Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 211

Văn bản gốc(Tây Tạng)

Trang 9 / 22 (50.000 ký tự/trang)
དྷཽ་ས་རིང་པོ་བྱའོ། །ལྷག་མ་རྣམས་པཱུ་ཥཱ་ན་གྱི་སྒྲ་བཞིན་ནོ། །ཤ་ཤི། ཤ་ཤཱི་ན། ཤ་ཤཱི་ན། ཤ་ཤཱི་ནི། ཤ་ཤཱི་ནཽ། ཤ་ཤི་ན་མ་ཤ་ཤི་ནཱ། ཤ་
ཤི་བྷྱཱི། ཤ་ཤི་བྷིཿ ཤ་ཤེ་ན། ཤ་ཤི་བྷྱཱཾ། ཤ་ཤ་བྷྱཿ ཤ་ཤི་ནཿ ཤ་ཤི་ནོཿ ཤ་ཤི་ནཱི། ཤ་ཤི་ནི། ཤ་ཤོ་ནོཿ། ཤ་ཤི་སུ། ཧེ་ཤ་ཤི་ན། ཧེ་ཤ་ཤི་ནཽ། ཧེ་ཤ་ཤི་ནཿ། བི་ཤའི་སྒྲ་ལས་སུ་ཞེས་པས་སུ་དབྱིའོ། ༢ །བྲཤྩ་བྷྲཤྩ། བྲི་ཛ་མྲི་ཛ་ཡ་ཛ་རཱ་ཛ་
བྷྲཙ་ཤཱ་ཥ་ཨི་ཏི་པ་དཱནྟེ་བཱ་ལ་དཱཽ་ཛ་ཏ་ཏྭེ་དི་ཏི་དེ་ཤ་ལས་ཤ་ཡིག་ལ་ཥ་བྱའོ། ༧ །ཏསྱ་ལོ་ཛྷ་སི་ཞེས་པས་ཊ་ཡིག་གོ །བཱ་བཱི་རཱ་མ་ཞེས་པ་ཟ་ཡིག་གམ། ༡ །སུ་བ་ཁ་རི་ཙ་སྔ་ལ་ཞེས་པས་ཊ་ལཊ་བྱའོ། ༡ །བེ་ཊ། བི་ཌ། བི་ཤཽ། བི་ཤཿ བི་ཤཱཾ། བི་ཌྦྷྱཱི། བི་ཌྦྷྱིཿ། བི་ཤེ།
བིཌྦྷྱཱཾ། བིཌྦྷྱཱཿ། བི་ཤཿ བི་ཌྦྷྱཱི། བིཌྦྷྱཿ། བི་ཤཿ། བི་ཤོཿ། བི་ཤཱི། བི་ཤི། བི་ཤོཿ བིཊྶུ། ཧེ་བི་ཊ། ཧེ་བི་ཤཽ། ཧེ་བི་ཤཿ དྭི་ཥའི་སྒྲ་ལས་སུ་དབྱིའོ། ༡ །ཚིག་མཐའ་ལ་བ་ལཱ་དཽ་ཙས་ཥ་ཡིག་ལ་ཛ་སཾ་ཞེས་པས་ཊ་ཉིད་དོ། ༧ །བཱ་བི་རཱ་མ་ཞེས་པས་
བི་ར་མོ་ཌ་ལ་ཌྷེའོ། ༡ །སུ་པི་ཁ་རི་ཙ་ར་ཛྷ་ལ་ཞེས་པ་ཌ་ལ་ཊ་ཡིག་གོ ༡ །དྭི་ཊ་དྭི་ཊ། དྭི་ཥཿ དྭི་ཥཱཾ། དྭི་ཥཽ། དྭི་ཥཿ དྭི་ཥཱ། དྭི་ཥ། དྭི་ཌྦྷྱཱཾ། དྭ་ཌྦྷྀཿ། དྭི་ཥེ། དྭི་ཌྦྷྱཱཾ། དྭིཌྦྷྱཱཿ དྭེ་ཥ། དྭིཌཾ། དྭི་ཌྦྷྱཿ དྭི་ཥཿ། དྭི་ཥོཿ དྭི་ཥི། དྭི་ཥོཿ དྭི་ཥོཿ དྭི་ཊྶུ།
ཧེ་དྭི་ཊ། ཧེ་དྭི་ཊ། ཧེ་དྭི་ཊ་ཥཽ། ཧེ་དྭི་ཥཿ བེ་དྷ་བའི་སྒྲ་ལ་ཨ་ཏྭ་རུ་ཞེས་པས་སཱ་བ་སཾ་བུ་དྷོ་ས་རིང་པོ་ཉིད་དོ། ༡ །སུ་ཞེས་པས་སུ་དབྱིའོ། །ས་ཡིག་ལ་རུ་སྟེ་ཚེག་དྲག་གོ། །སུ་པི་བ་ལི་ཏ་དྷ་དི་ཏི་ད་དྷ་ད་ཏི་དེ་ཤ་ལས་ཤ་ས་ཛ་སོ་ཞེས་པས་རུ་ཉིད་དོ། ༨ །ཧ་སི་ཙ་ཏོ་རོ་ཞེས་
པས་ཨུ་ཉིད་དོ། ༦ །དེའི་ཡང་ཨ་ཡིག་གིས་ལྷན་ཅིག་པར་ཨ་ཏ་དེ་ང་ཞེས་པས་ཨེ་ཡིག་གོ ༤ །སུ་པི་རུ་བྱ་སྟེ་བཱ་ས་རི་ཞེས་པས་རེ་ཕ་ལ་ས་ཡིག་ཀྱང་རུང་ངོ་། ༡ །རོཿ སུ་པི་ཞེས་པས་རེ་བ་ལ་ཚེག་དྲག་གོ ༡ །བེ་དྷཿ བེ་དྷ་སཽ། བེ་དྷེ་སཿ བེ་དྷ་སཾ། བེ་དྷ་སཽ། བེ་དྷ་སཿ

དྷ་སཱ། བེ་དྷོ་བྷྱཱཾ། བེ་དྷོ་བྷིཿ བེ་དྷ་སེ། བེ་དྷོ་བྷྱཱཾ། བེ་དྷོ་བྷྱཿ བེ་དྷ་ས། བེ་དྷོ་བྷྱཱཾ། བེ་དྷོ་བྷྱཿ། བེ་དྷ་སཿ བེ་དྷོ་སེཿ བེ་དྷ་སཱཾ། བེ་དྷྱ་སི། བེ་དྷ་སོཿ། བེ་དྷ་སྶུ། ཧེ་བེ་དྷཿ ཧེ་བེ་དྷ་སོ། ཧེ་བེ་དྷ་སཿ། ཨུ་ཤ་ནའི་སྒྲ་ལས་དང་པོའི་གཅིག་ཚིག་
ལ་སཽ་ཏྲི་དུས་ན་སྦུ་རུ་དཾ་སོ་ནེ་ཧ་སཾ་ཙ་ན་ད་སཱ་བ་ཞེས་པས་ས་ཡིག་ལ་ཨ་ན་ངའོ། ༡ །ད་ཡིག་དི་ཏྱནྟཱ་དེ་བརྠ་འོ། །ན་ཡིག་གི་ཨ་ཡིག་བརྗོད་པའི་དོན་ནོ། །སཱ་བ་སཾ་བུ་དྷ་བ་ཞེས་པས་རིང་པོའམ། སུ་ཞེས་སུ་དབྱིའོ། ༡ །སཾ་བོ་དྷ་ནོ་ཏུ་སོ་པ་ར་ཏ་ཙོ་ས་ཞེས་པས་ཕྱོགས་
གཅིག་ལ་ན་ངའོ། ༡ །ན་སཾ་བུ་དྷཱ་བ་ཞེས་པ་ན་མི་དབྱིའོ། ༡༠ །ཨུ་ཤ །ཨུ་ཤ་ན་སཽ། ཨུ་ཤ་ན་སཿ ཨུ་ཤ་ན་སཾ། ཨུ་ཤ་ན་སཽ། ཨུ་ཤ་ན་སཿ ཨུ་ཤཱ་ན་ཤཱ། ཨུ་ཤ་ནོ་བྷྱཱཾ། ཨུ་ཤ་ནོ་བྷིཿ ཨུ་ཤ་ན་སེ། ཨུ་ཤ་ནོ་བྷྱཱཾ། ཨུ་ཤ་ནོ་བྷྱཿ ཨུ་ཤ་ན་སཿ ཨུ་ཤ་
ན་བྷྱཱཾ། ཨུ་ཤ་ནོ་བྷྱཿ ཨུ་ཤ་ན་སཿ ཨུ་ཤ་ན་སོཿ ཨུ་ཤ་ནཱ་སཱཾ། ཨུ་ཤ་ན་སཾ། ཨུ་ཤ་ན་སཾ། ཨུ་ཤ་ན་སི། ཨུ་ཤ་ན་སོཿ ཨུ་ཤ་ན་སྶུ། ཨུ་ཤ་ན་སུ། ཧེ་ཨུ་ཤ་ནན། ཧེ་ཨུ་ཤ་ན་སོ། ཧེ་ཨུ་ཤ་ན་སཿ། སུམྦའི་སྒྲ་ལ་སུམ་སོ། ༢ །སུ་དི་ཏི་སུ་ཊི་ས་ཡིག་ལ་
ཨུ་སུ་ང་བསྟན་པར་བྱའོ། ༡ །ང་ཡིག་ནི་རི་ཏི་མཐའི་དོན་ནོ། །ཨུ་ཡིག་བྱུ་ཊྱུ་གི་ཏི་ཞེས་པ་མཚན་མའི་དོན་ནོ། ༧ །ཨ་ནེ་ནཻ་བ་སུ་ཊ་ལ་ནུ་མའོ། ༧ །མ་ཡིག་མི་ཏ་ཙོ་ཉནྟྱཱད་པར་ཞེས་པས་མཚན་མའི་དོན་ནོ། །ཨུ་ཡིག་བརྗོད་པའི་དོན་ནོ། ༡ །སཱ་བ་སཾ་བྷུ་དྷཱ་བ་ཞེས་པས་སཾ་བུ་དྷཽ་སཽ་
བར་རཏྶོ་རིང་པོ་ཉིད་དོ། ༡ །སུ་ཞེས་པས་སུ་དབྱིའོ། །སཾ་ཡོ་ག་སྱ་པ་ད་སྱོ་ཏིས་ས་ཡིག་དབྱིའོ། ༡༨ །ས་ཡིག་ཕྱིས་པ་ལ་པཱུརྦ་ཏྲ་སི་དྷཱི་ཞེས་པས་ས་ཡིག་དབྱི་བར་གྲུབ་པའི་ཕྱིར། སུ་པ་པྲ་ཀྲི་ཏེས་ན་དབྱི་བ་མ་ཡིན་ནོ། །ནཤྩ་ནཾ་ཏྱ་སྱ་ཛྷ་ལི་ཞེས་པས་ཛྷ་ལི་ནི་ཡིག་གོ །མ་
ཡིག་ལ་རྗེས་སུ་དབྱངས་སོ། ༡༣ །བ་ལ་དོ་སུ་པི་བ་ཏ་དྷི་དི་ཏི་ཏ་དྷཱ་དི་ཏི་ཏེ་ཤ་ལས་སྦྱོར་བ་ལ་པ་ད་ལ་ཞེས་པས་ས་དབྱིའོ། ༧ །ཧ་ལི་མས་ཨི་ཡིག་ལ་རྗེས་དབྱངས་སོ། །ཨ་ནུ་སྭཱ་ར་སྱ་ཡ་ཡི་ཡ་ཞེས་དེ་ཡང་མ་ཡིག་གོ། །སུ་བི་བརྒྒ་པྲ་ཏྱཱཾ་བྷཱནྣཱ་ཡ་མཱ་ད་ཤའོ། །པུ་མཱན། པུ་མཱཾ་སཽ།

པུ་མཱཾ་སཿ། པུ་མཱཾ་སཾ། པུ་མཱཾ་སཽ། པུ་མཱཾ་ས་པུ་སཱ། པུཾ་བྷྱཱཾ། པུམྦྷིཿ པུཾ་སེ། པུམྦྷྱཱཾ། པུམྦྷྱཿ། པུཾ་སཿ པུཾ་སཱོཿ། པུཾ་སཱཾ། པུཾ་སཱཾ། པུཾ་སི་པུཾ་སོཿ པུཾ་སུ། ཧེ་པུ་མན། ཧེ་པུ་ན་མཱ་སཽ། ཧེ་བུ་མཱཾ་སཿ། ཨ་ན་དྷུ་ཧའི་
སྒྲ་ལ་ཙ་ཏུ་ར་ན་ཊུ་རཱ་མ་ཞེས་པས་སུ་ཊི་ལ་ཨ་མ་གཞུག་གོ །ཨི་ཀོ་ཡ་ཎ་ཙི་ཞེས་པས་ཡ་ཎ་བྱའོ། །སཱ་བ་ཎ་ཊུ་ཧ་སུ་ར་ནུ་མ་ལ་གཞུག་གོ ༡ །སུ་ཕྱིས་ལ་ཡང་དག་པར་སྦྱོར་བའི་མཐའི་ན་དབྱིའོ། ༡ །དཽཿཊུ་ཧ་ཨི་ཏི་ཧ་ཡིག་ལ་ཏ་དྷ་དི་ཏི་དེ་ཤཱ་རྦ་ལཱ་དོ་ཨ་ཡིག་གོ ༡ །སུ་པི་
ཁ་རི་ཙ་ར་ཛྷ་ལ་ད་ལ་ཏ་ཡིག་གོ །ཙ་ཡཿ ཤ་རི་དྭི་ཏཱི་ཡ་ཞེས་པས་སྡེ་ཚན་གྱི་གཉིས་པ་ཡང་རུང་ངོ་། ༡ །ཡང་དག་པར་རྟོགས་པ་ལ་ཨཾ་སཽ་སཾ་བུ་དྷ་བ་ཞེས་པས་སཱ་བ་ཨཾ་གཞུག་གོ །ཨི་ཀོ་ཡ་ཎ་ཙི། ༡ སཱ་བ་ན་ཊུ་ཧ་ཞེས་པས་ནུ་ནའོ། །སུ་ཕྱིས་ལ་ཡང་དག་པར་སྦྱོར་
བའི་མཐའི་ན་དབྱིའོ། །ཨན་ཊྭཱ་ཎ། ཨན་ཊྭཱ་ཧཽ། ཨན་ཊྭཱ་ཧཿ ཨན་ཊྭཱ་ཏཾ་ཨ་ན་ཊྭཱ་ཧཽ་ཨ་ན་ཊུ་ཧཿ ཨན་ཊྭཱ་ཧ་ཨ་ན་ཊུ་ཌྦྷྱཱཿ ཨ་ན་ཊུ་ཌྦྷིཿ ཨ་ན་ཊུ་ཏེ་ཨན་ཊུ་ཌྦྷྱཾ་ཨ་ན་ཊུ་ཌྦྷྱཿ ཨན་ཊུ་ཏཿ། ཨན་ཊུ་ཌྦྷྱཱཾ། ཨན་ཊུ་བྷྱཿ ཨན་ཊུ་ཧཿ། ཨན་ཊུ་ཧོཿ ཨན་
ཊུ་ཧཱཾ། ཨན་ཊུ་ཧི་ཨན་ཊུ་ཧོཿ། ཨ་ན་ཊུ་ཊྶུ་ཨ་ན་ཊུ་ཐྶུ་ཧེ་ཨན་ནྭན་ཧི་ཨ་ནན་ཊྶ་ཧེ་ཏེ་ཨ་ན་ཊྶཱ་ཧཿ། མ་དྷུ་ལི་ཏའི་སྒྲ་ལས་ཁྱད་པར་ནི། ཧོ་ཌྷ་ཞེས་པས་ཚིག་མཐའ་ལ་བ་ལཱ་ཏོ་ཙ་ཏ་དྷ་དི་ཉི་དེ་ཤ་ལས་ཧ་ཡིག་ལ་ཌྷུ་ཉིད་དོ། །ཏསྱ་ཛྷ་ལོ་ཛ་སི་ལཾ་ཞེས་པས་ཊཱ་ཡིག་གོ ༡ །ཏ་སྱ་བི་བ་རཱ་
མ་ཞེས་པས་ཊ་ཡིག་ཀྱང་ངོ་། ༡ །བུ་བི་ཁ་རི་ཙ་ར་ཛྷེ་ལ་ཞེས་པས་ཌྷ་ཡིག་གོ ༡ །མ་དྷུ་ལ་ཊི་མ་དྷུ་ལི་ཊ་མ་དྷུ་ལི་ཧོ་མ་དྷུ་ལི་ཧཿ མ་དྷུ་ལི་ཧཾ་མ་དྷུ་ལི་ཧེ། མ་དྷུ་ལི་ཧཿ མ་དྷུ་ལི་ཧཱ་མ་དྷུ་ལི་ཌྦྷྱཱཾ། མ་དྷུ་ལིཌྦྷིཿ མ་དྷུ་ལི་ཧེ་མ་དྷུ་ལ་ཌྦྷྱཱཾ་མ་དྷུ་ལ་ཌྦྷྱཿ མ་དྷུ་ལ་ཧིཿ མ་དྷུ་ལཌྦྷྱཱཾ་མ་དྷུ་ལ་ཌྦྷྱཿ མ་དྷུ་
ལི་ཧ་མ་དྷུ་ལི་ཧོཿ། མ་དྷུ་ལི་ཧཱི་མ་དྷུ་ལི་ཧི་མ་དྷུ་ལི་ཧོཿ མ་དྷུ་ལཊྶུ། ཧེ་མ་དྷུ་ལིཊ་ཧེ་མ་དྷུ་ལི་ཊ་ཧེ་མ་དྷུ་ལི་ཧཽ་ཧེ་མ་དྷུ་ལི་ཧཿ། །མྲི་ཏྲ་དྲུ་ཧའི་སྒྲ་ལའང་དྲུཧ་མུ་སྦུ་ཧ་མི་ཏི་ས་ཧ་ཡིག་ལ་ཚིག་མཐོང་བ་ལ་ད་ཙ་བཱི་གྷ་ཡིག་གོ །ཏ་སྱ་ཛྷ་ལོ་ཛ་སི་ཞེས་པས་ག་ཡིག་གོ ༨ །ཏ་སྱ་བཱི་བ་རཱ་མ་ཞེས་པས་

ཕྱོགས་གཅིག་ཀ་ཡིག་གོ ༡ །དྲེ་ཥ་ཨེ་ཀ་ཙཿ ཕྥོརྦ་ཤོ་བྷ་ཥི་ཏི་བ་དཱ་སྟེ་བ་ལཱ་དཽ་ཙས་དང་ཡིག་ལ་དྷ་ཡིག་གོ ༨ །སུ་བི་ཁ་རི་ཙ་ར་ཛྷ་ལ་ཞེས་པས་ག་ལ་ཀ་ཉིད་དོ། །ཀཤྩ་ཞེས་པས་ཥ་ཉིད་དོ། །གྷ་ཉིད་མ་ཡིན་པ་ཕྱོགས་གཅིག་མ་དྷ་ལི་ཧའི་སྒྲའི་མཚན་ཉིད་བཞིན་ནོ། །
མི་ཏྲ་དྷུ་ཀ་མི་ཏྲདྷུ་ཀ་མི་ཏྲ་དྷུ་ཊ་མི་ཏྲ་མི་ཏྲ་དྷུ་ཊ་མི་ཏྲ་དྷྲུ་ཧོ་མི་ཏྲ་དྲུ་ཧཿ མི་ཏྲ་དྲུ་ཧ་མི་ཏྲ་དྲུ་ཧོ་མི་ཏྲ་དྲུ་ཧཿ མི་ཏྲ་དྲུ་ཧཱ་མ་ཏྲི་དྷྲུཾ་གྦྷྱཱཾ། མི་ཏྲ་དྲུ་ཧེ་མི་ཏྲ་དྷྲུ་གྦྷིཿ མི་ཏྲ་བྷྱཾཿ མི་ཏྲ་དྲུ་ཧ་བྷྱཿ མི་ཏྲ་དྷྲུ་གྦྷྱཱཾ་མི་ཏྲ་གྦྷྱཿ། མི་ཏྲ་དྲུ་ཧཿ མི་ཏྲ་དྲུ་ཧོཿ མི་ཏྲ་དྲུ་ཧཱཾ། མི་ཏྲ་དྲུ་ཧི་མི་ཏྲ་དྲུ་ཧོ་མི་
ཏྲ་དྲུ་ཀྵུ། ཡང་དག་པར་རྟོགས་པ་ལ་བྱེ་བྲག་མེད་དོ། །ཀཱ་བྠིཏ་ཀྵའི་སྒྲ་ལས་སུ་ཞེས་པས་སུ་དབྱིའོ། །སཾ་ཡིག་སྱ་བ་ད་སྱེ་ཏི་ཤ་ཡིག་ལོ་བེ་བྲཱ་སྟོ་སྐོཿ སཾ་ཡོག་ཏྱོ་རནྟེ་ཙི་ཏི་བ། ནྟེ་བ་ལཱ་དོ་ཙ་ཏརྟི་ད་རི་དེ་ཤ་ལས་ག་ཡིག་དབྱིའོ། ༨ །ཏ་ཏོ་ཛྷ་ལོ་ཛ་སི་ཞེས་པས་ཤ་
ཡིག་ལ་ཊ་ཡིག་གོ ༨ །བཱ་བི་ཥཱམ་ཞེས་པས་ཕྱོགས་གཅིག་ཊ་ཡིག་གོ །སུ་བི་ཁ་རི་ཙ་ར་ཛྷ་ལ་ཞེས་པས་ཊ་ཡིག་གོ ༡ །ཀཱཥྛ་ཏ་ཌ་ཀཱཥྠ་ཏ་ཀཱཥྠ་ཏཀྵཽ་ཀཱཥྠ་ཏ་ཀྵཿ ཀཱཥྛ་ཏཀྵཾ་ཀཥྠ་ཏཀྵཽ་ཀཥྠ་ཏཀྵེཿ ཀཱཥྠ་ཏཀྵ་ཥྠ་ཀཥྠ་ཏཌྦྷྱཱཾ་ཀཥྛ་ཏཀྵེ་ཀཥྠ་ཏཊྦྷྱཱཾ་ཀཥྠ་ཀཊྦྷྱཿ ཀཥྠ་ཏཀྵཿ ཀཱཥྠ་ཊ་
ཊྦྷྱཱཾ་ཀཱཥྠ་ཏ་ཊྦྷྱཿ ཀཱཥྠ་ཏཀྵཿ ཀཱཥྠ་ཏཀྵཽཿ ཀཱཥྠ་ཏཀྵཱཾ། ཀཱཥྠ་ཏཀྵི། ཀཱཥྠ་ཏཀྵོཿ ཀཱཥྠ་ཏཀྵཊྶུ། ཧ་ཀཱཥྠ་ཏིཀྵ་ཧེ་ཀཱཥྠ་ཏཀྵཿ། ཕོའི་རྟགས་བྱེ་བྲག་དང་བཅས་པ་ཨ་ཙའི་མཐའ་དང་ཧ་ལའི་མཐའ་ཅན་གྱི་བཤད་པ་སྟེ། ཕོའི་རྟགས་ཀྱི་ཚོམས་དང་པོ་རྫོགས་སོ།། །།
ད་ནི་མ་ནིང་གི་རྟགས་བརྗོད་པར་བྱ་སྟེ་དེ་ལ་མ་ནའི་སྒྲ་ལས་བུ་ལ་ཌ་སཱ་བཱ་མོ་རྣ་བུམ་ས་ཀཱ་ཏ་ཞེས་པས་སྭ་མོ་རླུ་གི་བྲབྟེ་ཨ་ཏེ྅མ་ཞེས་པས་སུ་ནི་མའི་དངོས་པོའོ། ༢༢ །ཨ་མ་ལ་སྔོན་མ་ནི་ཕ་རོལ་སྔོན་མར་བྱའོ། ༢ །ན་བུན་པ་ཀཱ་ཏ། ཅེས་པས་ཨཽ་ཡིག་ལ་ཤིའི་བྷཱ་ད་དངོས་པོའོ། ༣ །ཤ་
ཡིག་ནི་ཨཱ་ཏ་ཤཱི་དྱོ་ཞེས་པས་མཚན་མའི་དོན་ཏོ། །ཨཱོཏ་ཨཏ་ཨེ་ཊ་ཞེས་པས་ཨེ་ཉིད་དོ། ༢ །ཛསྴ་སོཿ།། །།༄། །རྐྱེན་གསུམ་བཤད་པ་བཞུགས་སོ།། །།༄༅། །རྒྱ་གར་སྐད་དུ། ཏྲི་ཎི་བྲ་ཏྱ་ཡ་བྷ་ཥཱཾ། བོད་སྐད་དུ། རྐྱེན་གསུམ་བཤད་པ།

ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བརྗོད་བྱ་བདེ་བླག་རྟོགས་བྱེད་གར། །སྒྲ་བཟང་ཡིན་གྱི་ལྷ་སྐད་ཉིད། །མིན་ཀྱང་དེ་བཞིན་རྟོགས་བྱའི་ཕྱིར། །དེ་རྐྱེན་འཇུག་ཚུལ་སྐད་གཞན་ལའང་། །མཚུངས་ཕྱིར་ངག་གི་དབང་ཕྱུག་གི །ཞབས་
ལ་བཏུད་དེ་འདིར་བརྗོད་བྱའོ། །དེ་ལ་རྐྱེན་ཞེས་བྱ་བ་ནི་ཁམས་ཉེ་བར་སྒྱུར་བར་བྱེད་པ་སྟེ་དེའང་དུ་ཞིག་ཅེ་ན། གསུམ་སྟེ། ཙནྡྲ་བྱ་ཀ་ར་ན་ཞེས་བྱ་བའི་ལེགས་སྦྱར་དག་ལས་འདི་སྐད་དུ། སྤྱི་དང་གྲངས་མེད་དངོས་བཤད་པ། །རྐྱེན་ནི་རྣམ་པ་གསུམ་དུ་
གནས། །ཕྱོགས་ནི་མདའ་མིག་ཟླ་བ་ལ། །དབང་པོ་རི་ཟླ་བསྣན་རིམ་བཞིན། །ཞེས་གསུངས་སོ། །དེ་ལ་འདིར་སྤྱི་ལ་འཇུག་པའི་རྐྱེན་ནི། ཏཱ་པཱད། མ་ཏུ་པ། ལ་ཙ་ཡ། ཨི་ལ་ཙ། ཤ་ན་ནོ། ཨུ་ར་ཙ། བ། བ་ལ་ཙ། ཨི་ནི། ཐ་ན།
བི་ནི། ཡུས་བྨི་ནི། ཨཱ་ཙ་ལ། ཨཱ་ཊ་ཙ། ཨི་ན་ཙ། ཨ་ར་ཀ །ཨི་ལུ་ཙ། ཨི་ལུ་ཙ། ཙེ་ལུ། ཙུ་ལ། ཨཎ། བུ་ན། ཁཉ། ཨིཉ། ཕཀ །སྤཉ། དྷཀ །ཨཻ་རཀ །ཨེ་ར་ཀ །ཨཱ་ར་ག །གྷ། ཁ། ཎྱུ། ཡ་ཏ། ཨཱི་ཏ། ཨཱི་ཏ་ཙ།
ན། ཙུཉ་ཙུ་ཡ། ཙ་ཎ་པ། ཨིཥྠ་ཎ། ཨི་ཡ་ས་ན། ཏ་ར་པ། ཏ་མ་པ། ཀ་ལྱ་པ། ད་ཤྱ་ད་ཤྲི་ཡ་ར། ཛ་ཏི་ཡ་ར། དྭ་མ་ཥ་ཊ། ད་གྷ་ཊ། མཱ་ཏྲཌ། ཏྲ་ཡཌ། ཐ་ཀ །ཐ་ཉ། ཞེས་བྱ་བ་རྣམས་སོ། །དེ་ལ་པུ་རུ་ཥ་ཏཱ་བཱད་ནི། གུ་ཎོ། ཡ་སྱ།
ཨསྟི། ཡསྨིན་བཱ། བི་དྱ་ཏེ། ཏ་སྱ། གུ་ཎ་བན། པུ་རུ་ཥ། ཞེས་བྱ་བ་སྟེ། གང་ལ་ཡོན་ཏན་ཡོད་པ་གང་ཡིན་པ་དེའང་སྐྱེས་བུ་ཡོན་ཏན་ཅན་དུ་རིག་པར་བྱ་སྟེ། འདིར་ཏཱ་བཱད་ཅེས་བྱ་བ་ཅན་ཞེས་བྱ་བར་གྱུར་པའོ། །གང་དང་གང་ལ་ཡོན་ཏན་ཡོད་པ་གང་ཡིན་
ལ་དེའང་སྐྱེས་བུ་ཡོན་ཏན་ཅན་དག་ཏུ་རིག་པར་བྱའོ། །གང་རྣམས་ལ་ཡོན་ཏན་ཡོད་པ་དེའང་སྐྱེས་བུ་ཡོན་ཏན་ཅན་རྣམས་སུ་རིག་པར་བྱའོ། །གང་ལ་ཡོན་ཏན་ཡོད་པ་གང་ཡིན་པ་དེ་ནི་ཡོན་ཏན་ཅན་མའི་བུད་མེད་དུ་རིག་པར་བྱའོ། །ཡོན་ཏན་ཅན་མ་དག །ཡོན་ཏན་ཅན་མ་རྣམས་ཞེའོ། །

གང་ལ་ཡོན་ཏན་ཅན་གྱི་རིགས་ཡོད་པ་གང་ཡིན་པ་དེའང་ཡོན་ཏན་ཅན་གྱི་རིགས་ཅན་ནོ། །མ་ཏུ་པ་ནི། པཱི་བཤད་པ་ནི་པ་ཀ་ར་སྭཱ་རཱ། ཨརྠ་ཞེས་བྱ་བ་སྟེ་པ་ཡིག་ནི་དབྱངས་ཀྱི་དོན་ནོ། །ཨུ་ཀཱ་ར་ཨུ་གི་ཏ་རྭ་ཞེས་བྱ་སྟེ། ཨུ་ཡིག་ནི་བརྗོད་པའི་དོན་ནོ། །མ་ཏ་ནི་
ལྡན་པའི་དོན་ནོ། །ལ་ཙ་ཡ་ནི། ཇི་ལྟར། ཙུ་ཊ། ཡསྱ། ཨསྟི། ཡསྨིན་པཱ། བདྱ་ཧེ། ས་ཙུ་ཌ་ལཿ། ཀུ་མཱ་ར། ཞེས་བྱ་སྟེ། གང་ལ་གཙུག་ཕུད་ཡོད་པ་གང་ཡིན་པ་དེའང་གཙུག་ཕུད་ཅན་ཏེ་གཞོན་ནུར་རིག་པར་བྱའོ། །འདིར་ལའི་དོན་ཅན་དུ་གྱུར་
པར་ཤེས་པར་བྱའོ། །གཞོན་ནུ་མ་གཙུག་ཕུད་ཅན། བྲམ་ཟེའི་རིགས་གཙུག་ཕུད་ཅན། ཨརྒ་ལཿ ཞེས་པ་ཡན་ལག་ཅན་འདི་ནི་ལ་ཙའོ། །ཨི་ལ་ཙ་ནི་ཇི་ལྟར་ཕེ་ནོ་ཡ་སྱ་ཨ་སྟི་ས་ཕེ་ནི་ལཿ ཞེས་བྱ་སྟེ། གང་ལ་ལྦུ་བ་ཡོད་པ་དེ་ནི་ལྦུ་བ་ཅན་ཏེ། འདིར་ཨི་ལིའི་སྒྲ་ཅན་དུ་
ཤེས་པར་བྱའོ། །ལྦུན་ཅན་མ་ལྦུའུ་ཅན་ཞེས་བྱ་སྟེ། ཕ་ལ་སོགས་པ་ལ་ཨི་ལ་ཙ་སྦྱར་རོ། །གང་ལ་ལྟེ་བ་འབུར་བ་ཡོད་པ་དེ་ནི་ལྟེ་འབུར་མའམ། ལྟེ་འབུར་ཅན་ཏེ། ཏུན་གྱི་ལ་ཞེས་པའི་སྒྲ་ལ་ཨི་ལ་ཡོད་པའི་ཚིག་ཏུ་སྦྱར་རོ། །ཤ་ནི་ཇི་ལྟར་ལོ་མ་ཤ་ཞེས་བྱ་སྟེ། གང་ལ་
སྤུ་ཡོད་པ་དེ་ནི་སྤུ་ཅན་ཞེས་བྱ་བ་ལ། འདིའི་ཤ་ཡོད་པའི་ཚིག་ཏུ་སྦྱར་རོ། །སྦུ་ཅན་མ་སྦུ་བུ་ཅན་ཞེས་བྱ་སྟེ། ལོ་མ་ཤཱ། ལོ་མ་ཤཾ། ཞེས་བྱ་བ་རིང་པོ་དང་སྣ་དང་ལྡན་པ་གཉིས་མོའི་རྟགས་དང་མ་ནིང་གི་རྟགས་སུ་སྦྱར་རོ། །ན་ཞེས་བྱ་བ་ནི། པཱ་མ་ནཿ ཞེས་བྱ་སྟེ། གང་ལ་ཤུ་
བ་ཡོད་པ་དེ་ནི་ཤུ་ཅན་ཏེ་འདིར་ནཿ ཅན་གྱི་དོན་དུ་སྦྱར་རོ། །པཱ་མ་ནཱ། པཱ་མ་ནཾ། ཞེས་བྱ་བ་རིང་པོ་དང་སྣ་དང་ལྡན་པའི་དོན་གྱིས་སྔ་མ་བཞིན་དུ་སྦྱར་ཏེ། ཤུ་ཅན་མ་ཞེས་པ་ལ་སོགས་པར་སྦྱར་རོ། །ཎོ་ཞེས་བྱ་བ་ནི་ཇི་ལྟར་པྲཛྙཱ་ཥྠ་ཏྲཿ ཞེས་བྱ་བ་ཤེས་རབ་གནས་པ་ཅན་ཡིན་
ཏེ་འདིར་ཎོ་ཚེག་དྲག་ཏུ་གྱུར་པ་འདི་ནི་ལྡན་པའི་དོན་དུ་ཤེས་པར་བྱའོ། །དེ་བཞིན་དུ་སྲ་དྷཿ བཏཿ ཞེས་བྱ་བ་རྣམས་ལ་ཡང་དད་པ་ཅན་ཞེས་སྦྱར་ཏེ། དེ་བཞིན་དུ་རིང་པོ་དང་སྣ་དང་ལྡན་པས་ཀྱང་མོ་དང་མ་ནིང་དུ་འགྱུར་རོ། །ཨུ་ར་ཙ་ཞེས་བྱ་བ་ནི་ཇི་ལྟར་དོནྟོར་ཞེས་

བྱ་བ་སོ་མཐོ་བས་སོ་ཅན་ཡིན་ཏེ། འདིར་ཨུ་ར་ཞེས་བྱ་བའི་ཚིག་ཏུ་སྦྱར་རོ། །རིང་པོ་དང་སྣ་དང་ལྡན་པའང་དེ་བཞིན་ནོ། །དནྡ་ར་ཞེས་བྱ་བའི་ཚིག་གི་ཕྲད་ནི་སོ་མཐོ་བ་ཡོད་པར་སྟོན་པའི་ཚིག་གི་རྐྱེན་ཡིན་ནོ། །རི་ཞེས་བྱ་བ་ནི་ཇི་ལྟར་མ་དྷུ་
རོ་ཞེས་བྱ་བ་གང་ལ་མངར་བ་ཡོད་པ་དེ་ནི་མངར་བ་ཅན་ཏེ་རོའོ། །འདིར་རོའི་སྒྲ་ལྡན་པར་སྦྱར་རོ། །དེ་བཞིན་སུ་ཀ་ར་ཞེས་བྱ་བ་ཡང་རོའི་ཚུལ་བཞིན་དུ་འགྱུར་རོ། །བླ་ཞེས་བྱ་བ་ནི་ཇི་ལྟར་ཀེ་ཤ་པཿ ཞེས་བྱ་བ་གང་ལ་སྐྲ་མང་པོར་ཡོད་པར་དེ་སྐྲ་ཅན་ཏེ་འདིར་པའི་དོན་ལྡན་
པའི་དོན་དུ་སྦྱར་རོ། །རིང་པོ་དང་སྣ་དང་ལྡན་པའང་དེ་བཞིན་ནོ། །དེ་བཞིན་དུ་མ་ཎི་བཿ ཞེས་བྱ་བ་ནོར་བུ་ཅན་ཡིན་ཏེ་བ་ལྡན་པར་སྦྱར་བ་དང་། ཧི་ནུ་བཿ དབྱིག་ཅན་ཞེས་བྱ་བ་ལ་སོགས་པ་སྟེ་བ་ལྡན་པའི་དོན་དུ་སྦྱར་ལ། རིང་པོ་དང་སྣ་དང་ལྡན་པར་བ་དེ་བཞིན་དུ་
སྦྱར་རོ། །བ་ལྟ་ཙ་ཞེས་བྱ་བ་ནི་ཇི་ལྟར་ར་ཛ་བ་ལོ་ཞེས་བྱ་བ་རྡུལ་ཅན་ནམ་མཚོ་ཅན་ཡིན་ཏེ། ལམ་མཚོ་བུད་མེད་ལ་འཇུག་པ་ཡིན་པ་ལས་འདིར་བ་ལའི་དོན་ལྡན་པའི་དོན་དུ་སྦྱར་རོ། །དེ་བཞིན་དུ་དཀྲི་ཤི་བ་ལ་ཞིང་པ་ཞེས་བྱ་བར་འགྱུར་བ་དང་། པ་རཱད་པ་ལ་འཁོར་བ་
ཅན་ཞེས་སྦྱར་ལ་རིང་པོ་དང་འདྲེན་པ་ཡང་སྔ་མ་བཞིན་ནོ། །འདི་དག་ལ་སོགས་པ་ནི་བ་ལ་ཙའོ། །ཨི་ནི་༡༡ཞེས་བྱ་བ་ནི་ཇི་ལྟར་དྷ་ནི་ཞེས་བྱ་བ། ནོར་ཅན་ཡིན་ཏེ་འདིར་ཨི་ལྡན་པའི་དོན་དུ་སྦྱར་རོ། །དེ་བཞིན་དུ་དནྟི་ཞེས་བྱ་བ་སོ་ཅན་དང་། ཧསྟི་ཞེས་བྱ་བ་ལག་པ་ཅན་
དང་། གཞན་ཡང་། ན་ལི་ནི། པདྨི། ཀུ་མུ་ཏི་ནི། ཞེས་བྱ་བ་ལ་སོགས་པ་སྟེ། མེ་ཏོག་འདི་དག་ལ་ཨི་ནི་ཞེས་བྱ་བ་ཡོད་པའི་རྐྱེན་དུ་སྦྱར་ཏེ། པདྨ་ཅན། ཀུ་མུཏ་ཅན་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །རྟགས་གསུམ་པོ་ཡང་དེ་བཞིན་དུ་སྦྱར་རོ། །ཐ་ན་༡༩ཞེས་
བྱ་བ་ནི་ཇི་ལྟར་དྷ་ནི་ཀ་ཞེས་བྱ་བ་ལྟ་བུ་སྟེ་འདིར་ཨི་ཀ་ལྡན་པའི་རྐྱེན་དུ་སྦྱར་རོ། །དེ་ཡང་ཨི་ནི་ཐ་ནར་གྱུར་པ་སྟེ་གང་ལ་ཨི་གཅིག་བྱིན་ནས་ཐ་ན་ཀའི་རྐྱེན་དུ་སྦྱར་རོ། །རྟགས་གསུམ་ཡང་དེ་བཞིན་ནོ། །བི་ནི་༡༣ཞེས་བྱ་བ་ནི་ཡ་ཤ་སྣི་ཞེས་བྱ་བ་དང་། མཱ་ཡཱ་བི་ཞེས་བྱ་བ་ལྟ་

བུར་གྲགས་པ་ཅན་དང་། སྒྱུ་འཕྲུལ་ཅན་ཏེ་འདིར་བིའི་སྒྲ་ལྡན་པ་ལ་འཇུག་གོ །མོའི་རྟགས་ལ་ནི་བི་ནའི་སྒྲ་ལྡན་པ་ལ་འདུག་སྟེ། ཡ་ཤཱ་སྣཱི་མཱ་ཡཱ་བི་ཞེས་བྱ་སྟེ་གྲགས་མ་སྒྱུ་འཕྲུལ་མ་ཞེས་བྱའོ། །མ་ནིང་གི་རྟགས་ནི་སྣ་དང་ལྡན་པ་སྟེ་དེ་བཞིན་ནོ། །ཡུ་སྡུ་༡༠ཞེས་བྱ་བ་ནི་
ཇི་ལྟར་ཨུར་ཎ་ཡུཿ ཞེས་བྱ་བ་མཛོད་སྤུ་ཅན་ཡིན་ཏེ། འདིར་ས་ཚེག་དྲག་ཏུ་སྦྱར་ནས་ཡུཿ ཞེས་བྱ་བ་ལྡན་པའི་དོན་དུ་སྦྱར་རོ། །རྟགས་གསུམ་ནི་སྔ་མ་བཞིན་ནོ། ༡༥ །གྨི་ནི་ཞེས་བྱ་བ་ནི་ཇི་ལྟར་བཱ་གྨི་ནི་ཞེས་བྱ་བ་དག་ཅན་ཡིན་ཏེ། འདིར་གྨི་ནི་ཞེས་བྱ་བ་ལྡན་པའི་དོན་དུ་
སྦྱར་རོ། །རྟགས་གསུམ་ཡོད་པ་དེ་བཞིན་ནོ། །ཨཱ་མཱི་ལ་༡༧ཞེས་བྱ་བ་ནི་བཱ་ཙ་ལཿ། ཞེས་བྱ་བ་སྨྲ་བ་ཅན་ནམ་སྨྲ་མངས་ཡིན་ཏེ། གང་མང་པོར་སྨྲ་བ་དང་ལྡན་པ་དེ་ནི་སྨྲ་མངས་སམ་སྨྲ་བ་ཅན་ཡིན་ནོ། །རྟགས་གསུམ་ཡང་དེ་བཞིན་ནོ། །ཨཱཊ་ཙ་ཞེས་བྱ་བ་ནི་ཇི་
ལྟར་བཱ་ཙ་ཊཽཿ། འདི་ཡང་སྨྲ་བ་ཅན་ཡིན་ཏེ། གང་མང་པོར་སྨྲ་བ་དང་ལྡན་པ་དེ་ནི་སྨྲ་མངས་སེམས་སྨྲ་བ་ཅན་ཡིན་ནོ། །རྟགས་གསུམ་ཡང་དེ་བཞིན་ནོ། །ཨ་ནི་༡༨ཞེས་བྱ་བ་ནི་ཇི་ལྟར་ཕ་ལི་ནོ་ཞེས་བྱ་བ་འབྲས་བུ་ཅན་ཡིན་ཏེ། གང་ལ་འབྲས་བུ་ཡོད་པ་དེ་ནི་འབྲས་བུ་
ཅན་ཏེ་ཤིང་ཞེས་བྱའོ། །ནོ་ཞེས་བྱ་བ་ནི་ན་རོ་ནི་ཕོའི་རྟགས་སུ་སྟོན་པའོ། །མོ་ལ་ནི་པ་ལི་ན་ཞེས་རིང་པོར་འདྲེན། མ་ནིང་ལ་ནི་ཕ་ལི་ནམ། །ཞེས་བྱ་བ་སྣ་དང་ལྡན་པར་འདྲེན་ཏེ། འདིར་ཤིང་གི་འབྲས་བུ་ལ་རྟགས་རྣམས་གསུམ་སྦྱོར་བ་ན་ཕོའི་རྟགས་ནི་ཤིང་གི་འབྲས་
བུ་རགས་པ་ལ་སྦྱར་རོ། །མོའི་རྟགས་ནི་འཁྲི་ཤིང་དང་ལྕུག་མའི་འབྲས་བུ་ལ་སྦྱར་རོ། །མ་ནིང་གི་རྟགས་ནི་སྤྱིའི་རིགས་ལ་སྦྱར་ཏེ་པ་ནགས་ཚལ་ལ་སྦྱར་རོ། །དེ་བཞིན་དུ་བ་དྷི་ནོ་ཞེས་བྱ་བ་མདོངས་ལྡན་ཏེ་རྨ་བྱ་ཕོ། །བརྷི་ནཱ་ཞེས་བྱ་བ་མདོངས་ལྡན་མ་སྟེ་རྨ་བྱ་མོ། །
བ་ར་ཧི་ནཾ་ཞེས་བྱ་བ་མདོངས་ལྡན་ཏེ་ནགས་སོ། །དེ་བཞིན་དུ་མ་ལི་ན་ཞེས་བྱ་བ་དྲི་མ་ཅན་ལ་སོགས་པ་ལ་ཡང་སྦྱར་རོ། །ཨ་ར་ཀ་༡༧ཞེས་བྱ་བ་ནི་བྲི་དཱ་ཀ་ཞེས་བྱ་བ་རྩ་བ་ཅན་ནམ་ཚོགས་ཅན་མ་ཡིན་ཏེ། འདིར་ཨཱ་ར་ཀ་ལྡན་པ་ཡོད་པའི་རྐྱེན་དུ་སྦྱར་རོ། །ཤྲིངྒ་ར་ཀོ་ཞེས་བྱ་བ་རྭ་

ཅན་ཏེ་མ་ཧེ། ཤྲིངྒ་ར་ཀཱ་ཞེས་བྱ་བ་རྭ་ཅན་མ་སྟེ་མ་ཧེ་མོའོ། །ཤྲིངྒཱ་ར་ཀ་ཞེས་བྱ་བ་རུ་རིངས་ཏེ་རིགས་སོ། །རིགས་ནི་མ་ནིང་གི་རྟགས་སོ། །ཨཱ་ལུ་ཙ་༢༠ཞེས་བྱ་བ་ནི་ཇི་ལྟར་ཤཱ་ཏཱི་ལུཿ། ཞེས་བྱ་བ་ནི་གྲང་བ་ཅན་ཡིན་ཏེ། གྲང་བ་དང་ལྷན་ཅིག་པ་ནི་གྲང་བ་
ཅན་ཞེས་བྱའོ། །དེ་བཞིན་དུ་ཨུཏྣ་ལུཿ ཞེས་བྱ་བ་དྲོ་བ་ཅན་དང་། ཏྲི་བ་ལུཿ ཞེས་བྱ་བ་སྐོམ་པ་ཅན་དང་། འདིར་ཡང་ཨ་ལུཿ ཞེས་བྱ་བའི་སྒྲ་ཡོད་ཅིང་ལྡན་པར་སྟོན་ཏོ། །ཙ་ལུ་༢༡ཞེས་བྱ་བ་ཇི་ལྟར་ཧེ་མེ་ལུཿ ཞེས་བྱ་བ་གངས་ཅན་ཡིན་ཏེ། འདིར་ཨེ་ལུ་ཞེས་བྱ་བ་ནི་ཡོད་པའི་
རྐྱེན་ནི་གཞན་སྡུད་པའི་ཚིག་གི་ཕྲད་ཡིན་པར་ཟད་དོ། །ཙུ་ལ་༢༢ཞེས་བྱ་བ་ནི་ཇི་ལྟར་པ་ལུ་ལ་ཞེས་བྱ་བ་སྟོབས་ཅན་ཡིན་ཏེ་སྟོབས་དང་བཅས་པ་ནི་སྟོབས་ཅན་ནོ། །འདིར་ཨུ་ལ་ནི་ཡོད་པའི་རྐྱེན་དུ་སྦྱར་ལ་ཙ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་བ་ཏ་ལཿ ཞེས་བྱ་བ་གདུང་བ་ཅན་
ཡིན་ནོ། །ཨ་ཎ་༢༤ཞེས་བྱ་བ་ནི་བ་ཤཥྚཿ ཞེས་བྱ་བ། བ་ཤིཥྚཿ ནི་དྲང་སྲོང་གནས་འཇོག་གི་མིང་ཚེག་དྲག་ནི་ཨ་ཎ། ཞེས་བྱ་བའི་མཚན་མ་ཡིན་ཏེ། འདི་ཡང་ཡོད་ཅིང་ལྡན་པར་སྟོན་པའི་ཚིག་གི་རྐྱེན་ཡིན་པ་ལས་སྐབས་འདིར་སྐྱེས་པ་རྐྱེན་ཡིན་ཏེ། གནས་འཇོག་ལ་
ནི་སྐྱེས་པའི་ཕྱིར་གནས་འཇོག་པོའམ། གནས་འཇོག་གི་བུ་ཞེས་པའོ། །ཨངྒི་རསཿ ཞེས་བྱ་བ་ཉི་མ་ལས་སྐྱེས་པའི་ཕྱིར་ཉི་མ་འམ། ཉི་མའི་རིགས་སམ་ཉི་མའི་བུ་ཞེས་བྱའོ། །དེ་བཞིན་དུ་ན་ཀུ་ལཿ ཞེས་བྱ་བ་ན་ཀུ་ལཿ འི་བུའོ། །བ་སུ་དེ་བཿ ཞེས་བྱ་བ་ནོར་ལྷའི་
བུའོ། །འདི་དག་ལ་སོགས་པ་སྐྱེས་པ་སྔོན་དུ་བརྗོད་པ་འདི་ཡང་ཨཎའོ་། །སྤྱིར་ལྡན་པའི་རྐྱེན་ཡིན་པ་ལས་འདི་དག་ཉིད་ནི་སྐྱེས་པའི་རྐྱེན་ཞེས་ཀྱང་བྱའོ། །ཨ་ཤྭཿ པ་ཏི་ཁུ་སུཿ པ་ཏི་ཞེས་བྱ་བ། རྟའི་བདག་པོ་དང་ནོར་གྱི་བདག་པོ་ཡིན་ཏེ། བདག་པོར་སྐྱེས་པས་བདག་
པོར་སྟོན་པའི་ཚིག་གི་རྐྱེན་དུ་སྟོན་པར་སྦྱར་རོ། །བུདྡྷཿ ཏ་ཐཱ་ག་ཏ། ཞེས་བྱ་བ་འདི་དག་སངས་རྒྱས་སམ་དེ་བཞིན་གཤེགས་པ་རྣམས་ལྷར་སྟོན་པའི་ཚིག་གི་རྐྱེན་ཡིན་ནོ། །ལྷ་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པར་སྟོན་པའི་ཚིག་གི་རྐྱེན་ནོ། །ཀ་ཤ་ཡཾ་ཞེས་བྱ་བ་

ངུར་སྨིག་གིས་བསྒོས་པ་ཡིན་པས་ངུར་སྨིག་མ་ཞེས་བྱའོ། །དེ་བཞིན་དུ་ཀུངྐུ་མ་ཞེས་བྱ་བ་གུར་གུམ་མ་ཞེས་བྱ་སྟེ་གུར་གུམ་གྱིས་བསྒོས་པའི་རས་ནི་གུར་གུམ། མེ་ཏོག་གིས་བསྒོས་པའི་རས་ནི་མེ་ཏོག་མ་ཞེས་བྱ་བ་ལ་སོགས་པ་སྟེ། བསྒོས་པའི་ཚིག་གི་རྐྱེན་འདི་
ཡང་ཨ་ཎ་ཡིན་ནོ། །འདི་ལྟ་བུ་ལ་ནི་རྒྱ་གར་གྱི་ཡི་གེ་ལ་ཡང་མ་ཞེས་བྱ་བ་བསྒོས་པའི་རྐྱེན་དུ་འགྱུར་བ་དེ་བཞིན་དུ་བོད་ཀྱི་སྐད་ལའང་མ་ཞེས་བྱ་བ་བསྒོས་པའི་རྐྱེན་དུ་འགྱུར་རོ། །གཞན་ཡང་ཛ་ནས་ད་ཞེས་བྱ་བ་ཡུལ་གྱི་མིང་ཅན་ཏེ་ཡུལ་གྱི་མི་གནས་པའི་ས་ཕྱོགས་ནི།
ཡུལ་མི་ཅན་ནམ་ལྗོངས་ཞེས་བྱའོ། །དེ་བཞིན་དུ་པཉྩ་ལ་གནས་པའི་ཡུལ་པཉྩ་ལ་ཞེས་བྱའོ། །འདི་ལྟ་བུ་ལ་སོགས་པ་ནི་གནས་པར་སྟོན་པའི་རྐྱེན་ཡིན་ཏེ་ཨ་ཎ་ཡིན་ནོ། །ཐ་སྱེ་ཀ་སུན་ཞེས་བྱ་བ་ནི་ཇི་ལྟར་ཀྲ་མ་ཀཿ ཞེས་བྱ་བ་ཀ་ལྡན་པའི་ཚིག་ཏུ་གྱུར་པའོ། །ཁ་ཉ་༢༦
ཞེས་བྱ་བ་ནི་ཇི་ལྟར་ཀོ་ལ་ཏ་ནཾ་ཀྵེ་ཏྲ་ཞེས་བྱ་བ་རྒྱ་སྲན་གྱི་ཞིང་ཡིན་ཏེ་རྒྱ་སྲན་གྱི་འབྱུང་གནས་ཀྱི་ཞིང་ཞེས་སྦྱར་རོ། །དེ་ཡང་ཀེ་ན་ཏྲེ་ཁཉ་ཞེས་བྱའོ། །ཨིཉ་༢༧ཞེས་བྱ་བ་ནི་ཇི་ལྟར་ད་ཤ་ར་ཐི་ཞེས་བྱ་བ་ཤིང་རྟ་བཅུ་བའམ་ཤིང་རྟ་བཅུ་པའི་བུ་ཡིན་ཏེ། དེ་བཞིན་དུ་ཤུ་དྷོ་ད་ནི། ར་མ་ནིཿ ཨརྫུ་ཎིཿ
ཞེས་བྱ་བ། ཟས་གཙང་གི་སྲས། ར་མ་ནའི་བུ། སྲིད་སྒྲུབ་ཀྱི་བུ། ཨིའི་ཚིག་དང་ལྡན་པ་འདི་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཕ་ཀ་༢༨ཞེས་བྱ་བ་ནི་ཇི་ལྟར། ན་ར་ཡ་ནཿ ཞེས་བྱ་བ་སྲེད་མེད་ཀྱི་བུ་སྟེ། ཨ་ཡ་ནཿ། ཞེས་བྱ་བ་བྱུང་བའམ་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཕ་ཀ་
ཞེས་བྱ་སྟེ། ཚེག་དྲག་གི་དོན་ཡིན་ནོ། །ཡ་ཉ་ཙ་༢༩ཞེས་བྱ་བ་ནི་ཇི་ལྟར་གརྒྒཿ ཞེས་བྱ་སྟེ། དྲང་སྲོང་གརྒྒ་ལས་སྐྱེས་པའི་ཕྱིར་གརྒྒའི་བུ་ཞེས་བྱ་སྟེ། འདི་ཡང་སྐྱེས་པའི་རྐྱེན་དུ་སྦྱར་རོ། །དྷ་ཀ་༣༠ཞེས་བྱ་བ་ནི་ཇི་ལྟར་གངྒེ་ཡཿ ཞེས་བྱ་བ་གངྒའི་བུ་ཡིན་ཏེ་ཨི་ཡ་ཞེས་བྱ་བ་སྐྱེས་
པའི་ཚིག་གི་རྐྱེན་དུ་སྦྱར་རོ། །ཨཻར་ཀ་༣༡ཞེས་བྱ་བ་ཇི་ལྟར་ཙ་ཊ་ཀཻ་རཿ ཞེས་བྱ་བ་ཙཱ་ཊ་ཀའི་བུ་ཡིན་ཏེ། ཨིའི་ར་ཞེས་བྱ་བ་ནི་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཨེ་སྟེ་ཀ་༣༢ཀ་ཞེས་བྱ་བ་ནི་ཇི་ལྟར་གོ་དྷ་རེ་ཞེས་བྱ་བ་གོ་དྷ་ལས་སྐྱེས་པའི་ཕྱིར་གོ་དྷའི་བུ་ཞེས་བྱ་སྟེ་ཨེ་རཿ ཞེས་བྱ་བ་འདི་ཡང་

སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཨཱ་ར་ཀ་ཞེས་བྱ་བ་ནི་ཇི་ལྟར་གོ་དྷ་རཿ ཞེས་བྱ་བ་ནི་གོ་དྷ་ལས་སྐྱེས་པའི་ཕྱིར་གོ་དྷའི་བུ་ཞེས་བྱ་སྟེ་ཨ་རཿ ཞེས་བྱ་བ་འདི་ཡང་སྐྱེས་པའི་རྐྱེན་དུ་སྦྱར་རོ། །གྷ་ཞེས་བྱ་བ་ནི་ཇི་ལྟར་ཀྵ་ཏྲི་ཡཿ ཞེས་བྱ་བ་ཀྵ་ཏྲ་ནི་རྒྱལ་པོ་ཨི་ཡ་
ནི་སྐྱེས་པའི་རྐྱེན་དུ་སྦྱར་ཏེ་རྒྱལ་རིགས་ཞེས་བྱ། གྷ་ནི་ཛཱ་ཏཽ་གྷ་ཞེས་བྱ་སྟེ་རིགས་སམ་སྐྱེས་པའི་རྐྱེན་གྱི་ཚིག་གོ། །ཁ་༣༥ཞེས་བྱ་བ་ནི་ཇི་ལྟར་ཀུ་ལིནཿ ཞེས་བྱ་བ་རིགས་ལས་སྐྱེས་པའི་ཕྱིར་རིགས་ལྡན་ནམ། རིགས་ཅན་ནམ། རིགས་ཀྱི་བུ་སྟེ། ཨི་ན་སྐྱེས་པའི་
རྐྱེན་དུ་སྦྱར་རོ། །ཁ་ནི་ཁ་ཡ་དནྟ་ཙོ་ཏོ་ཁ་སྲེ་ཏྱ་ཡ་ཞེས་བྱ་སྟེ་ཁ་སྐྱེས་པའི་རྐྱེན་དུ་སྦྱར། ཎུ་༣༦ཞེས་བྱ་བ་ནི་ཇི་ལྟར་ཏེ་ཏྱཿ ཞེས་བྱ་བ་སྦྱིན་བྱེད་མ་ལས་སྐྱེས་པའི་ཕྱིར་སྦྱིན་བྱེད་མའི་བུ་སྟེ། འདིར་ཡ་ཞེས་བྱ་བ་འདི་ཡང་སྐྱེས་པའི་རྐྱེན་དུ་སྦྱར་རོ། །ཡ་ཏ་༣༧ཞེས་བྱ་བ་ནི་ཇི་ལྟར་
ཀཏྠྱཿ ཨོཥྜྱཿ ཞེས་བྱ་བ་མགུལ་པ་དང་མཆུ་ཡིན་ཏེ། ཡ་ཞེས་བྱ་བ་ངོ་བོ་ཉིད་རྐྱེན་ཡིན་ཏེ། མགུལ་པ་གང་ཡིན་པ་ནི་མགུལ་པ་ཞེས་བྱའོ། །ཨི་ཏྭཙ་༣༨ཞེས་བྱ་བ་ནི་ཇི་ལྟར་ཀུ་སུ་མི་ཏོ་བྲི་ཀྵཿ ཞེས་བྱ་བ་མེ་ཏོག་གི་ཤིང་ཡིན་ཏེ། གང་ལ་མེ་ཏོག་བསྐྱེད་པ། དེ་ནི་མེ་
ཏོག་ཤིང་ཞེས་བྱ་སྟེ། ཨ་ཏྲ་ནི་༣༩བྱས་པའི་རྐྱེན་ཡིན་ནོ། །དེ་བཞིན་དུ་པ་ལི་ཏཿ ཞེས་བྱ་བ་འབྲས་བུའི་ཆེད་དུ་བསྐྱེད་ཅིང་བྱས་པའི་ཤིང་ནི་འབྲས་བུའི་ཤིང་སྟེ་ཨི་ཏ་བྱས་པའི་རྐྱེན་དུ་སྦྱར་རོ། །ན་ཞེས་བྱ་བ་ནི་ཇི་ལྟར་ཀུ་སུ་མ་དྷ་ནུ་ཞེས་བྱ་བ་ནི། མེ་ཏོག་གི་མདའ་ཅན་མ་ཡིན་
ཏེ། དྷ་ནུ་ཞེས་བྱ་བ་མདའ་གཞུའི་སྒྲ་ལ་དྷ་ཞེས་བྱ་བ་སྦྱར་ན་ལྡན་པའི་རྐྱེན་དུ་འགྱུར་ཏེ། ཚིག་གཞན་དོན་གྱི་ཚིག་སྡུད་པའོ། །ཙུཉྩ་ཡ་༤༡ཞེས་བྱ་བ་ནི་ཇི་ལྟར་ཤབྡ་ཙུཉྩུཿ བྱ་ཁྱ་ན་ཙུཉྩུཿ ཙོ་ཏྱ་ཙུཉྩུཿ སཾ་ཀྲི་ཏི་ཙུཉྩུཿ ཞེས་བྱ་སྟེ། ཙུཉྩུའི་རྐྱེན་ནི་རིག་པ་ཡོད་པར་
སྟོན་པ་སྟེ། སྒྲ་རིག་པ་བཤད་པ་རིག་པ། བསྐུལ་བ་རིག་པ། ལེགས་པར་སྦྱར་བ་རིག་པའོ། །ཙ་ཎ་པ་༤༢ཞེས་བྱ་བ་ནི། ཇི་ལྟར་བྲི་ཏྱ་ཙ་ཎཿ གཱི་ཏ་ཙ་ཎ། ཤབྡ་ཙ་ཎཿ ཀྲ་བྱ་ཙ་ཎཿ། སཾ་སྐྲི་ཏི་ཙ་ཎཿ བྱཱ་ཁྱ་ཎ་ཙ་ཎཿ ཞེས་བྱ་བ་ལྟ་བུ་སྟེ། གར་

རིག་པ། གླུ་རིག་པ་ལ་སོགས་པ་ཙ་ནའི་སྒྲ་རིག་པ་དང་ལྡན་པའི་རྐྱེན་དུ་འགྱུར་བའོ། །ཨཥྠི་ཎ་༤༣ཞེས་བྱ་བ་ཇི་ལྟར་ལ་གྷི་ཥྛ་ལ་གྷ་ན་མྱུར་བ། ཨིཥྠ་ནི་ལྡན་པའམ་གནས་པའི་དོན་ཏེ། ཐམས་ཅད་དུ་ལྷག་པའི་བསམ་པས་མྱུར་བ་ཅན་ནི་མྱུར་གནས་སོ། །དེ་བཞིན་དུ་སནྡྷཥྠཿ ཞེས་
བྱ་བ་སནྡྷ་ནི་ལེགས་པ་ཨཥྠི་ནི་༤༣ཚིག་གི་རྐྱེན་ཏེ། གཞན་ཡང་དེ་བཞིན་དུ་སྦྱར་རོ། །ཨི་ཡ་སུ་ན་༤༤ཞེས་བྱ་བ་ཇི་ལྟར་པ་ཊུ་བ་ཊུ་ཏི་ཡན། སྠུ་ལ། སྠཱ། བི་ཡན། དུ་ར། ད་བི་ཡ་ན། ཞེས་བྱ་བ་ལ་སོགས་པ་སྟེ། ཨི་ཡན། ཞེས་བྱ་བའི་ཚིག་ནི། ཡོན་ཏན་ལ་
སོགས་པ་མཐར་ཐུག་པའི་ཕྱིར། གཉིས་ཚིག་གམ་གཅིག་ལ་ཤིན་ཏུ་ཕུལ་དུ་བྱུང་བའི་ཚིག་ཡིན་ཏེ། ཤིན་ཏུ་ཞེའམ། རབ་ཏུ་ཞེའམ། ཡང་ན་མང་པོའི་ཚིག་ཏུ་སྟོན་ཏོ། །ཏ་ར་པ་༤༥ཞེས་བྱ་བ་ནི། ཇི་ལྟར་ཀུ་མཱ་ར་ཏ་རཿ ཀུ་མཱ་རཱ་ཏ་རཱ། ཀུ་མཱ་ར་ཏ་རཾ། ཞེས་བྱ་བ་ལ་སོགས་པ་
སྟེ། འདི་ཡང་གཉིས་སམ། མང་པོའམ། མཆོག་གི་དོན་དུ་སྟོན་ཏེ། མཆོག་ཏུ་གཞོན་པ། མཆོག་ཏུ་གཞོན་ནུ་མ། བྱ་བ་ལྟ་བུ་རྟགས་ཀྱིས་ཕྱེ་བའོ། །ཏ་མ་པ་༤༦ཞེས་བྱ་བ་ནི། ཀུ་མཱ་ར་ཏ་མཿ ཀུ་མཱ་ར་ཏ་མཱ། ཀུ་མཱ་ར་ཏ་མཾ་སྟེ། འདིར་ཡང་ཏ་མའི་སྒྲ་སྔ་མ་བཞིན་དུ། གཉིས་
སམ་མང་པོ་འམ་མཆོག་གི་དོན་དུ་སྦྱར་རོ། །ཀ་ལྱ་བ་༤༧ཞེས་བྱ་བ་ནི་ཇི་ལྟར་ཨིནྡྲ་ཀལྤ་ཞེས་བྱ་བ། ཨིནྡྲ་ནི། དབང་པོ་ཀལྤ་ནི་རུང་བའི་རྐྱེན་ཏེ་དབང་པོ་ཅུང་ཟད་རྫོགས་པ་ནི་དབང་པོར་བཏགས་པའོ། །དེ་བཞིན་དུ་པཎྚི་ཏ་ཀལྤ། ཞེས་བྱ་བ་དང་། པི་ཏྲི་ཀལྤ། མ་ཏྲི་ཀལྤ། དེ་བ་ཀལྤ།
ཞེས་བྱ་བ་མཁས་པར་བཏགས་པ་དང་། ཕར་བཏགས་པ་དང་། མར་བཏགས་པ་དང་། ལྷར་བཏགས་པ་ཞེས། ཀལྤའི་སྒྲ་རུང་བའམ་དྲ་མར་གྱུར་པར་འདྲ་བའི་ཚིག་གི་རྐྱེན་དུ་སྦྱར་རོ། །དེ་ཤྱ་༤༨ཞེས་བྱ་བ་ནི་ཇི་ལྟར་པརྠ་ཏ་དེ་ཤྱ་ཞེས་བྱ་བ། རི་ཕྱོགས་ཏེ་ཅུང་ཟད་ཀྱིས་
རྫོགས་པའི་རི་དེ་ལས་ནི་ཕྱོགས་ཀྱི་ཚིག་གིས་ཡུལ་ལོ། །དེ་བཞིན་དུ་མཚོའི་ཕྱོགས་ཀྱང་ཡུལ་ལོ། །དེ་ཤི་ཡ་ར་༤༩ཞེས་བྱ་བ་ནི་ཇི་ལྟར་རཱ་ཛཱ་དེ་ཤི་ཡོ་ཞེས་བྱ་བ། རྒྱལ་ཕྱོགས་ཞེས་བྱ་སྟེ། རྒྱལ་པོ་ཅུང་ཟད་ཀྱིས་རྫོགས་པ་དེ་ནི་བློན་པོ་སྟེ། དེ་བཞིན་དུ་རཱ་ཛཱ་དེ་ཤི་ཡཱ་ཞེས་བྱ་བ་བཙུན་

མོ་དང་། རཱ་ཛཱ་དེ་ཤི་ཡཾ་ཞེས་བྱ་བ་རིགས་ལ་སྦྱར་རོ། །ཅུང་ཟད་ཀྱིས་གཞན་པའི་དོན་ནི་ཀལྤ་ཞེས་བྱ་བ་དང་། དེ་ཤྱ་ཞེས་བྱ་བ་དང་། དེ་ཤི་ཞེས་བྱ་བའི་དོན་ཏེ། བཏགས་པ་དང་། ཕྱོགས་ཀྱི་ཚིག་ནི་ཅུང་ཟད་ཅིག་གཞན་པའི་ཚིག་གི་རྐྱེན་དུ་སྦྱར་རོ། །ཛ་
ཏི་༥༠ཡ་ར་ཞེས་བྱ་བ་ནི། ཇི་ལྟར་པ་ཊ་ཛ་ཏི་ཡ། མྲི་དུ་ཛ་ཏི་ཡཿ ས་མཱ་ན་ཛ་ཏི་ཡ། ཏལྱ་ཛ་ཏི་ཡ། ཞེས་བྱ་བ་ཛ་ཏི་ཡ་ཞེས་བྱ་བ་ནི་དེའི་རྣམ་པ་དང་ལྡན་པའི་ཚིག་ནི་རྐྱེན་ཏེ། གསལ་བའི་རང་བཞིན་ཅན། འཇམ་པའི་རང་བཞིན་ཅན། མཉམ་པའི་རང་བཞིན་ཅན། འདྲ་བའི་རང་བཞིན་
ཅན། ཞེས་བྱ་སྟེ། འདིར་ཛ་ཏི་ཡ་ར་ཞེས་བྱ་བའི་ར་ནི་མཆོག་ཏུ་ཉེ་བའི་མཚན་མའི་དོན་ཏོ། །མ་༥༣ཏྲ་ཊྭཱ་ཞེས་བྱ་བ་ནི་ཇི་ལྟར་ཛཱ་ནུ་མ་ཏྲ་ཛ་ལང་ཞེས་བྱ་བ་པུས་མོ་ཙམ་གྱི་ཆུ་ཡིན་ཏེ་པུས་མོའི་ཚད་ཀྱི་ཚུལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་པུས་མོ་ཙམ་གྱི་དོང་ཞེས་བྱ་བ་ལ་སོགས་པའོ། །དྭ་
ཡ་༥༡ན་ཤད་ཅེས་བྱ་བ་ནི་ཇི་ལྟར་ཨུ་རུ་དྭ་ཡ་སྭ་ཛ་ལ་ཞེས་བྱ་བ་ནི་བརླ་ཙམ་གྱི་ཆུ་འམ་བརླ་སྙེད་ཀྱི་ཆུ་སྟེ་བརླའི་ཚད་ཀྱི་ཆུ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་དུ་བརླ་ཙམ་གྱི་ཁྲོན་པ་དང་། བརླ་ཙམ་གྱི་ཆུ་ཀླུང་ཞེས་བྱའོ། །ད་གྷ་ཊ་༥༢ཞེས་པ་ཨུ་རུད་གྷ་ཛ་ལ་ཞེས་བྱ་སྟེ་བརླའི་ཚད་ཀྱི་ཆུ་ནི་བརླ་
ཙམ་གྱི་ཆུ་སྟེ། དེ་བཞིན་དུ་བརླ་ཙམ་གྱི་ཁྲོན་པ་བརླ་ཙམ་གྱི་ཆུ་ཀླུང་ཞེས་བྱའོ། །འདི་རྣམས་ནི་ཚད་འཛིན་པ་ཅན་གྱི་རྐྱེན་དུ་སྦྱར་རོ། །ཏ་ཡ་ཊ་ཞེས་བྱ་བ་ནི་ཇི་ལྟར་པཉྩ་ཏ་ཡ་ཞེས་བྱ་བ་ལྔའི་ཆ་ཤས་སམ། ཡན་ལག་གམ། དབྱེ་བ་སྟེ། དེ་བཞིན་དུ་ད་ཤ་ཏ་ཡ་དྭ་ཏ་ཡ། ཨེ་ཀ་ཏ་
ཡཿ ཏི་ཏ་ཡཿ ཞེས་བྱ་བ་དང་། མོའི་རྟགས་ལ་པཉྩ་ཏ་ཡི། ད་ཤ་ཏ་ཡི་ཞེས་བྱ་བ་དང་། མ་ནིང་གི་རྟགས་ལ་པཉྩ་ཏ་ཡང་། ད་ཤ་ཏ་ཡང་བྱ་བ་ལྟ་བུ་གྲངས་ཀྱི་ཡན་ལག་སྟོན་པའི་རྐྱེན་ཡིན་ནོ། །ཐ་༥༥ཀ་ཞེས་བྱ་བ་ཇི་ལྟར་དཽ་བ་རི་ཀཱི་དཽ་བ་རི་ཀཱ་ད་ཞེས་བྱ་བ་སྒོ་ལ་བསྐོས་པ་
ནི་སྒོ་བ་ཞེས་བྱ་སྟེ། ཨི་ཀ་བསྐོས་པའི་རྐྱེན་ཏེ་གོང་དུ་བསྟན་པ་ཐ་ཀ །ཐ་སེ་ཀ་ཞེས་པ་ལྟ་བུའོ། །ཐ་༥༦ཉ་ཞེས་བྱ་བ་ཇི་ལྟར་དྲ་སྠི་ཀ །ཞེས་བྱ་བ་འཇུག་པར་བྱེད་པས་འཇུག་པ་ཅན་ཞེས་བྱ་སྟེ། ཐ་ཉ་ཞེས་བྱ་བ་འདི་ཡང་ཨི་ཀར་སྦྱར་རོ། །དེ་རྣམས་ནི་དེ་ལ་ཕན་པའི་རྐྱེན་རྣམ་

པ་གསུམ་དུ་བཤད་པ་ལས་སྤྱིའི་རྐྱེན་ཞེས་བྱ་བ། སྤྱི་ལ་འཇུག་པའི་རྐྱེན་ལྔ་བཅུ་རྩ་དྲུག་བསྟན་པའི་ལེའུ་སྟེ་དང་པོའོ།། །།གྲངས་མེད་པའི་ངོ་བོ་ཉིད་ཀྱི་རྐྱེན་གང་ཞེ་ན། ཏ་སཿ ཏྲ་ལ། དྷུ་ན། ད་ནཱི། ཧི་ན། ཧ། ཨཱ་ཏ། ཐ་ལ། ཐ་མུ། ཨསྟ་དི། ཏྱ་ས།
ཨུ་ད། ཨ་རི། ས་མ་ས་ཎ། ཨརྱ་བ་རི། མུ་ས། ཨི་ཧྱ་ས་ཙ། ཨཱ་ཏ། རི་ལ་རི་ཤ་ཏི་ལ། ཨེ་ན་ཡ། ཨ་ཙ། ཨཱ་ཧ། དྷྱཱ་དྷྱ་མུ་ཉིད། ཨེ་དྷ་ཙྸ། ཨ་མཿ ཞེས་བྱའོ། །དེ་ལ་ཏས་ཞེས་བྱ་བ་ནི་ཇི་ལྟར། ཡཱསྨཱ། ཡ་ཏཿ། ཏ་སྨད་ཏ་ཏཿ ཞེས་བྱ་བ་གང་
ཡིན་པའམ། གང་ཡང་རུང་བའི་ཚིག་སྟེ། ཟད་པར་མི་འགྱུར་བའམ་གྲངས་མེད་པའི་ངོ་བོ་ཉིད་ཀྱི་ཚིག་ཡིན་པ་ལས། དེ་བསྡུས་ཏེ་ཡ་ཏ་ཞེས་སྦྱར་ཏེ། འདིའི་དོན་ནི་གང་གང་ཡིན་པའི་ཕྱིར་ནི་གང་གི་ཕྱིར་ཞེས་བྱའོ། །དེ་བཞིན་དུ་ཏ་སྨད་ཏ་ཏཿ དེ་གང་ཡིན་
པའི་ཕྱིར་དེའི་ཕྱིར་ནི་དེའི་ཕྱིར་ཞེས་བྱའོ། །ཀ་སྨྲད་ཀུ་ཏ། ཞེས་བྱ་བ་ཅི་གང་ཡིན་པའི་ཕྱིར་ནི་ཅིའི་ཕྱིར་ཞེས་བྱའོ། །ཨེ་ཏ་སྨད་ཨ་ཏ། འདི་གང་ཡིན་པའི་ཕྱིར་ནི་འདིའི་ཕྱིར་ཞེས་བྱའོ། །སཱ་ར་སྨྲད་སཱ་ར་ཏ། ཞེས་བྱ་བ་གཞན་གང་ཡིན་པའི་ཕྱིར་ན་གཞན་གྱི་ཕྱིར་རོ། །
ཏྲ་ལ་ཞེས་བྱ་བ་ནི། ཇི་ལྟར་ཡ་སྨཱད་ནི་ཡ་ཏྲ་ཞེས་བྱ་བ། གང་གང་ཡིན་པ་ལ་ནི་གང་ལ་ཞེས་བྱ་སྟེ་འདི་ཡང་ཡ་སྨཱིན་གྱི་སྒྲ་དངོས་པོ་གང་ཡིན་པ་ལ་འཇུག་པ་ཕྱི་ནས། ཏྲའི་སྒྲ་སྦྱར་ཏེ་ཡ་ཏྲ་ཞེས་བསྟན་ཏོ། །འོག་མ་ཀུན་ལ་ཡང་དེ་ལྟར་སྦྱར་རོ། །ཏ་སྨཱིན་ཏ་ཏྲ། དེ་
གང་ཡིན་པ་ནི་དེ་ལའོ། །ཨསྨིན་ཨ་ཏྲ་ཞེས་བྱ་བ་སྟེ། འདི་གང་ཡིན་པ་ལ་ནི་འདི་ལའོ། །ཨ་མུ་སྨཱིནཿ ཨ་མུ་ཏྲ། ཞེས་བྱ་བ་གང་ཡིན་པ་ནི་འདི་ཞེས་བྱ་བ་ལའོ། །ཀསྨཱིན་ཀ་ཏྲ། ཞེས་བྱ་བ་ལ། སུ་གང་ཡིན་པ་ལ་ནི་སུ་ལའོ། །འདི་ལྟར་བདུན་པ་ཏྲ་ལ་ཞེས་བྱ་བ་སྟེ་
བདུན་པའི་མཐའ་ལ་ཏྲ་ལ་སྦྱར་རོ། །དྷུ་ན་ཞེས་བྱ་བ་ཇི་ལྟར་ཨསྨཱིན་ཀ་ལེ། ཨ་དྷུ་ན། ཞེས་བྱ་བ་འདི་གང་ཡིན་པའི་དུས་ལ་ད་ལྟར་རམ་དེང་སང་ཞེས་བྱ་སྟེ། ཨ་དྷུ་ན་ནི་འདིའི་ཚུལ་ལོ། །འདིར་ཡང་སྨཱིན་གྱི་སྒྲ་ནི་གོང་མ་བཞིན་ཤེས་པར་བྱའོ། །དེ་ནི་ཞེས་བྱ་བ་ནི། ཇི་

ལྟར་ཨསྨཱིན་ན་ཀ་ཞེས་བྱ་བ་སྟེ། འདིར་ཡང་ད་ནི་སྒྲ་ཨེ་ད་ནིའི་ཚུལ་ལོ། །ཏསྨཱིན་ན་ཀཱ་ལེ་ད་ཀ་ནི་ཞེས་བྱ་བ་དེ་གང་ཡིན་པའི་དུས་ནི་དེའོ། །ད་ཞེས་བྱ་བ་ཇི་ལྟར་སརྦ་སྨཱིན་ཀཱ་ལེ་སརྦ་ཏཱ་ཞེས་བྱ་བ་གང་ཡིན་པ་ཐམས་ཅད་ཀྱི་དུས་ལ་ཐམས་ཅད་དུ་ཞེས་བྱའོ། །
ཨེ་ཀཱ་སྨཱིན་ཀཱ་ལྱེ་ཀ་ཏ་ཞེས་བྱ་བ་གཅིག་གི་དུས་གང་ཡིན་པ་ལ་གཅིག་ཏུ་ཞེས་བྱའོ། །ཨ་ནྱ་སྨཱིན་ཀཱ་ལྱ་ནྱ་ཏ་ཞེས་བྱ་བ་གཞན་གང་ཡིན་པའི་དུས་ལ་གཞན་དུ་ཞེས་བྱའོ། །ཀསྨཱིན་ཀཱ་ལེ་ཀཱ་ཏ་ཞེས་བྱ་བ་ནི་གང་ཡིན་པའི་དུས་ལ་གང་དུ་འམ་གང་གི་ཚེ་ཞེས་བྱ་བའོ། །ཀསྨཱིན་ཀཱ་ལེ་
ཏད་ཞེས་བྱ་བ་དེ་གང་ཡིན་པའི་དུས་ལ་དེ་རུ་འམ་དེའི་ཚེ་ཞེས་བྱའོ། །ཧི་ན་ཞེས་བྱ་བ་ཇི་ལྟར་ཏསྨཱིན་ཀཱ་ལེ་ཏརྷི་ཞེས་བྱ་བ། དེ་གང་ཡིན་པའི་དུས་ལ་དེ་འམ་དེར་ཞེས་བྱའོ། །ཨ་སྨཱིན་ཀཱ་ལྱི་ཏརྷི་ཞེས་བྱ་བ་འདི་གང་ཡིན་པའི་དུས་ལ་འདི་འམ་འདིར་ཞེས་བྱའོ། །ཧ་ཞེས་བྱ་
བ་ཇི་ལྟར་ཨསྨཱིན་ཀཱ་ལྱི་ཧ་ཞེས་བྱ་སྟེ། འདི་གང་ཡིན་པའི་དུས་ལ་འདིའམ་འདིར་ཞེས་བྱའོ། །ཨཱ་ཏ་ཞེས་བྱ་བ་ནི་ཇི་ལྟར་ཀྭའི་སྒྲ་ཀུ་ཏྲ་ཞེས་བྱ་སྟེ། གང་ལས་སམ་ལས་ཞེས་བྱའོ། །ཐ་ལ་ཞེས་བྱ་བ་ཇི་ལྟར་ཡཿ པྲ་ཀཱ་རོ་ཡ་ཐ། ཞེས་བྱ་བ་སྟེ། རྣམ་པ་ཇི་ལྟ་བུ་ནི་ཇི་ལྟར་
ཞེས་བྱའོ། །སརྦ་ན་པྲ་ཀཱ་རེ་ཎ་སརྦ་ཞེས་བྱ་སྟེ། ཐམས་ཅད་ཀྱིས་རྣམ་པ་ཇི་ལྟ་བ་ནི་ཡོངས་ཡེས་ཞེས་བྱའོ། །ཀཱཿ པྲ་ཀཱ་རཿ ཀ་ཐཱ་ཞེས་བྱ་བ་རྣམ་པ་ཇི་ལྟ་བ་ནི་ཅི་ཞེས་བྱའོ། །ཐཱ་མུ་ཞེས་བྱ་བ་ཇི་ལྟར་ཀེ་ན་པྲ་ཀཱ་རེ་ཎ་ག་ཐང་ཞེས་བྱ་བ་རྣམ་པ་གང་གིས་ནི་གང་གི་ཕྱིར་ཞེས་
བྱའོ། །ཨསྟ་དི་ཞེས་བྱ་བ་ཇི་ལྟར་སུརྦ་སྱ་དི་ཤི་བས་དོ། །པུ་ར་སྟཱད། བ་སི་ཏ་ཞེས་བྱ་སྟེ་ཤར་ཕྱོགས་ལ་གནས་པ་ནི་ཤར་གནས་པ་ནི་ཤར་གནས། ཤར་ཕྱོགས་ལ་འོངས་པ་ནི་ཤར་འོངས། ཤར་ཕྱོགས་ལ་དག་པ་ནི་ཤར་ལ་དག །ཨསྟ་དེའི་ཚུལ་ནི་ཕྱོགས་
ཀྱི་ཆ་ལ་བདུན་པ་དང་དང་པོ་དག་གོ །བུ་རའི་སྒྲ་གནས་གཞི་དག་ལ། ཨསྟའི་རྐྱེན་དང་སྦྱར་བས་གུ་ར་ཞེས་བསྟན་ཏོ། །ཏྱ་ས་ཞེས་བྱ་བ་ནི་ས་མ་ནྱ་ཧ་རི་ས་ཏྱ། ཞེས་བྱ་བ་ཉེ་བར་འབྱུང་བའམ་མཚུངས་པར་འབྱུང་བའི་ཚིག་སྟེ། དེ་མ་ཐག་ཅེས་བྱའོ། །ཨུ་ཏ་ཞེས་བྱ་བ་ནི་

ཇི་ལྟར་པུརྦ་སྨཱིན་སམ་པ་རི་པུ་ར་ཏཿ ཞེས་བྱ་སྟེ། སྔོན་གང་ཡིན་པར་གྱུར་པ་ནི་སྔོན་ནམ་སྔ་མ་ཞེས་བྱའོ། །ཨ་རི་ཞེས་བྱ་བ་ནི་ཇི་ལྟར་པུརྦ་ཏ་རེ་སམ་བ་སེ་རེ། བ་ར་རོ་ཞེས་བྱ་བ་སྔོན་དུ་སོང་བའམ་གྱུར་པ་སྟེ། པུ་རྦའི་སྒྲ་ལ་ཨ་རིའི་རྐྱེན་སྦྱར་ན་བ་ར་ཞེས་བྱ་བར་འགྱུར་རོ། །ས་མ་ས་ན་
ཞེས་བྱ་བ་ཇི་ལྟར་ཨསྨཱིན་སམ་བ་དེས་རེ་ཨེ་ཥ་མཿ ཞེས་བྱ་སྟེ། གང་ཡིན་པ་འདིའི་ལོ་ལ་འདི་ཞེས་བྱ་སྟེ། ཨི་ད་མའི་ཚུལ་ལས་མ་ས་ན་སྦྱར་བའི་ཚུལ་ལོ། །ཨེ་ཏྱ་བི་ཞེས་བྱ་བ་ཇི་ལྟར་བུ་ར་སྨིན་ཧ་ནི་ཡ་བེེ་ད་བེ་དྷི་ཏ་ཀེ་ཏ་རྷི་ཞེས་བྱ་བ་སྟེ། སྡུན་གང་ཡིན་པའི་ཉི་མ་ལ་རིག་བྱེད་ཀློག་
པ་གང་དེ་ཞེས་བྱའོ། །མུ་ས་ཞེས་བྱ་བ་ནི་ཇི་ལྟར་ཨ་སྨིན་ཧ་ནི། ཨ་ཏྱ་ཞེས་བྱ་སྟེ་འདི་གང་ཡིན་པའི་ཉི་མ་ནི་དང་ཞེས་བྱའོ། །ཨེ་ཏྱུ་ས་ཞེས་བྱ་བ་ནི་ཇི་ལྟར་བུ་རྭ་སྨིན་ཧ་ནི་པུརྦེ་ཏྱུཿ ཞེས་བྱ་སྟེ། ཉི་མ་གང་ཡིན་པ་དེ་ནི་སྔོན་ཞེས་བྱའོ། །དེ་བཞིན་དུ་ཉི་མ་གཞན་གང་ཡིན་པ་དེ་ནི་
གཞན་དུ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ས་ཏ་ཞེས་བྱ་བ་ནི་ཇི་ལྟར་དཀྵི་སནྡྷི་ཤི་པྲ་ཏི་བ་ས་དི་དཀྵི་ཎ་ཏོ་བ་ས་ཏི་ཞེས་བྱ་སྟེ། ལྷོའི་ཕྱོགས་ལ་གནས་པ་ནི་ལྷོ་ཕྱོགས་གནས། གཞན་ཡང་དཀྵི་ཎ་སྭཱ་དཱི་ཤ་ག་ཏཿ དཀྵི་ཎ་ཏཱ་ག་ཏཱཿ ཞེས་བྱ་སྟེ། ལྷོའི་ཕྱོགས་ནས་འོངས་པ་ནི་
ལྷོ་ནས་འོངས། ཨ་ཏ་ཞེས་བྱ་བ་ནི་ཇི་ལྟར་ཨུཏྟ་ར་སྨིན་དེ་ཤི་བ་ས་ཏི་ཞེས་བྱ་སྟེ། བྱང་གང་ཡིན་པའི་ཕྱོགས་ན་འདུག་པ་ནི་བྱང་ནས་འདུག །དེ་བཞིན་དུ་ལྷོ་ནས་འདུག །བྱང་ནས་འགྲོ། །གནས་གཞི་ནས་འདུག །གནས་གཞི་ནས་འགྲོ །ཞེས་པའོ། །རི་ལ་ཞེས་བྱ་
བ་ནི་ལྟར་ཨུརྡྷ་བས་ཏྱུ་བ་རི་བས་ཏི་ཞེས་བྱ་སྟེ། སྟེང་ན་གནས་པའི་དོན་ལ་བྱ་སྟེ་ཨུརྡྷ་གི་སྒྲ་ལ་རིའི་རྐྱེན་སྦྱར་ན་ཨུ་པ་རི་ཞེས་བྱ་བར་འགྱུར་རོ། །རིཥྚ་ཧི་ལ་ཞེས་བྱ་བ་ཇི་ལྟར་ཨུརྡྷ་མ་བ་ས་ཏྱུ་པ་རི་ཏང་བ་ས་ཏི་ཞེས་བྱ་སྟེ། སྟེང་དུ་གནས་པའི་དོན་ཡིན་པས་རིཥྚ་སྒྲ་རྟག་པ་
ཙམ་དུ་ཟད་དོ། །ཨེ་ན་ཡ་ཞེས་བྱ་བ་ནི་ཇི་ལྟར་པུརྦེ་དེ་ཤི་ར་མ་ཎི་ཡཿ པུརྦེ་ན་ར་མ་ཎི་ཡཾ་ཞེས་བྱ་སྟེ། ཤར་ཕྱོགས་སུ་དགའ་བར་བྱེད་པ་ནི་ཤར་གྱིས་དགའ་བར་བྱེད་པའོ། །ཨ་ཙ་ཞེས་བྱ་བ་ནི། ཇི་ལྟར་དཀྵི་ར་མ་ཎི་ཡཿ ཞེས་བྱ་སྟེ། ལྷོ་ཕྱོགས་ལ་དགའ་བ་ནི་ལྷོ་ཕྱོགས་དགའ་

ཞེས་བྱ་སྟེ། དཀྵི་ན་ཞེས་བྱ་བ་ལ་ཨའི་རྐྱེན་སྦྱར་རོ། །ཨ་ཧི་ཞེས་བྱ་བ་ནི་ཇི་ལྟར་དཀྵི་ཎ་སྱ་དི་ཤི་གྲཱ་མ་ས་དཱ་རེ་བ་ས་ཏི་དཀྵི་ཎ་ཧི་བས་ཧི་ཞེས་བྱ་སྟེ། ལྷོའི་ཕྱོགས་ཀྱི་གྲང་གི་ཐག་རིང་པོར་གནས་པ་ནི་ལྷོ་པ་གིར་གནས་ཞེས་བྱ་སྟེ། ཨ་ཧི་ཞེས་བྱ་བ་རིང་པོའི་
ཚིག་གོ། །དྷ་ཞེས་བྱ་བ་ཇི་ལྟར་ཀ་ཏི་པྲ་ཀཱ་རི་དྷ་བ་ཧུ་ཏ་པྲ་ཀཱ་ར་བ་ཧུ་དྷ། ཨེ་ཀ་པྲ་ཀཱ་རེ་ཀ་དྷཾ་ཞེས་བྱ་བ་ལ་སོགས་པ་སྟེ། དྷིའི་སྒྲ་ནི་རྣམ་པའི་ཚིག་གི་རྐྱེན་ཡིན་ཏེ། རྣམ་པ་གཅིག །རྣམ་པ་གཉིས། རྣམ་པ་མང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ནི་གྲངས་ཀྱི་ཚིག་བསྡུས་
པའོ། །དྷ་མུ་ཉ་བྱ་བ་ནི་ཇི་ལྟར་ཨེ་ཀ་དྷ་ཀུརཿ ཨེ་ཀ་དྷྱ་ཀུ་རཿ ཞེས་བྱ་སྟེ། རྣམ་པ་གཅིག་བྱེད་པའི་དོན་ཏེ། སྔ་མ་ལས་དྷ་ང་ཞེས་བྱས་པས་སོ། །དྷ་མུ་ཉ་ཞེས་བྱ་བ་ནི་ཇི་ལྟར་དྷཽ་པྲ་ཀཱ་རོ། །དྷེ་དྷཾ་ཞེས་བྱ་སྟེ། འདི་ཡང་སྔ་མ་ལྟར་སྦྱར་རོ། །ཨེ་དྷ་ཞེས་བྱ་བ་ནི་ཇི་ལྟར་དྷི་པྲ་ཀཱ་རཱཿ དྷེ་དྷ་
ཞེས་བྱ་སྟེ་འདི་ཡང་སྔ་མ་བཞིན་ནོ། །ཨམ་ཞེས་བྱ་བ་ནི། ཇི་ལྟར་ཨ་ཏི་ས་ཡེ་ན་དི་ཙ་རཾ་ཞེས་བྱ་སྟེ་ཤིན་ཏུ་ཡུན་རིང་པོའི་མཆོག་གམ་བཟང་པོའི་མཆོག་ཅེས་བྱའོ། །འདི་དག་ནི་གྲངས་དཔག་ཏུ་མེད་པའི་ངོ་བོ་ཉིད་ཀྱི་རྐྱེན་ནོ། །གྲངས་མེད་པའི་ཚིག་གི་རྐྱེན་ཉི་ཤུ་རྩ་བདུན་
བསྟན་པའི་ལེའུ་གཉིས་པའོ།། །།དངོས་པོ་བརྗོད་པའི་རྐྱེན་གང་ཞེ་ན། ཏྭ། ཏཱ་ལ། ཨི་མ་ནི་ཙ། ཥྱཉ། ཡཏ། སྤ། དྷཀ། ཡཀ །ཨཉ། ཨཎ། བུཉ་ཞེས་བྱའོ། །དེ་ལ་རེ་ཞིག་ཏྭ་ཞེས་བྱ་བ་ནི་བ་ཊོདྦྷ་བ། པ་ཏུ་ཏྭ་མཿ མྲི་ཏུ་ཏྭམ། ག་ཏྭམ། ཨ་ཤྭ་
ཏྭམ། བིཀྵ་ཏྭམ། ན་ར་ཏྭམ། ཞེས་བྱ་སྟེ། དར་གྱི་དངོས་པོ་ནི་དར་ཉིད། འཇམ་པ་ཉིད། བ་ལང་ཉིད། རྟ་ཉིད། ཤིང་ཉིད། མི་ཉིད། ཅེས་བྱ་བ་འདིར་ཏྭཾ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཏཱ་ལ་ཞེས་བྱ་བ་ནི་ཇི་ལྟར་པ་ཊརྦྷ་བཿ པ་ཊུ་ཏཱ། མྲི་ཏུ་ཏཱ། ཛནྣ་ཏཱ། ཞེས་བྱ་སྟེ། དར་
གྱི་དངོས་པོ་ནི་དར་ཉིད། འཇམ་པ་ཉིད། སྐྱེ་བོ་ཉིད་ཅེས་བྱ་སྟེ། ཏཱ་རིང་པོ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཨི་མ་ནི་ཙ་ཞེས་བྱ་བ་ནི། ཇི་ལྟར་པྲི་ཐོརྦྷ་བ། པྲི་ཐི་མི། ཨི་ས་མ་ཞེས་བྱ་སྟེ། སའི་དངོས་པོ་ནི་ས་ཉིད། རལ་གྱི་ཉིད་ཅེས་བྱ་སྟེ། འདིར་ཨི་མ་དངོས་པོའི་རྐྱེན་དུ་

སྦྱར་རོ། །དེ་ཡང་ཨི་ནི་ཙ་ཞེས་བྱ་བ་ལ། ཨི་མ་ནི་ཙ་ཞེས་བརྗོད་པ་ནི། ན་ཡིག་ནི་བརྗོད་པའི་དོན་ཏོ། །གཞན་ཡང་སྠུ་ལ་སྱ་བྷ་བ། སྠ་བཱི་མཱ། པྲི་ཡ་སྱ་བྷ་བཿ པྲི་མ་སྠི་ར་སྱ་བྷ་བ་སྠཻ་མཱ། ཀྵི་པྲ་སྱ་བྷ་བཿ ཀྵི་པྲི་མ། དཱིརྒི་མཱ། བ་ཧོ་བྷ་བོ་བྷུ་མ། ཞེས་བྱ་བ་སྦོམ་པའི་དངོས་པོ་
ནི་སྦོམ་པ་ཉིད། དགའ་བའི་དངོས་པོ་ནི་དགའ་བ་ཉིད། བརྟན་པའི་དངོས་པོ་ནི་བརྟན་པ་ཉིད། མྱུར་བའི་དངོས་པོ་ནི་མྱུར་བ་ཉིད། རིང་བའི་དངོས་པོ་ནི་རིང་བ་ཉིད། སའི་དངོས་པོ་ནི་ས་ཉིད། ཅེས་བྱ་བ་ལྟ་བུ་སྟེ། འདིར་ཡང་ཨེ་མ་དང་། ཨཻ་མ་དང་། ཨི་མ་རྣམས་དངོས་པོའི་རྐྱེན་
དུ་སྦྱར་རོ། །ཥྱཉ་ཞེས་བྱ་བ་ཇི་ལྟར། ཤཱི་ཏ་སྱ་བྷ་བ་ཤཻ་ཏྱང་། ཨུཥྣ་སྱ་བྷ་བ་ཨོཥྞུ། ཀྲིཥྞུ། ཤུ་ཀཱ་ཡམ། ལོ་ཧི་ཏྱཾ། ཞེས་བྱ་སྟེ། གྲང་བའི་དངོས་པོ་ནི་གྲང་བ་ཉིད། ཚ་བའི་དངོས་པོ་ནི་ཚ་བ་ཉིད། ནག་པོ་ཉིད། དཀར་པོ་ཉིད། དམར་པོ་ཉིད། ཅེས་བྱ་བ་ལྟ་བུ་སྟེ།
འདིར་ནི་ཡང་ཞེས་བྱ་བ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཡ་ཏ་ཞེས་བྱ་བ་ཇི་ལྟ་སྟེ་ན་སྱ་བྷ་བ་སྟེ་ཡམ་ཞེས་བྱ་སྟེ། དེའི་དངོས་པོ་ནི་ཉིད་ཅེས་བྱ་སྟེ། ཡང་ཞེས་བྱ་བ་དངོས་པོའི་རྐྱེན་དུ་སྦྱར་རོ། །སྟེ་ཞེས་བྱ་བའི་ས་ནི་ཚིག་གི་ཕྲད་དོ། །ཡང་ཞེས་བྱ་བ་ནི་ཇི་ལྟར་ས་ཁི་བྷ་བས་ཁྱད་དུ་ཏྱར།
བཱ་ཎི་ཛྱ། ཞེས་བྱ་བ་གྲོགས་པོའི་དངོས་པོ་ནི་གྲོགས་པོ་ཉིད། ཕོ་ཉ་ཉིད། ཚངས་པ་ཉིད། ལྟ་བུ་སྟེ། ཡང་དངོས་པོའི་རྐྱེན་དུ་སྦྱར་རོ། །དྷ་ཀ་ཞེས་བྱ་བ་ཇི་ལྟར། ཀཱ་ཡ་བྷཱ་བཿ ཀ་ཡེ་ཡ། དྷཉ་ཏེརྦྷ་བཿ དཱ་ཊཱི་ཏེ་ཡམ་ཞེས་བྱ་བ་ལུས་ཀྱི་དངོས་པོ་ནི་ལུས་ཉིད། ཤེས་
པའི་དངོས་པོ་ནི་ཤེས་པ་ཉིད་དེ་སྔ་མ་བཞིན་ནོ། །ཡ་ཀ་ཞེས་བྱ་བ་ནི་ཇི་ལྟར། བྲཧྨ་སྱ་ཏེརྦྷ་བཿ བྲཧྨ་སྱ་ཏྱ་མ། པྲ་ཛཱ་པ་ཏྱམ་ཞེས་བྱ་སྟེ། བྲམ་ཟེའི་དངོས་པོ་ནི་བྲམ་ཟེ་ཉིད། སྐྱེ་དགུ་ཉིད་ཅེས་བྱ་སྟེ་ཏྱ་ཡཾ་ཞེས་བྱ་བ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཨཉ་ཞེས་
བྱ་བ། ཇི་ལྟར་ཨ་ཤྭ་སྱ་བྷ་བཿ ཨ་ཤྭཿ ཨོཥྚཿ ཞེས་བྱ་བ་རྟའི་དངོས་པོ་ནི་རྟ་ཉིད། རྔ་མོ་ཉིད། ཅེས་བྱ་བ་ལྟ་བུ་སྟེ། འདིར་ཚིག་དྲག་པོ་དངོས་པོའི་རྐྱེན་དུ་སྦྱར་རོ། །ཨ་ཎ་ཞེས་བྱ་བ་ནི་ཇི་ལྟར་དྷེ་ཧ་ཡ་ནས་སྱ་བྷ་བཿ དྷེ་ཧཱ་ཡཱ་ནམ། ཡུ་ནོ་བྷ་བཿ

ཡཽ་བྷཱཾ་བ་ནཾ། སྠཱ་བི་རསྱ་བྷཱ་བཿ སྠཱ་བི་རམ། ཞེས་བྱ་བ་ལུས་པོ་ནི་ལུས་ཉིད། གཞོན་པའི་དངོས་པོ་ནི་གཞོན་པ་ཉིད། གནས་བརྟན་གྱི་དངོས་པོ་ནི་གནས་བརྟན་ཉིད། ཅེས་བྱ་སྟེ། འདི་ལྟར་བུ་ལ་ནི་གླར་སྐོར་དངོས་པོའི་རྐྱེན་དུ་བསྟན་ཏོ། །
བུ་ཉ་ཞེས་བྱ་བ་ནི་ཇི་ལྟར། ར་མ་ཎི་ཡ་སམ། བྷཱ་བཿ ར་མ་ཎི་ཡ་ཀཾ་ས་ཧྱ་ས་ཡ་བྷཱ་བཿ ས་ཧ་ཡ་ས་ཀཾ། བ་ས་ནི་ཡ་སྱ། བྷཱ་བཿ བ་ས་ནི་ཡ་ཀཾ། ཨ་ཙཱཪྱ་སྱ་བྷཱ་བ། ཨ་ཙཱཪྱ་ཀཾ། ཨུ་པཱ་དྷྱ་ཡ་ཀཾ། ཞེས་བྱ་བ་དགའ་བའི་དངོས་པོ་ནི་དགའ་བ་ཉིད། གྲོགས་པོའི་དངོས་པོ་ནི་
གྲོགས་པོ་ཉིད། གནས་པའི་དངོས་པོ་ནི་གནས་པ་ཉིད། སློབ་དཔོན་གྱི་དངོས་པོ་ནི་སློབ་དཔོན་ཉིད། མཁན་པོ་ཉིད་ཅེས་བྱ་སྟེ། འདི་ལྟ་བུ་ལ་ཀཾ། དངོས་པོའི་རྐྱེན་དུ་སྦྱར་རོ། །གཞན་ཡང་ཤིང་ཤ་ཨུ་པ་དྷྱཱ་ཡི་ཀ །ཀ་ཀོ་ལུ་ཀི་ཀ །ཨ་མུ་སྱ་པུ་ཏྲི་ཀ །ཨ་མུ་སྱ་ཀུ་ལ་ཀ །ཞེས་བྱ་བ་
སློབ་མ་དང་མཁན་པོ་ཉིད་དག །བྱ་རོག་དང་འུག་པ་ཉིད་དག །ཆེ་གེ་མོའི་བུ་ཉིད་དག །ཆེ་གེ་མོའི་རིགས་ཉིད་དག་ཅེས་བྱ་བ་ལྟ་བུ་དང་། དོན་གྱི་ཚིག་སྡུད་པ་ལ་ནི་ཨི་ཀ་དངོས་པོའི་རྐྱེན་དུ་སྦྱར་བ་འདི་ཡང་བུ་ཉེའི་རྐྱེན་ཡིན་ནོ། །དངོས་པོའི་རྐྱེན་བཅུ་གཅིག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
འབྲེལ་པ་གྲུབ་པའི་རྐྱེན་ཞེས་བྱ་བའི་ལེའུ། སློབ་དཔོན་མཁས་པ་ཆེན་པོ་ཁྱད་པར་དུ་རྗོད་བྱེད་རྣམ་པར་དག་པའི་སྒྲ་ལ་མཁས་པ་ཉི་མའི་སྙིང་པོས་བྱ་ཀཱ་ར་ཎ་ལས་ཕྱུང་སྟེ་མཛད་པ། ཀཱ་ལཱ་པའི་རྩ་བའི་དོན་གསལ་བར་བྱེད་པ་སཾ་སྐྲྀ་ཏའི་སྐད་ཀྱིས་དེ་ཁོ་ན་ཉིད་འཆུགས་མེད་པར་
སྟོན་པའི་རབ་ཏུ་བྱེད་པ། སྒྲ་བསྒྱུར་གྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། དགེ་སློང་ཆོས་ཀྱི་ཤེས་རབ་གཉིས་ཀྱིས་བོད་སྐད་དང་སྦྱར་ནས་དོན་ཇི་ལྟ་བར་བསྒྱུར་བ་ནི། ད་དུང་བསྟན་པ་དུས་ཡུན་རིང་དུ་གནས་པར་གྱུར་ན་གཞན་ལ་ཕན་པར་སེམས་པས་ལྷག་པའི་བསམ་པས་བཀའ་བཅད་
ལ་མ་འདས་པར་བསྒྱུར་བའོ། །དེ་ཉིད་བོད་སྐད་ཉིད་ལ་འཇུག་པའི་ཚུལ་ཚིག་གི་ལྷད་མེད་པ་གཅིག་ཀྱང་བརྗེད་བྱང་དུ་གུད་ན་བདག་གིས་རང་ཉིད་ཀྱིས་བཀོད་ནས་ཡོད་དོ། །རྐྱེན་གསུམ་བཤད་པའི་རབ་ཏུ་བྱེད་པ། ཞེས་བྱ་བ་རྫོགས་སོ།། །།

༄། །འཇམ་དཔལ་གྱི་བྱཱ་ཀར་ཎའི་རྩ་བ་བཞུགས།། ༄༅༅། །རྒྱ་གར་སྐད་དུ། མཉྫུཤྲླིཤབྡ་ལཀྵ་ཎམ། བོད་སྐད་དུ། འཇམ་དཔལ་གྱི་སྒྲའི་མཚན་ཉིད། གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨ་ཨི་ཨུཎ། རིལྀཀ །ཨེ་ཨོང་།
ཨཻ་ཨཽ་ཙཱ། ཧ་ཡ་བར་ལཎ། ཉ་མང་ན་ནམྲ། ཛབྷཉྲ། གྷཌྷ་ངྷཥ། ཛ་བ་ག་ཌ་དཥ། ཁ་ཕ་ཚ་ཋ་ཐ། ཙཊ་ཏབྲ། ཀ་པ་ཡ། ཤ་ཥ་ས་ར། ཧལ། སངས་རྒྱས་དང་ནི་འཇམ་དབྱངས་དང་། །འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྱག་འཚལ་ནས་ནི་ཡང་དག་
པར། །འཇམ་དཔལ་སྒྲ་ཡི་མཚན་ཉིད་བྱ། །དང་པོ་དང་ཨིཏ་ཀྱི་བར་ཡང་སོ་སོར་བསྡུའོ། །ཨ་ཀན་འདྲ་བའི་ཡི་གེའོ། ཨཙ་རྣམས་ཀྱི་ཆོ་གའོ། །ཨུཏ་ཀྱི་ཚོགས་སོ། །ཁྱད་པར་དུ་བྱེད་པ་མཐའིའོ། ཨལ་སྨོས་པ་ལ་ཆོ་ག་གང་ཡིན་པ་དེ་དང་པོ་ལའོ། །
བདུན་པ་ལས་སྔོན་མའིའོ། །ལྔ་པ་ལས་ཕ་རོལ་གྱིའོ། །དང་པོའིའོ། །མཐའིའོ། ངིཏ་ཀྱང་ངོ་། །ཨའི་རྣལ་དང་ཤི་ཏ་ཨལ་གཅིག་མིན་པ་ཐམས་ཅད་ཀྱིའོ། །ཊྐཏྲི་དང་པོ་ཐ་མ་དག་གོ། །མིཏ་ཨཙ་མཐའ་ལས་ཕ་རོལ་ལོ། །མ་ངེས་པ་དྲུག་པའི་ཉིད་
པའོ། །ཨིཥྚཾ་དགག་པ་དང་བྲལ་བ་ལའོ། །ཨིཏ་འགྲོ་བ་བྱ་བའི་དོན་ཏོ། །གནས་སུ་ཆེས་གཞན་ནོ། །ཨེ་ཙའི་ཐུང་ངུ་ནི་ཨི་ཀའོ། །མ་བསྟན་པ་དབྱི་བ་དང་འཇིག་པ་དང་ཤྣུ་ཤྣུ་དབྱི་བའོ། །རྐྱེན་བསྟན་པ་ལ་དེའི་མཚན་ཉིད་དོ། །ལུ་མ་ཏཱ་རང་
བཞིན་ལས་མིན་ནོ། །སུཔ྄་ལས་ཕྱི་མའི་ཚིག་ནི་ཚིག་དང་པོ་མིན་པའི་སྒྲུབ་པ་ལའོ། །ཨཙ྄འི་མཐའ་དང་དང་པོ་ནི་ཊིའོ། །པ་མེད་པའི་དཱ་དྷཱ་དག་དྷིའོ། །འཕེལ་བ་ནི་དང་པོའི་ཨཙ་འཕེལ་བའོ། །ཛི་ཧྭཱ་ཀཱ་ཏྱ་དང་ཧ་རི་ཏ་ཀཱ་ཏྱཾ་མ་ཡིན་པའི་དེའི་རིགས་ལས་
ཕ་རོལ་ལོ། །ཏྱཏ་ལ་སོགས་པ་རྣམས་སོ། །མིའི་མིང་ལས་ཡང་ནའོ། །ཨེ་དི། དང་པོར་བསྟན་པའོ། །ཀྟ་དང་ཀྟ་བ་ཏུ་དག་ནིཥྛཱའོ། །སུཔ྄་དང་ཏིང་གི་མཐའ་ནི་ཚིག་གི །ནའི་ཀྱ་ལའོ། །སུབ་ལ་ཨི་ཥུ་མ་ཡིན་པའོ། །དེ་དག་ནི་རྣམ་དབྱེའོ། །ཚོགས་

པ་དང་འབྲེལ་བ་དག་གོ། །ཆོ་ག་ནི་བརྗོད་པར་ནུས་པའོ། །ཨཙ་ལ་བྷའོ། །ཡ་ལའང་ཨ་སི་ཏི་དེ་ཕན་ལའོ། །ཏཔ་དག་མ་ཏུའི་དོན་ལའོ། །ན་བྷས་ཨངྒི་རས། མ་ནུས་རྣམས་ལ་བ་ཏིའོ། །བྲྀ་ཥན་ལས་བ་སོ་དང་ཤྭ་དག་གོ། །དི་ཨཱམ་
ཡང་ངོ་། །ཤི་ནི་ཨི་ཥུའོ། །སུཏ་མ་ནིང་མིན་པ་ལའོ། །གཅིག་དང་གཉིས་དང་གསུམ་གྱི་ཕྱི་མོ་རྣམས་ཐུང་ངུ་རིང་པོ་ཤིན་ཏུ་རིང་པོ་རྣམས་སོ། །དེ་རྣམས་ཀྱི་ཨ་ཙ་དེ་རྣམས་སོ། །ཐུང་ངུ་ནི་ཡང་བའོ། །བརྩེགས་པ་ལས་ལྕི་བའོ། །རིང་པོ་ཡང་ངོ་། །རྐྱེན་
ལས་སྔ་མ་ནི་རང་བཞིན་ནོ། །བུད་མེད་ཀྱི་ཨཱིཏ་ཨཱུཏ་ནི་ན་དཱི་སྟེ་སྟྲི་དང་འདྲའོ། །སྔ་མ་རྣམ་འགྱུར་མེད་པ་ན་དཱིའི་མཐའོ། །ལཀྵྨཱི་སུ་བྷྲཱུ་ལས་སུ་ལ་ཡང་ནའོ། །ཐུང་ངུའི་ཨི་ཡ་ཨུ་ཝ་དག་སུ་མིན་པ་ལའོ། །བྱིངས་དང་རྐྱེན་གྱི་ཚིག་མ་ཡིན་པའི་དོན་དང་ལྡན་པ་
ནི་ལུས་སོ། །བྱ་བའི་དོན་ངོ་བོ་མེད་པ་རྣམས་ནི་བྱིངས་སོ། །དབྱངས་ལ་སོགས་པ་མི་ཟད་པའོ། །རྣམ་དབྱེའི་དོན་ཙྭི་ཏ་སྨཱཏ་བིཏ་མིན་པ་ལས་སོ། །ཙ་སོགས་སེམས་ཅན་མིན་པ་རྣམས་སོ། །པྲ་ལ་སོགས་པ་རྣམས་བྱ་བ་ལ་སྦྱོར་བ་ལ་ཉེར་བསྒྱུར་
རྣམས་སོ། །དེ་རྣམས་བྱིངས་ཀྱི་སྔོན་དུའོ། །ཨིཀ་ཡཎ་ལས་ས་ཏྱཾའོ། །མང་པོ་ཚོགས་དང་ལྡན་ནས་ཏ་ཌ་ཏི་ཡང་གྲངས་སོ། ཚིག་གཉིས་དང་ཕྱེད་སོགས་ཁ་སྐོང་ལྷག་པའི་ཕྱེད་དོ། །ཆོ་ག་ལས་རེ་ཞིག་ཉིད་ལ་སྦྱོར་བ་གྲངས་བཞིན་ནོ། །འདོད་
པ་དེ་ལ་རྗེས་སུ་འཇུག་གོ། །ནོ། །བཻ་རང་གི་འཇུག་པ་ལྡན་པའོ། །ཧལ་ལས་བར་མ་ཆད་པ་ནི་བརྩེགས་པའོ། །ཀུན་ཏུ་བོད་པ་ལས་སུ་སམྦུདྡྷིའོ། །གཅིག་ལ་དང་པོ་དང་མཐའ་བཞིན་ནོ། །ཏིང་ཤ་འགྲོ་བ་ནི་ཀུན་འགྲོའོ། །ལིཊ་དང་སྨོན་པའི་ལིང་གི་
ལྷག་མ་ནི་ཕྱེད་འགྲོའོ། །འཕེལ་བ་ནི་ཨཱཏ་ཨཻཙའོ། །ཡོན་ཏན་ནི་ཨཏ་ཨེངའོ། །དེ་དག་ཨིཀ་ལས་སོ། །རྀ་ལྀ་ལས་ར་ལ་དག་མཐའོ། །བྱིངས་མ་བསྟན་པ་ཕྱེད་དུ་འགྲོ་བ་ལ་མིན་ནོ། །ཀྡི་ཧ་ལ་ཡང་ངོ་། །ཁ་དང་སྣས་བརྗོད་པ་ནི་རྗེས་སུ་སྣ་ལྡན་

ནོ། །ཨཾ་ཞེས་པ་རྗེས་སུ་ང་རོའོ། །ཨཿཞེས་པ་རྣམ་པར་གཅད་བྱའོ། །རིགས་མཚུངས་པ་ནི་འདྲ་བའི་ཡི་གེའོ། །ཕྲད་པ་ནི་ཕྲད་པ་ལྡན་པའོ། །གནས་ཅན་བཞིན་བསྒྱུར་བ་ནི་མང་པོ་ལས་ཏེ་ཨལ་གྱི་ཆོ་ག་ལ་མ་ཡིན་ནོ། །ཨཙ་ལས་ཕ་རོལ་སྔ།
མའི་ཆོ་ག་ལའོ། །ཚིག་མཐའ་དང་གཉིས་བརྗོད་པ་དང་ཡ་དབྱི་བ་དང་འདྲ་བའི་ཡི་གེ་དང་རྗེས་སུ་ང་རོ་དང་རིང་པོ་དང་ཛ་དང་ཙ་ལ་ཆོ་ག་རྣམས་ལ་མ་ཡིན་ནོ། །གཉིས་བརྗོད་པ་ལས་ཨཙ་ལའོ། །གཱང་ཎཱིཏ་ལས་ཉྞིཏ་མ་ཡིན་པ་ལས་ངིཏ་འོ། །བྱ་ཙི་ལས་
ཨས་མ་ཡིན་པ་ལས་སོ། །བི་ཛ་ལས་ཨིཊ་ལའོ། །ཨཱུརྞུ་ལས་ཡང་ནའོ། །པིཏ་མིན་པའི་ཀུན་འགྲོ་ལའོ། །བརྩེགས་པ་མིན་པ་ལས་ལིཊ་ཀིཏའོ། །སྭི་ད་མི་དཀྵི་ད་དྷྲྀ་ཥ་ཤིང་པཱུ་ལས་ནིཥྛཱ་ཨིཊ་དང་བཅས་པ་ལ་མ་ཡིན་ནོ། །མྲྀཥ་ལས་བཟོད་པ་
ལའོ། །ཨུཏ་མཐའ་ཉེ་ཤས་ལྡན་པ་ལས་དངོས་པོ་དང་རྩོམ་པ་དག་ལ་ཡང་ནའོ། །མྲྀ་ཌ་མྲི་ད་གུ་དྷ་ཀུ་ཥ་ཀླི་ཤ་བ་ད་བ་ས་ལས་ཀྟྭཱ་ལ་མ་ཡིན་ནོ། །བཉྩི་ལུཉྩི་ལས་ཡང་ནའོ། །རྀ་ཏ་ཏྲྀ་ཥ་མྲྀ་ཥ་ཀྲྀ་ཤ་རྣམས་ཀྱིའོ། །རལ་ལས་ཧལ་དང་པོ་ཨུ་ཨི་མཐའ་
ཉེ་ལས་སན་འང་ངོ་། །རུ་ད་བི་ད་མུ་ཥ་གྲ་ཧི་སྭ་པི་པྲཙྪ་ལས་སོ། །ཨིཀ་ལས་ཨིཊ་མེད་པ་ལས་སོ། །དེའི་མཐའ་ཉེ་ལས་སོ། །རྀ་ལས་ཀྱང་ལིང་ས་ཙི་དག་ཏད་ལས་སོ། །དྷི་དང་སྠཱལ་ཨིཏ་དང་སའི་འང་ངོ་། །ཞེས་པ་ལེགས་སོ་གྲགས་པའི་འཇམ་
དཔལ་གྱི་སྒྲ་བརྡ་སྤྲོད་པ་ལས་སྐབས་དང་པོའི་རྐང་པ་དང་པོ་རྫོགས་སོ།། །།ལྔ་པ་གཙོ་བོར་བྱས་པ་རྐྱེན་ནོ། །ཚིག་སྡུད་དག་དང་སུཔ་དང་བྱིངས་དོན་མ་ཡིན་པ་ནི་དེ་ཕན་ནོ། །གནས་ཅན་ནི་བསྒྱུར་བའོ། །ཥྚྐྨ་འགྲོ་བ་ནི་ཨཱག་མའོ། །ལས་ལས་
འདོད་པ་ལ་ཀཱ་མྱ་ཙ་ཡང་ནའོ། །མི་ཟད་པ་མིན་པའི་ཨམ་ལས་ཀྱ་ཙ་ཡང་ནའོ། །སྤྱིར་བཏང་ལས་ཀྱང་ཉེ་བར་འཇལ་བ་ལས་ཀུན་སྤྱོད་ལའོ། །བྱེད་པ་པོ་ལ་ཝི་བའོ། །གལྦྷ་ཀླཱི་བ་ཧོཊ་རྣམས་ལས་ང་ཏིའོ། །ཀྱང་ལའོ་བྷྲྀ་ཤ་སོགས་རྣམས་ལས་

ཙྭིའི་དོན་ལས་ཏ་དབྱི་བ་འང་ངོ་། །ཌཱ་ཙ་ལོ་ཧི་ཏ་ལས་ཀྱ་ཥའོ། །ནི་དྲཱ་སོགས་ལས་མ་ཏུ་བ་དབྱི་བའང་ངོ་། །ཀཥྚ་ཀཀྵ་ས་ཏྲི་ག་ཧེ་ན་ལས་སྡིག་པའི་ཚོད་དུ་འགྲོ་བ་ལའོ། །རོ་མནྠ་ལས་སྐྱུགས་ལྡད་བྱེད་པ་ལའོ། །བཱཥྦ་ཨཱུཥྨ་ཕེན་
དྷཱུ་མ་ལས་སྟེང་དུ་འཕྱུར་བ་ལའོ། །སུ་ཁ་སོགས་ལས་ཡང་དག་པར་རིག་པ་ལའོ། །ཤབྡ་སོགས་ལས་བྱེད་པ་ལའོ། །ཏ་པས་ལས་ཀྱ་ཙའོ། །ཙི་ཏྲང་ལས་ངོ་མཚར་བ་ལའོ། །ན་མས་བ་རི་བས་ལས་མཆོད་པ་དང་ཡོངས་སུ་སྤྱོད་པ་དག་ལའོ། །
ཀ་ཡ་སོགས་ལས་ཡ་ཀའོ། །སུཔ་ལས་བྱིངས་དོན་ལ་མང་པོ་ལ་ཎི་ཙ་སྟེ་ཨིཥྛ་བཞིན་འང་ངོ་། །ཡན་ལག་ལས་སེལ་བ་ལ་ཎི་ངའོ། །སྣོད་ལས་ཀུན་དུ། ཁོས་ཌ་པ་ལའོ། །ཙཱི་བ་ར་ལས་བྱི་དོར་དང་ཡོངས་སུ་འཇོག་པ་དག་ལའོ། །ཤཱེ་ཏུ་ས་ཨ་ཤྭ་
དང་ཨ་ཤྭ་ཏ་ར་དང་གཱ་ལོ་ཊི་ཏ་དང་ཨ་ཧྭ་ར་ཀ་རྣམས་ཀྱི་ཨ་ཤྭ་ཏ་ར་དང་། ཨི་ཏ་དང་ཀ་དབྱི་བ་ཡང་ངོ་། །བྱིངས་ལས་སོ། །བྱེད་པ་པོ་ལས་སྦྱོར་བ་ལ་ཎི་ཙའོ། །ཀུན་བཤད་ལ་ཡང་བྱ་བ་ལས་སོ། །ཤེས་པ་ལའོ། །དུས་ཉེ་བར་མཚོན་པའི་བྱེད་པ་
ལའོ། །ཙུ་ར་སོགས་རྣམས་ལས་སོ། །བཱིཏ་ལས་ཡང་ནའོ། །ཀཾ་ལས་ཎིང་འོ། །རྀ་ཏི་ལས་ཨཱི་ཡངཱོ་། །གུ་པཱུ་དྷཱུ་པ་བིཙྪ་པཎ་པ་ནི་ལས་ཨཱ་ཡའོ། །ཎིང་ལ་སོགས་པ་ཕྱེད་དུ་འགྲོ་བ་ལ་ཡང་ནའོ། །ཏི་ཛ་དང་གུ་པ་ལས་བཟོད་པ་དང་སྨད་པ་
དག་ལ་སནའོ། །ཀིཏ་ལས་ཐེ་ཚོམ་སེལ་བ་ལའོ། །བ་དྷའི་ཨིའི་ཨཱི་ཡང་རྣམ་འགྱུར་ལའོ། །མཱན་ལས་རྣམ་པར་དཔྱོད་པ་ལའོ། །དཱན་དང་ཤཱན་ལས་ཡང་ནའོ། །དེའི་ཆེད་དུ་བྱེད་པ་པོ་གཅིག་པ་ལས་འདོད་པ་ལའོ། །རུ་ཙ་དང་ཤུ་བྷ་
མིན་པའི་ཨ་ཙ་གཅིག་པ་ཧལ་དང་པོ་ལས་ཤིན་ཏུ་དང་ཡང་ཡང་ལ་ཡངའོ། །རྀ་སཱུ་ཏྲྀ་མཱུ་ཏྲྀ་སཱུ་ཙི་ཨཊ་ཨ་ཤ་ཨཱུརྣུ་རྣམས་ལས་སོ། །འགྲོ་བའི་དོན་ལས་འཁྱོག་པོ་ཁོ་ན་ལའོ། །གྲི་ལུ་པ་ས་ད་ཙ་ར་ཛ་པ་ཛ་བྷ་ད་ཧ་ད་ཤ་ལས་སྨད་པ་ལའོ། །ཀཱས་དང་

ཨཱས་དང་ང་ཡ་དང་ཨ་ཡ་ཝིཔ་ཨ་ཙ་གཅིག་མིན་པ་ལས་ལིཊ་ལ་ཨཱམ་གྱི་རྗེས་སུ་ཀྲྀཉ་བྷཱུ་ཨ་སྟི་ལིཊ་འང་ཕ་རོལ་ལོ། །རྀཙྪ་ཨཱུརྞུ་མིན་པའི་ཨིཙ་དང་པོ་ལྕི་བ་ལྡན་པ་ལས་སོ། །ཛཱ་གྲི་དང་ཨུཥ་ལས་ཡང་ནའོ། །བྷཱི་ཧྲཱི་བྷྲྀ་ཧཱུ་རྣམས་ཀྱི་ཤྣུ་བཞིན་ཡང་ངོ་། །བཏྟི་
ལམ་ཀིཏའོ། །ལོཊ་ལ་ཀྲྀཉའང་དེའི་ཕ་རོལ་ལོ། །དེ་ལས་ལ་ནི་འཇིག་གོ། །སྱ་ཏཱས་དག་ལྀ་ལུཊ་དག་ལའོ། །ལུང་ལས་ཙའོ། །སྤྲྀ་ཤ་སྨྀ་ཀྲྀ་ཤ་ཏྲྀ་པ་དྲྀ་བ་ལས་ཡང་ནའོ། །ཏན་སོགས་རྣམས་ལས་ཏ་ཐཱས་དག་ལ་འཇིག་གོ། །གྷྲཱཙྪཱ་ཤཱ་དྷེ་སཱ་ལས་ཨ་
ཏད་ལའོ། །དྷིསྠཱ་གཱ་ཏི་བི་བ་བྷཱུ་རྣམས་ལས་སོ། །ཤ་ལ་ཨིཀ་མཐའ་ཉེ་དྲྀ་ཤ་མིན་པ་ལས་ཀྶ་སྟེ་ཨིཊ་མེད་པ་ལས་སོ། །ཤླི་ཥ་ལས་སོ། །སེམས་ཅན་འཁྱུད་པ་ལའོ། །ཎི་ཤྲི་དྲུ་སྲུ་ཀམ་ལས་བྱེད་པ་པོ་ལ་ཙངའོ། །དྷེ་ཤྭི་ལས་ཡང་ནའོ། །རྀ་སྲྀ་ཤཱས་
ཨ་སུ་ཁྱཱ་བཙ་ལས་ཨད་འོ། །ཧྭཱ་ལིབ་ས་ཙི་ལས་སོ། །ཏད་ལ་ཡང་ནའོ། །ལིཏ་འགྲོ་བ་དང་དྻུཏ་ར་དྷ་ཤ་མ་སོགས་ལས་ཨ་ཏང་ལའོ། །རྣམས་ལས་སོ། །ཨིར་འགྲོ་བ་ལས་ཡང་ནའོ། །རྣམས་ལས་སོ། །ཙིཎ་ཏ་ལ་པ་ད་སྲྀ་ཛ་ལས་སོ། །བྱཱ་ཡ་ལས་
ཡང་ནའོ། །དུ་ཧ་ཨཙ་ལས་བྱེད་པ་པོ་ལའོ། །རུ་དྷ་ལས་མ་ཡིན་ནོ། །ཏ་པ་ལས་ཨ་ནུ་ཏཱ་པ་ལ་ཡང་ངོ་། །དངོས་པོ་དང་ལས་དག་ལའོ། །ཏ་ལས་འཇིག་གོ། །ཀུན་འགྲོ་ལ་ཡཀའོ། །ཏྲ་པ་ལས་ལས་ལ་ཏ་པ་ལས་སོ། །བྱ་བའི་གཞིའི་ལས་ལ་བྱེད་པ་པོ་
ཉིད་ལ་ལས་བཞིན་ནོ། །ཀུ་ཥི་དང་རཉྫི་ལས་ཤྱན་དང་པ་རསྨཻའི་ཚིག་ཡང་ནའོ། །དུ་ཧ་ལས་ཡཀ་མ་ཡིན་ནོ། །བྲཱུ་དང་ཀི་ར་ཏི་སྣུན་མ་རྒྱན་གྱི་དོན་དང་ཤྲི་ཤྲནྠ་གྲནྠི་ཎི་སན་རྣམས་ལ་ཙི་ཎའང་ངོ་། །བྱེད་པ་པོ་ལ་ཤ་བའོ། །ཎི་ལས་སོ། །ཨད་སོགས་ལས་འཇིག་
གོ། །ཡང་ལས་མང་པོ་ལའོ། །ཛུ་ཧོ་ཏི་སོགས་ལས་ཤྣུའོ། །དིབ་སོགས་ལས་ཤྱན་འོ། །ལ་ཥ་ལས་ཡང་ནའོ། །ཡས་ལས་སོ། །ཡམ་ལས་སོ། །ཏུད་སོགས་རྣམས་ལས་ཤའོ། །རུ་དྷ་སོགས་རྣམས་ལ་ཤྣམའོ། །ཏན་སོགས་ལས་ཨུའོ། །སུ་

སོགས་རྣམས་ལས་ཤྣུའོ། །ཤྲུ་ཀྲྀ་པ་དྷེ་བ་རྣམས་ཀྱི་ཤྲྀ་ཀྲྀ་དྷི་ཡང་ངོ་། །ཨུཀཱི་ཁས་ཡང་ནའོ། །ཏེ་ཀྵ་ལས་ཕྲ་མོར་བྱེད་པ་ལའོ། །ཀྲཱི་སོགས་རྣམས་ལས་ཤྣུའོ། །རྣམས་ལས་ཤྣུ་ཡང་ངོ་། །ཧལ་ལས་ཧི་ཡ་ཤཱ་ན་ཙའོ། །ཞེས་པ་
ལེགས་སོ་གྲགས་པའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་ལས་སྐབས་དང་པོའི་རྐང་པ་གཉིས་པ་རྫོགས་སོ།། །།བྱུང་བ་ལ་ལུངའོ། །ཤྲུ་སད་པས་ལས་ཡིཊ་ཡང་ནའོ། །དེ་རིང་མ་ཡིན་པ་ལ་དེ་བརྗོད་འདོད་མ་ཡིན་པ་ལའོ། །ལངའོ། །དྲན་པར་
བྱེད་པའི་དོན་ལ་ཡཏ་མིན་པ་ལ་ལྲིཊའོ། །འདོད་པ་ལ་ཡང་ནའོ། །ཧ་དང་ཤ་ཤྭ་ལས་ལངའོ། །པ་རོ་ཀྵ་ལ་ཡང་ནའོ། །དུས་ཉེ་བར་དྲི་བ་ལའོང་ངོ་། །ཡུལ་དུ་བྱས་པ་ལའོ། །ལྀཊའོ། །ཤིན་ཏུ་གསང་བ་ལའོ། །སྭཱ་བ་སོགས་དུས་ལ་ཨསྨད་ལའོ། །
པ་རོཀྵ་མ་ཡི་སྨམ་ལཊའོ། །བྱུང་བ་ལ་ན་ནུ་དྲི་བའི་ལན་ལའོ། །ན་དང་ནུ་ལས་ཡང་ནའོ། །བུ་ར་ལ་ལུང་ཡང་ན་སྟེ་སྨ་མ་ཡིན་པ་ལའོ། །ད་ལྟར་བ་ལ་ལཊའོ། །དེ་དང་ཉེ་བའང་དེ་དང་འདྲའོ། །འདོད་པར་བྱེད་པ་ལ་བྱུང་བ་བཞིན་ཡང་ངོ་། །མྱུར་བར་བརྗོད་
པ་ལ་ལྲྀཊའོ། །འདོད་པའི་ཚིག་ལ་ལིང་འོ། །ཨ་དྱ་ཏ་ན་མ་ཡིན་པ་བྱ་བ་རབ་ཏུ་བཅིངས་པ་ཉེ་བ་དག་ལ་མིན་ནོ། །བྷཱ་བི་ནི་གཞན་ལ་མཚམས་བརྗོད་པ་ལའོ། །དུས་ཀྱི་ཉིན་མཚན་མིན་པའིའོ། །བར་ལང་ཡང་ནའོ། །ལིང་ལ་བྱ་བ་ཤོར་བ་ལ་ལྲིད་འོ། །ཤེ་
ཥའི་བར་ལས་བྱུང་བ་ལ་ཡང་ནའོ། །སྨད་པ་ལ་ཀ་ཐི་ལ་ལིང་འོ། །ཨ་པི་དང་ཛཱ་ཏུ་ལ་ཡང་ལཊའོ། །ཀི་དང་ཀ་ཏ་ར་དང་ཀ་ཏ་མ་རྣམས་ལ་ལིང་ལྲྀཊ་དག་གོ། །མི་བཟོད་པ་དང་མི་སྲིད་པ་དག་ལའོ། །ཀིཾ་ཀི་ལ་དང་ཡོད་པའི་དོན་དག་ལ་ལྲྀཊའོ། །ཡང་ཡ་
དི་ཡ་དཱ་ཛཱ་ཏུ་རྣམས་ལ་ལིངའོ། །ཡཙྪ་དང་ཡ་ཏྲི་དག་ལས་སྨད་པ་ལའོ། །ངོ་མཚར་བ་ལའོ། །ལྷག་མ་ལ་ལྲཊའོ། །ཡ་དི་ལ་ལིད་འོ། །ཨུཏ་དང་ཨ་པི་དག་ལས་ཤིན་ཏུའི་དོན་ལའོ། །འདོད་པ་རབ་ཏུ་ཚོར་བ་ལ་ཀཙྩིཏ་མིན་པ་ལའོ། །སྲིད་པ་དང་ནུས་པའི་

དོན་ལ་དེའི་ཆེད་ཀྱི་དོན་རབ་ཏུ་སྦྱོར་བ་ལའོ། །ཡང་མིན་པའི་བྱིངས་བརྗོད་པ་ལ་ཡང་ནའོ། །རྒྱུ་དང་འབྲས་བུ་དག་ལའོ། །འདོད་པའི་དོན་རྣམས་ལས་ད་ལྟར་བ་ལའོ། །དེ་རྣམས་ལ་ལོཊ་འང་སྟེ་འདོད་པ་རབ་ཏུ་ཚོར་བར་བྱེད་པ་ལའོ། །ཆོ་ག་དང་དྲི་བ་དང་དོན་
གཉེར་བ་རྣམས་ལའོ། །ལོཊའོ། །བསྒོ་བ་ཁས་ལེན་དུས་ལ་བབ་པ་རྣམས་ལའོ། །ཨཱུརྡྭ་མཽ་ཧཱུ་རྟི་ག་ལ་ལིང་ཡང་ངོ་། །སྨ་ལ་ལོཊའོ། །ལྷག་པར་ཚོལ་བ་ལའོ། །ཀཱ་ལ་ས་མ་ཡ་བེ་ལཱ་རྣམས་ལ་ཡཏ་ལ་ལིངའོ། །འོས་པ་དང་ནུས་པ་དག་ལས་སོ། །འབྱུང་
འགྱུར་ལ་ལྲྀཊའོ། །དེ་རིང་མ་ཡིན་པ་ལ་ལུཊའོ། །བུ་རཱ་དང་ཡཱ་བཏ་དང་མི་ཟད་པ་ལ་ལཊའོ། །ཀ་དཱ་དང་ཀརྟི་ལས་ཡང་ནའོ། །ཀི་དང་ཀ་ཏ་ར་དང་ཀ་ཏ་མ་རྣམས་ལ་བྱུག་འདོད་པ་ལའོ། །འབྲས་བུ་བརྗོད་པ་ལའོ། །ལོ་ཊའི་དོན་དང་མཚན་ཉིད་དོ། །ཨཱུརྡྷྭ་མོ་ཧཱུརྟྟིཀ་
ལ་ལིང་འང་ངོ་། །མཱང་ལ་ལུངའོ། །སྨྲ་ཕ་རོལ་ལ་ལངའོ། །ཞེས་པ་སཱ་དྷུ་ཀཱིརྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་ལས་སྐབས་དང་པོའི་རྐང་པ་གསུམ་པ་རྫོགས་སོ།། །།ལའི་འོ། །གཅིག་གཉིས་མང་པོ་རྣམས་ལའོ་བྱེད་པ་པོ་ལ་ཏི་བ་ཏས་ཨནྟིའོ། །
ཡུཥྨད་ལ་སི་བ་ཐས་ཐའོ། །ཨ་སྨད་ལ་མི་པ་བས་མས་འོ། །ངེཏ་ལས་ཏཱ་ཏཱ་མ་ཨནྟ། །ཐཱ་ས་ཨཱ་ཐཱཾ་དྷཱ་མ་ཨིཊ་པ་ཧི་མ་ཧིཾ་སྔ་མ་བཞིན་ནོ། །འགྲོ་བ་དང་འཚེ་བ་དང་། སྒྲའི་དོན་མིན་པའི་ཧ་ས་ལ་བརྗེ་བ་ལའོ། །ཏྲྀཉ་ལས་འགྲོ་བ་དང་དེའི་ངང་ཚུལ་ལའོ། །
ཉེ་ར་བསྒྱུར་ནི་ལས་བི་ཤ་ལས་སོ། །བི་བ་རཱ་དག་ལ་ཛི་ལས་སོ། །པ་རི་བི་ཨབ་ལས་ཀྲཱི་ལས་སོ། །ཨཱད་ལས་དཱ་ལས་རང་གི་གདངས་པ་མ་ཡིན་པ་ལའོ། །ག་མི་ལ་ས་བཟོད་པ་ལའོ། །ནུ་ལ་བྲཙྪ་ལས་སོ། །ཨ་ནུ་པ་རི་དག་ལ་ཀྲཱི་ཌ་ལས་ཀྱང་
ངོ་། །སཾ་ལས་ཀཱུ་ཛ་ན་མིན་པ་ལས་སོ། །ཨ་པ་ལས་སྐྲཱི་ལས་སོ། །སྨན་པ་ལ་ནཱ་ཐ་ལས་སོ། །ཤ་བ་ལས་མནའ་ལའོ། །དམ་བཅའ་དང་སྠེ་ཡ་དང་ཉེ་བར་གནས་པ་དང་རབ་ཏུ་གསལ་བ་རྣམས་ལ་སྠཱ་ལས་སོ། །སམ་བི་པྲ་ཨ་བ་ལས་སོ། །ཨུཏ་

ལས་གྱེན་དུ་མ་ཡིན་པར་སྤྱོད་པ་ལའོ། །ཨུ་པ་ལས་ལྷ་མཆོད་པ་ལའོ། །སྔགས་ཀྱིས་སོ། །པ་ཐ་ལ་རྗེས་སུ་འཇུག་པ་དག་ལའོ། །བྱུག་པ་འདོད་པ་ལ་ཡང་ནའོ། །ལས་མེད་པ་ལས་སོ། །ས་མ་ལས་གམ་རྀཙྪ་བྲིཙྪ་སྭཾ་ཤྲུ་
བེ་ཏི། །ཨརྟི་དྲྀ་ཤ་ལས་སོ། །ཨཱད་ལས་ཡ་མ་ཧན་ལས་རང་གི་ཡན་ལག་གི་ལས་ཅན་ལས་སོ། །ཨུད་བི་དག་ལ་ཏ་བ་ལས་སོ། །ཏ་བ་ལས་ལས་ལའོ། །ནི་སམ་བི་ཨུ་པ་རྣམས་ལས་ཧྭ་ལས་སོ། །ཨཱང་ལས་འགྲན་པ་ལའོ། །སཱུ་ཙ་ན་ཨ་པ་ཀྵ་པ་
ཎ། སེ་བཱ་སཱ་ཧ་ས་ཡཏྣ་ཀ་ཐ་ཨུ་པ་ཡོ་ག་རྣམས་ལ་ཀྲྀཉ་ལས་སོ། །ཨ་དྷི་ལས་ཟིལ་གྱིས་གནོན་པ་ལའོ། །བི་ལས་སྒྲའི་ལས་ལའོ། །ལས་མེད་པ་ལས་སོ། །པཱུ་ཛཱ་ཨུཏྶཾ་ག །ཨུ་པ་ན་ཡ་ན་ཛྙཱ་ན། །བྷྲྀ་ཏི་བྱ་ཡ་བི་ག་ཎ་ན་རྣམས་ལ་བཱི་ལས་སོ། །ཀརྟྲི་
སྠ་ཨ་མཱུརྟྟ་ལས་ལས་ལའོ། །ཨ་པ་ཧྣུ་བ་ཛྙཱ་ལས་སོ། །ལས་མེད་པ་ལས་སོ། །སཾ་པྲ་ཏི་ལས་མི་དྲན་པ་ལའོ། །ཛྙཱ་ན་བྷཱ་ས་ན་ཡཏྣ། ཨུ་པ་ཤཱནྟཱ་ན་བི་མ་ཏི། །ཨུ་པཙྪནྡན་རྣམས་ལ་པ་ད་ལས་སོ། །གསལ་བར་བརྗོད་པ་ལ་ཨ་ནུ་ལས་ལས་མེད་པ་ལས་
སོ། །ལྷན་ཅིག་གོ། །བི་པྲ་ཏི་པཏྟི་ལ་ཡང་ནའོ། །ཉེར་བསྒྱུར་ལས་ཨཱུ་ཧ་དང་ཨ་སྱ་ཏི་ལས་སོ། །པྲིཏྟི་ཨུཏྶཱ་ཧ་ཏཱ་ཡ་ན་རྣམས་ལ་ཀྲ་མ་ལས་སོ། །ཨུ་པ་བ་རཱ་དག་ལས་སོ། །བི་ལས་རྐང་པ་དག་གིས་སོ། །པྲ་ཨུ་པ་ལས་རྩོམ་པ་ལའོ། །ཛྱོ་ཏི་ཨུ་
ཏི་ལ་ཨཱད་ལས་སོ། །ཉེར་བསྒྱུར་མེད་པ་ལས་ཡང་ནའོ། །ཨ་པ་ལས་གིར་ཏི་ལས་སོ། །སམ་ལས་དམ་འཆའ་ལའོ། །ཨུད་ལས་ཙར་ལས་དང་བཅས་པ་ལས་སོ། །སམ་ལས་གསུམ་པ་ལྡན་པ་ལས་སོ། །ཆོ་ག་མ་ཡིན་པ་ལས་དཎཱ་ལས་སོ། །
ཨུ་པ་ཡ་མ་ལས་རང་གིར་བྱེད་པ་ལའོ། །ཏད་གི་རྒྱུ་མཚན་ལས་ཨཾ་ལས་ཀྲྀཉ་ལས་སོ། །སན་ལས་སོ། །རང་གི་དོན་ལ་ཇི་ལྟར་བཀླགས་པའོ། །སྨྲྀ་དྲྀ་ཤ་ལས་སོ། །ཨ་ནུ་མིན་པ་ལས་ཛྙཱ་ལས་སོ། །པྲ་ཏི་དང་ཨཱད་མིན་པ་ལས་ཤྲུ་ལས་སོ། །

ཤ་དི་ལས་ཤིཏཿ ལའོ། །མྲྀང་ལས་ལུང་ལིང་དག་ཀྱང་ལས་སོ། །ཉེར་བསྒྱུར་ལས་ཨཙ་དང་པོ་དང་ཨཙའི་མཐའ་ལས་ཡུ་ཛི་ལས་མཆོད་སྦྱིན་གྱི་སྣོད་རྣམས་ལ་མ་ཡིན་ནོ། །སམ་ལས་ཀྵྣུ་ལས་སོ། །བྷུ་ཛ་ལས་སྐྱོང་བྱེད་མ་ཡིན་པ་ལའོ། །ཎི་ལས་ཎི་
མིན་བ་ལ་ལས་གང་ལ་དེ་གལ་ཏེ་བྱེད་པ་པོ་བསམ་བྱ་མ་ཡིན་པ་ལའོ། །བྷཱིཥྨི་ལས་སྦྱོར་བ་པོ་ལས་བྷ་ཡསྨ་ཡ་ལའོ། །གྲྀ་དྷི་པཉྩ་ལས་བསླུ་བ་ལའོ། །ལཱི་ལས་ནྱ་ཀ་བྱེད་པ་དང་མཆོད་པ་དག་ལའོ། །མི་ཐྱཱེ་སྦྱོར་བ་ལ་ཀྲྀཉ་ལས་ཡང་ཡང་ལའོ། །ཉ་
འགྲོ་བ་ལས་ཀྱང་བྱེད་པ་པོ་ལས་སྭཾ་སྟེ་གལ་ཏེ་བྱ་བའི་འབྲས་བུ་ལའོ། །ཨ་པ་ལས་པ་དག་ལས་སོ། །སཾ་ཨུཏ་ཨཱཏ་རྣམས་ལས་ཡ་མི་ལས་གཞུང་མིན་པ་ལའོ། །ཉེར་བསྒྱུར་མེད་པའི་ཛྙཱ་ལས་སོ། །ཚིག་གི་ཁྱད་པར་རྟོགས་པ་ལ་ཡང་ནའོ། །ཨ་
ནུ་པ་རཱ་དག་ལས་ཀྲྀཉ་ལས་མ་ཡིན་ནོ། །པྲ་ཏི་ཨ་བྷི་ཨ་ཏི་ལས་ཀྵི་པ་ལས་སོ། །པྲ་ལས་བ་ཧ་ལས་སོ། །པ་རི་ལས་མྲྀཥ་ལས་ཀྱང་ངོ་། །བི་ཨཱད་ལས་ར་མ་ལས་ཀྱང་ངོ་། །ཨུ་པ་ལས་སོ། །ལས་མེད་པ་ལས་ཡང་ནའོ། །ཎཾ་མིན་པ་ལ་སེམས་
བཞིན་བྱེད་པ་པོ་ལ་ཎི་ལས་སོ། །གཡོ་བ་དང་ཟས་ཀྱི་དོན་ལས་སོ། །བུ་བྷ་ཡུ་དྷ་ན་ཤ་ཛ་ན་ཨིང་པྲུ་དྲུ་སྲུ་རྣམས་ལས་སོ། །པཱ་ད་མཿ ཨཱ་ལམ་ཨཱ་ཡས་པ་རི་མུ་ཧ་ཨཏྟི་རུ་ཙིར་ནྀ་ཏི་དྷེ་ཊ་པ་ད་བ་ས་ལས་མ་ཡིན་ནོ། །ཀྱཥ་ལས་ཡང་ནའོ། །དྻུ་ཏི་སྲི་སི་ཤྭི་ཏི་
ཤུབྷ་རུ་ཙིགྷུ་ཊི་རུ་ཊི་ལུ་ཐི་རུ་ཊི་དྷྭཾ་སི། གྲི་བྷི་བྲྀ་ཏུ་བྲྀ་དྷུ་གྲྀ་དྷུ་ཀྲྀ་བཱུ་སྱནྡི་རྣམས་ལས་ལུང་ལའོ། །བྲྀཏ་རྣམས་ལས་སྱ་སན་དག་ལའོ། །ཀླེབ་ལས་ལུཊ་ལའང་ངོ་། །དངོས་དང་ལས་དག་ལའོ། །ཨཏ་ལས་ངིཏ་ལ་ཨཱཏ་ཀྱི་ཡི་ཏའོ། །ཡུ་ག་ལས་ཨནྟའི་
ཨཏའོ། །ཏད་ལས་ཨནྟའི་ཨཏའོ། །ཤཱིང་ལས་རཏའོ། །བེཏྟི་ལས་ཡང་ནའོ། །ལིཊའི་ཨིརའོ། །ཏའི་ཨེ་ཤ་རོ། །ཏད་མ་ཡིན་པ་རྣམས་ཀྱི་ཎ་ལ། ཨ་ཏུས་ཨུས་ཐལ་ཨ་ཐུས། ཨ་ཎ་ལ་བ་མ་རྣམས་སོ། །བིརྟི་ད་ལས་ལཊ་ཡང་ནའོ། །བྲཱུ་ལས་ལྔ་རྣམས་ཀྱི་ཡང་ཨཱ་ཧ་

ལྔ་ཡང་ངོ་། །ཨཱཏ་ལས་ཎལའི་ཨོ་འོ། །ཊ་འགྲོ་བའི་ཏང་རྣམས་ཀྱི་ཊིའི་ཨེའོ། །ཐཱས་ཀྱིསའོ། །ལུ་ཊའི་དང་པོའི་རཱས་རོ་རས་རྣམས་སོ། །ཛི་མིན་པ་ལས་ལོཊའི་ཨིའི་ཨུའོ། །སིའི་ཧི་ངའོ། །ཨཱ་ཤི་ཥ་ལ་ཏུ་ནི་ཏཱ་ཏད་ཡང་ནའོ། །
མིའི་ནིའོ། །ཨཏ་ཀྱི་ཨ་མའོ། །སྭཱ་བྷྱཱཾ་བ་ཨཾ་དག་གོ། །ཕྱི་མའི་ཨཽའོ། །ཊཱ་པའོ། །ཏས་ཐས་ཐ་མིས་རྣམས་ཀྱི་ཏཱན་ཏན་ཏི་སྟེ་ངིད་ཀྱང་ངོ་། །བས་མས་དག་གི་དབྱིའོ། །ཨིཏ་ཡས་ཨ་ཏད་རྣམས་སོ། །ལིང་གི་སཱི་ཡུཊའོ། །ཡཱ་སུ་ཊ་ཨ་ཏང་ལས་
དི་ཏའོ། །ཨཱ་ཤིཾ་ཥ་ལ་ཀིཏའོ། །ཨཏ་ལས་ཨི་ཡ་ཀུན་འགྲོ་ལའོ། །མཐའ་མིན་པའི་ས་དབྱིའོ། །ཨནྟའི་རནའོ། །ཨིཊའི་ཨཏརོ། །ཏ་ཐ་དག་ནི་སུཊའོ། །ཨནྟིའི་ཛུསའོ། །བྷཱ་མིན་པ་ལས་སི་ཙའི་འོ། །བེཏྟི་ཡུ་ག་ལས་ལང་ལས་སོ། །དྭི་ཥ་
ཨཱ་ན་ལས་ཡང་ནའོ། །ཞེས་པ་ལེགས་སོ་གྲགས་པའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་ལས་སྐབས་དང་པོ་རྫོགས་སོ།། །།ཏིང་མ་ཡིན་པ་ནི་ཀྲྀཏའོ། །གཟུགས་མཚུངས་པ་མིན་པ་ལས་བུད་མེད་མིན་པ་ལས་ཡང་ནའོ། །ལཊ་དང་ལྲྀ་ཊ་དག་གི་ཤ་
ཏྲྀ་འོ། །དང་པོ་དང་མཐའ་བཞིའི་མཚུངས་པ་མིན་པ་ལའོ། །ཀུན་ཏུ་བོད་པ་ལ་ཡང་ངོ་། །རྒྱུ་དང་མཚན་ཉིད་དག་གི་བྱ་བ་ལས་སོ། །མཱ་ལས་སྦྱོ་བ་ལའོ། །ཏང་ལ་དེ་བཞིན་དུ་ཤཱ་ན་ཙའོ། །བྷཱ་རི་ཨིང་ལ་ནུས་པ་ལའོ། །དྭིཥ་ལས་མི་མཛའ་བ་ལའོ། །
སུཉ་ལས་མཆོད་པ་ལའོ། །ཨརྷ་ལས་བསྟོད་པ་ལའོ། །ནུས་པ་ན་ཚོད་དང་ཚུལ་རྣམས་ལ་ཤཱ་ན་ཙའོ། །བེ་ཏྟི་ལས་ཤ་ཏྲྀའི་པ་སུ་ཡང་ནའོ། །ཏད་མིན་པ་ལ་ལིཊའི་ཀྭ་སུའོ། །ཨཱི་ཡི་བན་ཨ་ནཱ་ཤྭན་ཨ་ནཱུ་ཙཱ་ན་རྣམས་སོ། །དངོས་པོ་དང་ལས་དག་
ལའོ། །ཏ་བྱཱ་ཨ་ནཱི་ཡ་དག་གོ། །ཀེ་ལི་མར་ལས་བྱེད་པ་པོ་ལའོ། །སྣཱ་ནཱི་ཡ་དཱ་ནཱི་ཡ། །ས་མཱ་བརྟ་ནཱི་ཡེ། །པྲ་བ་ཙ་ནཱི་ཡ་ཨུ་པ་སྠཱ་ནཱི་ཡ། །བཱསྟ་བྱ་རྣམས་སོ། །ཡཏ་འོ། །པུ་དང་ཤ་ཀི་ཏ་ཀི: ཏི: ཡ་ཏི: ཤ་སི: ས་ཧི: ཡ་ཛི: བ་བྷ་ཛ་རྣམས་སོ། །ག་

ད་མ་ད་ཡ་མ་ལས་ཉེར་བསྒྱུར་མེད་པ་ལས་སོ། །ཙ་ར་ལས་སོ། །བླ་མ་མ་ཡིན་པ་ལ་ཨཱད་ལས་སོ། །ཨ་བ་དྱ་པ་ཎྱ: བཪྻཱ་རྣམས་སྨད་པ་བཙོང་བྱ་འགོག་པ་མེད་པ་རྣམས་ལའོ། །བ་ཧ་ལས་བྱེད་པ་ལའོ། །ཨརྟི་ལས་ཇོ་བོ་རྗེ་རིགས་དག་ལའོ། །
ཨུ་བ་སཪྻཱ་དུས་ལྡན་མ་ལའོ། །ཨ་ཛརྻ་ཡང་དག་པར་སོང་བ་ལའོ། །གཱ་དང་བྷཱུ་ལས་བྱེད་པ་པོ་ལའང་ངོ་། །ཧན་ལས་བ་དྷ་འང་ཡང་ནའོ་སུབ་ལས་བད་ལ་ཀྱབ་འང་ངོ་། །བྷཱུ་ལས་དངོས་པོ་ལའོ། །ཧན་ལས་ཏའང་ངོ་། །ཨིཎ་སྟུ་ཤཱ་སུ: བྲིཉ: དྲྀ: ཛུ:
ཥ་ལས་སོ། །རྀཏ་མཐའ་ཉེ་ལས་ཀླྀ་པི་ཙི་ཏ་མ་ཡིན་པ་ལས་སོ། །ཁན་ལས་ཨིཏ་འང་པོ། །བྷྲིཉ་ལས་མིང་མ་ཡིན་པ་ལའོ། །ཀྲྀ: བྲྀཥི: མྲྀ་ཛི: ཤམ་སི: སཾ་བྷྲྀ: དུ་ཧི: གུཏ་ལས་ཡང་ནའོ། །རཱ་ཛ་སཱུ་ཡ: སཱུཪྱ་རུ་ཙྱ: ཀྲྀཥྚ: བ་ཙྱ: ཨབྱ་ཐྱ:
རྣམས་སོ། །བྷི་དྱ: ཨུརྡྷྱ་དག་ཆུ་བོ་ལའོ། །པུ་ཥྱ་སིདྷྱ་དག་རྒྱུ་སྐར་ལའོ། །ཀུ་པྱ་ཨཱ་ཛྱ: ཡུ་གྱ་རྣམས་ནོར་དང་མར་དང་ཐེག་པ་རྣམས་ལའོ། །ཛཏྱཾ། བ་བྷ་ཡཿ པི་ནཱི་ཡ་རྣམས་ཐོང་པ། རྩ་མུཉྫ་སྙིགས་མ་རྣམས་ལའོ། །ཆོ་ག་རང་དབང་མེད་པ།
ཕྱོགས་ཕྱི་རོལ་རྣམས་ལ་གྲ་ཧ་ལས་སོ། །ཅི་ལས་མེ་ལའོ། །རྀ་དང་ཧ་ལ་ལས་ཏྱ་ཏའོ། །པཱ་ཎི་དང་སཾ་ཨ་བ་དག་ལས་སྲི་ཛ་ལས་སོ། །ཨུ་ལས་གདོན་མི་ཟ་བ་ལའོ། །ཨཱ་སུཿ ཡུཿ བ་པིཿ ར་བི་ལ་པི་ཏྲ་པི་ནི་མི་ཙི་མ་ད་བྷ་ལས་སོ། །ཨ་མཱ་བ་ས་
ལས་གཞི་ལ་ཡང་ནའོ། །པྲ་ཎཱ་ཡྱ་ཡང་དག་པར་མི་འདོད་པ་ལའོ། །མཆོད་སྦྱིན་ལ་ཀུཎྚ་པཱ་ཡྻ་སཾ་ཙཱ་ཡྻ་དག་གོ། །མ་ལ་པ་རི་ཙཱ་ཡྻ: ཨུ་པ་ཙཱ་ཡྻ: ས་མཱུ་ཛྱ: ཨཱ་ནཡྻ་རྣམས་སོ། པཱ་ཡྻཿ སཱནྣཱ་ཡྻཿ ནི་ཀཱཡྻཱ: མཱན: ཧ་བི་ནི་པཱ་ས་རྣམས་ལའོ། །དྷཱཉ་
ལས་རི་ཏྭི་ཀ་དང་སཱ་མི་དྷེ་ནི་དག་ལའོ། །ཀྲྀ་ཏྱ་རྣམས་ཀྱང་ཏ་བྱ་སོགས་རྣམས་སོ། །བྱེད་པ་པོ་ལ་པུ་ཎ་ཏྲྀ་ཙ་དག་གོ། །ནནྡི་གྲ་ཧི་པ་ཙ་སོགས་རྣམས་ལས་ཡུ་ཎི་ནི་ཨཙ་རྣམས་སོ། །ཨི་ཀ་མཐའ་ཉེ་ལས་ཛྙཱ་པྲཱྀ་ཀྲཱྀ་ལས་ཀའོ། །ཉེར་བསྒྱུར་ལ་ཨཱཏ་ལས་

སོ། །པཱདྷྨཱ་དྷ་ཊ་དྲྀ་ཤ་ལས་ཤའོ། །གྷཱ་ལས་མིང་ལའོ། །དྷཱ་རི: པཱ་རི: བེ་དི་ཨུ་དེ་ཛེ ཙི་ཏི: སཱ་ཧི: བནྟི་ལས་ཉེར་བསྒྱུར་མེད་པ་ལས་སོ། །ལིབ་ལས་ནི་ལས་ཀྱང་ངོ་། །ན་འགྲོ་བ་ལས་ཎ་ཡང་ནའོ། །ཤྱཱ་ལས་ཨིཎ་བྱ་དྷ་ཤྭ་
ས་ཏ་ནི་ལས་སོ། །སཾ་ཨཱདཿ ལས་སྲུ་ལས་སོ། །ཧྲྀ་སཱ་ལས་ཨ་བ་ལས་སོ། །ནཱི་དང་དུ་ལས་ཉེར་བསྒྱུར་མེད་པ་ལས་སོ། །གྷཱུ་ལས་ཡང་ནའོ། །གྲ་ཧ་ལས་སོ། །ཁང་པ་ལ་ཀའོ། །གཱ་ལས་སྠ་ཀ་ནའོ། །ཡྻུ་ཊའོ། །ཧཱ་ལས་འབྲུ་དང་
དུས་དག་ལའོ། །ནྲྀ་ཏི་ཁ་ནི་ར་ཛ་ལས་བཟོ་བོ་ལ་བུཥའོ། །སྲུ་སྲི་ལཱུ་ལས་བུ་ནའོ། །སྨོན་པ་ལའོ། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་ལས་སྐབས་གཉིས་པའི་དང་པོའི་རྐང་པ་རྫོགས་སོ།། །།ལས྄་ལས་སོ། །ཕ་རོལ་
དུ་ཨཎའོ། །ཧྭཱ་པཱ་མཱ་ལས། ཨིཀྵི: ཀྵ་མི: བྷཀྵི: ཤཱི་ལཱ་ཙ་རི་ཀ་མི་རྣམས་ལས་ཎའོ། །གཱ་ལས་ཊ་ཀའོ། །སུ་རཱ་ཤཱི་དྷུ་དག་ལས་བི་ལས་སོ། །ཨཱཊ་ལས་ཉེར་བསྒྱུར་མེད་པ་ལས་ཀའོ། །པྲཛྙཱ: སཾ་ཁྱཱ: པྲ་དཱ་ལས་སོ། །ཏུནྡ: ཤོ་ཀ་ལས་པ་
རི་མྲྀཛ་ཨ་པ་ནུད་ལས་ཨ་བ་ས། སུ་ཁཱ་བ་ཧ་དག་ལའོ། །མཱུ་ལཿ བི་བྷུ་ཛ་ལ་སོགས་པ་རྣམས་སོ། །སུཔ་ལས་སོ། །ཤེ་ཏི་ལས་ཨཙའོ། །ཧ་ར་ཏི་ལས་གྱེན་དུ་འདྲེན་པ་མིན་པ་ལའོ། །ན་ཚོད་ལའང་ངོ་། །ཨཱ་ད་ལ་དེའི་ངང་ཚུལ་ལའོ། །
བ་ཧ་ལས་སོ། །ཨརྷ་ལས་སོ། །སྟམྦ་ཀརྞྞ་ལས་ར་མི་ཛ་ལ་ལས་གླང་པོ་དང་ཕྲ་མ་དག་ལའོ། །ཤཀྟི་ཡཥྚིཿ དྷ་ནུས: ཨཾ་ཀུ་ཤ: ཏོ་མ་ར། ཡཱཾ་གཱུ་ལ: གྷ་ཊ: གྷ་ཊཱི་རྣམས་ལས: གྲཧ་ལས་སོ། །སཱུ་ཏྲ་ལས་འཛིན་པ་ལའོ། །ཤ་མ་ལས་བྱིངས་
ལས་མིང་ལའོ། །ཀིཾཿ ཡཏཿ ཏདཿ མང་པོ་རྣམས་ལས་ཀྲྀཉ་ལས་སོ། །ཤྭཿ པ་ཙ་སོགས་རྣམས་སོ། །ཙ་རི་ལས་ཊའོ། །པུ་རས་ཨ་གྲ་ཏས། ཨ་གྲེ་རྣམས་ལས་སརྟི་ལས་སོ། །པཱུརྦ་ལས་བྱེད་པ་པོ་ལས་སོ། །ཀྲྀཉཿ ལས་རྒྱུ་དང་ངང་ཚུལ་དང་

རྗེས་སུ་མཐུན་པ་རྣམས་ལའོ། །དི་བཱ: བི་བྷཱ: བྲ་བྷཱ: བྷཱསྐཱ་ར: ཨ་ནནྟ: ཨ་ཧ་ར: ཨཱ་དི: བ་ཧུ: ལི་པི: ལི་བི: བ་ལི: བྷཀྟི་ཀརྟྲྀ: ཙི་ཧཱ: ཀྵེ་ཏྲ: དྷ་ནུད: ནཱ་ཊི: ཨ་རུས: སཾ་ཁྱཱ་དི་ན: དི་བས: ཀྵ་པཱ: ཀྵ་ཎ་དཱ: རཱ་ཏྲཱི: ར་ཛ་ནཱི: གྷ་ཊཱི་རྣམས་ལས་སོ། །ལས་
ལས་གླ་ལའོ། །ཤབྡ: ཤློ་ཀ: ཀ་ལཧ: གཱ་ཐ: བཻ་ར: ཙཱ་ཊུ: སཱུ་ཏྲ: མནྟྲ: པ་དཱ་ལས་མ་ཡིན་ནོ། །ཨེ་ཛི་ལས་ཁ་ཤའོ། །ཤུ་ནཱི: སྟན་ལས་དྷཱ་ཊ་ལས་སོ། །ནཱ་སི་ཀཱ་ནཱ་ཌཱེ: མུཥྚི: གྷ་ཊཱི: ཁཱ་རཱི: བཱ་ཏ་རྣམས་ལས་སོ། །དྷྨཱ་ལས་པཱ་ཎི་སོགས་ལས་
ཀྱང་ངོ་། །ཀླུ་ལ་ལས་ཨུཏ་ལས་རུ་ཛི་པ་ཧ་ལས་སོ། །ཨབྦྷྲཱ་ཀ་རཱི་ཥ་ལས་ཀྱང་ཀཥ་ལས་སོ། །སརྦ་ལས་ཧ་ལས་ཀྱང་ངོ་། །བྷ་ཧཿ ཨབྦྷྲ་ལས་ལི་ཧ་ལས་སོ། །བི་དྷུ་ཏི་ལ་ཨ་རུས་ལས་ཏུ་ད་ལས། པཱ་ཏ་དང་ཤརྡྷ་ལས་ཨ་ཛི་ཧཱ་ཀ་ལས་སོ། །སཱུརྻ་ཨུ་
གྲ་ལས་དྲི་ཤ་མ་ཡིན་པ་ལས་སོ། །བཱ་ཙ་ཡ་མ་བརྟུལ་ཞུགས་ལའོ། །རྀ་ཏི་མེ་གྷ་ལས་ཀྲྀཉ་ལས་ཁ་ཙའོ། །བྷ་ཡ་ལས་དེའི་མཐའ་ལས་སོ། །ཀྵེ: མ་པྲི་ཡ་མ་ཏྲ་ལས་ཨཎ་འང་ངོ་། །བྷ་ག་པུཿ རཱ་དག་ལས་དཱ་ར་ལས་སོ། །པྲི་ཡ་བ་ཤ་ལས་བ་ད་
ལས་སོ། །ཨི་རཱ་ལས་མ་ད་ལས་སོ། །དྭི: ཥཏྤ་ར: ལ་ལཱཊ་ལས་ཏད་ལས་སོ། །ཡོངས་སུ་ཚང་བ་ལས་པ་ཙ་ལས་སོ། །མི་ཏ་ན་ཁ་ལས་སོ། །ཨཱ་ཤི་ཏ་ལས་གྷཱུ་ལས་དངོས་པོ་དང་བྱེད་པ་དག་ལའོ། །མིང་ལས་ཧི་ཏ་པི་ད་མི: བྷྲྀ་ཏྲཱྀ: བྲྀ་ཛི:
དྷཱ་རི་རྣམས་ལས་སོ། །གམ་ལས་ཁཊྩཿ བི་ཧཱ་ཡས་ཀྱི་པི་ཧའང་ངོ་། །ཌའོཿ སུ་དུར་དག་ལས་སྤྱིར་བཏང་ལའོ། །ནིསཿ ལས་ཡུལ་ལའོ། །ཨུ་ར་གའོ། །ཨ་བ་ལ་ས་ཧན་ལས་སོ། །སྨོན་པ་ལ་འང་ངོ་། །ཀ་ཧྭ་ལ་སོགས་པ་རྣམས་སོ། །ཨ་ནྲིཿ ག་ཛ་
དག་ལས་ཊཀའོ། །ཛཱ་ཡཱ་བ་ཏི་དག་ལ་མཚོན་བྱེད་ལའོ། །གོ་གྷྭའོ། །ཧསྟི་ཀས་པཱཊ་ལས་ནུས་པ་ལའོ། །རཱ་ཛ་ན་ལས་གྷའང་ངོ་། །བཱ་ཎི་ཏཱཌ་ལས་བཟོ་བོ་ལའོ། །ཤཱིཪྵ་ཀུ་མཱ་ར་ལས་ཎི་ནིའོ། །དཱ་རུ་ལས་ཨཱད་ལས་མིང་མ་ཡིན་པ་ལའང་ངོ་། །ཨ་ཌྷྱཿ

སུ་བྷ་ག་སྠཱུ་ལ་པ་ལི་ཏ་ལབྨ: ཨནྦྷ: པྲི་ཡ་ལས་ཙྭི་དང་བྷུད་ལས་ཁིཥྞུཙཿ ཁུ་ཀ་ཉ་དག་གོ །ཀྲྀཉ་ལས་ཁ་ན་ཊའོ། །སྟམྦ: ཤ་ཀྲྀ་ཊ་དག་ལ་འབྲུ་དང་བེའུ་དག་ལ་ཨིའོ། །ཀྲིཉ་ལས་དྲྀ་ཏི་ནཱ་ཐ་ལས་ཕྱུགས་ལའོ། །ཕ་ལེ་གྲ་ཧི་ཨཱཏྨ་མྦཱ་རི་ཀུ་ཀྵིམྦྷ་
རི: ཨུ་ད་རམྦྷ་རི་རྣམས་སོ། །སྦྲྀ་ཤ་ལས་ཨུ་ད་ཀ་མིན་བ་ལས་ཀྭི་ནའོ། །དྲྀ་ཏྭིཀ །སྲཀ: དིཀ: ད་དྷྲྀཀ་ཨུཥྞི་ཀ་ཀྲུངཿ ཨྙཉྩ་རྣམས་སོ། །ཡུ་ཛི་འབའ་ཞིག་ལས་སོ། །ས་མཱ་ནཿ ཨ་ནྱ་ཏྱད་སོགས་དང་། དཔེ་ལས་དྲི་ཤ་ལས་ལས་ལ་ཀྶ་ཀ་ཊ་དག་ཀྱང་
ངོ་། །ས་ཧ་བ་ཧ: བྷ་ཛ་ལས་ཎཱིའོ། །ཀྭི་པ: བི་ཙ: མ་ནི་ན་ཀྭ་ནི་བ: བ་ནི་པ: རྣམས་མང་པོ་ལའོ། །དུ་ཧ་ལས་ཀསྟ་གྷ་རུའང་ངོ་། །གདོན་མི་ཟ་བ་ལ་ཎི་ནིའོ། །རིགས་མ་ཡིན་པ་ལས་ངང་ཚུལ་དང་ཡང་ཡང་དག་ལས་སོ། །སཱ་བྷུ་ལས་སོ། །ཨ་བྷི་
ནིཿ ཨུ་པཿ བི་ལ་དཔེ་ལས་སོ། །བརྟུལ་ཞུགས་ལའོ། །མ་ནྱ་ཏི་ལས་སོ། །བདག་ཉིད་ལ་ཁ་ཤའང་ངོ་། །ཞེས་པ་སཱ་དྷུ་ཀཱིརྟྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་ལས་སྐབས་གཉིས་པའི་རྐང་པ་གཉིས་པ་རྫོགས་སོ།། །།བྱེད་པ་ལས་ཡ་ཛ་ལ་འདས་
པ་ལའོ། །ཧ་ནི་ལས་སྨད་པ་ལའོ། །བི་ཀྲཱི་ལས་ཨི་ནིའོ། །བྲཧྨ་སོགས་དང་ཉ་ན་སོགས་ལས་ཀྭི་པའོ། །དྲྀ་ཤ་ལས་ཀྭ་ནི་པའོ། །རཱ་ཛ་དང་ས་ཧ་ལས་ཀྲྀཉ་ལས་སོ། །ལུ་དྷི་ལས་ཀྱང་ངོ་། །ཇི་ནི་ལས་ཀྱང་ཌ་འང་ངོ་། །སུ་ཡ་ཛ་ལས་དྭ་ནི་པའོ། །
ཛཱི་ཪྱ་ཏི་ལས་ཨ་ཏྲྀ་ནའོ། །ནིཥྛཱའོ། །དངོས་པོ་དང་ལས་དག་ལ་ཀྟའོ། །རྩོམ་པའི་བྱེད་པ་པོ་ལའང་ངོ་། །ཤླིཥ: ཤཱིང་: སྠཱ: ཨཱས་བ་ས: ཛ་ན: རུཧ: ཛཱིརྻ་ཏི་རྣམས་ལས་སོ། །འགྲོ་བའི་དོན་དང་ལས་མེད་པ་ལས་གཞི་ལའོ། །བཟའ་བའི་དོན་
ལའོ། །འདོད་པའི་བློ་མཆོད་པའི་དོན་དང་ཉི་འགྲོ་བ་ལས་ཀྱང་ད་ལྟར་བ་ལའོ། །ངང་ཚུལ་དང་ལེགས་པ་དང་ཆོས་རྣམས་ལ་ཏྲྀན་ལའོ། །ནི་རཱ་ཨ་ཝཾ་དག་ལ་ཀ་རོ་ཏི་ལས་ཨིཥྞུ་ཙའོ། །ཨུད་ལས་བ་ཙ་པ་ཙ་ཏཿ མ་ད་ལས་སོ། །པྲ་ཛ་ནཿ རུ་ཙི་ཨ་པ་ཏྲ་པ།

བྲྀ་