་རི་དང་མ་རི་ཙི་ཞོར་བཅས་པ་ཞག་གྲངས་གོང་འདྲ་ཟོས་ན་ཁྲག་ལ་བརྟེན་པའི་མཛེ་ལ་ཕན་ནོ། །པིཔྤ་ལའི་་པགས་པ་དང་ཇ་ལི་ཤི་མུ་ནིའི་པགས་པ་ཞོ་གསུམ་ རེ་བཅས་པ་ཟླ་གཅིག་ཞག་བཅུ་དགུའི་བར་ཟོས་ན་མཛེས་སོར་མོའམ་ཡན་ལག་ཆད་པ་དང་། སྣ་ཆད་པ་ཞོམ་ གོ་ཡུ་བཅག་ན་ཁ་དོག་དཀར་མོ་ཡོད་པ་ ཕོ་རིས་ པ་སོགས་སོས་སོ། །པ་ལ་ལོ་ཙ་ཎ་དང་པ་ན་ཞོ་རེ་བཅས་པ་ཞག་ དྲོད་སྨན གྲངས་གོང་བཞིན་ཟོས་ན་རླུང་ལ་བརྟེན་པའི་ཡན་ ལག་ཞ་གྲུམ། གྲང་བ་སོགས་བསོས་པར་འགྱུར་རོ། །སྦྲང་རྩི་དང་མཉམ་དུ་ཞག་བཅུ་བཞིའི་བར་ཟོས་ན་འདུས་པའི་ནད་སེལ་ལོ། །ལ་ཝངྒ་སེ་བ་བཞི་དང་མཉམ་དུ་ཞག་གྲངས་གོང་འདྲ་ཟོས་ན་བསེ་དུག་གི་ནད་སེལ་ལོ། །པིཔྤ་ལ་དང་སེནྡྷ་ལོ་ཞོ་རེ། ལ་ཝངྒ་ཞོ་དོ་དང་བཅས་ ཟླ་བ་གཅིག་ཞག་བཅུ་དགུའི་བར་ཟོས་ན་དམུ་རྗིངས་ཀྱི་ནད་ཐམས་ཅད་སེལ་བར་འགྱུར་རོ། །ཀེ་ལའི་ཁུ་བ། པིཔྤ་ལ། གུར་གསུམ་ཞོ་དོ་དང་ ལི་ཤི བཅས་པ་ཞག་གྲངས་གོང་བཞིན་ཟོས་ན་མགོ་གཟེར་གྱི་ནད་སེལ་ལོ། ཤུཎྛི་དང་ཨ་ས་གནྔྷ དྲོད་སྨན་ རྒྱ་ཚ་ ཞོ་རེ་དང་བཅས་པ་ལི་ཤི་ བཞག་ཉི་ཤུ་རྩ་ གཅིག་གི་བར་ཟོས་ན་ཁོང་ནང་གི་རླུང་སྐྲན་ཞི་བར་འགྱུར་རོ། །ཛ་ལ་ཀུམྦི་ཞོ་གསུམ། ཧི་ར་བིའི་ཁུ་བ་ཞོ་གང་དང་བཅས་པ་ཟླ་གཅིག་གམ་ཞག་བཅུ་དགུའི་བར་དུ་ཟོས་ན་མཛེ་རིགས་ཐམས་ཅད་རྩ་བ་ནས་ཐོན་ནོ། ལག་བ་སྤྲུ་བ པིཔྤལ་ དྲོད་སྨན དང་དངྷུ་རའི་ཐང་ཕྲོམ་ཁུ་བཞོར། པ་ན་ དུམ་ཙམ་དང་བཅས་པ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཟོས་ན་སྦྲགས་པ་དང་འབྱིན་པ་སེལ་ལོ། །ཨེ་རཎྜའི་རྩ་བ་དང་ཡི་བི་རངྒ་ཞོ་དོ་རེ། ཛ་ཡེ་ཕ་ལ་ཞོ་གང་དང་བཅས་པ་ཉིན་བཅུ་བཞིའི་བར་ཟོས་ན་སྲིན་ནད་རྩ་བ་ནས་འབྱིན་ནོ། །ན་ག་ད་བ་ནིའི་རྩ་བ། ཀ་པ་ཛ། ཤུཎྛི་གསུམ་ཞོ་དོ་ ར་དང་བཅས་པ་ཟླ་གཅིག་ཞག་བཅུ་དགུའི་བར་ཟོས་ན་རྩ་འདར་གྱི་ནད་སེལ་ལོ། །བངྒ་ནའི་ཁུ་བ་ཞོ་ དནྜ བྱི་ཐང་དོ་དང་མཉམ་དུ་ ཛཱཏི ཞག་ཉི་ཤུ་རྩ་གཅིག་གི་བར་ཟོས་ན་སྣའི་ནད་སེལ་ལོ། །ཏི་ཏ་བ་རོ་ལའི་ཁུ་བ་ཞོ་དོ། རངྒ་ནིའི་ཁུ་བ་ཞོ་དྲུག་དང་བཅས་པ་ཉིན་ ལྒ བཅུ་བཞིའི་བར་ ཟོས་ན་མཚན་བར་རྡོལ་བའི་ནད་སེལ་ལོ། །ནིམྦིའི་པགས་པ་ཞོ་དོ། ཨ་ཛ་ཝ་ནི་ཞོ་བརྒྱད་དང་བཅས་པ་ཞག་ཉེར་གཅིག་གི་བར་བཏང་ན་གཞང་འབྲུམ་གྱི་ནད་སེལ་ལོ། ། པིཔྤ་ལའི་ཁུ་བཞོ་དོ་དང་མཉམ་ གསེར་མེ དུ་ཟོས་ན་མྲི་གིའི་ནད་སེལ་ལོ། །ཙ་ར་ཙི་རིའི་ཁུ་བ་དང་། ཤུཎྜི་ཞོ་ གསུམ་རེ་དང་བཅས་པ་ཞག་ཉི་ཤུ་རྩ་གཅིག་གི་བར་ཟོས་ན་ཟ་ཕྲུག་གི་ནད་སེལ་ལོ། །ལ་ལ་བུད་ སྦྲང་རྩི་དང་རངྒ་ནི་ཞོ་གསུམ་རེ་དང་བཅས་པ་ཞག་ཉི་ཤུ་རྩ་གཅིག་གི་བར་ཟོས་ཀྱང་ཕན་ཡོན་གོང་དང་འདྲའོ། །དེ་རྣམས་ནི་བབ་ལ་བཏུལ་མ་ཁ་བསྒྱུར་དང་བཅས་པའི་ཕན་ཡོན་ཏེ། སྨན་དེ་ ལྒ རྣམས་གཏོང་རིང་རོ་སྒྱུར་བ་དང་ལ་ཕུག་མི་བཟའ། ཁྱད་པར་མཛེ་ནད་ཀྱི་རིགས་ལ་གཏོང་སྐབས་ཟས་གང་ལའང་ཚ་བསྲུང་དགོས་སོ། །གཤའ་དཀར་རམ་ཞ་ཉེ་དཀར་པོ་འདུལ་ལུགས་ནི། གཤའ་དཀར་རངྒ་སྲང་ཕྱེད་གསུམ་སྲབ་མཐུག་ཤོག་བུ་ཙམ་བརྡུངས་པ་སེན་མོ་ཙམ་དུ་གཏུབས། ཨ་ཛ་ཝ་ནི་ དང་བེ་ཌ་ཧ་གཉིས་སྲང་ཉི་ཤུ་རེ་སོ་སོར་ཞིབ་པར་བཏགས་ལ་གཅི་བ་ཁྲུ་གང་གྲུ་བཞི་ཙམ་བརྩེགས་པའི་སྟེང་དུ་རས་བཏིང་། དེ་སྟེང་གོང་གི་ལ་ལ་ཕུད་ཀྱི་ཕྱེ་མའི་ཕྱེད་སྙོམས་པར་བརྡལ་དེ་སྟེང་བ་རུ་རའི་ཕྱེ་མའི་ཕྱེད་སྙོམས་པར་བཏིང་། དེ་སྟེང་གོང་གི་ཞ་ཉེ་དཀར་པོ་བཀྲམ། ལ་ལ་ཕུད་ དེ་སྟེང་ བཏུར ལ་ལ་ཕུད་ཀྱི་ཕྱི་མ་ཕྱེད་པོ་བརྡལ། དེ་སྟེང་བ་རུ་རའི་ཕྱེ་མ་ཕྱེད་པོ་བརྡལ་ལ་གཅི་བའི་མེ་སྦར་ཏེ་མེ་མ་ཡལ་བར་བཞག །གྲང་ཐག་ཆོད་པ་དང་ཞ་ཉེ་དཀར་པོ་རྣམས་སྒྲུགས་ལ་རྡོ་གཞོང་དུ་ཞིབ་པར་བཏགས་ཏེ་རས་ལ་བཙགས་པ་སེ་བ་གང་། ཨེ་ལ་ཡ་ཙི་སེ་བ་གང་དང་ཤེལ་ དཀར་ཞོ་གང་བཅས་ཟླ་བ་གཅིག་གི་བར་བཏང་ན་ལུས་རྒྱགས་པ། བརྟན་པ། གཟི་མདངས་ཆེ་བ། ཡང་བ། རྒས་ཁ་སྲ་བ་སོགས་ཡོན་ཏན་དཔག་ཏུ་མེད་ཅིང་སྟོབས་བསྐྱེད་ཀྱི་མཆོག་ཏུ་འགྱུར་རོ། །དེ་ལྟར་སློབ་དཔོན་ཀུན་ཕན་བདུད་རྩི་ བྱིན་གྱིས་མཛད་པའི་ཚངས་པའི་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན་དང་། ལྷ་དབང་ཕྱུག་གིས་ཚོགས་བདག་ལ་གནང་བའི་ས་མུ་དྲ་ཕ་ལའི་སྦྱོར་བ་སོགས་ཟུར་བསྐོལ་ཟབ་གནད་ཅན་སྣ་ཚོགས་དང་བཅས་སྦྱོར་བ་ཁ་བསྒྱུར་སྡོམ་པ་སུམ་བརྒྱར་ཉེ་བའི་ བསྟན་བཅོས་འདི་ནི། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་བླའི་སྨན་པ། དེང་དུས་བསིལ་ལྡན་གྱི་ལྗོངས་འདིར་གསོ་བ་རིག་པའི་རིང་ལུགས་འཛིན་པ་ལ་འགྲན་པའི་ཟླ་ཐམས་ཅད་ དང་བྲལ་བ་ཡར་སྟོད་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་འདི་ལྟར་སྒྱུར་ཅིག་ཞེས་བཀའ་སྩལ་ཨུཏྤ་ལའི་ཆུན་པོ་ཐོད་དུ་བཅིངས་ཏེ་འཕགས་ཡུལ་མ་ཐུ་རར་རྒྱལ་རིགས་མཆོག་གི་རིགས་ལས་ཚེའི་རིག་བྱེད་འཛིན་པར་གུ་ནཱ་ཐ་དང་། གཙང་སྟོད་འདར་ གྱི་སྐད་གཉིས་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་རབ་བྱུང་བཅུ་གཅིག་པའི་ནང་གི་དོན་འགྲུབ་ཅེས་པ་ས་ལུག་ནག་པས་ཉ་བའི་ཡར་ཚེས་དགེ་བར་ཕུན་ཚོགས་ལུགས་བརྒྱའི་མདུན་ས་ཕོ་བྲང་ཆེན་པོ་པོ་ཏ་ལར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཉང་ སྟོད་པ་འཇམ་དབྱངས་དབང་པོས་བགྱིས་པ་འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་པར་གྱུར་ཅིག །ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།༄། །འཕགས་ཡུལ་དབུས་འགྱུར་མཐུ་རའི་རྒྱལ་རིགས་ཀྱི་སྨན་བར་གུནཱ་ཐའི་གདམས་པ་བཞུགས་སོ།། །། ༄༅། །འདྲེ་གདོན་གྱི་གནོད་པ་རང་གཞན་གཉིས་ཀ་ལ་བསྲུང་ན། ཨ་ཀཱ་ཤ་ཀི་ཀ་མི་ནི་བནྔྷེ། པ་ཏ་ལ་ཀི་ན་གི་ནི་བནྔྷེ། ན་བེནཱ། ཐ་ཙཽར་སི་སིབྔྷ་བེནྔྷི། དཱ་ཧེ་ནེ་ན་ར་སིངྷ་བནྔྷེ། ས་ཏས་ཏ་ཧུ་ལ་བནྔྷེ། པཉྩ་པ་ཉྩ་ཧུ་ལ་བནྔྷེ། ཙཽད་ཧར་ནེ་བནྔྷེ། ཨུ་ ཌནྟི་ཨ་མ་ས་ན་བནྔྷེ། རག་ཏི་ཨ་མ་སན་བནྔྷེ། ཙཽས་ཋི་ཡོ་གི་ནི་བནྔྷེ། བ་བ་ནི་པར་བནྔྷེ། ཨ་ཋ་སི་ཀ་རུ་པ་བནྔྷེ། དེ་བ་བནྔྷེ། ད་ནཽ་བནྔྷེ། ཀི་ཡོ་ཀ་ར་ཡོ་བནྔྷེ། ཨ་པ་ནོ་པར་ཨོ་བནྔྷེ། ལ་གེ་ཨོ་པ་ལི་གེ་ཨོ་བནྔྷེ། ཚ་ཏིས་རོ་ག་མེ་རོ་ག་གེ །གོ་ཧ་ཛ་ཏི། ཀ་ པ་ལ་ཏེ། ཙཽཾཊི་ཏེ། ན་བོན་རིབ་ཧ་ཏ་རི་ཀོ་ཋ་ཏེ། ཡ་ཧཾཔ་བ་ཧི་ཏཾ་བནྔྷེ། ཨ་དེ་བྷཻརོ་བནྔྷེ། ཡུག་དེ་བཻ་རོ་བནྔྷེ། ཙ་རི་ཁུཊ་པཉྩ་ཨི་དེ་ཧ་རི་བནྔྷེ། ཨ་ཐད་ཧ་པ་རབ་ནས་བབ་ཏི་བནྔྷེ། ན་བོ་ལ་ཁ་ཀ་བ་རུཾ་བནྔྷེ། ས་བ་སུ་མེར་པར་བ་ཏ་བནྔྷེ། བནྔྷེ་བནྔྷེ་སཻ་ཨ་ད་བ་ར་ཧ་ན། དེ་ཁུམ་ ཏེ་རེ་མནྟྲ་ཀི་སཀྟི། མི་རི་བཀྟི། ཕོ་རེ་མནྟྲ་ཨི་ཤྚ་རོ་བ་ཙ། ཞེས་པའི་སྔགས་འདི་དག་པར་བཟུང་ལ་ཐོག་མར་ཉི་ཟླ་གང་རུང་གཟའ་འཛིན་ཡོད་དུས་མདུན་དུ་མར་མེ། སྤོས། ལུག་ཤ་ཚོན་ཙམ། ཆང་ཕུད་བཅས་བཟའ་འཛིན་མ་གྲོལ་བར་བསྙེན་པ་གང་འགྲོ་སྐྱེལ། དེ་རྗེས་ རང་བསྲུང་ན་གང་དགོས་དུས་བཟླས་ཤིང་། གཞན་འདྲེ་གདོན་གྱིས་གནོད་པ་ལ་ཕུས་བཏབ་པས། ཤ་ཟ། ཡི་དགས། འབྱུང་པོ་སོགས་འདྲེ་གདོན་གང་གིས་ཀྱང་གླགས་མི་རྙེད་དོ། །ཡང་། ཧ་ཐ་ཁ་པ་ར་ཀ་རེ་རེ་ཀ་པ་ལ། མ་རི་མས་ནི་ཧཱུཾ་ཕི་རུཾ་མོ་ཧི་ར་ཁེ་མ་ཧ་མ་གཱ་ལ། ཨ་ དེ་བཻ་རོཾ་ཀི་རཀྵ། ཨུ་ཀ་དེ་བཻ་རོ་ཀི་རཀྵ། ཡཾ་ག་རཀྵེ་ཡཾ་གི་ཤྭ་ར། ཀ་ཡ་ཡ་རཀྵེ་བྷཻ་ས་སུ་ར། སི་ས་ར་རཀྵེ་སཱི་ཏ་ལ། ཧི་ཡོ་རཀྵེ་བ་མ་ཧ་རེ། བ་མ་རཀྵེ་ཀྵེ་ཏྲ་པཱ་ལ། ན་བོ་ན་རི་བ་ཧ་ཏྲ་ཀོ་ཋ་ར་རཀྵེ་བ་ར་བི་ར། ཀཽ་ན་བི་ར་ཧ་ནུ་མིནྟ་བི་ར། རཱ་ཛ་བཱ་མ་ཙནྡྲ་ཀེ་པ་ཡི་ཀ །མ་ཧེ་ཤ་ ཀུཎྜི་ཀི་བ་ཧ་ན། སཱི་ཏཱ་ཀེ་ས་ཧོད་ལ། མེ་རི་བྷསྟེ། ཀུ་རུ་ཀི་སཀྟི། ཕོ་རི་མནྟ་ཨི་ཤྭ་རོ་བ་ཙ། ཞེས་པ་འདི་དག་པར་བཟུང་ལ་རབ་མིག་དམར་གཟར་ནམ་ཡོད་དང་། དེ་མིན་ཟླ་བ་རེར་མིག་དམར་ཡོད་པའི་ཚེས་གྲངས་གང་ཡིན་ལ་དོ་མ་སྟོངས་ཙམ་རེ་ཁྲུས་བྱས། མདུན་ དུ་རས་གཙང་མའི་སྟང་གྲོ་ཕྱེ། མར། དཀར་གསུམ་བསྲེས་པའི་རིལ་བུ་བྱ་སྒང་ཙམ་གཅིག །དེའི་སྟེང་དུ་སིནྔྷར་ཚོན་ཙམ། མར་མེ། སྤོས་དང་བཅས་བཞག་ལ་ཚར་གསུམ་ལས་མི་ཉུང་བའི་གང་ལྕོགས་རེ་བཟླས་ན་གཞན་གྱིས་སྔགས། རྫས། ཏིང་ངེ་འཛིན་སོགས་ ཀྱི་སྒོ་ནས་ངན་བྱེད་བྱས་པ་ཐམས་ཅད་བྱེད་པོ་ཁོ་རང་ལ་བཟློག་པ་ལས་གླགས་རྙེད་པར་མི་འགྱུར་ཞིང་འདྲེ་གདོན་ཀྱི་གནོད་པའང་མི་འབྱུང་ངོ་། །ཨ་དེ་ཤ་གུ་རུ་གུམ་པུརྦ་དེ་ཤ་ཡོ་གི་ནི། པ་ཚི་མ་ནི་ར་དྷ་ར། བནྔྷོ་ཁཾ་ཌ་པཱ་ཧཾ་པྲ་དྷ་ར། ཨི་ཤྭ་ར་མ་ཧཱ་དེ་བ། རུ་པེ་པཱ་ཨུ། སོ་དུ་རི་མེ་སཾ་ག་ཙ་དྷ་ལི། ཨ་ཏྲ་ཨ་ཏྲ་དྷ་ད་ཙུ་རེ། རུ་ཨཾ་བཾ་ཧོ་ཨི། ཀ་མ་རུ་ཀ་མི་ཀྵ་ཀི་དོ་ཧ་ཡི། རུ་ཨི་བཾ་ག་དོ་ཧ་ཡི། གྲ་རུ་གོཪྵ་ན་ཐ་ཀི་དོ་ཧ་ཡི། མེ་རི་བྷཀྟི་གུ་ར་ཀི་སཀྟི། ཕུ་རེ་མནྟྲ་ནེ་ན་ཡོ་གི་ནཱི་བ་ཙ། ཞེས་པའི་སྔགས་འདི་ཡིད་ལ་བཟུང་ལ་གཡུལ་ལ་འཇུག་སྐབས་སོགས་ནམ་ དགོས་དུས་ཚར་བདུན་བགྲངས་ནས་ལས་གང་རིགས་ལ་བཏབ་སྟེ་ལུས་ལ་བྱུགས་ན་གྲི་རིང་ཐུང་གང་གིས་ཀྱང་གླགས་མི་རྙེད་དོ། །ཨུ་ཧི་པ་ར་བ་ཏི་ལ་ཀ་རི་མངྒ་ཡི། སོ་ལ་ཀ་རི་ཧཾ་མ་ཙུ་ལེ་ལཻ། ཛ་ར་ཐཾ་བུ། ཛ་ར་ཀ་ཐཾ་བུ། ཐཾ་བུ་མ་གལ་ཏ་ཐི། ཛ་ར་ཏ་ཏེ་ལ་གི། ཧུ་ཀ་ར་ཡི་ཐམ་ བུ༑ ཏྲཾ་བི་ས་ཀ་རམ་ས་ཁི། ཛོ་ཧཱུཾ་ཛེ་ཧཱུཾ་ཏེ་ལ་བ་རེ་། སི་ར་ཨུ་བ་ར་གཽ་ར་ཀེ་སི་རས་ཐི། ཕུ་རེ་མནྟྲ་ཨེ་ཤྭ་རོ་བ་ཙ། སྔགས་འདི་བློ་ལ་བཟུང་ལ། སྣུམ་དཀྲུག་སྐབས་ཚར་བདུན་བགྲངས་ལ་ལག་པར་ཕུས་བཏབ་ལ་དཀྲུགས་པས་ལག་པ་ཚིག་པར་མི་འགྱུར་རོ། །ཧ་ཐ་པ་ཁ་རུ། མུ་ཁ་དོ་ཨུཾ། ཌི་ཌ་ཀེ་བ་དུཾབ་ར། རཱ་ཛ་ཧེ་ཀ་རུཾ་བར་ཛ། ན་ཧཱ་ཐ་ཧེརྒ་རུཾ་སེ་ཨ་ར་ས་དུ་བ་ཨེ་པཻ་ཐུཾ། སིངྒ་བྷནི་ཀ་སུཾ། ཙིཏྟོ་ཀ་རེ་ཛི་བྱ་ཙ་རེ། བ་ཐུཾན་ར་སེངྒ་ཛི་གི་མུ་ཧ་ནི། ར་ཧི་ཛ་ག་ཏྲ་མོ་ཚ་མི། དེ་ཥོ་ན་ར་སེངྒ་ཀི་སཀྟི། མེ་རེ་བྷཀྟི། ཕུ་རེ་མནྟྲ་ཨི་ཤྭ་རོ་བ་ཙ། ཞེས་པའི་ སྔགས་འདི་ཚར་བདུན་བགྲངས་ལ་ཆུར་ཕུ་བཏབ་ནས་ཁ་ལག་གདོང་གསུམ་བཀྲུས་ཏེ་ཕྱིན་ན། རྒྱལ་པོ། རྒྱལ་ཕྲན། བློན་པོ། གཙོ་བོ་སོགས་ཀྱིས་དགྱེས་པར་བརྩེ་བས་སྐྱོང་ཞིང་རང་གི་འདོད་པ་གང་ཡིན་སྟེར་ལ་གང་སྨྲས་བདེན་པར་འཛིན་ནོ། །ཀ་ཐུ་སུ་བ་རི་ཙུ་ཎ། ཨི་སྟ་ ཀ་པེ་ཐ་དྷེ། པ་ཋ་ཧོ་ཨི་ལ་གེ་མ་རེ་ཏོ་མ་ས་ན་ཧོ་ཨི། ཨི་ཛ་ག་ཛི་བཻ་ཧོ་ཏ་ར་བ་ཙ་ཏྲེ།། མེ་རི་བྷཀྟི་གུ་ར་ཀི་སཀྟི། ཕུ་རེ་མནྟྲ་ཨི་ཤྭ་རོ་བ་ཙ། ཞེས་པའི་སྔགས་འདི་གོ་ཡུ་ཕྱེ་མར་བཏབ་པ་ལ་ལན་སུམ་ཅུ་བགྲངས་ཏེ་བསྔགས་ལ་ཛར་བཏབ་སྟེ་བུད་མེད་གང་འདོད་ལ་སྦྱིན་ན་རང་གི་ དབང་དུ་འདུས་ནས་ཅི་ཟེར་ཉན་པར་འགྱུར་རོ། །སྦྲང་བུ་ཟི་མ་ཕོ་མོ་གཉིས་གཟའ་ཉི་མ་ཡོད་པའི་ཉིན་ཟིན་ལ་དུར་ཁྲོད་དུ་ཕོ་མོ་མ་ནོར་བ་མེ་ལ་བསྲེགས་པའི་ཐལ་བ་མ་ནོར་བ་སོ་སོར་ཚགས་བྱས། དེའི་ཕོའི་ཐལ་བ་བུད་མེད་ཀྱིས་སྐྱེས་པ་ལ་བྱེན་ན་སྐྱེས་པ་དབང་དུ་འདུ་ཞིང་། མོའི་ཐལ་བ་སྐྱེས་ པས་བུད་མེད་ལ་བྱིན་ན་བུད་མེད་དེ་དབང་དུ་འགྱུར་ངེས་སོ། སྔོན་ལ་ཕུར་བ་ཕོ་དང་རྗེས་ལ་ཕུར་བ་མོའོ། །ཨ་ར་ཛ་ར་ཀོ་ནི་ད་བ་རེ། ཨ་ར་ཛ་ར་གོ་ར་པ་ར་བ་ཏི་ནི་ད་བ་རེ། དོ་ཏ་ཨི་ཧ་ནུ་མནྡྲ་ཀཻ། མེ་རི་བྷཀྟི་གུ་ར་ཀི་སཀྟི། ཕུ་རེ་མནྟྲ་ཨི་ཤྭ་ར་དྷིབ་ཙ། ཡ་མས་མགོ་བ་ཕྱེད་ན་བ་ལ་མ་ ཞིག་མགོ་བོ་ན་བ་ནས་འཛིན་དུ་འཇུག་རང་གིས་སྔགས་འདི་ཚར་བདུན་མ་སོང་བར་གྲི་རྩེས་ས་ལ་རི་མོ་མིག་མངས་རིས་གང་མང་བྲིས། སྔགས་གྲངས་ཚར་བ་དང་གྲི་རྩེ་རི་མོའི་དཀྱིལ་དུ་བཙུགས་ལ་ནད་གང་ན་འདུག་དྲིས། གཞན་དུ་འཕོས་འདུག་ན་དེ་ནས་ ཟིན་ལ་སྔར་ལྟར་བྱས་པས་ཟུག་གཟེར་འཕྲལ་དུ་ཆག་ནས་ནད་མེད་བདེ་བར་འགྱུར་བ་ནི་མྱོང་གྲུབ་ཟབ་གནད་ཅན་ནོ། །དེ་ལྟར་ཤིན་ཏུ་ཟབ་པའི་མན་ངག་གི་ཚོགས་འདི་རྣམས་ཀྱང་འཕགས་ཡུལ་དབུས་འགྱུར་མ་ཐུ་རའི་རྒྱལ་རིགས་ཀྱི་སྨན་པར་གུ་ནཱ་ཐ་ལོས་ དར་མོ་སྨན་རམས་པས་རྙེད་པའོ།། ༄། །མིག་འབྱེད་མཐོང་བ་དོན་ལྡན་བཞུགས་སོ། །༄༅༅། །རྒྱ་གར་ཤཱ་ཛང་གི་སྨན་པ་ཡུལ་བ་རི་པུ་ར་ནས་འོངས་པའི་མ་ན་ཧོའི་ལག་ལེན་ཟིན་བྲིས་སུ་དགོད་པ་ནི། དེ་ལ་ སྨན་དཔྱད་ཟས་སྤྱོད་བཞི་ལ། སྔོན་འགྲོ། །དངོས་གཞི། རྗེས། རྟེན་འབྲེལ། སྔགས་རྣམས་སོ། །དང་པོར་དགོངས་མོ་ཉལ་ནས་སང་མིག་མི་འབྱེད་ཀྱི་བར་དུ་ཟས་སྐོམ་གྱི་རིགས་བཀག །སྤྲིན་མེད་ཉི་མ་དྲོ་སར་ནད་པ་དང་སྨན་པ་གཉིས་སྟན་བདེ་བར་ བསྡད། ཡོ་བྱད་ལ། དཀར་ཡོལ་གཙང་མར་ཆུ། མེ་ཧྲག་དུ་བ་མེད། རས་དཀར་དྲི་མེད། སྲིན་བལ། གཙགས་བུ། ཐུར་མ། ཕྱིའི་མིག་སྨན་ཡུང་བ། ནང་གི་མིག་སྨན་ལ་བྱ་ཕུར་ལེབ་འདྲ་བ། ཤིང་སྨན་གཎྜ་པ་ཊ་གསུམ། རྔ་མོང་གི་ཀོ་ལྤགས་ཀྱི་རྔར། རྫ་རྔར་འཇམ་པ་རྣམས་བསགས་རྗེས། ནད་པ་དང་སྨན་པ་གཉིས་ཀྱི་ལྷམ་ཕུད། སྨན་པའི་ལག་པ་གཙང་བར་བཀྲུས། ནས་ཕུད་གཉིས་ཀའི་ལག་ཏུ་ཐོགས་ནས་གསོལ་འདེབས་བདེན་བདར་བརྗོད་ནས་ནས་འཐོར། ཡུང་བ་བརྡར་ནས་ཆུ་དང་ སྦྱར་བས་མིག་གང་འབྱེད་ཀྱི་སྨིན་མའི་ལྟག་ལ་བྱུགས། དེ་རྗེས་མིག་གཡོན་མ་ལྟ་བུ་འབྱེད་ན་སྨན་པའི་པུས་མོ་གཡས་པ་བསླང་ཞིང་། ནད་པའི་ལག་པ་སྤར་འཛིངས་ཀྱིས་བཟུང་། དེའི་རྗེས་མིག་གི་འགྲིབ་ཀྱི་ཐད་གཡོན་ཕྱེད་ན་གཡོན་ཟུར། དཀར་ནག་ ནས་གང་གི་མཚམས་སུ་གཙགས་བུར་དར་དཀར་གྱི་སྐུད་པས་སྐེད་བཅིངས་བྱས་པའི་སྟེང་དུ་རྒྱ་གྲམ་བརྒྱབ་པའི་རྩེ་ནས་ནས་ཕྱེད་ཙམ་མཐོང་བ་དེས་བསྣུན་ནས་པགས་པ་ཕིགས་པ་བྱས་རྗེས་ཐུར་མ་བྲ་བོ་འདྲ་བས་ཆད་དར་སྐུད་ཀྱི་མཚམས་སུ་སླེབ་པ་རྒྱལ་མོར་བཏང་། དེ་ནས་རྟེན་འབྲེལ་གྱི་སོག་མ་དཀར་པོ་གཅིག་གི་སྐེད་པ་གཏུབས་ནས་ནད་པ་དང་རང་ཉིད་ཀྱི་བར་ལ་སོག་མ་ལག་གཡས་ཀྱི་དེ་གཡོན་དང་གཡོན་གྱི་དེ་གཡས་ལ་བསྐྱུར་རྗེས། ལག་གཡོན་གྱིས་མིག་ལྦགས་ཡར་འཐེན་པ་དང་། གཡས་ཀྱིས་ཐུར་མ་རྒྱལ་མོའི་སྒྲིབ་བྱེད་འཕན་ལྟར་ བསྒྲིལ་བས་ཐུར་མར་སྒྲིབ་བྱེད་འཁྲིལ་ནས་རྒྱལ་མོ་ནག་སིང་ངེ་བྱུང་བ་དང་ཐུར་མའི་སྒབ་ནས་བཏེག་བཏེག་བྱེད་པ་དང་ལག་གཡོན་གྱིས་མིག་གང་འབྱེད་ཀྱི་ཚོག་སྒང་དུ་སྡེག་སྡེག་བྱས་པས་འགྲིབ་ལོག་བྱུང་ན་སྔར་ལྟར་བསྒྲིལ་ནས་བཞག །དེ་ནས་མིག་གི་མཐོང་བྱེད་དུ་རྫས་ཁ་ དོག་སྣ་ཚོགས་པ་ཆེ་བ་ཆུང་བའི་བར་རིམ་པར་བསྟན་པས་ཕྲ་རགས་སོ་སོར་དབྱེ་འབྱེད་ཐུབ་པ་ཡོད། དེ་རྗེས་མིག་ལ་སྲིན་པ་ལ་ཆུར་སྦྱངས་པ་བཀབ། མེ་མདངས་ཀྱི་བསྲོས་པས་འགྲིབ་བྱེད་ཐོན་སླ་བའོང་། དེ་ནས་ཐུར་མ་ཚུར་བསྒྲིལ་ནས་བཏོན། ཐུར་རྩེ་ཡུང་བའི་ཆུར་བཅུག་པས་ སྒྲིང་བྱེད་ཐུར་མར་འཁྲིལ་ནས་དངོས་སུ་མཐོང་བ་ཡོང་། དེ་ནས་བྱ་འཕུར་སློབ་འདྲ་བ། རྒྱ་གར་སྐད་ལ་རྙོ་དོན་ཛོ་ཏི། ཤིན་སྨན་གིཎྜ་པཊ ནིམཱའི་ རྣམས་ཆུ་ཐིགས་གཉིས་གསུམ་རྡོ་འཇམ་པོའི་སྟེང་བླུག་པར་རིམ་བཞིན་བརྡར་བའི་སྐྱོ་མ་སྔར་གྱི་ཐུར་མ་བརྒྱབ་པར་བསླན། དེའི་རྗེས་སྲིན་བལ་ ཆུར་སྦྱངས་བཀབ་དེ་སྟེང་རས་དཀར་ཡུང་བའི་ཁུ་བར་བཅུག་པ་བཀབ། རྒྱལ་མོ་དམར་ནག་བྱུང་ན་དར་དཀར་ཚྭ་སྣུམ་བསྲེས་པར་སྤགས་པ་བཀབ། དཀར་པོ་བྱུང་ན་མཚལ་དཀར་མ་བཏུལ་བ་དང་དུང་གཉིས་བརྡར་བའི་སྐྱོ་མ་གོང་ལྟར་བསླན། དེ་ནས་སྲིན་བལ་ཆུར་སྦྱངས་ ཡུང་བའི་ཆུར་རས་སྤགས་པ་རིམ་པར་བཀབ་སྟེང་རས་དཀར་གྱིས་མིག་འབྲས་བཀབ། རྫས་ལ། བྱུ་རུ། གླ་རྩི། གྲི་ཆུང་། དངུལ་གསུམ་པོ་མི་གཅིག་གིས་མགོ་ཐོག་ཏུ་བཞག་ནས། སྔགས་འདི་བརྗོད་དོ། །ཁངྒ་རཱ་ཁངྒ་རཱ། སཱ་ཏ་སཾ་བུངྦྷར། པ་ལ། གཎྜ། གཽ་ར། སྨཽ་རེ། མཱ་ལེ། བེ་སེ་པཱ་ནིཿ། ཞེས་པ་ཚར་གསུམ་བཟླས་ལ་མིག་གི་སྟེང་དུ་ཕུ་གསུམ་རྒྱབ་པས་མིག་གི་ནད་ཟུག་དང་བགེགས་སོགས་ཞི་བར་བྱེད་པ་ཡིན། གྲི་ཆུང་ནད་པའི་རྐང་འོག་ཏུ་འདྲེན། ཡང་མིག་རུས་དང་མིག་ན་ན། ཙན་དན་དམར་པོ་དང་ ཡུར་བ། རྒྱ་གར་གྱི་བཙག་ཡུག་བརྡར་བའི་སྐྱོ་མ་ན་སར་བྱུགས། ཟས་སྐོམ་ཆུ་གྲང་གི་ཟན་བྱ་སྒོང་ཙམ་དང་། རྩམ་པ་སྨན་ཚ་བཏབ་པའི་ཚ་བ་བརྡི་བ་ཉིན་རེ་ཁ་སྐོམ་ན་ཐུག་པ་ཕོར་པ་གསུམ་རེ་ཙམ་གང་དགོས་གཏོང་། ཞག་གསུམ་བྱི་བར་ཟས་སྐྱོ་མ་འདི་མ་གཏོགས་ མི་བྱེད། སྤྱོད་ལམ་ཉིན་མོ་གཉིད་མི་ཉལ།ལྡན་པ་གཡས་གཡོན་ཕབ་ནས་མི་སྡོད། དགོངས་མོ་ཉལ་ས་སྟེང་ཤོད་ལ་འགྲོ་དགོས་ཡོད་ཚེ་དལ་བུས་ཕྱིན་ནས་ཉལ་ཞིང་རྐང་པ་བརྐྱངས་ཆོག །དེ་ཉིན་ནས་བཟུང་ཞག་གསུམ་གྱི་བར་མིག་སྨན་མིག་འབྱེད་པའི་དུས་དང་ དགོངས་ཇ་ཁར་མིག་ཁ་ཕྱེ་ནས་རྫས་ཕྲ་རགས་བསྟན་པས་གསལ་བར་ཡོང་། དེའི་རྗེས་མིག་སྨན་རེ་བརྒྱབ་ནས་དཀྲིས་མ་སྔར་བཞིན་བྱེད། རླུང་རྟགས་ཀྱིས་མགོ་དང་མི་རུས་ལ་སོགས་ན་བ་བྱུང་ན་སྣུམ་བསྐོལ་བ་ལ། ག་བུར། གླ་རྩི། ལི་ཤི། པི་པི་ལིང་། ཛཱ་ཏི། བཙག་ཡུག་རྣམས་རིམ་ཆ་བསྐྱེད་ནས་བཏབ་བྱུགས་པས་ཕན་ཞིང་། གཞན་ཡང་ལོག་གནོན། འགྲམ་པ། འགྲིབ་པ། ཞར་བ། གཟེར་བ་སོགས་རྒྱུད་ལྟར་ཤེས་པར་བྱའོ། །ཀྱེ་མ་ཤར་ཕྱོགས་རིན་ཆེན་ཤེལ་གྱི་གཞལ་ཡས་ན། །བདེ་ཆེན་པདྨ་དཀར་པོའི་ གདན་ཁྲི་ལ། །སྐུ་ཡི་རིགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་ཞི་བའི་དབང་དང་བྱིན་རླབས་སྩོལ། །ལྷོའི་དྲང་སྲོང་སེར་པོ། ཀྱེ་མ་ལྷོ་ཕྱོགས་རིན་ཆེན་གསེར་གྱི་གཞལ་ཡས་ནས། །བདེ་ཆེན་པདྨ་སེར་པོའི་ཀློང་དཀྱིལ་ན། །ཡོན་ཏན་རིགས་ ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་རྒྱས་པའི་དབང་དང་བྱིན་རླབས། །ནུབ་ཀྱི་དྲང་སྲོང་དམར་པོ། ཀྱེ་མ་ནུབ་ཕྱོགས་རིན་ཆེན་མཆོང་གི་གཞལ་ཡས་ནས། །བདེ་ཆེན་པདྨ་དམར་པོའི་དཀྱིལ་དབུས་ན། །གསུང་གི་རིགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་དབང་ལྡན་ དབང་གི་བྱིན་རླབས་སྩོལ། །བྱང་གི་དྲང་སྲོང་ལྗང་གུ། ཀྱེ་མ་བྱང་ཕྱོགས་རིན་ཆེན་གཡུ་ཡི་གཞལ་ཡས་ནས། །བདེ་ཆེན་པདྨ་ལྗང་གུའི་གདན་སྟེང་ན། །འཕྲིན་ལས་རིགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་འཕྲིན་ལས་དབང་དང་བྱིན་རླབས་སྩོལ། །དབུས་ཀྱི་དྲང་སྲོང་ མཐིང་བ། །ཀྱེ་མ་དབུས་ཕྱོགས་རིན་ཆེན་བཻཌཱུར་གཞལ་ཡས་ནས། །བདེ་ཆེན་པདྨ་མཐིང་གའི་ཀློང་དབུས་སུ། །རིགས་ལྡན་ཐུགས་ཀྱི་དྲང་སྲོང་འཁོར་དང་བཅས། །དེང་འདིར་བསམ་ཚད་ལྷུན་གྲུབ་དབང་མཆོག་སྩོལ། །ཁྱོད་ཀྱི་བུ་བརྒྱུད་སློབ་བརྒྱུད་ཐམས་ཅད་ལ། །དྲང་སྲོང་རིགས་ལྔ་སྨན་ སྐྱོང་སྲུང་མར་བཅས། །བསྐལ་པ་མ་སྟོངས་པར་དུ་བྱུན་གྱིས་རློབས། །ཀྱེ་རིན་ཆེན་སྣ་ལྔ་བཻཌཱུར་གཞལ་ཡས་ཁང་། །དཀར་སེར་དམར་ལྗང་མཐིང་ག་པདྨའི་སྟེང་། །རིགས་ལྔ་ཕོ་བྲང་འཇའ་ཚོན་འཁྲིགས་པའི་དབུས། །མཚན་དཔེས་རབ་བརྒྱན་སངས་རྒྱས་སྨན་གྱི་བླ། །ཡེ་ཤེས་ ལྔ་ལྡན་སྐུ་ལྔ་གསལ་བར་སྤྲུལ། །རེ་རེའི་འོད་ལ་འཁོར་གྱི་དྲང་སྲོང་དང་། །ལྷ་དང་དྲང་སྲོང་ཕྱི་ནང་སྡེ་བཞིས་བསྐོར། །ཞི་རྒྱས་དབང་དྲག་ལྷུན་གྲུབ་རྣམ་པ་ལྔའི། །སྨན་གྱི་བུ་མོ་རྣམ་ལྔ་གནས་འདིར་བྱོན། །དྲི་བཟང་མེ་ཏོག་གྲུ་གར་དུ་མ་བཅས། །དྲང་སྲོང་རྣམས་ལ་ཕྱག་དང་མཆོད་པ་འབུལ། ། ཁངྒ་ར་ཁངྒ་ར། སཱ་ཏ་སཾ་བུངྔྷ་ར། པ་ལ། གཎྜ། གཽ་ར། སྨཽ་རེ། མཱ་ལེ། བི་པེ་པཱ་ནི། ལན་གསུམ་བཟླ། ཤིང་ཀུན་སྲང་གང་། ལི་ཤི་སྲང་གང་། ཛཱ་ཏི་ཞ་དྲུག །སུག་སྨེལ་སྲང་གང་། པི་པི་ལེང་ཞོ་དྲུག །རྒྱ་གར་གྱི་ལ་ལ་ཕུད་ཞོ་དྲུག །ཁ་ཆེ་ཞོ་དོ། འཇམ་འབྲས་པགས་པ་མེད་པ་ཞོ་ གསུམ། ཤིང་ཚ་ཞོ་གསུམ། ཨ་རུ་ར་རུས་པ་མེད་པ་ཞོ་དྲུག །ཤུ་དག་ཞོ་གསུམ། རུ་རྟ་ཞོ་དྲུག །ཐལ་དཀར་རྡོ་རྗེ་ཞོ་དྲུག །ཀོང་པོའི་སྒ་ཞོ་དྲུག །ཤ་འབྲས་ཞོ་གསུམ། ག་བུར་ཞོ་གསུམ། ཟི་ར་ནག་པོ་ཞོ་དྲུག །ཕོ་བ་རི་ཞོ་གསུམ། དོམ་མཁྲིས་ཞོ་གསུམ། སུམ་ཅུ་ཏིག་ཞོ་གསུམ། གླ་རྩི་ཞོ་གསུམ། གི་ཧཾ་ཞོ་གསུམ། སླེ་ཏྲེས་ཞོ་དྲུག །བྱི་ཐང་ཀ་ཞོ་གསུམ། བ་དུ་ར་ཞོ་དྲུག །སྒོག་པ་འཁར་ཉག་གསུམ། བཙོད་ཉག་གང་། དྷ་དུ་ར་ཞོ་གསུམ། བཙན་དུག་ཞོ་གསུམ། ས་མིན་ཕ་ལ་ཞོ་གསུམ། ཀོ་བྱིལ་ཞོ་གསུམ། ཙི་ཏྲ་ཀ་ཞོ་དྲུག །དངུལ་ཆུ་ཞོ་གང་། གཟི་ཡོད་པའི་སོ་མ་ར་ཙ་ཞོ་གསུམ།པད་ཀ་དམར་ པོའི་སྣུམ་ཉག་དྲུག །ཏིལ་ནག་གི་སྣུམ་ཉག་གསུམ། ཟར་མའི་སྣུམ་ཉག་གསུམ། ཉུངས་ཀར་གྱི་སྣུམ་ཉག་དྲུག །ཉ་ཚོ་བ་དཀྱུས་མཐོ་གང་ལྷག་ཙམ་བཅུ་དྲུག་གི་ཁུ་བ། ཕག་ཚིལ་ཉག་གསུམ། སྤྱང་ཀིའི་ཚིལ་ཉག་གང་། རྒོད་ཀྱི་ཚིལ་སྤོར་དོ། །སྨན་སྦྲུལ་སྒོར་མོ་བུབས་གཅིག་བཙོས་པའི་ཁུ་ བ། ཕུག་རོན་གྱི་ཤ་རུལ་སུམས་མེད་པ་བུབས་གཅིག་བཙོས་པའི་ཁུ་བ། འབྲི་མར་ལོ་བཅུ་གཉིས་སོང་བ་ཉག་ལྔ། ལྕག་མར་ཉག་དོ། རའི་འོ་མ་ཕུལ་གང་སྦྱར་བ་རྣམས་ཀྱི་བྱུག་པས། གྲུམ་བུའི་ནད། རྩ་དཀར། དྲེག །རླུང་འབམ། ཆུ་སེར། མེ་དབལ། ཟ་འཕྲུག །སྐམ་མཛེ། ཁེ་ མ། འབྲུམ་ཐོར། ཤུ་བ་སོགས་ཆུ་སེར་གྲང་བ་ལ་བརྟེན་པའི་རིགས་མཐའ་དག་ལ་ཕན། ཉི་མ་བྱུང་ན་དང་དེ་མིན་མེ་ལ་བསྲོས་པའི་འབྱུག་ཐེངས་གཉིས་བྱེད། སྲོང་ཕྱེད་རེ་ནད་གཞི་གང་ཡོད་ལ་བསྒུ་མཉེ་ཞིབ་འཐེམ་བྱས་པའི་ལོ་གཅིག་སོང་ན་ཞག་བདུན་ཚུན་ལ་དྲག །ན་བའི་ལོ་གཉིས་སོང་ན་ཞག་ བཅུ་བཞིར་དྲག །གསུམ་སོང་ན་ཞག་ཉི་ཤུ་རྩ་གཅིག་ལ་དྲག །འདི་ཁོང་དུ་གཏོང་རྒྱུའི་སྨན་ཉ་ཕྱིས་ཞོ་དྲུག །ལ་ལ་ཕུད་ཞོ་དྲུག །པི་པི་ལིང་ཞོ་གསུམ། ཙི་ཏ་ཀ་ཞོ་གསུམ། ཀོང་སྒ་ཞོ་དྲུག །གསེར་མདོག་རུས་མེད་ཞོ་དྲུག །བ་རུ་ར་ཞོ་གསུམ། སླེ་ཏྲེས་ཞོ་གསུམ། ཏིཀྟ་ཞོ་ཕྱེད་དོ། །སུག་སྨེལ་ཞོ་ཕྱེད་ དོ། །ཛཱ་དེཏི་ཞོ་ཕྱེད་དོ། །ལི་ཤི་ཞོ་ཕྱེད་དོ། །སོ་མ་ར་ཙ་ཞོ་གང་། འཇམ་འབྲས་ཞོ་གསུམ། གླ་རྩི་ཞོ་ཕྱེད་དོ། །གི་ཧཾ་ཞོ་ཕྱེད་དོ། །ཕོ་རིལ་ཞོ་ཕྱེད་དོ། །འདི་རྣམས་ཀྱི་ཁར་བྱེ་དཀར་སྤར་བ་གང་བཏབ་པའི་རིལ་བུ་ཁམ་བུ་སྐམ་པོ་ཙམ་ཐོ་རངས་ཆུ་སྐོལ་ངང་ཡལ་གྱེས་རྟ་བྱས་བཏང་ངོ་། །ཟས་ལ་རྩམ་པ། ཤ་གསར། རུས་གསར་གྱི་ཐུག་པ་ཚ་ཕྱེད་ཚ། ཇ་ལ་མར་དང་འོ་མ་མེད་པའི་ཚ་ཕྱེད་ཚ་མ་གཏོགས་ཟས་ཀྱི་རིགས་མི་གཏོང་། ཕན་ཡོན་མགོ་དང་རྣ་བ་ཡན་ལག་མ་གཏོགས་ཁོང་ནད་ཀྱི་རིགས་ལ་ཕན། རྒྱ་གར་གྱི་སྐད་ལ་ས་མུ་དྲ་ཕེ་ན། བོད་སྐད་ལ་རྒྱ་མཚོའི་སྲུ་བ་དངོས། སྒོག་པ་སེའུ་ གསུམ། ལི་ཤི། ཛཱ་ཏི་གསུམ་ཆ་བསྙམས་པའི་ཕྱེ་མ་སྣུམ་སྐོལ་བར་བཏབ་པའི་ཁུ་བ་རྣ་བར་ཐིགས་པ་གསུམ་རི་གཉིས་ར་བླུགས་པས་ཏེ་རྣ་བའི་ནད་ཚ་གྲང་ཀུན་ལ་ཕན། བའི་འོ་མ་ཕུལ་དོ། སྣུམ་ཕུལ་གང་། རྒྱ་གར་གྱི་དྷ་དུ་ར་ཞོ་དྲུག་ཞིབ་པར་བཏགས་སྣུམ་དང་འོ་མ་གཉིས་སྐོལ་བར་ བཏབ་པ་ལུས་ལ་བྱུགས་པས་ཆུ་བསགས། ཕོ་བ་སྒོས་པ་ན་ཟུག་ཆེ་བའི་རིགས་ལ་ཕན། ཟས་སྤྱོད་རྩམ་པ་དང་སྐོམ་ལི་ཤི་འབྲུ་བདུན་ཙམ་ཆུ་ཕོར་གང་ལ་སྦངས་པའི་ཁུབ་གྲང་མོ་གཏོང་། གོང་གི་སྨན་རྣམས་ཉིན་རེ་ལ་འབྱུག་ཐེངས་གཉིས་རེ་བྱེད། ཉིན་བདུན་ཙམ་ལ་གྲག་འགྲོ། སྨན་ཆེན་སེར་པོ་ དང་དུང་མེ་ལ་བསྲེགས་པ་ཕོ་རིལ་གསུམ་ཞོ་ལ་བཏེག་པའི་རིལ་བུ་ཕོ་རིལ་ཙམ་སྒྲིལ་བ་ཁོང་དུ་བཏང་བས་ཆམ་པ། ཚ་བ། ཟ་མ་མ་ཞུ་བ་རྣམས་ལ་བསྔགས། སྨན་མ་ཞུ་ན་དུག་རིལ་ལྟག་པ་སྦྲད་ཅེས་བྱེཔ་ཡང་འདི་ཡིན། འཁྱགས་པ་སོགས་གྲང་བའི་ནད་རིགས་ཀུན་ལ་ཕན། རྒྱ་གར་གྱི་ལ་ལ་ཕུད་ ཆུ་ལ་ཐུན་ཆེ་བར་བཏབ་ལ་སྐོལ་བའི་ཁུ་བ་ཕོར་པ་དོ་གསུམ་ཙམ་བཏང་བས་ཤལ་སྐྱུག་གང་རིགས་བྱུང་ན་ཕན། གྲང་བ་ཡུན་རིང་ལོ་འདས་འགྲིམ་པ་ལ་ཀོ་ཅི་ལ་མེ་ལ་བསྲེགས་པ་དང་ལ་ལ་ཕུད་ཤུ་དག་གསུམ་ཁྲམ་ཁྲུམ་བརྡུངས་པ་ཐུན་ཆེ་བ་གསུམ་ཟོས་པས་ཕན། རྩམ་པ་རྩམ་ཐུག་མཛོ་ཞོའི་ ཆུ་རས་ལ་བཙགས་པ་བཏང་བས་ཕན། ཕོ་པ་འབྲས་བུ་གསུམ་སྡོམ་ཆུང་བ་ལ་ཐག་བཏང་བ་གཅིག་ཞིབ་པར་བཏགས་པའི་ཁུ་བ་མགོ་བོ་གཞོགས་ཕྱེད་ན་ ལ་ནདན་་གང་ནའི་མིག་ཏུ་དར་ལ་བཙགས་པའི་ཁུ་བ་བླུག་པས་ཕན། ཀྲོ་མ་སེང་གེ། ཙན་དན་དམར་པོ། ལྒ་སེར། བཙག་ རྣམས་བརྡར་བའི་ཁུ་བ་བལ་མཆུ་ལ་བྱུགས་པས་ཕན། སོ་མ་ར་ཙ་བརྡར་བའི་ཁུ་བ་མིག་གི་མཐའ་ལ་བྱུགས་པས་ན་ཟུག་ཆེ་བ་ལ་ཕན། མ་ལ་དྲོད་དུགས་བྱེད། ཧ་ཧ་ཐ་གྷ་རུ་ལ་གྷ་རུ་ར་ཡི་ཀེ་ཀེ་མ་ཙུ་ལི། ཨཾ་གེ་ཧེ་ཨཾ་གྷ་ས་མ་ཨི་ཞེས་ལན་གསུམ་ཐལ་བ་ལ་སྔགས་བཏབ་ན་ཁ་རླང་གི་དུག་ལ་ཕན་ནོ།། །། ༄། །འཕྲུལ་གྱི་མེ་ལོང་དགུ་སྐོར་ཞེས་བྱ་བའི་རྩ་འགྲེལ་བཞུགས། །༄༅༅། །ཀུན་མཁྱེན་ཉིད་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ལྟ་བའི་སྤྱི་འགྲེལ་བརྡེག །ལོག་རྟོག་བྱང་ཆུབ་ཡུལ་སྣང་བའི། །ཆོས་ཀུན་ སེམས་སུ་གཅིག་མི་གཅིག །ལྷུན་གྱིས་གྲུབ་པ་གང་ལ་བགྱི། །དེ་ཉིད་སྣང་བ་ཡོད་དམ་མེད། །ཡེ་ནས་སངས་རྒྱས་ཡིན་ནམ་མིན། །ཁམས་གསུམ་སེམས་ཅན་ཇི་ལྟར་འཁྲུལ། །འཁྲུལ་ཉིད་ནི་དོན་ཅི་ ལགས། །རྣལ་འབྱོར་བྱེ་བའི་ངོ་བོ་གང་། །དེ་དག་དོགས་པའི་ཐེ་ཚོམ་གང་། །དེ་རྣམས་ཁྱད་པར་ཇི་ལྟར་ཆེ། །འཕྲུལ་གྱི་མེ་ལོང་དགུ་སྐོར་སྐྱེབཞིན། །གསལ་བྱེད་འཕྲུལ་ཚིག་དགུ་ཡིས་སྟོན། །སྒྱུ་མ་རྣམ་གཉིས་ སྤྱོད་དུ་ཡུལ་ནི། །སེམས་ཀྱི་ཆོས་ཉིད་ངང་དུ་གཅིག །དེ་ཡི་དེ་ཉིད་ཇི་ལྟ་བ། །མཁའ་དང་གཞའ་སྣང་ཇི་བཞིན་དུ། །ལོག་རྟོག་སེམས་རྒྱུད་ཐ་དད་ཀྱང་། །རིགས་རྒྱུད་མེད་ཕྱིར་དབྱེ་བ་དཀའ། །སེམས་ ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་དམིགས་ཤིང་སེམས་པར་སྣང་། །འགྲོ་ལ་སེམས་རྒྱུད་གཉིས་སུ་འཆར། །དེ་ནི་དངོས་མེད་ཀུན་གྱི་གཞི། །ལོག་རྟོག་མུན་པའི་ཡུལ་སྣང་ཀུན། །སེམས་ཕྱིར་མཐའ་ལ་ རྩོད་པ་མེད། །གང་ལ་ཡོད་མེད་མེད་པ་ལྟེ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་ནི་དེ་ཕྱིར་རྒྱལ་འགྲོ་ཞེས། །རིས་སུ་བཅད་པ་མེད་པ་ལ། །གཙང་དང་མི་གཙང་དངོས་གཅིག་བཞིན། །ཕྱོགས་སུ་ བལྟས་ན་ནོར་བའི་བློ། །ཇི་སྙེད་འཇིག་རྟེན་འཁྲུལ་པའི་སེམས། །མེ་ལོང་གཡའ་དང་མཁའ་སྤྲིན་བཞིན། །རིག་དང་མ་རིག་གཉིས་མེད་པས། །ཕྱོགས་གཅིག་རྐྱེན་གྱི་དུས་སུ་འཁྲུལ། །འཇིག་རྟེན་བརྟན་ གཡོ་ལ་སོགས་པ། །སྣང་བ་ཉིད་ན་རང་བཞིན་མེད། །རང་བྱུང་ཕྱི་ནང་མེད་སྣང་ཕྱིར། །དེ་དུས་རང་བཞིན་ཉམས་པ་མེད། །འཇུག་པའི་རྣམ་ཤེས་དེ་ལྟ་བུས། །ཤེས་རབ་ཐུན་མོང་ སྤྱན་ཡིན་ནོ། །རང་བྱུང་ཡེ་ཤེས་ཚོགས་ཀུན་བདག །ཤེས་རབ་ཅན་གྱི་མཆོག་ཡིན་ནོ། །རྡོ་རྗེ་ཡིད་ནི་དབང་མཆོག་ཕྱིར། །ལྟ་བ་མེད་ཕྱིར་རང་སྤྱི་ཆོས། །དབྱེར་མེད་ཕྱོགས་ལྟའི་འདོད་བྲལ་བ། །མ་ནོར་ རང་གི་མཚན་ཉིད་རྟོགས། །གསུམ་གཉིས་གཅིག་གིས་སྤངས། །དང་པོ་དངོས་དང་གསལ་བ་དང་། །སྔ་མ་སངས་རྒྱས་སེམས་ཅན་དག །སོ་སོ་སེམས་རྒྱུད་ཐ་དད་པ། །གཅིག་ན་བདུན་ལ་སྔ་རྟོགས་སྐྱེ། ། དེ་བཞིན་སེམས་རྒྱུད་བརྒྱད་ལ་ཟ། །ཐ་དད་ཞེ་ན་བདུན་གྱིས་འགལ། །དེ་བས་དགག་དང་སྒྲུབ་མེད་པས། །གཅིག་དང་དུ་མ་མེད་པའོ། །གསུམ་པའི་སྔ་མ་རྟོག་སྐྱོན་དགུ། །ཕྱི་མ་མེད་པའི་ཐེ་ཚོམ་དག ། སྐྱོན་གྱི་དངོས་པོ་བཅུ་གཉིས་ཤེས། །མི་མཁས་མཁས་པའི་བསམ་པ་ནི། །མི་མཁས་ཤིན་ཏུ་མི་མཁས་པ། །ཤིན་ཏུ་མི་མཁས་མཐར་ལྟ་བའི། །མི་མཁས་ཡོད་མེད་རྩོད་བྱེད་ཅིང། །དགག་དང་སྒྲུབ་པ་ གང་བྱེད་པ། །དེ་དེ་དེ་ལ་ཆགས་སྡང་སྐྱེ། །མཁས་དང་ཤིན་ཏུ་མཁས་པ་ནི། །མཁས་པ་ཕལ་པ་དགག་སྒྲུབ་ཅན། །སྒྲུབ་པའི་དོན་ལ་བརྟེན་པར་བྱེད། །བྱིས་པའི་གཟུང་འཛིན་དབང་གྱུར་པའི། ། མ་ནོར་ལམ་དང་བྲལ་བ་ཡིན། །ཤིན་ཏུ་མཁས་པ་ཐམས་ཅད་ལ། །སེམས་ཕྱིར་དགག་དང་སྒྲུབ་པ་མེད། །དེ་དང་རང་རིག་རང་སྣང་ཕྱིར། །དགག་སྒྲུབ་བྲལ་ལ་ཡིད་མི་རྟོན། །དེ་ཕྱིར་སོ་སོ་དགག་སྒྲུབ་ཅན། སྒྲུབ་པའི་ཕྱོགས་ལ་ཞེན་པའི་ཕྱིར། །དེ་དེ་མེད་པ་ག་ལ་མཐོང་། །དེ་བས་རང་གི་བརྟགས་མཐོང་ཡིན། །དེ་དེ་སྐས་གདང་ཇི་ལྟ་བ། །ཁྱད་པར་གྲངས་དང་དོར་བ་མེད། །ཆ་ཡོད་དུག་ལ་མི་འཐུང་བཞིན། །ལོག་ ལྟ་གཉིས་སུ་ག་ལ་འགྱུར། །གཉིས་པོ་དེ་ལྟར་དེ་ཉིད་ལ། །གྲུབ་པའི་ཐ་སྙད་ཇི་ལྟར་མཚོན། །མ་གྲུབ་གྲུབ་ན་ངེས་ཚིག་མེད། །དེ་མ་གྲུབ་ན་དེ་བཞིན་ནོ། །དེ་བས་སྲིད་དང་མི་སྲིད་ཀུན། །ལྷུན་གྲུབ་ཕྱོགས་སུ་ གྲུབ་པ་མེད། །བཞི་པའི་སྔ་མ་སྐྱོན་དྲུག་གཉིས། །དེ་བཞིན་ཕྱི་མ་རྗེས་སུ་མཐུན། །གཉིས་མེད་ཞེ་ན་དུས་གསུམ་ལ། །འབྱུང་ཞེས་བྱ་བའང་གཉིས་མེད་དང་། །སྨན་ཉིད་ཕན་གནོད་བདག་གནས་ལྟར། ། ངོ་བོ་ཐ་དད་འགྱུར་བ་མེད། །ཕྱོགས་ལས་ལོགས་པའི་ཐ་དད་མེད། །ལྔ་པ་འཁྲུལ་གཞི་ཡོད་མེད་པའི། །སྐྱོན་ནི་གསུམ་པ་ཇི་བཞིན་གྲངས། །མིག་ཡོར་གསུམ་ལ་དངོས་མེད་འདྲའི། །ཆོས་ཡོད་བཞིན་ པས་རང་སེམས་ལ། །དེ་དངོས་མེད་ཀྱང་རྒྱུ་རྐྱེན་དྲུག །རང་བཞིན་ལྷུན་གྲུབ་དཔག་བསམ་བཞིན། །སོ་སོར་སྣང་བ་དུས་གསུམ་དུ། །རྒྱུན་དུ་འཁྲུལ་ལ་ལྷུན་གྲུབ་པས། །འགྲོ་འོང་འབྱུང་འཇུག་མེད་སྣང་བཞིན། ། གཞི་ཡོད་མེད་དང་དབྱེར་མེད་མཚུངས། །དྲུག་པ་དེ་ལྟར་དེ་བདེན་ན། །དེ་ལ་སྐྱོན་དུ་བྱ་བ་བདུན། །ཐམས་ཅད་འཆིང་འགྲོལ་དབྱེར་མེད་ལ། །གཉིས་མཐོང་འཁྲུལ་བར་བལྟ་བ་འཁྲུལ། །དེ་བས་བླང་དང་དོར་བ་མེད། །བདེ་ སྡུག་གནས་སུ་རིས་མ་བལྟ། །བདུན་པ་རང་རིག་ཅན་ཡིན་ན། །དེ་ལ་སྐྱོན་བཅུ་འབྱུང་བར་འགྱུར། །དེ་བཞིན་ཉིད་ཀྱི་ཡེ་ཤེས་འདི། །མི་ལྔའི་བདག་པོ་ཀུན་གྱི་སེམས། །རང་སྤྱི་ཇི་སྙེད་ཇི་ལྟ་བ། །རང་ཡུལ་མེད་ པར་ངེས་གསལ་བ། །ནམ་མཁའ་སྤྲིན་མཐོངས་འོད་བཞིན་དུ། །རབ་རིབ་གང་དག་ཤེས་རབ་སྣང་། །བརྒྱད་པ་ངེས་མཐོང་སྒྲིབ་པའི་གྲངས། །བརྒྱད་པ་བསྙད་པ་ཡན་ལག་བཅས། །ཕྱག་རྒྱ་ བཞི་ཡི་གཞིར་གྱུར་པ། །ངེས་པར་ངོས་ཟིན་བྱ་བར་བསྙད། །མ་རིག་པ་ཉིད་ཡེ་ཤེས་གསལ། །ཐེ་ཚོམ་ཉིད་ཀྱང་ངེས་པའི་སྤྱན། །ལོག་རྟོག་ཉིད་ཀྱང་མ་ནོར་ལམ། །དེ་ལ་མི་མཐུན་ཤེས་དང་བྲལ། །དགུ་པ་འདས་དང་ འཇིག་རྟེན་པའི། །ཐེག་པའི་ལྟ་བ་གྲལ་དགོངས། །སྐས་གདང་ལྟ་བུར་བསྟན་པ་དག །ཀུན་ཀྱང་བདག་དང་བྲལ་བའི་ཕྱིར། །འཇིག་རྟེན་ཤེས་འཕགས་ཅི་སྨོས་ཏེ། །དེ་དག་ཉིད་ནི་དགག་དང་སྒྲུབ། །རིམ་པ་ཡོད་ མེད་ཁྱད་པར་དང་། །ལྟོས་པས་ཕྱེ་བའི་ཁྱད་པར་ནི། །བདག་སྤོང་བདག་མེད་སྒྲུབ་པ་དང་། །གཟུགས་སྤོང་ཕྱི་སྟེང་སྒྲུབ་པ་དང་། །དོན་འགོག་སེམས་ཙམ་སྒྲུབ་པ་དང་། །མཐའ་སྤོང་མཐའ་བྲལ་སྒྲུབ་པ་དང་། ། དྲི་སྤོང་དག་པ་སྒྲུབ་པ་དང་། །མཚན་འགོག་མཚན་མེད་སྒྲུབ་པ་དང་། །བླང་དོར་འགོག་མེད་སྒྲུབ་པ་དང་། །རྩོལ་སྤོང་རྩོལ་བྲལ་སྒྲུབ་པ་དང་། །དེ་དག་ཀུན་ཀྱང་ཡོད་མེད་ཕྱིར། །དགག་སྒྲུབ་རང་གིས་མི་བྱེད་ པའོ། །རིམ་པར་ཕྱེ་བའི་ཁྱད་པར་སྟོན། །མཐོང་བ་དག་དང་མ་དག་པའི། །རིམ་པས་དོན་གཅིག་ཁྱད་པར་སྣང་། །མཐོང་བ་དགེ་བའི་ཀུན་མཐོང་འདི། །སྣ་ཚོགས་ཐེག་པའི་ལྟ་བ་དང་། །ཇི་སྙེད་བསྡོམ་པའི་ བྱ་བ་རྣམས། །སྦྱང་བར་བྱ་བ་མ་ཡིན་ཡང་། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཀུན་ཤེས་བཞིན་འདྲ་རབ་རིབ་དྲི་མ་ཉིད། །བསྟན་པའི་མེ་ལོང་མཐོང་གོམས་རང་དག་སར། །འགྱུར་བས་མ་འོངས་དོན་ཅན་ ཆེད་བགྱིས་པའི། །དགེ་རྩས་བདག་དང་མཐའ་ཡས་འགྲོ་བར་བསྔོ། །འཕྲུལ་གྱི་མེ་ལོང་དགུ་སྐོར་རྫོགས་སོ།། །།༄། །འགྲེལ་པ་བཞུགས། །༄༅༅། །རྣལ་འབྱོར་རིགས་པའི་མེ་ཏོག་འཕྲུལ་ གྱི་མེ་ལོང་ལ་དབུ་ཞབས་སུ་བསྡུས་པའི་དོན་བཞི་སྟེ། ཕྱག་འཚལ་མཆོད་པའི་ལུང་དང་། དམ་བཅའ་སྡོམ་པའི་ལུང་དང་། གཞུང་ལུགས་རྩ་བའི་ལུང་དང་། སྣ་ཚོགས་ཀྱི་ལུང་དང་བཞིའོ། །ཀུན་མཁྱེན་ཉིད་ལ་ཕྱག་ འཚལ་ནས། །ཤེས་པ་གང་གིས་གང་ལྟར་ཕྱག་བཙལ་བའོ། །རྣལ་འབྱོར་ལྟ་བའི་སྤྱི་འགྲེལ་བརྡེག །ཅེས་པ་ལྟ་བའི་རིམ་པ་སྤྱིའི་ཤན་དབྱེ་བའི་ཕྱིར་འགྲེལ་པ་སྟེ། ཐེ་ཚོམ་གཏར་ཀ་གནད་དུ་བརྡེག་པར་དམ་བཅའ་ བའོ། །ལུང་བསྡུ་བ་བསྟན་པ་ལ་གཉིས་ཏེ། དྲིས་པའི་ལུང་དང་ལན་ནོ། །དྲིས་པ་ནི་དགུ་སྟེ། ལོག་རྟོག་བྱང་ཆུབ་ཡུལ་སྣང་བའི། །ཆོས་ཀུན་སེམས་སུ་གཅིག་མི་གཅིག །ཅེས་པ་འཁོར་བ་དང་མྱ་ངན་ལས་འདས་ པའི་སྤྱོད་ཡུལ་བྱང་ཆུབ་སེམས་སུ་གཅིག་མི་གཅིག་དྲིས་པ་དང་པོའོ། །ལྷུན་གྱིས་གྲུབ་པ་གང་ལ་བགྱི། །དྲིས་པ་གཉིས་པའོ། །དེ་ཉིད་སྣང་བ་ཡོད་དམ་མེད། །ཅེས་པ་ལྷུན་གྲུབ་སྣང་སྟོང་གང་ཡིན་དྲིས་པ་གསུམ་པའོ། ། ཡེ་ནས་སངས་རྒྱས་ཡིན་ནམ་མིན། །ཞེས་པ་ཆོས་ཀུན་གཞི་ཡི་སངས་རྒྱས་པ་ཡིན་ནམ་མ་རྒྱས་པ་ཡིན་དྲིས་པ་བཞི་པའོ། །ཁམས་གསུམ་སེམས་ཅན་ཇི་ལྟར་འཁྲུལ་ཞེས་པ་ལྔ་པའོ། །འཁྲུལ་པ་ཉིད་ནི་དོན་ ཅི་ལགས། །ཞེས་པ་འཁྲུལ་པའི་གྲུབ་མཐའ་དྲིས་པ་དྲུག་པའོ། །རྣལ་འབྱོར་ལྟ་བའི་ངོ་བོ་གང་ཞེས་པ་བདུན་པའོ། །དེ་དག་དོགས་པའི་ཐེ་ཚོམ་གང་། །ཞེས་པ་སྐྱོན་དྲིས་པ་བརྒྱད་པའོ། །དེ་རྣམས་ ཁྱད་པར་ཇི་ལྟར་ཆེ། །བདུན་པོ་ཐེག་པ་གཞན་ལས་གང་དཔག་དྲིས་པ་དགུ་པའོ། །འཕྲུལ་གྱི་མེ་ལོང་དགུ་སྐོར་བཞིན། །ཞེས་པ་མཚོན་པ་དགུས་མཚོན་དུ་བཏུབ་པའོ། །གསལ་བྱེད་འཕྲུལ་ཚིག་དགུ་ཡིས་སྟོན། །ཞེས་པ་ དོན་དྲིས་པ་ལན་ཟུང་དགུ་ཡི་ཚིག་གིས་གསལ་བར་སྟོན་པའོ། །ལན་དང་པོ་བསྟན་པའི་ཕྱིར། །སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ནི། །སེམས་ཀྱི་ཆོས་ཉིད་དང་དུ་གཅིག །ཅེས་པ་ལོག་རྟོག་སྒྱུ་མའི་སེམས་ཅན་དང་། ཡེ་ཤེས་སྒྱུ་མའི་སངས་རྒྱས་ཀྱི་སྤྱོད་ཡུལ་འཁྲུལ་ལམ་ མ་འཁྲུལ་གཉིས། སེམས་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གཅིག་པར་ལན་གདབ་པོ། །དེའི་དཔེ་ནི། དེའི་དེ་ཉིད་ཇི་ལྟ་བའོ། །མཁའ་དང་གཞའ་སྣང་ཇི་བཞིན་དུ། །ཞེས་པ་གཞའ་ཚོན་སྣང་བ་དང་རང་བཞིན་སྟོང་པ་དབྱེར་མེད་པ་བཞིན་ནོ། ། གཏན་ཚིགས་ནི། ལོག་རྟོག་སེམས་རྒྱུད་ཐ་དད་ཀྱང་། །རིག་རྒྱུད་མེད་ཕྱིར་དབྱེ་བ་དཀའ། །ཞེས་པ་ལོག་རྟོག་གི་རྒྱུད་སོ་སོར་རྟོག་པ་དང་། འདུ་ཤེས་ཐ་དད་པས། ཚོར་བ་དང་། འདུ་བྱེད་དེ་ལྟ་བ་དང་། རྒྱལ་བའི་ཐུགས་གསལ་བ་རྟགས་ཀྱིས་ཐ་དད་པ་ལས་ མི་མཐུན་པ་ནི་རྒྱལ་བ་དང་། འགྲོ་བ་ལ་རིག་རྒྱུད་རྟག་པར་ངེས་པ་མེད་པའི་ཕྱིར། གཅིག་ཅེས་དགོས་ཆེད་གཉིས་ཀྱི་ཕྱིར་བརྗོད་ཀྱིས་ངོ་བོ་གཅིག་དང་ཐ་དད་ལས་གྲོལ་བའི་ངང་དུ་དབྱེར་མེད་པ་ལ་དེ་སྐད་བརྗོད་པའོ། །གཉིས་པ་ནི། སེམས་ཉིད་ནོར་བུ་རིན་པོ་ཆེ། ། ཞེས་པ་ལྷུན་གྲུབ་ཀྱི་དཔེའོ། །ཇི་ལྟར་དམིགས་ཤིང་བསམས་པར་སྣང་། །ཞེས་པ་ལྷུན་གྱིས་མ་གྲུབ་པ་དང་མ་གྲུབ་པའི་ཆོས་ཐམས་ཅད་དུ་སེམས་སོ་སོར་སྣང་བའོ། །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །ཞེས་པ་སེམས་ཀུན་གྱི་སེམས་ཀྱི་ཆོས་ཉིད་ཀྱི་ གཞིའམ་དངོས་པོ་ཞེས་པ་སྐད་གཅིག་མ་ནི་བསམ་པའམ་བློ་ཞེས་རྟོག་པ་དང་མི་རྟོག་པའི་སེམས་རྒྱུད་གཉིས་པ་འགྲོ་བ་གཅིག་ལ་མེད་དོ། །སྐབས་ཀྱིས་མི་བརྗོད་པའོ། །དེ་ནི་དངོས་མེད་ཀུན་གྱི་གཞི། །ཞེས་པ་སེམས་ཅན་གྱི་སེམས་གཅིག་པ་དེ་ནི་དངོས་ པོ་བརྟག་དཀའ་སྟེ། དགོས་འདོད་བསྐོང་བའི་ནོར་བུ་ལྟ་བུ་ལ་གཅིག་ལ་གཅིག་མ་གྲུབ་པ་དང་། ལྷུན་གྲུབ་ཀྱི་ངོ་བོ་ལ་ནི་ཕྱོགས་གཅིག་པའི་ལྷུན་གྲུབ་ཏུ་ཁས་བླངས་པའོ། །ལན་གསུམ་པ་ནི། ལོག་རྟོག་མུན་པའི་ཡུལ་སྣང་ཀུན། །ཞེས་པ་འགྲོ་བ་སོ་སོའི་མ་ རིག་པའི་སྣང་བ་ཐ་དད་པ་བསྡུའོ། །སེམས་ཕྱིར་མཐའ་ལ་རྩོད་པ་མེད། །ཅེས་པ་སྣང་བ་ཡོད་མེད་ཀུན་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་དབྱེར་མེད་པ་ལ་ཡོད་མེད་སྒྲོ་སྐུར་ཏུ་རྩོད་པ་བྱིས་པའི་བློ། དཔེ་ནི། གང་ལ་ཡོད་མེད་མེད་པ་ལྟར། །ཅེས་པ་དངོས་པོ་ གང་ལ་ཕན་པ་འབའ་ཞིག་ཡོད་ཅེའམ། གནོད་པའི་མཐུ་འབའ་ཞིག་ཡོད་ཅེས་ཕྱིར་ནི་མི་བཏུབ་སྟེ། བརྟགས་ན་མི་དམིགས་པར། བསམ་ན་ཕན་གནོད་སོ་སོར་སྣང་ཡང་དབྱེར་མེད་པ་ལྟར། རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་པ་འཁྲུལ་པའི་སྣང་ བ་ཡོད་མེད་དབྱེར་མེད་པ་ནི་ཐུན་མོང་ཆེན་པོའི་སྨྲ་བསམ་ལས་འདས་པ་སྟེ། དོན་དམ་དངོས་པོའམ་གཞི་ལ་མེད། །ཀུན་རྫོབ་བློ་འམ་བསམ་པ་ལ་ཡོད་ཅེས་སྨྲ་བ་དག་མི་མཁས་པའི་ཤེས་པས། འདི་སྐད་དུ། སེམས་འདི་ཡོད་དོ་མེད་དོ་ཞེས། །བྱིས་པ་རྣམས་ནི་ རྩོད་པར་བྱེད། །ཞེས་པ་ལ་སོགས་པས་གསལ་ལོ། །ལན་བཞི་པ་ནི། དེ་ནི་དེ་ཕྱིར་རྒྱལ་འགྲོ་ཞེས། །རིས་སུ་བཅད་པ་མེད་པ་ལ། སེམས་སྣང་སྟོང་དབྱེར་མེད་པའི་ལྷུན་གྲུབ་དེ་ནི། ཚིག་སྔ་མ་གཏན་ཚིགས་སུ་གྱུར་པས་ཡེ་སངས་རྒྱས་པས་རྒྱལ་བ་ཞེའམ། འགྲོ་ བ་འཁོར་བ་ཡིན་ཞེས་གསུངས་པའི་ཚིག་གཉིས་ཀར། སེམས་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་ལ་མི་བསམ་མི་བརྗོད་དོ། །གཙང་དང་མི་གཙང་དངོས་གཅིག་བཞིན། །ཞེས་པ་གཉིས་སུ་མེད་པའི་དཔེ་སྟེ། ལ་ལའི་གཙང་བ་ལ་ལ་ལའི་མི་གཙང་བར་ སྣང་བས་གཙང་མི་གཙང་དངོས་པོ་གཅིག་སྟེ། གཞི་ལ་ངེས་པ་བཞིན་དེ་ཁོ་ན་ཇི་སྙེད་པའི་ཇི་བཞིན་པ་སེམས་ཀྱི་ཆོས་ཉིད་སངས་རྒྱས་སེམས་ཅན་དབྱེ་བ་མེད་པ་ལ། ཕྱོགས་སུ་བལྟས་ན་ནོར་པའི་བློ། །ཞེས་པ་གཞི་འཁྲུལ་འཁོར་མེད་པའོ། །རྣམ་དག་ཕྱོགས་ གཅིག་ཏུ་བལྟས་ཏེ། གཞི་མེད་པ་ལ་བསམ་བློས་བློ་བུར་དུ་བལྟ་བ་དག་ནི། ཀུན་ནས་ཉོན་མོངས་པ་དག་དང་། ཐ་སྙད་ལ་སྐུར་བ་འདེབས་པའི་ལྟ་བ་སྟེ། གཉིས་མེད་ངང་ལ་གསལ་བ་འདུས་པར་བརྗོད་པ་ཉིད་ཀྱིས་མཁའི་ལྟ་བ་ ཁས་བླངས་པའོ། །འདིར་གཉིས་སུ་ཡོད་མེད་ཉིད་ཀྱང་དབྱེར་མེད་པས་ཐུན་མོང་མ་ཡིན་པའི་གཉིས་སུ་མེད་པ་སྟེ། འདི་སྐད་དུ། གཉིས་མེད་གཉིས་སུ་མེད་མིན་ཞིང་། །ཞེས་པ་དགོས་བྱེད་གཉིས་ཀྱི་ཕྱིར་བརྗོད་པ་ཙམ་མོ། །ལན་ལྔ་པ་ནི། ཇི་སྙེད་འཇིག་ རྟེན་འཁྲུལ་པའི་སེམས། །ཞེས་པ་ལོག་རྟོག་ཐ་དད་པའི་སེམས་བསམ་ཡས་པའོ། །མེ་ལོང་གཡའ་དང་མཁའ་སྤྲིན་བཞིན། །ཞེས་པ་མ་རིག་པ་དང་སེམས་ཡེ་ཤེས་གཉིས་སུ་མེད་པའི་དཔེའོ། །རིག་དང་མ་རིག་གཉིས་མེད་པས། །ཞེས་པ་ལྷན་ ཅིག་སྐྱེས་པའི་མ་རིག་པ་མེད་པ་མིན་པའི་ཕྱིར། ཡེ་ཤེས་དང་མ་རིག་པ་དབྱེར་མེད་ཀྱང་། ཕྱོགས་གཅིག་རྐྱེན་གྱི་དུས་གསུམ་འཁྲུལ། །ཞེས་པ་ཕྱོགས་གཅིག་ནས་ལྟོས་པས་འཁོར་བའོ། །དེའི་རྒྱུ་མ་རིག་པས་རྐྱེན་ལས་དང་ཉོན་མོངས་པས་དུས་གསུམ་ ཐོག་མཐའ་མེད་པར་རྒྱུན་ཆགས་སུ་འཁྲུལ་པ་ནི། ཐག་སྤྲུལ་ཐོ་མི་སབ་རྟས་མཚོན་ནས་གཞི་མེད་པ་ལས་འབྱུང་བར་སྨྲ་བ་ལྟ་བུ་མ་ཡིན་ཏེ། སྒྲོ་སྐུར་དང་བྲལ་བའི་ངང་ལས་འཁྲུལ་བའོ། །ལན་དྲུག་པ། འཇིག་རྟེན་བརྟན་གཡོ་ལ་སོགས་པ།སྣང་བ་ ཉིད་ན་རང་བཞིན་མེད། །ཅེས་པ་བརྟན་གཡོ་བློ་བརྟགས་ཀྱི་རང་བཞིན་བསམ་པ་ལ་ཡོད་ལ་གཞི་ལ་མེད་པར་སྨྲ་བ་ནི་རང་བཞིན་ལ་སྐུར་བ་སྟེ། འདིར་འཁྲུལ་པ་སྣང་བ་དོ་བའི་དུས་ཉིད་ན་མཁའ་སྤྲིན་ལྟར་རྣམ་པའི་མཆོག་དང་ལྡན་པའི་སྟོང་པ་ཆེན་པོ་ལ་རང་བཞིན་ ཡོད་མེད་དབྱེར་མེད་ལ་དགོས་ཆེད་ཀྱིས་བརྗོད་པའོ། །རང་བྱུང་ཕྱི་ནང་མེད་སྣང་ཕྱིར། །ཞེས་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་ཀྱང་ཆུ་ཉིད་རླབས་ལྟ་བུར་འགྲོ་འོང་མེད་པར་སྣང་བའོ། །དེ་དུས་རང་བཞིན་ཉམས་པ་མེད། །ཅེས་པ་འཁྲུལ་པ་དེ་སྣང་ བའི་དུས་ན་རང་བཞིན་སྟོང་པས་ཇི་བཞིན་ཉིད་ལས་མ་ཉམས་རང་བཞིན་ཐུན་མོང་མ་ཡིན་པའི་འཁྲུལ་པ་སྟེ། འདི་སྐད་དུ། འཁོར་བ་ཉིད་ན་བདེ་གནས་སོ། །ཤེས་པ་དང་རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་གསུངས་སོ། །ལན་བདུན་པ་ནི། འཇུག་པའི་ རྣམ་ཤེས་དེ་ལྟ་བ། །ཤེས་རབ་ཐུན་མོང་སྤྱན་ཡིན་ན། །ཞེས་པ་ལྟ་བའི་ངོ་བོ་འོག་མ་བདག་ཡིད་ཀྱི་རྣམ་པར་ཤེས་པ་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར། འདུ་བྱེད་ཀྱི་ཤེས་རབ་དང་མཚུངས་པར་ཐུན་མོང་གི་ལྟ་བ་ལམ་དུ་རིགས་པའི་ཤེས་པ་ལ་ལྟ་བ་ཞེས་བརྗོད་དོ། ། འདིར། རང་བྱུང་ཡེ་ཤེས་ཚོགས་ཀུན་བདག །ཤེས་རབ་སྤྱན་གྱི་མཆོག་ཡིན་ནོ། །ཞེས་པ་ཚོགས་བརྒྱད་རིག་རྒྱུད་གཟུགས་མཚན་གནས་ཀྱིས་ཐ་དད་མེད་པར་འོད་གསལ་བའོ། །རྐྱེན་དང་རྒྱུ་མེད་པར་མ་འགགས་པར་ཡེ་རང་གསལ་བར་རང་བྱུང་ ཡེ་ཤེས་ཏེ། བལྟས་པ་མེད་པར་དེ་ཁོ་ན་ཉིད་དུ་གསལ་བ་ལྟ་བའི་ཕུལ་ལོ། །ལྟ་བའི་ངོ་བོ་དེས་ཇི་ལྟར་མཐོང་སྙམ་པ་ལ། རྡོ་རྗེ་ཡིད་ནི་དབང་མཆོག་ཕྱིར། །ཞེས་པ་ཡིད་ཡེ་ཤེས་རྡོ་རྗེ་ནི་ཤེས་རབ་ཀྱི་དབང་པོ་མཆོག་སྟེ་གཏན་ཚིགས་ ལྟ་བ་མེད་པ་རང་སྤྱིའི་ཆོས། དབྱེར་མེད་ཕྱོགས་ལྟའི་འདོད་བྲལ་བ། ཞེས་པ་ཡུལ་དུ་ལྟ་བ་མེད་དེ་རང་རིག་ཕྱི་ནང་མེད་ཕྱིར་རོ། །རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་སུ་སྣང་བ་ཡང་ཤེས་པ་དང་རྣམ་པ་ཙམ་དུ་དབྱེར་མེད་པས། ནང་ཕྱོགས་ནས་ཕྱི་རུ་ བལྟས་པའམ། ཕྱི་ནས་ནང་དུ་བལྟ་བའི་འདོད་ཆགས་དང་བྲལ་བས་དེ་ཁོ་ན་ཉིད་ཡུལ་མེད་པར་རིག་པ་རང་གསལ་བའི་གདེང་རྙེད་བས་ཐམས་ཅད་མཁྱེན་པ་ལ་ཞེས་པས། ཞེ་འདོད་དུ་མེད་པས། མ་ནོར་རང་གི་མཚན་ཉིད་རྟོགས། །ཞེས་གསུངས་ སོ། །དེ་ལ་གཡོ་ཐེབ་བརྟན་མཐར་ཕྱིན་པའི་ལམ་དུ་གྱུར་པའོ། །ལན་བརྒྱད་པ་ནི། གསུམ་གཉིས་གཅིག་གིས་ཐེ་ཚོམ་སྤངས། །ཞེས་པ་དྲིས་ལན་བདུན་པའི་ཚོམ་དྲིས་པ་རྗེས་སུ་བསམ་པའི་ཕྱིར། དང་པོ་དངོས་དང་གསལ་བ་དང་། །ཞེས་ པ་ཚག་ལྔས་གཏར་ཀ་གཉིས་ཀྱི་གེགས་བསལ་བ་ལ། །སྔ་མ་སངས་རྒྱས་སེམས་ཅན་དག །སོ་སོ་སེམས་རྒྱུད་ཐ་དད་པ། །གཅིག་ན་བདུན་ལ་སྔ་རྟོག་སྐྱེ། །ཞེས་པ་སྤྱིར་སངས་རྒྱས་དང་སེམས་ཅན་རྣམས་ཕྱོགས་ གཅིག་པའི་གཅིག་པ་ཡིན་ན་བཀའ་ལུང་ལ་མི་སྣང་བ་དང་། དོན་དང་འགལ་བ་དང་། གཏན་ཚིགས་ཀྱིས་མི་རྒྱས་པ་དང་། རིག་པས་མི་འཐད་པ་དང་། ཆོས་བརྟགས་པ་བཞི་དང་འགལ་བ་བདུན་པོ་ཀུན་ལ་འབྱུང་མོད་ཀྱང་། སྐབས་གཉིས་ཀྱིས་ གསང་སྔགས་ནི་སྤྱི་དང་འཐུན་པར་རིགས་པས་མི་འཐད་པའི་སྐྱོན་བརྗོད་དོ། །སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་ཕྱོགས་གཅིག་པའི་ལྡོག་པ་དང་བཅས་པ་ཡིན་ཞེ་ན། རྒྱལ་བ་བཞིན་དུ་འགྲོ་བས་ཀྱང་ཐམས་ཅད་མཁྱེན་པར་འགྱུར་བ་དང་། རྟོག་པ་མེད་པར་འགྱུར་བ་དང་། །ཉོན་མོངས་པའི་སྡུག་བསྔལ་མི་འབྱུང་བར་འགྱུར་བ་དང་། ལམ་གྱི་ཆོས་ལ་རག་ལས་མི་དགོས་པ་དང་། རྒྱལ་བ་ཡང་འགྲོ་བ་བཞིན་ཐམས་ཅད་མི་མཁྱེན་པ་དང་། རྟོག་པ་ཅན་དུ་འགྱུར་བ་དང་། ཉོན་མོངས་པ་སྡུག་ བསྔལ་མྱོང་བ་དང་། སྐྱོན་བདུན་འབྱུང་ངོ་། །འགྲོ་བ་དྲུག་གི་སེམས་ཅན་ཐ་དད་གཅིག་ན་ཡང་། དེ་བཞིན་སེམས་རྒྱུད་བརྒྱད་ལ་ཟ། །ཞེས་པ་ཆོས་ཐ་མའི་སྐྱོན་འབྱུང་སྟེ། འགྲོ་བ་དྲུག་པོ་ཀུན་སེམས་རང་བྱུང་གི་ཡེ་ཤེས་སུ་གཅིག་ན་ཡང་། འགྲོ་བ་ གཅིག་སངས་རྒྱས་ན་ཀུན་སངས་རྒྱས་པར་རིགས་པ་དང་། གཅིག་ལྟུང་ན་ཀུན་ལྟུང་བར་རིགས་པ་དང་། གཅིག་ཤེས་པ་ཆེན་ཀུན་ཆེ། གཅིག་ཤེས་པ་ཆུང་ན་ཀུན་ཆུང་། གཅིག་འདུ་ཤེས་རྒྱ་ཆེ་ན་ཀུན་ཆེ། གཅིག་འདུ་ཤེས་ཆུང་ན་ཀུན་ཆུང་། གཅིག་རྣོན་ཀུན་རྣོ། །གཅིག་རྟུལ་ན་ཀུན་རྟུལ། གཅིག་དོག་ན་ཀུན་དོག །གཅིག་ཡངས་ན་ཀུན་ཡངས། གཅིག་ཚོར་བ་གསལ་ན་ཀུན་གསལ། གཅིག་མི་གསལ་ན་ཀུན་མི་གསལ། གཅིག་དྲན་པ་གསལ་ན་ཀུན་གསལ། གཅིག་མི་གསལ་ན་ཀུན་ མི་གསལ། བརྒྱད་པོ་དེ་ལྟར་ཐེ་ཚོམ་ཟ་བ། ཐ་དད་ཞེན་བདུན་གྱིས་འགལ། །ཞེས་པ་སངས་རྒྱས་ཀྱི་ཐུགས་དང་འགྲོ་བའི་སེམས་ཐ་དད་ན་ཡང། སངས་རྒྱས་སེམས་ཅན་གཉིས་རང་བཞིན་ཐ་དད་དུ་འགྱུར། ངོ་བོ་ཐ་དད་དུ་འགྱུར་བས་འབྲེལ་པ་མེད་ པས་དོན་བྱར་མི་བཏུབ། འགྲོ་བ་སངས་རྒྱར་མི་བཏུབ། ཉོན་མོངས་པ་སྤང་ཞིང་སྒྲིབ་པ་བྱང་དུ་མི་བཏུབ། རྒྱལ་བ་བསྟེན་པ་ལ་དགོས་པ་མེད། སོ་སོར་རྟོག་པའི་མཐར་འགྱུར་བ་དང་བདུན་ནོ། །སེམས་ཅན་ཀུན་གྱི་རང་གི་ཡེ་ཤེས་ཐ་དད་ན་ཡང་། རང་བྱུང་གི་ཡེ་ཤེས་སོ་སོན་ཡོད་པའི་ཕྱིར། གཅིག་གིས་གཅིག་རེག་ན་གཞན་འབྱུང་དུ་འགྱུར་བ་དང་། ངེས་ཚིག་མེད། གཅིག་གིས་གཅིག་མ་རིག་ན། ཡེ་ཤེས་སུ་མི་འགྱུར་རོ། །ཡུལ་མེད་པར་རིག་ན་དམ་བཅའ་ཉམས། ཤེས་པའི་རྣམ་པ་ཡེ་ ཤེས་གཞན་དུ་སྣང་ངོ་ཞེ་ན། བདག་གཞན་གྱི་ཕྱོགས་ནས་རྣམ་པ་ཆ་གཉིས་ཡོད་པས་གཟུང་འཛིན་དུ་འགྱུར་རོ། །ཡེ་ཤེས་ལ་རིག་རྒྱུད་ལ་སོགས་པ་ཐ་དད་པ་བདུན་འོང་བས་དུ་མའི་མཐར་འགྱུར་རོ། །དེ་གསལ་བ་ནི། དེ་བས་དགག་དང་སྒྲུབ་མེད་ པའི། །གཅིག་དང་དུ་མར་བྲལ་བའོ། །ཞེས་པ་སངས་རྒྱས་དང་སེམས་ཅན་གཅིག་དང་དུ་མའི་མཐའ་མ་བཀག་ལ་བྲལ་བ་སྒྲུབ་ཏུ་མེད་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཅིག་དང་དུ་མ་དང་བྲལ་བ་དང་མ་བྲལ་བ་ཀུན་ཡིན་པས། བྲལ་མ་བྲལ་དབྱེར་མེད་ པ་ལ་ཤུགས་སྣང་ལ་དགག་སྒྲུབ་ལྟར་སྣང་ཡང་ཞེས་འདོད་ལ་ལྷག་པའི་དགག་སྒྲུབ་མེད་པས་སྐྱོན་དེ་དག་མི་འབྱུང་ངོ་། །གསུམ་པ་འཁྲུལ་སྣང་གཞི་ལ་ཡོད་མེད་སྟོན་པའི་ཕྱིར། །གསུམ་པའི་སྔ་མ་རྟོག་སྐྱོན་དགུ། །ཞེས་པ་འཁྲུལ་སྣང་གཞི་ལ་ཡོད་ན་གཞི་ འཁོར་བ་རང་རྒྱུད་རྟོག་པའི་སྐྱོན་གྱིས་སྒྲིབ་པ་མི་འབྱོང་། འཆིང་བུ་དཔེས་སངས་མི་རྒྱ། རྒྱལ་བ་དང་། འགྲོ་བ་རིག་རྒྱུད་ཐ་དད་འབྱུང་། བསྟན་པ་གསུངས་པ་ལ་དགོས་ཆེད་མེད། མྱ་ངན་འདས་པའི་སྣང་བ་འགག །འཁོར་བ་མཐར་འགྱུར། འགྲེལ་པ་མེད་པས་དོན་བྱར་མི་བཏུབ། གཞིའི་ཆོས་དྲི་མ་ཅན་དུ་འགྱུར་བའོ། །ཕྱི་མ་མེད་པའི་ཐེ་ཚོམ་དག་སྐྱོན་གྱི་དངོས་པོ་བཅུ་གཉིས་གཞིའོ། །ཞེས་པ་གཞི་ལ་འཁྲུལ་པ་མེད་པ་ཡིན་ནའང་། ལྷན་ཅིག་སྐྱེས་པའི་མ་ རིག་པ་མེད་པའི་སྐྱོན་དང་། རང་བཞིན་ཆད་པའི་སྐྱོན་དང་། མྱ་ངན་ལས་འདས་པ་མཐར་འགྱུར། འཁྲུལ་སྣང་འགག་གཞི་མེད་པ་ལ་འཁོར་བ་སྣང་ན། འཁོར་བ་ལ་ཐོག་མ་འབྱུང་། རྒྱུད་དག་པ་ཡང་འཁོར་སྒྲིབ་པ་སྦྱང་མི་དགོས། བསྟན་པ་ ལ་དགོས་ཆེད་མེད། ཡེ་ནས་གཞི་ལ་མེད་པ་ལས་སྣང་ན། མུ་སྟེགས་ཆད་པའི་སྣང་བར་འགྱུར། སྔ་ན་མེད་པའི་སྐྱོན་དང་། གཅིག་ལ་གཅིག་མེད་པའི་སྐྱོན་དང། ཡེ་ནས་མེད་པ་དང་བཅུ་གཉིས་འབྱུང་དོ། །གཞི་ནི་འཁྲུལ་སྣང་ཡོད་མེད་ གཉིས་སུ་མེད་པའི་དོན་དང་འགལ། བཀའ་ལུང་ལས་མི་སྣང་བ། གཏན་ཚིགས་ཀྱིས་མ་རྒྱས་པ། དེ་ལྟར་རིགས་པས་མི་འཐད་པའོ། །ཞོར་ལ་ཤེས་པའི་ཁྱད་པར་བསྟན་པ་ནི། མི་མཁས་མཁས་པའི་བསམ་པ་ནི། ཞེས་པ་དབྱེ་ན། མི་མཁས་ ཤིན་ཏུ་མི་མཁས་པ། ཞེས་པ་མི་མཁས་པའི་བསམ་པ་ལ་གཉིས་ཏེ། གང་ཞེ་ན་ཤིན་ཏུ་མི་མཁས་མཐར་ལྟ་བའོ། །ཞེས་པ་མུ་སྟེགས་པ་དང་སྐྱེ་བོ་དག་གོ། །མི་མཁས་ཡོད་མེད་རྩོད་བྱེད་ཅིང། །དགག་དང་སྒྲུབ་པ་གང་བྱེད་པ། །དེ་དེ་དེ་ལ་ཆགས་སྡང་ སྐྱེ། །ཞེས་པ་ལྟོས་པའི་མི་མཁས་པ་དག་ནི། ཚད་མ་ཚུལ་ཡོད་ལ་རྩོད། སེམས་ཙམ་པ་རྣམ་པ་ཡོད་མེད་ལ་རྩོད། དབུ་མ་སྣང་བ་ཡོད་མེད་ལ་རྩོད་པ་བྱེད་ཅིང་། རིག་པ་མ་ཡིན་པའི་ཤེས་པའི་ཡུལ་ཆེད་དུ་འགེགས། རིག་པའི་ ཤེས་པའི་ཡུལ་སྒྲུབ་པར་བྱེད་པ་དེ་ནི། སྒྲུབ་པའི་དོན་ལ་བློ་ཆགས། དགག་བྱ་ལ་ཞེ་སྡང་བསྐྱེད་པས། བླང་དོར་མེད་པའི་དོན་མ་མཐོང་བའི་ཕྱིར་མི་མཁས་པའོ། །འོ་ན་མཁས་པ་གང་ཞེ་ན། མཁས་དང་ཤིན་ཏུ་མཁས་པ་ནི། ཞེས་པ་མཁས་པའི་ བསམ་པ་དབྱེ་བ་ཉེ་བར་བསྟན་པའོ། །མཁས་པ་ཕལ་པ་དགག་སྒྲུབ་ཅན། །སྒྲུབ་པའི་དོན་ལ་བརྟེན་པར་བྱེད། །ཅེས་པ་ཐེག་པ་ཆེན་པོ་དབུ་མ་དང་སེམས་ཙམ་པའོ། །དེ་ཡང་གསང་སྔགས་ལ་ལྟོས་ན་འཁྲུལ་པའི་ཕྱིར། བྱས་པའི་གཟུང་འཛིན་དབང་ གྱུར་བའི། །མ་ནོར་ལམ་དང་བྲལ་བ་ཡིན། །ཞེས་པའོ། །ཆེད་དུ་དགག་སྒྲུབ་བྱེད་པའི་ངེས་པ་འཇོག་པའི་རྟོག་པ་སྐྱེས་པས། གསང་སྔགས་ཀྱི་ལྟ་བ་དང་བྲལ་བའོ། །གསང་སྔགས་ནི། ཤིན་ཏུ་མཁས་པ་ཐམས་ཅད་ལ། སེམས་ཕྱིར་དགག་དང་ སྒྲུབ་པ་མེད། །ཅེས་པ་གསང་སྔགས་པ་ནི་ཤིན་ཏུ་མཁས་པའི་བསམ་པ་སྟེ། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་དགག་སྒྲུབ་ཆེད་དུ་མི་བྱེད་པ་ཡང་རྟོགས་བྱད་ཀྱི་ཐབས་དམ་པ་སྟེ། ཞོར་ལ་དགག་སྒྲུབ་ཅན་གྱི་ལྟ་བ་འགེགས་པ་དང་། དགག་ སྒྲུབ་མེད་པའི་དོན་སྒྲུབ་པ་ཡོད་མོད་ཀྱང་། དགག་སྒྲུབ་མེད་པའི་ཕྱོགས་གཅིག་པུར་ཁས་མི་ལེན་ཏེ། དོན་ནི། དེ་དང་རང་རིག་རང་སྣང་ཕྱིར། །དགག་སྒྲུབ་བྲལ་ལ་ཡིད་མི་རྟོན། །ཞེས་པ་དགག་སྒྲུབ་ཡོད་མེད་ཀྱི་ཆོས་ཐམས་ཅད་རང་རིག་པ་ཡིན་ པས། དགག་སྒྲུབ་མེད་པའི་དོན་ཆེད་དུ་དམིགས་པ་ཡུལ་དུ་མི་བྱེད་དོ། །དགག་སྒྲུབ་གཏན་ལ་འབེབས་པའི་དུས་དང་། མཉམ་པ་ལ་བཞག་པའི་དུས་གཉིས་ཀ་ཆེད་དུ་བྱེད་པ་འཁྲུལ་པའི་ཕྱིར། དེ་ཕྱིར་སོ་སོར་དགག་སྒྲུབ་ཅན། །བསྒྲུབ་པའི་ ཕྱོགས་ལ་ཞེན་པའི་ཕྱིར། །དེ་དེ་མེད་པ་ག་ལ་མཐོང་། །དེ་བས་རང་གི་བརྟགས་མཐོང་ཡིན། །ཞེས་གསུངས་སོ། །ལན་དགུ་པ་ཞར་ལ་བསྟན་པའི་ཕྱིར། །དེ་དེ་སྐས་གདང་ཇི་ལྟ་བ། ཁྱད་པར་གྲངས་དང་དོར་བ་མེད། །ཞེས་པ་རྒྱུའི་ཐེག་པ་དེ་སྙེད་ འབྲས་བུ་དེ་སྐས་གདང་ལྟར་ཁྱད་ཡོད་པའི་གྲངས་མི་འདོར་བས། བདུན་པོའི་སྐྱོན་རྒྱུའི་ཐེག་པ་ལ་གྲངས་ཇི་ལྟར་བརྗོད་པ་ལྟར་འབྱུང་གི། འབྲས་བུའི་ཐེག་པ་ལ་སྐྱོན་མི་འབྱུང་བར་སྨོས་པའོ། །དགོས་ཆེད་ནི། ཆ་ཡོད་དུག་ལ་མི་བཏུང་བཞིན། ལོག་ལྟ་ གཉིས་སུ་ག་ལ་འགྱུར། །ཞེས་པ་དེས་དེ་བཞིན་དུ་རང་བཞིན་ལོག་པ་དང་། ལྟོས་པའི་ལོག་པ་ལྟར་གསང་སྔགས་མི་འགྲོ་བའོ། །གཉིས་པ་ཐེ་ཚོམ་བསལ་བའི་ཕྱིར། གཉིས་པོ་དེ་ལྟར་དེ་ཉིད་ལ། །ཞེས་པ་གྲངས་ཀྱི་ གཉིས་པ་དེ་ལྟ་བུར་ལྷུན་གྲུབ་དྲིས་པ། གྲུབ་པའི་ཐ་སྙད་ཇི་ལྟར་མཚོན། །ཞེས་པ་ལྷུན་གྱིས་གྲུབ་པ་ཕྱོགས་གཅིག་པའམ། ཕྱོགས་མེད་པ་གང་ཡིན་དྲིས་པའོ། །མ་གྲུབ་གྲུབ་ན་ངེས་ཚིག་མེད། །ཅེས་པ་ཕྱོགས་མེད་ན་གྲུབ་པའི་ངང་ལ་རྟ་ལ་ གླང་མ་གྲུབ་པ་ལ་སོགས་པ་ཡང་གྲུབ་པས། གྲུབ་པ་གཅིག་པུའི་ངེས་ཚིག་མེད་པར་འགྱུར་རོ། །དེ་མ་གྲུབ་ན་དེ་བཞིན་ནོ། །ཞེས་པ་མ་གྲུབ་པར་གྲགས་པའི་ཆོས་ལྷུན་གྱིས་མ་གྲུབ་ནའང་། མ་གྲུབ་པའི་ཆོས་མ་རྫོགས་པས་ངེས་ཚིག་མེད་དོ། །གཞན་ ཡང་མ་གྲུབ་པ་ཕྱོགས་གཅིག་པར་འགྱུར་བས་ཡོད་མཐར་ལྟ་བ་དང་། བདེན་པ་མཐོང་བ་ཡང་འཁོར་བ་དང་། ཞེན་པས་འཚང་རྒྱ་བ་དང་། དགེ་སྡིག་འབྲས་བུ་བསྣོལ་མར་འགྱུར་བ་ཡང་གྲུབ་དགོས་པའི་སྐྱོན་དུ་འགྱུར་རོ། །དེ་བསལ་བའི་ཐབས་ནི། དེ་བས་སྲིད་དང་མི་སྲིད་ཀུན། །ལྷུན་གྲུབ་ཕྱོགས་སུ་གྲུབ་པ་མེད། །ཅེས་པ་ལྷུན་གྲུབ་ཀྱི་གཏན་ཚིགས་ཀྱིས་དགེ་བས་མཐོ་རིས་སུ་སྲིད་པ་ལ་སོགས་པ་དང་། དགེ་བ་ངན་སོང་དུ་མི་སྲིད་པ་ཀུན་ཡོད་མེད་གྲུབ་མ་གྲུབ་དབྱེར་མེད་པ་ལ་དགོས་ཆེད་ཀྱིས་ ལྷུན་གྲུབ་ཏུ་བརྗོད་ཀྱིས། དོན་གྲུབ་གྲུབ་པོར་བརྗོད་པ་མེད་པས། ལྷག་པའི་ལྷུན་གྲུབ་ལ་སྐྱོན་དེ་དག་མི་འབྱུང་། བཞི་པའི་སྔ་མ་སྐྱོན་དྲུག་གཉིས། །ཞེས་པ་ཡེ་སངས་རྒྱས་པ་ཕྱོགས་གཅིག་པ་ཅིག་རིན་ཆེན་གླིང་དང་། ཉི་མས་མཚོན་པ་སྒྲ་ཇི་བཞིན་དུ་ བརྟགས་ན། མྱ་ངན་ལས་འདས་པ་མཐར་འགྱུར། སངས་རྒྱས་རིག་རྒྱུད་ཅན་དུ་འགྱུར། སྒྲིབ་པ་སྦྱང་མི་དགོས། རྒྱལ་བས་དོན་བྱར་མེད། སྒྲུབ་པའི་གང་ཟག་མེད་པས་ལམ་མི་དགོས། བསྟན་པ་གསུངས་པ་ལ་དགོས་ཆེད་མེད། འཁོར་ བའི་སྣང་བ་འགག །གལ་ཏེ་ན་བརྒྱུད་པ་ཡང་འཁོར། འཁོར་བ་ལ་ཐོག་མ་འགྱུར། གཞི་ལ་འཁོར་བ་མེད་ལ་བློ་ལ་ཡོད་ན་བློ་དང་གཞི་ཐ་དད་པའི་སྐྱོན་འོང་། ཐ་མི་དད་ན་བློ་ལ་ཡོད་པ་བཞིན་དུ་གཞི་ལ་ཡང་ཡོད་པར་འགྱུར། དེ་ཉིད་དང་གཞན་ དུ་བརྗོད་དུ་མེད་པ་ཡིན་ཞེ་ན། དེ་ཉིད་མ་ཡིན་པས་གཞི་ལ་མེད་ཀྱང་། གཞན་དུ་བརྗོད་དུ་མེད་པའི་ཚུལ་གྱིས་གཞི་ལ་ཡོད་པར་འགྱུར། སྒྲུབ་སྔགས་གཉིས་པ་དེས་ཡེ་ནས་སངས་རྒྱས་པའི་ཕྱོགས་ཀྱང་མིན་ནོ། །དེ་བཞིན་ཕྱི་མ་རྗེས་སུ་མཐུན། །ཞེས་ པ་གཞི་སངས་རྒྱས་མ་ཡིན་པར་འཁོར་བ་ཡིན་ཞེ་ན། སྐྱོན་གྲངས་ཕྱི་མའང་སྔ་མའི་རྗེས་མཐུན་ཏེ། གཞི་འཁོར་བའི་མཐར་འགྱུར། གཞི་དྲི་མ་ཅན་དུ་འགྱུར། འགྲོ་བ་རང་རྒྱུད་པར་འགྱུར། དོན་བྱེད་པ་པོ་མེད་པར་འགྱུར། མྱ་ངན་འདས་པ་ འགག །གལ་ཏེ་མྱ་ངན་འདས་པ་ལ་ཐོག་མ་འབྱུང་། འཁོར་བ་མཐའ་མ་འབྱུང་སྟེ། མཐའ་སྟོང་པར་འགྱུར། སྒྲིབ་པ་མི་འབྱངས་པར་འགྱུར། འཁོར་བ་རྟགས་པའི་སྐྱོན་དང་། འབྲེལ་པ་མེད་པས་དོན་བྱར་མེད་པ་དང་། བསྟན་པ་གསུངས་ པ་ལ་དགོས་ཆེད་མེད། གཞི་ལ་འཁོར་བ་ཡོད་ན། ཞེན་བློ་དང་ཁྱད་མི་འབྱུང་བར་འགྱུར་བ་དང་བཅུ་གཉིས་སོ། །གཉིས་མེད་ཞེ་ན་དུས་གསུམ་ལ། །ཞེས་པ་ཡེ་སངས་རྒྱས་པ་ཡིན་མིན་གཉིས་ཀ་མ་ཡིན་ནའང། ཕུང་པོ་གསུམ་པ་དང་། ལུང་དུ་ མ་བསྟན་པ་དང་། འགལ་བ་འདུས་པ་འབྱུང་ངོ་ཞེ་ན། དེ་གསལ་བ་ནི་གཉིས་མེད་དང་། །ཞེས་པ་རང་རིག་པ་ནི་སངས་རྒྱས་དང་སེམས་ཅན་དབྱེར་མེད་ནའང་། འདི་སྐད་དུ། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་ སངས་རྒྱས་ཆོས། །ཞེས་གསུངས་པའི་དོན་ལ། དཔེ། སྨན་ཉིད་ཕན་གནོད་བདག་གནས་ལྟར། །ཅེས་པ་སྨན་གཅིག་ཀྱང་ཕན་གནོད་གཉིས་ཀའི་ངོ་བོར་གནས་པ་ལྟར། ངོ་བོ་ཐ་དད་འགྱུར་བ་མེད། ཅེས་པ་སེམས་རྒྱལ་འགྲོ་གང་གི་ཕྱོགས་སུ་ མ་གྱུར་པས། ཡིན་མིན་ལུང་དུ་མ་བསྟན་པའི་སྐྱོན་མི་འབྱུང་ངོ་། །ལྔ་པ་འཁྲུལ་གཞི་ཡོད་མེད་པའི། །ཞེས་པ་ཆོས་ཉིད་ངང་ལ་འཁོར་གཞི་ཡོད་མེད་གཉིས། གཉིས་མེད་དང་གསུམ་ལ་གསུམ་པ་མཚོན་པ་སྒོ་སོ་ སོར་བསྟན་ཀྱང་། དོན་ལ་གཅིག་པར