Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 211
Văn bản gốc(Tây Tạng)
Trang 4 / 22 (50.000 ký tự/trang)
བྱིངས་ཐམས་ཅད་ལ་ཨིའོ། །ཇི་ལྟར་མངོན་པར་བརྗོད་པའི་བྱིངས་ཐམས་ཅད་རྣམས་ལས་ཨི་ཕ་རོལ་ཏུ་འགྱུར་རོ། །ཊུ་ཀྵུ: རུ: ཀུ: སྒྲ་ལའོ། །དྲཱྀ་རྣམ་པར་འཇོམས་པ་ལའོ། །སྭ་ན་དྷྭ་ན་སྒྲ་ལའོ། །བ་ལཿ ཀུན་ནས་སྒྲིབ་ པ་ལའོ། །གལླ་ཞེས་པ་མདོ་ལས་བྱུང་བའི་བྱིངས་སོ། །ཨ་བ་རཀྵ་སྐྱོང་བ་ལའོ། །མནྠ་བསྲུབ་པ་ལའོ། །པ་ཐི་འགྲོ་བ་ལའོ། །ཨི་ཏི་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །ཙུ་ར་སོགས་ཉིད་ཀྱི་ཕྱིར་ཨི་ནའོ། །ཧྲྀ་ཉ་འཕྲོག་པ་ལའོ། ། གྲནྠ་སྤེལ་བ་ལའོ། །པཱུ་ང་དག་པ་ལའོ། །ཇི་ལྟར་སྲིད་པ་བཞིན་ཡོན་ཏན་ནོ། །ཨོ་ཨ་བའོ། །ར་བིཿ ཉི་མའོ། །ཀ་བིཿ སྙན་ངག་བྱེད་པ་པོའོ། །ད་རིཿ རི་བོའོ། །ཨཱི་ཏ་ལས་བརྗོད་པ་བོར་བའི་ཕྱིར་ཡང་ནའོ་ཞེས་པས་ཕྱོགས་གཅིག་ལ་ཨཱིའི་ རྐྱེན་ནོ། །ད་རཱི དེ་ཉིད་དོ། །དྷཱ་ནི་སྒྲའོ། །བ་ལིཿ ལྷ་མ་ཡིན་གྱི་རྒྱལ་པོའོ། །བལླིཿ མཁའོ། །པལླཱི་དེ་ཁོ་ནའོ། །ཨ་བི་སྤྲིན་ནོ། །མནྠ་ཡ་ཏིའི་ཀཱ་རི་ཏ་དབྱིའོ། །མནྠི་མནྠའི་སྒྲ་དག་ལ་ནི་པནྠི། མནྠི་རི་བྷུ་ཀྵི་རྣམས་ཀྱི་ སི་ལའོ་ཞེས་པ་ས་མཐའ་ཨ་རུ་འགྱུར་རོ། །སའི་རྣམ་པར་གཅད་བྱའོ། །བནྠཿ ལམ་མོ། །མནྠཿ བསྲུབ་ཤིང་ངོ་། །ཧ་རིཿ ཁྱབ་འཇུག་གོ། །སེང་གེ་སོགས་ལ་ཡང་ངོ་། །མུད་པ། གྲདྠཱི་ཐམས་ཅད་མཚམས་སྦྱོར་བའོ། །བ་པིཿ རྡོ་རྗེའོ།། །། གྲཱྀ་དང་། ནཱ་མཱི་ཨུ་པ་དྷྭ་ལས་ཀིའོ། །གྲཱྀ་ངེས་པར་གནོན་པ་ལའོ། །ནཱ་མི་ཨུ་པ་དྷཱའི་བྱིངས་ལས་ཀི་ཕ་རོལ་ཏུ་འགྱུར་ཏེ། གང་གི་ནཱ་མི་ཨུ་པ་དྷཱ་ཞེས་སྨོས་སོ། །ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། ། རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨི་རའོ་ཞེས་པས་ཨི་རའོ། །འདི་ལས་ནི་གི་རིཿ རི་བོའོ། །ནཱ་མི་ཨུ་པ་དྷཱ་ལས་དཔེར་ན། རུ་ཙ་འབར་བ་ལའོ །ཀྲྀ་ཥ་རྣམ་པར་རྐོ་བ་ལའོ། །གྲྀ་ཎུ་འབར་བ་ལའོ། །རུ་ཙིཿ བདུན་པ་དང་གསལ་བྱེད་དོ། །ཀྲྀ་ ཥིཿ འགུགས་པའོ། །གྷྲྀཎི་འོད་ཟེར། གསལ་བྱེད་དོ། །ཞེས་པ་ལ་སོགས་པ་ཡང་རྗེས་སུ་རྟོགས་པར་བྱའོ།། །།གཎྜི་མཎྜི་དག་ལས་ཛྷའོ། །ག་ཌི་གདོང་གི་ཕྱོགས་གཅིག་ལའོ། །མ་ཌི་རྒྱན་ལའོ། །ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །རྗེས་ སུ་ང་རོའོ། །སྡེ་པའི་མཐའོ། །རྒྱུ་ལ་ཨི་ནའོ། །འདི་དག་ལས་ཛྷ་ཕ་རོལ་ཏུ་འགྱུར་རོ། །ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ག་ཨནྟ་རྣམས་སོ་ཞེས་པས་ཛྷ་ཡིག་གི་ཨནྟ་རུ་བསྒྱུར་རོ། །ཨཱ་ལུ་ཨཱཥྞུ་རྣམས་ལ་མ་ཡིན་ནོ་ཞེས་པ་ལ་སོགས་པས་ཀཱ་རི་ཏ་དབྱི་བ་བཀག་ གོ། །ཡོན་ཏན་ནོ། །ཨེ་ཨ་ཡའོ། །གཎྜ་ཡནྟཿ མཁུར་ཚོས་སོ། །མཎྜ་ཡནྟཿ རྒྱན་བྱེད་པའོ། །ཛི: བི་ཤི: བ་སི: བྷཱ་སི: བ་ཧི: ནནྟི: ཧི: སཱ་ངྷི་རྣམས་ལས་ཀྱང་ངོ་། །ཛི་རྒྱལ་བ་ལའོ། །བི་ཤ: རབ་ཏུ་འཇུག་པ་ལའོ། །བ་ས་ངེས་པར་གནས་པ་ ལའོ། །གཱ་སྲྀ་བྷཱ་སྲྀ་འགྱུར་བ་ལའོ། །བ་ཧ་ཐོབ་པ་ལའོ། །ཊུ་ན་དི་ཡང་དག་པར་འཕེལ་བ་ལའོ། །ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །ཧི་འགྲོ་བ་ལའོ། །ཚིག་ཕྲད་ལས་མ་ཨཱ་ག་མའོ། །ཡོན་ཏན་ནོ། །རཱ་དྷ་སཱ་དྷ་ཡང་དག་ པར་གྲུབ་པ་ལའོ། །འདི་རྣམས་ལས་ཀྱང་ཛྷ་ཕ་རོལ་ཏུ་འགྱུར་རོ། །སྔ་མ་བཞིན་ཨནྟ་རུ་བསྒྱུར་རོ། །ཡོན་ཏན་ནོ། །ཨེ་ཨ་ཡའོ། །ཛ་ཡནྟཿ དབང་པོའི་བུའོ། །བེ་ཤནྟཿ མཚེའུའོ། །བ་སནྟཿ དུས་ཀྱི་ཁྱད་པར་རོ། །བྷཱ་སནྟཿ མཛེས་ པའོ། །བ་ཧནྟཿ དུས་སོ། །ནནྡནྟཿ ཡང་དག་པར་འབྱོར་པ་དང་ལྡན་པའོ། །དགུན། ཧེ་མནྟཿ དུས་ཀྱི་བྱེ་བྲག་གོ། །སཱ་དྷནྟཿ དགེ་སློང་ངོ་། །ཀཽ་ཏི་ལས་རབ་ཀའོ། །ཌུ་ཀྵུ: རུ: ཀུ་སྒྲ་ལའོ། །འདི་ལས་ར་བ་ཀ་ཕ་རོལ་ཏུ་འགྱུར་རོ། ། ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །ཀུ་ར་བཿ བྱའི་ཁྱད་པར་རོ། །ཨངྒི་མ་དི་མནྡི་ཀ་ཌི་མྲྀ་ཛི་རྣམས་ལས་ཨཱ་རའོ། །ཨ་གི་འགྲོ་བའི་དོན་ནོ། །ཨི་ཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །རྗེས་ སུ་ང་རོའོ། །སྡེ་པའི་མཐའོ། མཱ་དི་དགའ་བ་ལའོ། །མཱ་དི་བསྟོད་པ་ལ་སོགས་པ་རྣམས་ལའོ། །སྔ་མ་བཞིན་ན་ཨཱ་ག་མའོ། །ཀཱ་ཌ་བརྒྱགས་པ་ལའོ། །མྲྀ་ཛུ་དག་པ་ལའོ། །འདི་རྣམས་ལས་ཨཱ་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །མརྫྫའི་མཱརྫྫི་ རུ་བསྒྱུར་རོ། །ཨངྒཱ་རཿ སོལ་བ། ཤིང་ཚིག་པའོ། །མ་དཱ་རཿ མྱོས་པའི་གླང་པོའོ། །མནྡཱ་རཿ ཤིང་གི་བྱེ་བྲག་གོ། །ཀ་ཌཱ་རཿ སེར་སྐྱའོ། །མཱརྫྫ་རཿ བྱི་ལའོ། །ཤྲཱིངྐུ་ར་བྲྀངྒཱ་ར་ཀུཉྫ་ར་རྣམས་སོ། །འདི་རྣམས་ལས་ཨ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། ། ཤྲཱིངྒི་བྲིངྒིའི་མིང་དག་ལས་ཀྶ་རི་ཏའི་མཐའ་དག་ལ་ཨཱར་ཕ་རོལ་ཏུ་འགྱུར་རོ། །ཁ་ཛི་བགྲོད་པ་ཉམ་ང་བ་ལའོ། །ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཁནྫའི་ཁའི་ཀུ་ཚིག་ཕྲད་ལས་ཏེ་རྐྱེན་ཨཱ་རའི་ཐུང་ངུའོ། ། སྒོག་པ་ཤྲིངྒཱ་རཿ ཉམས་ཀྱི་བྱེ་བྲག་གོ། །བྷྲྀངྒཱ་རཿ གསེར་གྱི་བུམ་པའོ། །ཀུཉྫ་རཿ གླང་པོའོ། །སརྟྟི་ལས་ཨ་པ་སྟེ་ཥའི་མཐའ་ཡང་ངོ་། །སྲྀ་འགྲོ་བ་ལའོ། །འདི་ལས་ཨ་པ་ཕ་རོལ་ཏུ་འགྱུར་ཏེ། འདིའི་མཐའ་རུ་ཡང་ཥ་འགྱུར་རོ། ། ཡོན་ཏན་ནོ། །སཪྵ་པཿ ཡུངས་ཀར། གྲུབ་པའི་དོན་ཅན་ནོ། །བི་ཊ་པ་ལ་སོགས་པ་རྣམས་སོ། །བ་ཊ་བ་ཀུ་ཎ་པ་ད་ལ་པ་ཀུ་ཊ་པ་ཨུ་ལ་པ་སྟེ་འདི་རྣམས་ལས་ཨ་བ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །བི་ཊ་སྤྱོ་བ་ལའོ། །ཀུ་ཎ་སྒྲ་ལའོ། །ང་ལ་ཉི་ཕ་ ལ་རྣམ་པར་རྒྱུ་བ་ལའོ། །ད་ལ་རྣམ་པར་འཇོམས་པ་ལ་ཡང་ནའོ། །ཀུཊ་འཁྱོག་པོ་ཉིད་ལའོ། །རྀ་འགྲོ་བ་ལའོ། །བི་ཊི་ཀུ་ཎི་དག་གི་ཡོན་ཏན་མེད་དོ། །བི་ཊ་བཿ སྡོང་པོའོ། །ཀུ་ཎ་པཿ ཁྲ་བོའོ། །ད་ལ་བཿ མཚོན་ཆའོ། །ཀུ་ཊིའི་ཀུ་ཊ་སོགས་ ཉིད་ཀྱི་ཕྱིར་ཡོན་ཏན་མེད་དོ། །ཀུ་ཊ་པ་སྔགས་ཀྱི་ཁྱད་པར་རོ། །ཨརྟིའི་ཨུ་ལ་རུ་བསྒྱུར་རོ། །ཨུ་ལ་པཿ རྩྭའི་བྱེ་བྲག་གོ། །དེ་ལྟ་བུ་ལ་སོགས་པ་རྣམས་རྗེས་སུ་རྟོགས་པར་བྱའོ། །བྲྀ་ཏི་ལས་ཏི་ཀའོ། །བྲྀ་ཏུ་འཇུག་པ་ལའོ། །འདི་ལས་ཏི་ཀ་ཕ་རོལ་ཏུ་ འགྱུར་རོ། །ཡོན་ཏན་ནོ། །བུད་མེད་ལ་ཨ་ལས་ཨཱའོ། །འགྲེལ་པའོ། བརྟྟ་ཀཱ་བསམ་པ་སྣང་བའོ། །ཀྲྀ་ཏི་བྷི་དི་ལ་ཌི་རྣམས་ལས་ཡན་བཞིན་ནོ། །ཀྲྀ་ཏི་གཅོད་པ་ལའོ། །བྷི་དིར་རྣམ་པར་འཇོམས་པ་ལའོ། །ལ་ཌ་ཞེས་པ་མདོ་ལས་བྱུང་བའི་བྱིངས་སོ། ། འདི་རྣམས་ལས་ཏི་ཀ་ཕ་རོལ་ཏུ་འགྱུར་རོ། །དེ་ཡང་ཡཎ་བཞིན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །བུད་མེད་ལ་ཨ་ལས་ཨཱའོ། །ཀྲྀཏྟི་ཀཱ་སྨིན་དྲུག་གོ། །སྒྲ་མེད་པ་རྣམས་ལ་ཤི་ཊ་མ་ཡིན་པ་རྣམས་ཀྱི་དང་པོའོ། །བྷིཏྟིཀཱ་རྩིག་པའོ། །ཝཏྟི ཀཱ་ད་བྱིད་དོ། །ཨི་ཥི་ཨ་ཤི་དག་ལས་ཏ་ཀའོ། །ཨི་ཥུ་འདོད་པ་ལའོ། །ཨ་ཤ་ཟ་བ་ལའོ། །འདི་དག་ལས་ཏ་ཀ་ཕ་རོལ་ཏུ་འགྱུར་ཏེ། དེ་ཡང་ཡཎ་བཞིན་ནོ། །ཨུཎ་ལ་སོགས་པ་ཉིད་ཀྱི་ཕྱིར་ཨིཌ་མི་འགྱུར་རོ། །ཚ་ཤ་དག་གི་འང་ངོ་ཞེས་པས་ཤའི་ཥ་ཉིད་ དོ། །ཥ་དང་ཊ་སྡེ་ལས་ཏ་སྡེའི་ཞེས་པ་ལ་སོགས་པས་ཏ་ཡིག་གི་ཊ་ཡིག་གོ། །བུད་མེད་ལ་ཨ་ལས་ཨཱའོ། །ཨིཥྚ་ཀཱ་ས་ཕག། ས་བཙོས་པའོ། །ཨཱཥྚ་ཀཱ་ཕའི་ཤང་ངོ་། །ཏྲཱྀ་གྲཱྀ་དག་ལས་བྷིའོ། །དྲཱྀ་རྣམ་པར་འཇོམས་པ་ལའོ། །གྲཱྀ་ངེས་པར་གནོན་ པ་ལའོ། །འདི་དག་ལ་བྷ་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །དརྦྷཿ ཀུ་ཤའོ། །གརྦྷཿ མངལ། རྒྱུད་དུ་བྱེད་པའོ། །ཨིཎ་ལས་ཡཎ་བཞིན་ནོ། །ཨིཎ་འགྲེ་བ་ལའོ། །འདི་ལས་བྷ་ཕ་རོལ་ཏུ་འགྱུར་ཏེ། དེ་ཡང་ཡཎ་བཞིན་ནོ། །ཨི་བྷཿ གླང་པོའོ། ། ཡཱི་བ་ཏི་དག་ལས་ཏ་ནི། བཱི་རབ་ཏུ་སྐྱེ་བ་ལའོ། །བཏླྀ་པ་ཐེ: འགྲོ་བ་ལའོ། །འདི་དག་ལས་ཏན་ཕ་རོལ་ཏུ་འགྱུར། བུད་མེད་ལ་ཨ་ལས་ཨཱའོ། །བེ་ཏ་ནཱ་རིན་ནོ། །པཏྟ་ནཾ་གྲོང་ཁྱེར་རོ། །ས་ཛི་ཨ་སི་དག་ལས། ཀྠིའོ། །ཥནྫ་ཆགས་པ་ལའོ། ། ཨ་སུ་འཕེན་པ་ལའོ། །འདི་དག་ལས་ཀྠི་ཕ་རོལ་ཏུ་འགྱུར། ཀ་ཡིག་ནི་ཡཎ་བཞིན་བྱ་བའི་དོན་ནོ། །དེས་ན་ཥནྫིའི་ཨ་ནུ་ཥངྒ་དབྱིའོ། །ཨ་སི་ལས་ཨིཊ་མེད་དོ། །ཙ་ཛ་བ་དག་གི་ཀ་ག་དག་གོ་ཞེས་པ་ལ་སོགས་པ་ཛའི་ག་ཉིད་དོ། །སྒྲ་མེད་ པ་ལ་དང་པོའོ། །མ་ནིང་ལས་སི་དབྱིའོ། །པཀྠི་བརླའོ། །རུས་པ། ཨསྟི་ལུས་ཀྱི་ཆ་ཤས་སོ། །སཱ་རི་ལས་ཨ་ཐའི། སྲྀ་འགྲོ་བ་ལའོ། །ཨིན་མཐའི་ལས་ཨ་ཐི་ཕ་རོལ་ཏུ་འགྱུར་རོ། །ཀཱ་རིཏ་དབྱིའོ། །སཱར་ཐིཿ ཤིང་རྟ་ཞོན་པའོ། ། ཨ་གི་ཨ་ཏི་དག་ལས་ཨུ་རི་ཨི་ཐི་དག་གོ། །ཨ་པ་གི་འགྲོ་བའི་དོན་ནོ། །ཨི་ཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཨ་ཏ་མགྱོགས་པ་དང་ལྡན་པར་འགྲོ་བ་ལའོ། །འདི་དག་ལས་གྲངས་ཇི་ལྟ་བ་བཞིན་ དུ་ཨུ་རི་ཨི་ཐི་ཞེས་པ་འདི་དག་འགྱུར་རོ། །སོར་མོ་ཨངྒུ་རིཿ ལག་པའི་ཆ་ཤས་སོ། །ར་ཐོས་པ་ལས་ལ་ཐོས་སོ། སོར་མོ། ཨངྒུ་ལིཿ དེ་ཉིད་དོ། །ཨ་ཐི་ཏིཿ འགྲོན་པའོ།། །།ནཱི་ད་ལ་དག་ལས་མིའོ། །ཎཱིཉ་ཐོབ་པ་ལའོ། །ཎའི་ནའོ། །ད་ལ་ཉི་ཕ་ལ་རྣམ་ པར་རྒྱུ་བ་ལའོ། །འདི་དག་ལས་མི་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །ན་མིཿ ཤིང་རྟ་འཁོར་ལོའི་མུ་ཁྱུད་དོ། །དལླིཿ ཁུ་བའོ། །ཨཱུ་རྨི་བྷུ་མི་ར་ཤླི་རྣམས་སོ། །རྀ་འགྲོ་བ་ལའོ། །བྷུ་ཡོད་པ་ལའོ། །རཱ་ཤྀ་འབར་བ་ལའོ། ། འདི་རྣམས་ལས་མི་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཨརྟྟའི་ཨཱུར་དུ་བསྒྱུར་རོ། །བྷུའི་ཡོན་ཏན་མེད་པ་ཉིད་དོ། །རཱ་ཤིའི་ཐུང་ངུ་ཉིད་དོ། །ཨུརྨྨིཿ ཆུ་རླབས་སོ། །བྷཱུ་མིཿ ས་གཞིའོ། །ར་ཥྨིཿ འོད་ཟེར་རོ། །ལི་ཥ་ལས་སུ་ཀའོ། ། ཨི་ཥུ་འདོད་པ་ལའོ། །འདི་ལས་སུ་ཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །ཥཌྷ་དག་གི་ས་ལ་ཀའོ་ཞེས་པས་ཀ་ཉིད་དོ། །རྒྱུ་མཚན་ལས་ཥ་ཉིད་དོ། །ཨི་ཀྵུཿ བུར་ཤིང་ངོ་། །ཨ་བི་ ཏྲཱྀ་སྟྲཱྀ་ཏནྟཱི་རྣམས་ལས་ཨིའོ། །ཨ་བ་ར་ཀྵ་སྐྱོང་བ་ལའོ། །ཏྲཱྀ་རྒྱལ་བ་དང་སྒྲོལ་བ་དག་ལའོ། །སྟྲྀ་ཉ་ཀུན་ཏུ་འགེབས་པ་ལའོ། །ཏ་ཏྲྀ་མངལ་འཛིན་པ་ལའོ། །ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨི་ ནའོ། །འདི་རྣམས་ལས་ཨཱི་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །ཀཱ་རི་ཏ་དབྱིའོ། །ཨ་བཱིཿ རབ་གསལ་ལོ། །ཏ་རཱིཿ གྲུའོ། །སྟ་རཱིཿ བདུག་སོས། ཀུན་ཏུ་འགེགས་པའི་ཁྱད་པར་རོ། །ཏནྟྲིཿ པི་ཝང་གི་རྒྱུད་དོ། །ལཀྵི་ལས་མའི་མཐའ་ ཡང་ངོ་། །ལཀྵ་ལྟ་བ་དང་མཚན་མ་དག་ལའོ། །ཙུར་སོགས་ཉིད་ཀྱི་ཕྱིར་ཨ་ནིའོ། །འདི་ལས་ཨཱི་ཕ་རོལ་ཏུ་འགྱུར་རོ། །འདིའི་ཡང་མའི་མཐའི་ཡང་ངོ་། །ཀཱ་རི་ཏ་དབྱིའོ། །ལཀྵིཿ དཔལ་ལོ།། །།པྲ་ཏ་པྲ་མཱིའོ། །འདི་ལ་ཨཱི་ཕ་རོལ་ཏུ་ཚིག་ཕྲད་དུ་ བྱའོ། །མཱ་འཇལ་བ་ལའོ་། །ཨཱ་ཡིག་དབྱིའོ། །བཱ་ཏ་པྲ་སྔོན་དུའོ། །བཱ་ཏ་པྲ་མཱིཿ སྤྱང་ཁྱི། རླུང་ཞོན་གྱི་རི་དགས་སོ། །ཀྲྀ་ཀྲཱྀ་ཛཱ་གྲྀ་རྣམས་ལས་ཀིའོ། །ཌུ་ཀྲྀ་ཉ་བྱེད་པ་ལའོ། །གྲཱྀ་ངེས་པར་གནོན་པ་ལའོ། །ཛཱ་གྲྀ་གཉིད་སད་པ་ལའོ། ། འདི་རྣམས་ལས་ཀྭི་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །གིར་ཏིའི་རཱིཏ་མཐའི་ཡོན་ཏན་མེད་པ་ལ་ཨིར་རོ་ཞེས་པས་ཨིར་རོ། །ནཱ་མི་ནའི་ར་བདག་ཞེས་པ་ལ་སོགས་པས་རིང་པོའོ། །བདུད་སྤོས། ཀྲྀ་ བིཿ ཀྲྀ་བི་གཱི་རྦི་ཞེས་པ་འདི་དག་འགྲེལ་དུར་སིང་གི་ཨུཎ་སོགས་འགྲེལ་པ་གཉིས་ཀ་ན་མི་འདུག་པས། དཀྱུས་སུ་མ་བཅུག་པར་མཆན་བུ་བཏབ་པ་ཡིན། གཱིམྦིཿ ཁེངས་པ། འདི་དག་སྤྱིར་བཏང་བ་ལ་བི་དང་བཅས་པ་སྟེ། དེ་བཞིན་དུ་ཡང་འདིར་བརྗོད་པ་ནི། ཛཱ་གྲྀ་ལས་ཀིའོ་ཞེས་ པས། ཛཱ་གྲྀ་བིཿ མེའོ། །ཙྪ་བི་ལ་སོགས་པ་རྣམས་སོ། །ཙྪ་བི: དརྦྦི: སྠཱ: བི: དི་དི་པི་ཀི: ཀི་བི་སྟེ་འདི་རྣམས་ལ་ཀི་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཙྪོ་གཅོད་པ་ལའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་ཉིད་ཀྱི་ཕྱིར་ཨཱ་ཉིད་དོ། །དྲཱྀ་རྣམ་པར་ འཇོམས་པ་ལའོ། །ཥྛཱ་འགྲོ་བ་ལས་ལྡོག་པ་ལའོ། །སྔ་མ་བཞིན་པ་ཉིད་ལ་སོགས་པའོ། །དི་བུ་རྩེ་བ་སོགས་རྣམས་ལའོ། །ཀི་ཀི་ཏ་ཤེས་པ་ལའོ། །ཙྪི་ཏིའི་ཐུང་ངུ་ཉིད་དོ། །དྲཱྀ་ཎཱ་ཏིའི་ཡོན་ཏན་ནོ། །ཏིཥྛ་ཏིའི་ཐུང་ངུའོ། །དཱི་བྱ་ཏ་དང་། ཙི་ཀ་ཏིའི་གཉིས་བརྗོད་དོ། །ཇི་ ལྟར་སྲིད་པ་བཞིན་པ་དབྱི་བ་དང་། ཀི་ཏིའི་ཡང་མི་འགྱུར་བ་ཚིག་ཕྲད་དུ་བྱའོ། །ཙྪ་བི་མཛེས་པའོ། །དརྦྦིཿ གཟར་བུའོ། །སྠ་བིཿ ཐགས་འཐག་པའི་རྫས་སོ། །དི་དི་པིཿ མཐོ་རིས་སོ། །ཀི་ཀི་བིཿ འདབ་ཆགས་ཀྱི་བྱེ་བྲག་གོ། །ཁ་ཛི་ལས་ ཨ་ཀའོ། །ཁ་ཛ་བསྲུབ་པ་ལའོ། །འདི་ལས་ཨཱ་ཀ་ཕ་རོལ་ཏུ་འགྱུར་རོ། །ཁ་ཛཱ་ཀཿ བྱའི་བྱེ་བྲག་གོ། །བ་ལཱ་ཀཱ་ལ་སོགས་པ་རྣམས་སོ། །བ་ལ་ཀཱ: བི་ནཱ་ཀ: ཤྱཱ་མཱ་ཀ: པ་ཏཱ་ཀཱ་ཤ: ལཱ་ཀཱ་སྟེ་འདི་རྣམས་ལས་ཨཱ་ཀ་ཕ་རོལ་ཏུ་ཚིག་ཕྲད་དུ་ བྱའོ། །བ་ལ: ཀུན་ནས་སྒྲིབ་པ་ལའོ། །པིཥླྀ: ཀུན་ནས་ཕྱེ་མར་བྱེད་པ་ལའོ། །བཏླྀ: འགྲོ་བ་ལའོ། །གཱང: ཤྱཻང: འགྲོ་བ་ལའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་ཉིད་ཀྱི་ཕྱིར་ཨཱ་ཉིད་དོ། །ཤལ་འགྲོ་བ་ལའོ། །པི་ཥའི་ཥའི་ན་ཉིད་དེ་ཡོན་ ཏན་མེད་པའང་ངོ་། །ཤྱཱ་ཡ་ཏིའི་མ་མཐའོ། །གཞན་འདི་རྣམས་ཀྱི་རྐྱེན་ཙམ་གྱིའོ། །ཇི་ལྟར་སྲིད་པ་བཞིན་བུད་མེད་ལ་ཨ་ལས་ཨཱའོ། །ཆུ་སྐྱར། བ་ལཱ་ཀཱ་བྱ་དཀར་མོའོ། །པི་ནཱ་ཀཿ འཕྲོག་བྱེད་ཀྱི་གཞུའོ། །ཤྱཱ་མཱ་ཀ་འབྲུའི་ ཁྱད་པར་རོ། །པ་ཏཱ་ཀཱ་རྒྱལ་མཚན་ནོ། །ཤ་ཁཱ་ཀཱ་དཔྱད་བྱེད་པའི་ཐུར་མའོ། །ཨརྟི་ལས་ཨ་ནིའོ། །རྀ་འགྲོ་བ་ལའོ། །འདི་ལས་ཨ་ནི་ཕ་རོལ་ཏུ་འགྱུར་ཏེ། ཡོན་ཏན་ནོ། །ཨ་ར་ཎི། མཐེ་ཆུང་མ་གཏོགས་པའི་སོར་མོ་དག་བཅས་པའི་ ལག་པའོ། །ཨཉྫི་ལས་ཨཱ་ལིའོ། །ཨནྫུ་གསལ་བ་དང་། འཆབ་པ་དང་། མཛེས་པ་དང་། འགྲོ་བ་རྣམས་ལའོ། །འདི་རྣམས་ལས་ཨ་ལ་ཕ་རོལ་ཏུ་འགྱུར་རོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཨཉྫ་ལིཿ ལག་པ་ཁ་སྦྱར་བའོ།། །། མྲྀཿ ཀ་ཎི་དག་ལས་ཨཱི་ཙཱིའོ། །མྲྀང་སྲོག་གཏོང་བ་ལའོ། །ཀ་ར་ར་ཎ་ཞེས་པ་རྒྱུན་ཆགས་པའི་བྱིངས་སོ། །འདི་དག་ལས་ཨཱི་ཙི་ཕ་རོལ་ཏུ་འགྱུར་ཏེ། ཡོན་ཏན་ནོ། །མ་རཱི་ཙིཿ འོད་ཟེར་རོ། །ཀ་ཎཱི་ཙི་གཤོལ་གྱི་བྱེ་བྲག་གོ། །རཱ་ཏི་ལས་ ཏྲཱིའོ། །རཱ་ལཱ་ལེན་པ་ལའོ། །འདི་ལས་ཏྲི་ཕ་རོལ་ཏུ་འགྱུར་རོ། །རཱ་ཏྲིཿ མཚན་མོའོ། །དུ་ཥི་ལས་ཨི་ཀའོ། །དཱུ་ཥ་རྣམ་འགྱུར་ཉིད་ལའོ། །རྒྱུ་ལ་ཨི་ནའོ། །འདི་ལས་ཨི་ཀ་ཕ་རོལ་ཏུ་འགྱུར་རོ། །དཱུ་ཥའི་ཀཱ་རི་ཏ་དབྱིའོ། །བུད་མེད་ལ་ཨ་ ལས་ཨཱའོ། །དཱུ་ཥི་ཀཱ་མིག་གི་དྲི་མའོ། །ཀྲཱྀ་དྲྀ་དག་ལས་ཨི་ཥའོ། །ཀྲྀ་རྣམ་གཡེང་ལའོ། །ཏྲཱྀ་རྐྱལ་པ་དང་། སྒྲོལ་བ་དག་ལའོ། །འདི་དག་ལས་ཨཱི་ཥ་ཕ་རོལ་ཏུ་འགྱུར་ཏེ། ཡོན་ཏན་ནོ། །ཀ་རཱི་ཥཿ ལྕི་བ་སྐམ་པོའོ། །ཏ་རཱི་ཥ་ མཛེས་པའོ། །ཤི་རཱི་ཥ་ལ་སོགས་པ་རྣམས་སོ། །ཤི་རཱི: ཥ་པུ་རཱི་: རྀ་ཛི་ཥ: ཨམྦ་རཱི་ཥ་སྟེ། འདི་རྣམས་ལས་ཨཱི་ཥ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཤྲཱི་: འཚེ་བ་ལའོ། །སྲཱྀ: སྐྱོང་བ་དང་རྫོགས་པ་དག་ལའོ། །རྀ་ཛི: བྲྀ་ཛི: འཚེད་པ་ལའོ། །ནཱ་ ཨཱ་ག་མའོ། །བྲྀཉ་སྒྲིབ་པ་ལའོ། །ཤྲཱྀཎཱ་ཏིའི་ཨིར་དུ་བསྒྱུར་རོ། །པི་བརྟྟིའི་ཨུར་དུ་བསྒྱུར་རོ། །རྀཊཱའི་ན་དབྱི་བར་འགྱུར་རོ། །བྲྀ་ཉའི་ཡོན་ཏན་ནོ། །ཨམ་སྔོན་དུའོ། །ཤི་རཱི་ཥཿ ཤིང་གི་ཁྱད་པར་རོ། །དུ་རཱི་ཥཿ བཤང་བའོ། །སོ་ཕག རྀ་ ཛྲི་ཥཿ། ས་བཙོས་པའོ། །ཨམྦ་རཱྀ་ཥཿ ལྕགས་ཁོག །ཁྱད་པར་དུ་འཚེད་པའི་རྒྱལ་པོ་ལ་ཡང་ངོ་། །དེ་ལྟ་བུ་གཞན་ལ་ཡང་ངོ་།། །།ཀྲཱི: ཤྲཱི: ཤཽ: དྲྀ་རྣམས་ལས་ཨཱི་རའོ། །༼ཀི༽༼ང༽ ཀྵཱི་ར་ཨུ་ཤཱི་ར: ག་བྷཱིར: གམྦྷི་ར་རྣམས་སོ། །ཀྵ་ཎུ་འཚེ་ བ་ལའོ། །བ་ཤ་མཛེས་པ་ལའོ། །ག་མླྀ་ འགྲོ་བ་ལའོ། །འདི་རྣམས་ལ་ཨཱྀ་ར་ཕ་རོལ་ཏུ་ཚིག་ཕྲད་དུ་བྱ་སྟེ། ཀྵ་ཎོ་ཏིའི་མཐའི་དབྱངས་ལ་སོགས་པ་དབྱིའོ། །༼ཅ༽༼ཁ༽ ཀྲཱྀ་རྣམ་འདི་ནས་ཀ་རྟགས་བཞིན་བསྒྲིགས་ནས་བྱེད། གཡེངས་ལའོ། །ཤྲཱྀ་ འཚེ་བ་ལའོ། །ཤཽ་དྷྲི་སྙེམས་པ་ལའོ། །འདི་རྣམས་ལས་ཨི་ར་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །ཀ་རཱི་རཿ འོད་མའི་སྙུ་གུ། ཤིང་གི་བྱེ་བྲག་གོ། །ཤ་རཱི་ར། ལུས་སོ། །ཤཽ་ཌཱྀ་རཿ སྦྱིན་བྱེད་དོ། །༼ག༽༼ཆ༽ བཤི་ལས་སམྦྲ་སཱ་ར་ཎའོ། །ག་མི་ལས་ བྷུའི་མཐའོ། །ཕྱོགས་གཅིག་ལ་མ་ཡིག་དབྱིའོ། །གཞན་དུ་ནི་རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཀྵཱིརཾ་འོ་མའོ། །ཨུ་ཤི་རཾ་སྤུ་ཤེལ་རྩེ་།རྩྭ་དྲི་བཟང་པོའི་རྩ་བའོ། །ག་བྷཱིརཿ ཟབ་པ། གཏིང་དཔག་དཀའ་བའོ། །གམྦྷིརཿ ཟབ་པ། དེ་ཉིད་ དོ། །ཨ་གི: ཤྲུ: ཤྲི: ཡུ: བ་ཧི: རྣམས་ལས་ནིའོ། །ཨ་ཀ: ཨ་ག: གྱ་གྱུར་འགྲོ་བ་ལའོ། །ཤྲུ་ཐོས་པ་ལའོ། །ཤྲི་ཉ་བསྟེན་པ་ལའོ། །ཡུ་སྤེལ་བ་ལའོ། །བ་ཧ་ཐོབ་པ་ལའོ། །འདི་རྣམས་ལས་ནི་ཕ་རོལ་ཏུ་འགྱུར་རོ། །ཇི་ལྟར་ སྲིད་པ་བཞིན་ཡོན་ཏན་ནོ། །ར་ཥ་རིའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པ་ཇི་ལྟར་འབྱུང་བ་བཞིན་ཎ་ཉིད་དོ། །ཨགྞིཿ མེའོ། །ཤྲོ་ཎིཿ ཆུ་སོའམ་སྟ་ཟུར། རྐེད་པའི་ཕྱོགས་སོ། །ཤྲེ་ཎིཿ ཕྲེང་བ། སྟར་ལ་རྒྱུས་པའོ། །སྐྱེ་གནས། ཡོ་ནིཿ སྐྱེད་ པར་བྱེད་པའི་རྒྱུའོ། །བཧྣིཿ མེ། དུ་བའི་རྒྱལ་མཚན་ནོ།། །།བྲྀ་ཎི: བེ་ཎི: བྲྀཥྞི: པཱརྞྞི: ཙཱུརྞྞི་རྣམས་སོ། །བྲྀ་འགྲོ་བ་ལའོ། །པཱི་རབ་ཏུ་སྐྱེ་བ་སོགས་རྣམས་ལའོ། །བྲཱྀཥུ: བྲྀ་ཥུ་བཀྲུ་བ་ལའོ། །ཙ་ར་འགྲོ་བའི་དོན་ནོ། །འདི་རྣམས་ ལ་ནི་ཕ་རོལ་ཏུ་ཚིག་ཕྲད་དུ་བྱ་སྟེ། སིརྟྟའི་ཡོན་ཏན་མེད་པ་ཡང་ངོ་། །བེ་ཏིའི་ཡོན་ཏན་ནོ། །ནའི་ཎ་ཉིད་དོ། །པྲྀ་ཥིའི་ཡོན་ཏན་མེད་པ་ཉིད་དོ། །པྲྀ་ཥི་ལ་འཕེལ་བའོ། །ཙ་རིའི་ཨཏ་ཨཱུ་ཉིད་དོ། །ནཱ་མིན་འི་ར་བ་དག་ཞེས་པ་ལ་སོགས་པ་རིང་པོ་ ཉིད་དོ། །ར་ཥ་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པས་ཎ་ཉིད་དོ། །པྲྀ་ཎིཿ ལྕགས་ཀྱུའོ། །བེ་ཎིཿ ལྷས་མ། སྐྲའི་ལེན་བུའོ། །པྲྀཥྞིཿ ཚོན་ཀྱི་ཁྱད་པར་རོ། །རྟིང་བ། པཱ་རྵྞིཿ། རྐང་པའི་ཚིགས་ཀྱི་འོག་ན་གནས་པའོ། །ལྷུག་པ། ཙུརྞྞཿ གཞུང་གི་ཁྱད་པར་རོ། །པ་ཏི་ལས་ཌ་ཏིའོ། །པཱ་བསྲུང་བ་ལའོ། །འདི་ལས་ཌ་ཏི་ཕ་རོལ་ཏུ་འགྱུར་རོ། །ཌ་ཡིག་ནི་ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་ལ་སོགས་པ་དབྱེའོ་ཞེས་པའི་ཁྱད་པར་གྱི་དོན་ནོ། །འདི་ཉིད་ཀྱི་མཐའི་དབྱངས་ལ་ སོགས་པ་དབྱིའོ། །བདག་པོ། པ་ཏིཿ །རྗེ་བོའོ། །བྷཱུ་སཱུ་ཨ་དི་རྣམས་ལས་ཀྲྀའོ། །བྷུ་ཡོད་པ་ལའོ། །ཥུང་སྲོག་ཆགས་རབ་ཏུ་སྐྱེ་བ་ལའོ། །བྱིངས་ཀྱི་དང་པོའི་ཥའི་སའོ། །ཨ་ད་པྨཱ་ཟ་བ་ལའོ། །འདི་རྣམས་ལས་ཀྲི་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ ཡཎ་བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །བྷཱུ་རིཿ མང་པོའོ། །པཱུ་རིཿ མཁས་པའོ། །ཨ་དྲིཿ རི་བོའོ། །པྲྀཎཱ་ཏི་ལས་ཀུ་ཥིའོ། །པྲཱྀ་སྐྱོང་བ་དང་རྫོགས་པ་དག་ལའོ། །འདི་ལས་ཀུ་ཥ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་ བྱ་བའི་དོན་ནོ། །མཆུར་གྱུར་པ་ཨུ་པ་དྷྭའི་ཡར་ཨུར་རོ། །ཞེས་པས་ཨུ་རའོ། །ཕུ་རུ་ཥཿ སྐྱེས་བུའོ། །ཧནྟི་ལས་ཨཱུ་ཥའོ། །ཧ་ན: འཚེ་བ་དང་འགྲོ་བ་དག་ལའོ། །འདི་ལས་ཨུ་ཥ་ཕ་རོལ་ཏུ་འགྱུར་རོ། །ཧ་ནཱུ་ཥཿ སྲིན་པོའི་བྱེ་བྲག་གོ། །མཉྫུ་ཥ་ལ་ སོགས་པ་རྣམས་མཉྫུ་ཥཱ། །ཎྜུ་ཥཱཔཱི་ཡཱུཥ་ཨ་རུ་ཥ་སྟེ་འདི་རྣམས་ལ་ཨཱུ་ཥ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །མ་ཙི་འཛིན་པ་ལའོ། །ག་ཌི་གདོང་གི་ཕྱོགས་གཅིག་ལའོ། །ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །མ་ཙིའི་ཙིའི་ཛ་ཉིད་དོ། །རྗེས་སུ་ ང་རོའོ། །སྡེ་པའི་མཐའོ། །གྲུབ་པ་ཉིད་ལ་བུད་མེད་ལ་ཨཱ་ལས་ཨཱའོ། །བཱི་ད་འཐུང་བ་ལའོ། །རི་འགྲོ་བ་ལའོ། །བཱི་ང་ལས་ཡའི་མཐའ་ཡང་ངོ་། །ཨརྟྟིའི་ཡོན་ཏན་ནོ། །མཉྫུ་ཥཱ་སྒོམ་མོ། །གཎྜུ་ཥཱ: ལོག་པ་འཛིན་པའོ། །པཱི་ཡཱུ་ཥཱཾ: བདུད་རྩིའོ། ཨ་རཱུ་ཥཿ གནས་པའོ། །ཤ་ཀི་ལ་སོགས་པ་རྣམས་ལས་ཨ་ཊའོ། །ཤ་ཀླི་ནུས་པ་ལའོ། །ཨ་བ་རཀྵ་སྐྱོང་བ་ལའོ། །པྲྀ་འགྲོ་བ་ལའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ལས་ཨ་ཊ་ཕ་རོལ་ཏུ་འགྱུར་རོ། །བརྟྟིའི་ཡོན་ཏན་ནོ། །ཤ་ཀོ་ཊཾ་ ཤིང་རྟའོ། །ཨ་བ་ཊཿ དོང་ངོ་། །ས་ར་ཊཿ བུམ་ཆུང་ངོ་། །དེ་ལྟ་བུ་གཞན་ལ་ཡང་ངོ་། །ཛ་ཊཱ་མ་རྐྐང་དག་གོ། །ཛ་ན་སྐྱེད་པ་ལའོ། །མྲྀང་སྲོག་གཏོང་བ་ལའོ། །འདི་དག་ལ་ཨཊ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱ་སྟེ། ཛ་ནིའི་མཐའི་དབྱངས་ལ་སོགས་ པ་དབྱིའོ། །བུད་མེད་ལ་ཨ་ལས་ཨཱའོ། །མྲྀང་ལ་ཡོན་ཏན་ནོ། །ཀའི་མཐའ་ཡང་ངོ་། ཛ་ཊཱ་རལ་པ། སྐྲ་ཚོགས་པའོ། །མརྐྐ་ཊཿ སྤྲེའུའོ། །བ་ཧ་དང་ལཱ་ལ་སོགས་པ་རྣམས་ལས་ཨི་ཊ་ཨུ་ཊ་དག་གོ། །བ་ཧ་ཐོབ་པ་ལའོ། །རཱ་ལཱ་ལེན་པ་ལའོ། ། དེ་ལྟ་བུ་ལ་སོགས་པ་རྣམས་ལས་གྲངས་ཇི་ལྟ་བ་བཞིན་དང་། མངོན་པར་བརྗོད་པ་ཇི་ལྟ་བ་བཞིན་དུ་ཨི་ཏྲ་ཨུ་ཏྲ་ཞེས་པ་འདི་དག་འགྱུར་རོ། །བ་ཧི་ཏྲི་གྲུའོ། །ཨུའི་ཡི་གེ་ལ་ཨོའོ། །ཕ་རོལ་ཡང་དབྱིའོ། །ལོ་ཏྲཾ་ཕྲོགས་པའི་རྫས་སོ་ཞེས་པ་ལ་སོགས་ པ་རྣམས་ཏེ། དེ་བཞིན་དུ་གཞན་པ་རྗེས་སུ་རྟོགས་པར་བྱའོ། །ཁརྫི་བི་ཉྫ་སོགས་རྣམས་ལས་ཨཱུར་ཨཱུ་ལ་དག་གོ། །ཁརྫ་འཁྲུད་པ་ལའོ། །ཀྲྀ་པཱུ་ནུས་པ་ལའོ། །མ་སཱི་ཡོངས་སུ་འཇལ་བ་ལའོ། །པི་ཛི་ཞེས་པ་མདོ་ལས་བྱུང་བའི་བྱིངས་སོ། །ཨ་གི་ ར་གི་ལ་གི་ཞེས་པ་འགྲོ་བའི་དོན་ནོ།། །།ཨི་ཏ་རྗེས་སུ་འབྲེལ་པ་ལས་ན་ཨཱ་ག་མའོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ལས་ཀྱང་གྲངས་བཞིན་དུ། ཨཱུ་ར་ཨཱུ་ལ་དག་ཅེས་པ་འདི་དག་ཏུ་ འགྱུར་རོ། །ཇི་ལྟར་འབྱུང་བ་བཞིན་ཡོན་ཏན་ནོ། །ཁརྫྫུརཿ ཤིང་གི་བྱེ་བྲག་འབྲ་གོའོ། །ཀཏྠ་རཿ ག་བུར། དྲིའི་རྫས་སོ། །མ་སཱུ་རཿ སྲན་ཆུང་། འབྲུའི་བྱེ་བྲག་གོ། །ཞེས་པ་ལ་སོགས་པ་རྣམས་སོ། །པིཉྫུ་ལམ་མིག་ནད་དོ། །ཨུཎ་སོགས་ ཉིད་ཀྱི་ཕྱིར་ལངྒའི་རིང་པོ་ཉིད་དོ། །ལཱངྒུ་ལཾ་རྔ་མའོ། །ཞེས་པ་ལ་སོགས་པ་རྣམས་རྗེས་སུ་རྟོགས་པར་བྱའོ།། །།སརྟྟི་ལས་པའོ། །པྲྀ་འགྲོ་བ་ལའོ། །འདི་ལས་བ་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །སརྦྦཿ ཐམས་ཅད། མཐའ་དག་གོ། །།ཨུལྦ་ ལ་སོགས་པ་རྣམས་སོ། །ཨུལྤཿ ནིམཱ་བི་མཱ་ཤུལྦ་སྟེ་འདི་རྣམས་ལ་བ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །རཱྀ་འགྲོ་བ་ལའོ། །ཎཱི་ཉ་ཐོབ་པ་ལའོ། །བཱི་རབ་ཏུ་སྐྱེ་བ་དང་མཛེས་པ་དང་འདུག་པ་དང་ཟ་བ་རྣམས་ལའོ། །པ་ལ་ཤ་ལ་བཏླྀ་པ་ཐེ་འགྲོ་བ་ ལའོ།། །།ཨརྟྟིའི་ཨུ་རའོ། །ལ་རུ་བསྒྱུར་རོ། །བེ་ཏི་ལའོ། །ཀ་མུ་མཛེས་པ་ལའོ། །འདི་དག་ལས་ད་ཕ་རོལ་ཏུ་འགྱུར་རོ། །ཤབྔཿ སྒྲའོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ན་ཡ་ཏི་དག་གི་ཐུང་ངུའོ། །མའི་མཐའ་ཡང་ངོ་། །ཤ་ལིའི་ཨཏ་ ཨཱུ་ཉིད་དོ། །ཨུལྐ་མངལ་ལོ། །ན་ནམ་ཎི། ནིམྦ། ཤིང་གི་བྱེ་བྲག་གོ། །བིམྤཾ་གཟུགས་བརྙན་ནོ། །ཤུ་ཝྭཾ་ཟངས་སོ། །དེ་ལྟ་བུ་ལ་སོགས་པ་རྣམས་རྗེས་སུ་རྟོགས་པར་བྱའོ།། །།ཤ་བི་ཀ་མི་དག་ལས་ངའོ། །ཤ་བ་བི་སྲྀ། བི་སྲྀ་འགྲོ་ བ་ལའོ། །ཀ་མུ་མཛེས་པ་ལའོ། །འདི་དག་ལས་ད་ཕ་རོལ་ཏུ་འགྱུར་རོ། །ཤབྡཿ སྒྲའོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཀནྠཿ རྩ་བའོ། །ཀུནྡ་ལ་སོགས་པ་རྣམས་སོ། །ཀུནྡ་བྲིནྡ་མནྡ་ཨཔྟ་སྟེ་འདི་རྣམས་ལ་ད་ཕ་རོལ་ཏུ་ཚིག་ཕྲད་ དུ་བྱའོ།། །།ཀུ་ཎ་སྒྲ་ལའོ། །བྲྀ་ཉ་སྒྲིབ་པ་ལའོ། །མ་ན་ཤེས་པ་ལའོ །ཨ་བྲ་རཀྵ་སྐྱོང་བ་ལའོ། །ཀུ་ཎ་ཞེས་པ་འདིའི་ཎིའི་ན་ཉིད་དོ། །ཡོན་ཏན་མེད་པ་ཡང་སྟེ། བྲྀ་ཎོ་ཏི་ལས་ནའི་མཐའ་ཡང་ངོ་། །ཨ་ནི་ཨ་བི་དག་ལས་རྐྱེན་ཁོ་ནའོ། །ཀུནྡཿ མེ་ཏོག་གི་བྱེ་བྲག་གོ། །བྲྀནྡཿ ཚོགས་པའོ། །མནྡཿ མཁས་མིན་ནོ། །ཨཔྟཿ ལོའོ། །པཱི་མཱི་དག་ལ་རུའོ། །བཱིང་འཐུང་བ་ལའོ། །མཱིང་འཚེ་བ་ལའོ། །འདི་དག་ལ་རུ་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །པེ་རུཿ སྣང་བྱེད་དོ། །མེ་རུཿ རིའི་རྒྱལ་པོའོ། །སུ་སྔོན་དུའོ། །སུ་མེ་རུཿ དེ་ཉིད་དོ། །ཛ་ཏྲུ་ལ་སོགས་པ་རྣམས་སོ། །ཛ་ཏྲུ་སྨ་ཤྲུ་ཤི་ཀྲུ་ཤ་ཏྲུ་སྟེ་འདི་རྣམས་ལ་རུ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཛ་ན་སྐྱེད་པ་ལའོ། །ཤོ་རྒྱས་པར་བྱེད་པ་ལའོ། །མཚམས་སྦྱོར་གྱི་ཡི་ གེའི་མཐའ་ཉིད་ཀྱི་ཕྱིར། ཨཱ་ཉིད་དོ། །ཤཱིང་ཉལ་བ་ལའོ། །ཤངླི་དམན་པ་ལའོ། །ཛ་ནིའི་ན་ཡིག་གི་ཏ་ཡིག་གོ། །ཤཱ་ཏིའི་ཨཱ་ཡིག་གི་དབྱིའོ། །སམ་སྔོན་དུའོ། །ཤ་ཡ་ཏའི་མཐར་གའོ། །ཡོན་ཏན་མེད་པ་ཡང་སྟེ་ཐུང་ངུའོ་། །ཤ་དོའི་ངིའི་ ཏའོ། །ཛ་ཏྲུཿ མགྲིན་པའི་ཆ་ཤས་སོ། །སྨ་ཤུཿ ཁ་ཡུའོ། ཤི་གྲུཿ ན་ལེ་ཤམ་དཀར་པོའོ། །ཤ་ཏྲུཿ དགྲའོ། །དེ་བཞིན་གཞན་ཡང་རྗེས་སུ་རྟོགས་པར་བྱའོ། །ཡུལ་ལས་ཨ་གུའོ། །ཡུ་སྤེལ་བ་ལའོ། །འདི་ལས་ཨཱ་གཱུ་རྐྱེན་དུ་འགྱུར་རོ། ། ཡོན་ཏན་ནོ། །ཨོ་ཨ་པའོ། །ཡ་བཱ་གཱུཿ ཐུག་པའོ། །ཞེས་པ་དུརྒ་སིདྷས་བཤད་པའི་ཨུཎ་ལ་སོགས་པའི་འགྲེལ་པར་རྐང་པ་གསུམ་པ་རྫོགས་སོ།། །།དཔལ་ངག་གི་དབང་ཕྱུག་རིག་འཛིན་ཆེན་མོ་ལ་ཕྱག་འཚལ་ལོ། །ཛ་ནི་མ་ནི་ ད་སི་རྣམས་ལས་ཡུའོ། །ཛ་ན་སྐྱེད་པ་ལའོ། །མན་ཤེས་པ་ལའོ། །ཏ་སུ་ད་སུ་ཉེ་བར་འཇོག་པ་ལའོ། །འདི་རྣམས་ལས་ཡུ་ཕ་རོལ་ཏུ་འགྱུར་རོ། །ཡུའ་ཨ་ནར་མི་འགྱུར་ཏེ་ཨུཎ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ། །ཛ་ནྱུཿ སྲོག་ཆགས་སོ། ། མ་ནྱུཿ ཁྲོ་བའོ། །ད་པྱུཿ ཆོམ་རྐུན་ནོ། །ཧྲཱི་ཀྲྀ་ཤ་དག་ལས་ཀུ་ཀ་ཨཱ་ནུ་ཀ་དག་གོ། །ཧྲཱི་ངོ་ཚ་ཅན་ལའོ། །ཀྲྀ་ཤ་རྒྱས་པར་བྱེད་པ་ལའོ། །འདི་དག་ལས་གྲངས་ཇི་ལྟ་བ་བཞིན་དུ་ཀུག་དང་ཨཱ་ནུ་ཀ་དག་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་ བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །ཧྲཱི་ཀུཿ ཞུམ་པའོ། །ཀྲྀ་ཤཱ་ནུ་མའོ། །ན་མི་ལས་ཀི་སྟེ་ཨཏ་ཨུཏ་ཉིད་ཀྱང་ངོ་། །མ་ན་ཤེས་པ་ལའོ། །འདི་ལས་ཀི་ཕ་རོལ་ཏུ་འགྱུར་རོ། །འདིའི་ཡཎ་བཞིན་ཨཏ་ཨུཏ་དུ་འགྱུར་རོ། །ཀ་ ཡིག་ནི་ན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །མུ་ནིཿ ཐུབ་པའོ། །ཨཾ་ཧི་ཀམྦི་དག་གི་ན་དབྱི་བ་ཡང་ངོ་། །ཨ་ཧི་འགྲོ་བ་ལའོ། །ཀ་པི་གཡོ་བ་ལའོ། །ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །འདི་དག་ལས་ཀི་ཕ་རོལ་ཏུ་ འགྱུར་རོ། །ནའ་ཡང་དབྱིའོ། །ཨ་ཧི་སྦྲུལ་ལོ། །ཀ་བི་སྤྲེའུའོ། །ཤྲཱྀ་པ་སི་བ་སི་རཱ་ཛི་བྲི་ཧ་ན་ན་བྷི་ལས་ཨི་ཉའོ། །ཤྲཱྀ་འཚེ་བ་ལའོ། །བ་ས་ངེས་པར་གནས་པ་ལའོ། །ཊུ་བ་པ་ས་བོན་འདེབས་པ་ལའོ། །རཱ་ཛཱི་འབར་བ་ལའོ། ། བྲྀ་ཉ་སྒྲིབ་པ་ལའོ། །ཧ་ན་འཚེ་བ་དང་འགྲོ་བ་དག་ལའོ། །ཎ་བྷ་ཏུ་བྷ་འཚེ་བ་ལའོ། །ཎའི་ནའོ། །འདི་རྣམས་ལས་ཨིཎ་ཕ་རོལ་ཏུ་འགྱུར་རོ། །ཉ་ཡིག་ནི་ཨི་ཙ་བཞིན་དུ་འགྱུར་བའི་དོན་ནོ། །དེས་ན་ཇི་ལྟར་འབྱུང་བ་བཞིན་འཕེལ་བ་དང་ཨུ་པ་ དྷཱའི་ཨ་རིང་པོ་ཉིད་དོ། །ཧནྟིའི་གྷ་ཉིད་དོ། །ཏ་ཉིད་ཡང་ངོ་། །ཤཱ་རིཿ བྱའོ། །བཱ་སིཿ ཤིང་བཟོ་བའི་ལག་ཆའི་སྣོད་དོ། །བཱ་པིཿ རྫིང་བུ། སྲོག་ཆགས་བསགས་པའི་ཁྱད་པར་རོ། །རཱ་ཛིཿ ཕྲེང་བའོ། །བཱ་རིཿ ཆུའོ། །གྷཱ་ཏིཿ མཚོན་ཆའོ། ལྟ་བ། ནཱ་བིཿ ལྟོ་བ་ལ་འཁྱིལ་པའོ། །ཨ་ཛི་ཛ་ནི་ཨ་ཏི་ར་ཤི་མ་ཎི་ལས་ཀྱང་། ཨ་ཛ་འཕེན་པ་ལའོ། །ཛ་ན་སྐྱེད་པ་ལའོ། །ཨ་ཏ་མགྱོགས་པ་དང་ལྡན་པར་འགྲོ་བ་ལའོ། །ར་ཤ་ཞེས་པ་མདོ་ལས་བྱུང་བའི་བྱིངས་སོ། །པ་ཎ་ཐ་སྙད་ ལ་སྟེ་བསྟོད་པ་ལ་འོང་ངོ་། །འདི་རྣམས་ལས་ཀྱང་ཨིཉ་ཕ་རོལ་ཏུ་འགྱུར་རོ། །ཐ་དད་པའི་སྦྱོར་བ་ལས་ཀྱང་འདིའི་དོན་འདི་རག་ནས་ངས་པར་བསྟན་པའི་ཕྱིར། ཨ་ཛིའི་བཱི་རུ་མི་འགྱུར་རོ། །ཨི་ཙ་བཞིན་འགྱུར་བས་ཨུ་པ་དྷཱའི་ཨ་རིང་པོ་ཉིད་དོ། ། ཛ་ནའི་ཡང་ཐུང་ངུ་ཉིད། ཨ་ཛིཿ གཡུལ་འགྱེད་པའི་སའོ། །ཛ་ནིཿ མ་མའོ། །ཨཱ་ཏིཿ འགྲོ་བའོ། །རཱ་ཤིཿ ཚོགས་པའོ། །པ་ཎིཿ ལག་པའོ། །བེ་ཉ་ལས་ཌིའོ། །བེ་ཉ་སྣལ་མའི་རྒྱུད་ལའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་ཉིད་ཀྱི་ ཕྱིར་ཨཱ་ཉིད་དོ། །འདི་ལས་ཌི་ཕ་རོལ་ཏུ་འགྱུར་རོ། །ཌ་ཡིག་ནི་ཌ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོ་ཞེས་པའི་ཁྱད་པར་ཀྱི་དོན་ནོ། །འདི་ཉིད་ཀྱིས་མཐའི་དབྱངས་དབྱིའོ། །བིཿ འདབ་ཆགས་སོ། །ནཱི་བཿ འོ། ། འདི་ལ་ཌི་ཕ་རོལ་ཏུ་ཚིག་ཕྲད་དུ་འགྱུར་རོ། །བེ་ཉ་སྣལ་མའི་རྒྱུད་ལའོ། །ནི་སྔོན་དུའོ། །ནིའི་ཨཱི་འང་ངོ་། །ནཱི་བིཿ སྐ་རགས་སོ། །ས་ཁི་ལ་སོགས་པ་རྣམས་སོ། །ས་ཁི་ཨ་ཤྲི་བྲ་ཧི་ཞེས་པ་ལ་སོགས་པ་རྣམས་ལས་ཌི་ཕ་རོལ་ཏུ་ ཚིག་ཕྲད་དུ་བྱའོ། །ཁྱཱ་གཏམ་པ་ལའོ། །ཤྲཻ་འཚེད་པ་ལའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་ཉིད་ཀྱི་ཕྱིར་ཨཱ་ཉིད་དོ། །ཨོ་ཧཱ་ཀ་གཏོང་བ་ལའོ། །ཁྱཱ་ཏིའི་སཱ་མཱ་ན་སྔ་མའི་ས་རུ་བསྒྱུར་རོ། །ཡ་དབྱི་བ་ཡང་ངོ་། །ཤྲ་ཡ་ཏི་ལས་ན་ཉ་སྔོན་ དུའོ། །ན་དབྱིའོ། །ཛ་ཧཱ་ཏི་ལས་པྲ་སྔོན་དུའོ། །མཐའི་དབྱངས་ལ་སོགས་པ་དབྱིའོ། །ས་ཁཱ་གྲོགས་པོའོ། །ཨ་ཤྲིཿ ཟུར་རམ་འཁྱོག་པོར། རྩེའི་ཆ་ཤས་སོ། །པྲ་ཧིཿ ཁྲོན་པའོ་ཞེས་པ་ལ་སོགས་པ་རྣམས་སོ། །དྲྀ་བ་ས་ལས་ཀྟིའོ། །དྲྀང་གུས་ པ་ལའོ། །བ་ས་ཀུན་ཏུ་སྒྲིབ་པ་ལའོ། །འདི་དག་ལས་ཀྟི་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ནོ། །དྲྀ་ཏིཿ པགས་པ་སྦྱར་བའོ། །བསྟིཿ རྒྱུ་ཞབས་སོ། །བ་ཧི་བ་སི་ཨ་མི་རྣམས་ལས་ཨ་ཏིའོ། །བ་ཧ་ཐོབ་པ་ ལའོ། །བ་ས་ངེས་པར་གནས་པ་ལའོ། །ཨ་མ: ནད་ལའོ། །འདི་རྣམས་ལས་ཨ་ཏི་ཕ་རོལ་ཏུ་འགྱུར་རོ། །བ་ས་ཏིཿ དེས་གནས་སོ། །ཨ་མ་ཏིཿ དུས་སོ། །ཀྵི་པི: དྷཱུ་པི: ལི་ཁི: ལངྒི: དྷ་མི་རྣམས་ལས་བུ་ཀའོ། །ཀྵི་པ་ འདེད་པ་ལས་སོ། །ངྷྲུ་བ་བརྟན་པ་ལའོ། །ལི་ཁ་འདྲི་བ་ལའོ། །ལ་གྷི་འགྲོ་བའི་དོན་ལའོ། །ཨིརྟ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །དྷ་མ་ཞེས་པ་མདོ་ལས་བྱུང་བའི་བྱིངས་སོ། །འདི་རྣམས་ལས་བུ་ཀ་ཕ་རོལ་ཏུ་འགྱུར་རོ། ། ཀ་ཡིག་ནི་ཡན་བཞིན་དུ་བྱ་བའི་དོན་ནོ། །བུའི་ཨ་ཀ་རུ་བསྒྱུར་རོ། །ཀྵི་པ་ཀཿ གཡུལ་ལོ། །དྷུ་པ་ཀཿ མི་གཡོ་བའོ། །ལི་ཁ་ཀཿ རི་མོ་མཁན་ལ་སོགས་པའོ། །ལངྒྷཀཿ མེ་ཏོག་ཕྲེང་བ་རྒྱུད་མཁན་ནོ། །དྷ་མཾ་ཀཿ ལས་བྱེད་པའོ། །ཧཱའི་ གཉིས་ཀྱང་ངོ་། །ཨོ་ཧཱ་ཀ་གཏོང་བ་ལའོ། །འདི་ལས་བུ་ཀ་ཕ་རོལ་ཏུ་འགྱུར་རོ། །ཧའི་ཛའོ། །ཛ་ཧ་ཀཿ དུས་སོ། །ཀྲྀ་ཥིའི་འཕེལ་བ་ཡང་ནའོ། །ཀྲྀ་ཥ་རྣམ་པར་རྐོ་བ་ལའོ། །འདི་ལས་བུ་ཀ་ཕ་རོལ་ཏུ་འགྱུར་རོ། །ཀྲྀ་ཥ་ཀཿ མངལ་གྱི་བྱིས་ པའོ། །ཡང་ན་ནི་ཀཱརྵ་ཀཿ དམངས་རིགས། འོ་ཀྲྀཉ་ལ་སོགས་པ་རྣམས་ལས་བུའོ། །ཌུ་ཀྲྀཉ་བྱེད་པའོ། །སྲྀ་འགྲོ་བ་ལའོ། །མྲྀང་སྲོག་གཏོང་བ་ལའོ། །ཕ་ལ་རྫོགས་པ་ལའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ལས་བུ་ཕ་རོལ་ཏུ་འགྱུར་རོ། ། སྔ་མ་བཞིན་ཨ་ཀ་རུ་བསྒྱུར་རོ། །ཡོན་ཏན་ཡང་ངོ་། །ཀ་ར་ཀཿ སྤྲིན་གཞོན་ནུའོ། །ས་ར་ཀཿ ཆང་འཐུང་བའོ། །མ་ར་ཀཿ འཆི་བ། ཆུ་ཉ་བར་བསྒྱུར་བའོ། །ཕ་ལ་ཀཾཿ འབྲས་བུ། ཨངྐ་ཀྲཱྀ་ལཱ་ཌ་ལ་སོགས་པའོ། །དེ་བཞིན་གཞན་ལ་ཡང་ངོ་། །ཤ་མི་ལས་ ཁའོ། །ཤ་མུ་ད་མུ་ཉེ་བར་ཞི་བ་ལའོ། །འདི་ལས་ཁ་ཕ་རོལ་ཏུ་འགྱུར་རོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཤངྒཿ དུང་དོ། །མུ་ཧིའི་མཱུ་ར་ཡང་ངོ་། །མུ་ཧ་རྨོངས་པ་ལའོ། །འདི་ལས་ཁ་ཕ་རོལ་ཏུ་འགྱུར་རོ། །འདིའི་ཡང་མཱུར་དུ་བསྒྱུར་ རོ། །མཱུརྑཿ རྨོངས་པའོ། །ཤི་ཁཱའོ། །འདི་ལ་ཁ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཤིཉ་མཚན་མོ་ལའོ། །ཡོན་ཏན་མེད་དོ། །བུད་མེད་ལ་ཨ་ལས་ཨཱའོ། །ཤི་ཁཱ་གཙུག་ཕུད་དོ། །ག་མི་ལས་གའོ། །ག་མླི་འགྲོ་བ་ལའོ། །འདི་ལས་ག་ཕ་ རོལ་ཏུ་འགྱུར་རོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །བུད་མེད་ལ་ཨ་ལས་ཨའོ། །གངྒཱཿ ཛ་ཧཱུའི་བུ་མོའོ། །ཛ་ནི་ལས་གྷའོ། །ཛ་ན་སྐྱེད་པ་ལའོ། །འདི་ལས་གྷ་ཕ་རོལ་ཏུ་འགྱུར་རོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །བུད་མེད་ ལ་ཨ་ལས་ཨཱའོ། །ཛངྒཱ་རྗེ་ངར་རོ། །ཀ་ཙི་ལས་ཚའོ། །ཀ་ཙ་འཆིང་བ་ལའོ། །འདི་ལས་ཚ་ཕ་རོལ་ཏུ་འགྱུར་རོ། །ཀཙྪཿ རྩིབ་ལོགས་སོ། །ཀྲཱྀ་ཏྲྀ་ཀྲྀ་པི་ལས་ཀཱི་ཊའོ། །ཀྲཱྀ་རྣམ་པར་གཡེང་བ་ལའོ། །ཏྲྀ་རྐྱལ་པ་དང་སྒྲོལ་བ་དག་ ལའོ། །གྲྀ་པཱུ་ཤུགས་ལའོ། །འདི་རྣམས་ལས་ཀཱི་ཊ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །རཱྀཏ་མཐའི་ཡོན་ཏན་མེད་པ་ལ་ཨཱི་རའོ། །ཅོད་པན་དང་དབུ་རྒྱན་རྩེ་བྲན། ཀི་རཱི་ཊཿ། དབུ་རྒྱན་ ནོ། །ཏི་རཱིཊཿ ཐོད་དོ། །ཀྲྀ་བཱི་ཊཿ རས་སོ། །ཤ་མི་ལས་ངྷའོ། །ཤ་མུ་ད་མུ་ཉེ་བར་ཞི་བ་ལའོ། །འདི་ལས་ཌྷ་ཕ་རོལ་ཏུ་འགྱུར་རོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཤཎྜྷཿ མ་ཧེ་རྐུ་བའོ། །སཱུ་ཙི་ལས་སྨའོ། །སཱུ་ཙ་ཕྲ་མ་ལའོ། །ཙུ་ར་ སོགས་ལས་ཨིནའོ། །འདི་ལས་སྨ་ཕ་རོལ་ཏུ་འགྱུར་རོ། །ཀཱ་རེ་ཏ་དབྱིའོ། །ཙ་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོ་ཞེས་པས་ཀིའོ། །རྒྱུ་མཚན་ལས་ཞེས་པ་ལ་སོགས་པ་ཥ་ཉིད་དོ། །སུཀྵཿ ཕྲ་མོ། མཆོག་ཏུ་མ་གྱུར་པའོ། །ཨཏ་ལས་བྷཱུ་ལ་ ཌུ་ཏའོ། །བྷཱུ་ཡོད་པ་ལའོ། །ཨཏ་ཉེ་བའི་ཚིག་ལ་འདི་ལས་ཌུ་ཏ་ཕ་རོལ་ཏུ་འགྱུར་རོ། །ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོ། །ཨཏ་བྷུ་ཏ་རྨད་དུ་བྱུང་བ་ངོ་མཚར་བའོ། །རུ་ཧི་ཧྲྀ་ཤྱ་རྣམས་ལས་ཨི་ཏའོ། །རུ་ཧ་སྐྱེ་བོ་རབ་ཏུ་ སྐྱེ་བ་ལའོ། །ཧྲིཉ་འཕྲོག་པ་ལའོ། །ཤྱཱཻང་འགྲོ་བ་ལའོ། །མཚམས་སྦྱོར་གྱ་ཡི་གེའི་མཐའ་ཉིད་ཀྱི་ཕྱིར་ཨཱ་ཉིད་དོ། །འདི་རྣམས་ལས་ཨིཏ་ཕ་རོལ་ཏུ་འགྱུར་རོ། །རུཧི: ཏྲིཉ: དག་ལ་ཡོན་ཏན་ནོ། །ཤྱཱ་ཡ་ཏ་ལས། ཨའི་ཡི་གེ་ ཨིའི་ཡི་གེ་ལ་ཨེའོ། །ཕ་རོལ་ཡང་དབྱིའོ། །རོ་ཧི་ཏཿ ཉའི་བྱེ་བྲག་གོ། །ཀ་པི་ལི་ཀ་ལ་སོགས་པ་ཉིད་ཀྱི་ཕྱིར་ལ་ཉིད་དོ། །ལོ་ཧི་ཏཿ དམར་པོའོ། །ལྗང་ཁུ། ཧ་རི་ཏཿ ཁ་དོག་ཁྱད་པར་རོ། །དཀར་པོ། ཤྱེ་ཏཿ ཀུ་མུ་དའི་མདོག་ཅན་ནོ། ། མྲྀ: གྲཱྀ: བཱ: ཧ་བི: ཨ་མི: ད་མི་ལཱུ་བྷཱུ་རྣམས་ལས་ཏའོ། །མྲྀང: སྲོག་གཏོང་བ་ལའོ། །གྲྀ: ངེས་པར་གནོན་པ་ལའོ། །བཱ་འགྲོ་བ་ལའོ། །ཧ་སེ་རྒོད་པ་ལའོ། །ཨ་མ་ནད་ལའོ། །ཤ་མུ་ད་མུ་ཉེ་བར་ཞི་བ་ལའོ། །ལཱུ་གཅོད་པ་ ལའོ། །པཱུང་དག་པ་ལའོ། །འདི་རྣམས་ལས་ཏ་ཕ་རོལ་ཏུ་འགྱུར་རོ། །ཇི་ལྟར་འབྱུང་བ་བཞིན་ཡོན་ཏན་ནོ། །ཨ་མ་དང་དམ་དག་ལ་རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །མརྟྟཿ འཇིག་རྟེན་ནོ། །གརྟྟཿ ཁུང་ངོ་། །བཱ་ཏཿ རླུང་ངོ་། །ཧསྟ་ ལག་པའོ། །ཨནྟ་མཐའོ། །དནྟཿ སོའོ། །ལོ་ཏཿ མཆི་མའོ། །པོ་ཏཿ སྒྲོལ་བར་བྱེད་པའི་ཁྱད་པར་རོ། །མཱ་ཙྪ་ ས་སི་རྣམས་ལས་ཡའོ། །མཱ་འཇལ་བ་ལའོ། །ཙྪ་ གཅོད་པ་ལའོ། །མཚམས་སྦྱོར་གྱི་ཡི་གེའི་མཐའ་ཉིད་ཀྱི་ཕྱིར་ཨཱ་ ཉིད་དོ། །ཤྭ་ས་འཚེ་བ་ལའོ། །ཚིག་ཕྲད་ལས་ཤྭའི་ས་ཉིད་དོ། །འདི་རྣམས་ལས་ཡ་ཕ་རོལ་ཏུ་འགྱུར་རོ། །བུད་མེད་ལ་ཨ་ལས་ཨཱའོ། །མཱ་ཡཱ་སྒྱུ་འཕྲུལ་ལོ། །ཙྪ་ཡཱ་གཟུགས་བརྙན་ནོ། །འབྲུ། ས་སྱཾ་སོ་བ་ལ་སོགས་པའོ། །སན་དྷྱ་ལ་ སོགས་པ་རྣམས་སོ། །སན་དྷྱ: བན་དྷྱ་ཛཱ་ཡཱ་ཞེས་པ་དེ་ལྟ་བུ་ལ་སོགས་པའི་སྒྲ་རྣམས་ལ་ཡ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཌུ་ངྷཱཉ: འཛིན་པ་ལའོ། །བདྔྷཱ: འཆིང་བ་ལའོ། །ཛ་ན: སྐྱེད་པའོ། །དྷཱ་ཉ་ལས་སམ་སྔོན་དུའོ། །ཨཱ་ཡིག་དབྱིའོ། །རྗེས་ ང་རོའོ། །སྡེ་པའི་མཐའོ། །ཛ་ནའི་ཛཱ་རུ་འགྱུར་རོ། །ཇི་ལྟར་འབྱུང་བ་བཞིན་བུད་མེད་ལ་ཨ་ལས་ཨཱའོ། །མཚམས། སན་དྷྱཱ་ཉིན་མཚན་གྱི་མཚམས་སོ། །བན་དྷྱཱ་མོ་གཤམ་མོ། །ཛཱ་ཡཱ་ཆུང་མའོ། །རུ་ཙི་བྷུ་ཛི་དག་ལས་ཀི་ཥྱའོ། །རུ་ཙ་འབར་བ་ ལའོ། །བྷཱུ་ཛ་སྐྱོང་བ་དང་བཟའ་བ་དག་ལའོ། །འདི་དག་ལས་ཀི་ཥྱ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །རུ་ཙི་ཥྱཿ དགའ་བའོ། །བྷུ་ཛི་ཥྱཿ ཟ་བའོ། །མ་དི་ལས་སྱའོ། །མ་དི་ དགའ་བ་ལའོ། །འདི་ལས་སྱ་ཕ་རོལ་ཏུ་འགྱུར་རོ། །སྒྲ་མེད་པ་རྣམས་ལ་ཤིཊ་མ་ཡིན་པ་རྣམས་ཀྱི་དང་པོའོ། །མཏྶྱ། ཉའོ། །མ་དི་ཨ་ཤི་བ་སི་རྣམས་ལས་སར་འོ། །མ་དཱི་དགའ་བ་ལའོ། །ཨ་ཤ་ཟ་བ་ལའོ། །བ་ས་ངེས་པར་གནས་ པ་ལའོ། །འདི་རྣམས་ལས་ས་ར་ཕ་རོལ་ཏུ་འགྱུར་རོ། །མ་དི་སྒྲ་མེད་པ་ལ་དང་པོའོ། །ཙྪ་ཤ་དག་གི་འང་ངོ་ཞེས་པས་ཤའི་ཥ་ཉིད་དོ། །ཥ་བྷཱ་དག་གི་ས་ལ་ཀའོ། །རྒྱུ་མཚན་ལ་སོགས་པ་སའི་ཥ་ཉིད་དོ། །སའི་ས་ལ་བྱིངས་ཐམས་ཅད་པ་མ་ ཡིན་པ་ལ་ཏའོ་ཞེས་པ་སིའི་སའི་ཏའོ། །མཏྶརཿ ཕྲ་མོའོ། །ཨཀྵ་རཿ ཡི་གེའོ། །པཏྶརཿ ལོའོ། །ས་མ་སྔ་མ་ལས། སམྦྲ་ཏྶརཿ དེ་ཉིད་དོ། །དེ་བི་པ་ཐི་བྷུ་མི་བཱ་སི་རྣམས་ལས་ཨ་རའོ། །ཏེ་བྲི་དེ་བྲྀ་དུ་བ་ལའོ། །བ་ཋ་སྦོམ་པོ་ ཉིད་ལའོ། །བྷྲ་མུ་གཡོ་བ་ལའོ། །བཱ་ས་ཉེ་བར་བསྟེན་པ་ལའོ། །ཙུ་ར་སོགས་ཉིད་ཀྱི་ཕྱིར་ཨི་ནའོ། །ཨའི་ཡང་དབྱིའོ། །འདི་རྣམས་ལས་ཨ་ཕ་རོལ་ཏུ་འགྱུར་རོ། །ཀཱ་རི་ཏ་དབྱིའོ། །དེ་བ་རཿ ཁྱོའི་སྤུན་ཟླ་ཆུང་ཤོས་སོ། །བ་ཐ་རཿ ཆུའོ། ། བྷྲ་མ་རཿ བུང་བའོ། །བཱ་ས་རཿ ཉིན་མོའོ།། །།ཤྲཱྀ་ཎཱ་ཏི་ལས་ཀ་རའོ། །ཤྲཱྀ་འཚེ་བ་ལའོ། །འདི་ལས་ཀ་ཕ་རོལ་ཏུ་འགྱུར་རོ། །ཡོན་ཏན་ནོ། །བུད་མེད་ལ་ཨ་མས་ཨཱའོ། །ཤརྐྐ་རཿ ལཾ་ཁ་ར། བུར་ཤིང་གི་རྣམ་འགྱུར་རོ། །སུཥ་ལས་ ཡཎ་བཞིན་ནོ། །པུ་ཥ་རྒྱས་པ་ལའོ། །འདི་ལས་ཀ་ཕ་རོལ་ཏུ་འགྱུར་རོ། །དེ་ཡང་ཡན་བཞིན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །པུཥྐ་རཾ། པདྨའོ། །སྞྀཎཱ་ཏི་ལས་ཌཱ་ཌའོ། །སྟྲཱྀཉ་སྒྲིབ་པ་ལའོ། །འདི་ལས་ཌ་ཀྱེ་ཕ་རོལ་ཏུ་འགྱུར་ རོ། །ཊ་ཡིག་ནི་ནད་སོགས་ཀྱི་དོན་ནོ། །ཌ་ཡིག་ནི་ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོ་ཞེས་པའི་ཁྱད་པར་གྱི་དོན་ནོ། །འདི་ཉིད་ཀྱིས་མཐའི་དབྱངས་དབྱིའོ། །ན་ད་སོགས་ཀྱི་ཕྱིར་ཨཱའི་རྐྱེན་ནོ། །ཨཱི་ཡིག་མཐའ་ལས་སིའོ། ། ཞེས་པས་སི་དབྱིའོ། །སྟྲཱྀ་བུད་མེད་དོ། །ཀ་ཋི་ཙ་ཀི་དག་ལས་ཨ་རའོ། །ཀ་ཋ་དཀའ་བས་འཚོ་བ་ལའོ། །པཎྜི་ཏ་ཆེན་པོ་ཤྲི་མ་ཎི་ཀས་མཛད་པའི་ཨུཎ་སོགས་འགྲེལ་པར། ཙ་ཀི་ཚིམ་པ་ལའོ་ཞེས་པ་ཡོད་དེ་འདི་ཡིན་ནོ། །ཙ་ཀཱ་སི། འབར་བ་ལའོ། །འདི་དག་ལས་ཨེ་ར་ཕ་ རོལ་ཏུ་འགྱུར་རོ། །ཀ་ཐོ་རཿ རའོ། །ཙཱ་ཀོ་རཿ གོང་མོ་ཡིན་ནམ་ཟེར། བྱའི་བྱེ་བྲག་གོ། །གྷུ་ཎི་ལས་ཌོ་རའོ། །གྷུ་ཎ་གྷུརྞྞ་འཁྱམ་པ་ལའོ། །འདི་ལས་ཌོ་ར་ཕ་རོལ་ཏུ་འགྱུར་རོ། །ཌ་རྗེས་སུ་འབྲེལ་པ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོ། །གྷོ་ར་འཇིགས་ སུ་རུང་བའོ། །ཥྚ་ནའོ། །བྱིངས་ཐམས་ཅད་རྣམས་ལ་ཇི་ལྟར་མངོན་པར་བརྗོད་པ་ལ་ཥྚ་ན་ཕ་རོལ་ཏུ་འགྱུར་རོ། །ཥ་ཡིག་ནི་ན་ད་སོགས་ཀྱི་དོན་ནོ། །རྒྱུ་མཚན་མེད་ན་ཞེས་པས་ཊ་ཡིག་གི་ཏ་ཡིག་གོ། །ན་ཡིག་ནི་བརྗོད་པའི་དོན་ནོ། །བྷ་ཥ་མི་སྡུག་ པ་ལའོ། །པཱ་འཐུང་བ་ལའོ། །མཱ་འཇལ་བ་ལའོ། །ཨ་མ་ནད་ལའོ། །བཱི་རབ་ཏུ་སྐྱེ་བ་ལ་སོགས་པ་རྣམས་ལའོ། །བུད་མེད་ལ་ཨ་ལས་ཨཱའོ། །བྷཥྚི་པགས་པའི་རང་བཞིན་ཅན་ནོ། །པཱ་ཏྲཾ་ལྷུང་བཟེད། སྣོད་དོ། །ན་ད་སོགས་ཉིད་ལས་ཨཱིའོ། ། པཱ་ཏྲཱི་སྣོད་དོ། །ཙམ་མོ། མཱ་ཏཱ་ཉུང་ངོ་། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཨནྟཾ་སྒྱུ་མའོ། །ཡོན་ཏན་ནོ། །བི་ཏྲཾ་སྦའི་ལ་དབྱུག་པ། སྨྱིག་མའི་ཁྱད་པར་རོ། །ཨུཥྚའོ། །བ་ཤ་མཛེས་པ་ལའོ། །འདིའི་ཥྚྲ་ན་མཐའི་ཨུཥྚྲ་ཞེས་པ་ཉིད་ལ་ཚིག་ཕྲད་དུ་ བྱ་སྟེ། སམྤྲ་སཱ་ར་ཎ་འོ། །ཙྪ་ཤ་དག་གི་འང་ངོ་ཞེས་པས་ཥ་ཉིད་དོ། །ཨུཥྚཿ རྔ་མོའོ། །ཙི་མི་དི་དག་ལས་ཏྲ་ཀའོ། །ཙི་ཉ་སོགས་ལའོ། །ཉི་མི་དཱ་སྣུམ་པ་ལའོ། །འདི་དག་ལས་ཏྲཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་བྱ་བའི་དོན་ནོ། ། དེས་ན་ཡོན་ཏན་མེད་པ་ཉིད་དོ། །ཙི་ཏྲཾ་ངོ་མཚར་བའོ། །མི་ཏཾ་གྲོགས་པོའོ། །པཱུ་ངའི་ཐུང་ངུ་ཡང་ངོ་། །པཱུ་ང་དག་པ་ལ་ཡང་ངོ་། །འདི་ལ་ཏྲ་ཀ་ཕ་རོལ་ཏུ་འགྱུར་རོ། །འདིའི་ཡང་ཐུང་ངུའོ། །པུ་ཏྲཿ བུའོ། །སི་ལ་མ་ན་མཐའ་ཡང་ངོ་། །པཱུར་ཉིད་ ལས་ཨི་ཕ་རོལ་ཏུ་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ནོ། །འདི་ལས་མ་ནའི་མཐའ་ཡང་ངོ་། །ཐུང་ངུའོ། །ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་བ་དྷཱའི་འོ་ཞེས་པས་རིང་པོའོ། །བརྩེགས་པའི་མཐའ་དབྱིའོ། །སུ་མཱན་སྐྱེས་པའོ། །ཀུ་ཊི་ལས་ མ་ལའོ། །ཀུ་ཊ་འཁྱོག་པོ་ཉིད་ལའོ། །འདི་ལས་མ་ལ་ཕ་རོལ་ཏུ་འགྱུར་རོ། །ཀུ་ཊ་སོགས་ཉིད་ཀྱི་ཕྱིར་ཡོན་ཏན་མེད་པ་ཉིད་དོ། །ཀུཊྨ་ལཾ། མེ་ཏོག་ཁ་བྱེ་བའོ། །བྲ་ཤྩི་ལས་ཀའོ། །བྲ་ཤྩུ་གཅོད་པ་ལའོ། །འདི་ལས་ས་ཀ་ཕ་རོལ་ཏུ་འགྱུར་རོ། ། ཀ་ཡིག་ནི་ཡཎ་བཞིན་བྱ་བའི་དོན་ནོ། །དེས་ན་གྲ་ཧི་ཛྱཱ་ཞེས་པ་ལ་སོགས་པ་སམྦྲ་སཱ་ར་ཎའོ། །པྲཤྩི་མརྫ་དག་གི་དྷུཊ་ལའོ་ཞེས་པས་མཐའ་དབྱིའོ། །བྷྲྀ་ཛ་སོགས་ཀྱི་ཥའོ། །ཥ་དྷ་དག་གི་ས་ལ་ཀའོ། །རྒྱུ་མཚན་ལས་ཥ་ཉིད་དོ། །པྲྀཀྵཿ ལྗོན་ཤིང་། རྐང་འཐུང་ངོ་། །བྷྲྀ་བ་མི་ཀུ་རྣམས་ལས་ཤ་ཀའོ། །ཌུ་བྷྲྀཉ་འཛིན་པ་ལའོ། །ཊུབ་མ་སྐྱུག་པ་ལའོ། །ཀུང་སྐྲ་སྣ་ལའོ། །འདི་རྣམས་ལས་ཤ་ཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡན་བཞིན་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དེ། །བ་མའི་ མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །མགྱོགས་པ། བྷྲྀ་ཤ་ཤིན་ཏུ་བའི་དོན་ནོ། །བཾ་ཤཿ སྨྱིག་མའོ། །ཀུ་ཤཿ རྩྭ་ཀུ་ཤའོ། །ཀཱིནཱ་ཤཱ་ཨདྐུ་ཤ་དག་གོ། །འདི་དག་ལ་ཤཀ་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཀི་ཏ་ཤེས་པ་ལའོ །ཨ་ཀི་མཚོན་བྱེད་ལའོ། ། ཨིཏ་རྗེས་སུ་འབྲེལ་པ་ཉིད་ལས་ན་ཨཱ་ག་མའོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཙི་ཀི་ཏིའི་རིང་པོའོ། །ནཱ་སྒྲའི་མཐའོ། །ཨངྒི་ལས་ཨུ་ཡིག་གི་མཐའ་ཡང་ངོ་། །ཀཱིནཱ་ཤཿ བཀྲེན་པའོ། །ཨངྐུ་ཤཿ ལྕགས་ཀྱུའོ། །པྲྀ་ཏྲཱྀ་ པ་དི: ཧ་ནི: མ་ནི: ཀ་མ་ཨ་ཤ: ཀ་ཤི་རྣམས་ལས་སའོ། །བྲྀཉ་སྒྲིབ་པ་ལའོ། །ཏྲཱི་རྐྱལ་པ་དང་། སྒྲོལ་བ་དག་ལའོ། །བ་ད་གསལ་བར་བརྗོད་པ་ལའོ། །ཧ་ན་འཚེ་བ་དང་འགྲོ་བ་དག་ལའོ། །མ་ན་ཤེས་པ་ལའོ། ཀ་མུ་མཛེས་ པ་ལའོ། །ཨ་ཤ་ཟ་བ་ལའོ། །ཀ་ཤ་འཚེ་བ་ལའོ། །འདི་རྣམས་ལས་ཕ་རོལ་ཏུ་འགྱུར་རོ། །ཇི་ལྟར་འབྱུང་བ་བཞིན་ཡོན་ཏན་ནོ། །ཥ་ཉིད་དོ། །སྒྲ་མེད་པ་ལ་དང་པོའོ། །མ་གསལ་བྱེད་པ་རྗེས་སུ་ང་རོའོ། །ཚ་ཤ་དག་གི་འང་ངོ་ཞེས་པས་ཥ་ཉིད་ དོ། །ཥ་བྷཱ་དག་གི་ས་ལ་ཀའོ་ཞེས་པས་ཀ་ཉིད་དོ། །རྒྱུ་མཚན་ལ་སོགས་པ་ཥ་ཉིད་དོ། །བཪྵཿ ལོའོ། །ཏརྵཾཾཿ རྒྱ་མཚོའོ། །བེའུ། བཏྤཿ བ་ལང་གི་ཕྲུ་གུའོ། །ཧཾ་སཾཿ ངང་པ། བྱའི་ཁྱད་པར་རོ། །ཨུཎ་ལ་སོགས་པ་ཉིད་ཀྱི་ཕྱིར་ཁ་ཅིག་ཏུ་རིང་པོར་བལྟ་ བར་བྱ་སྟེ། ཤ། མཱཾ་སཾ་ཁམ་གྱི་བྱེ་བྲག་གོ། །ཨཀྵཿ ཤིང་རྟའི་ཕྱོགས་གཅིག་གོ། །བུད་མེད་ལ་ཨ་ལས་ཨཱའོ། །ཀཀྵུཿ རྟགས་མཚན་ནོ། །ཀྲྀཉ་ལས་པཱ་སའོ། །ཌུ་ཀྲྀཉ་བྱེད་པ་ལའོ། །འདི་ལས་པཱ་སའོ། །ཡོན་ཏན་ནོ། །ཀརྦྦཱས་རྒྱ་ཤུག་ གོ། །ཤྲུ་ལས་ཙི་ཀའོ། །སུ: ཤུ: འགྲོ་བ་ལའོ། །འདི་ལས་ཙི་ཀ་ཕ་རོལ་ཏུ་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ནོ། །ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཏ་ཉིད་དོ། །རྫོགས་པ་ལ། ཙ་སྡེ་དང་དྲྀ་ཤ་སོགས་ རྣམས་ཀྱི་འང་ངོ་ཞེས་པས་ག་ཉིད་དོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་དང་པོ་ཉིད་དོ། །ཤྲུ་ཀ: མཆོད་སྦྱིན་གྱི་ཡོ་བྱད་ཀྱི་རྫས་སོ། །ཙ་ཏི་ལས་བཱ་རའོ། །ཙ་ཏི: ཙ་དེ: སློང་བ་ལའོ། །འདི་ལས་བཱ་ར་ཕ་རོལ་ཏུ་འགྱུར་རོ། །ཙ་ཏྲཱ་རཿ བཞི། གྲངས་ སོ། །གམ་ལས་ཨི་ནིའོ། །ག་མླྀ: སྲྀ: པྲྀ: འགྲོ་བ་ལའོ། །འདི་ལས་ཨི་ནི་ཕ་རོལ་ཏུ་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ནོ། །འགྲོ་བར་འགྱུར་ཞེས་པ་ག་མཱི་འགྲོ་བར་འགྱུར་བའོ། །ཨཱང་ལ་ཎི་ནིའོ། །ཨཱང་ཉེ་བའི་ཚིག་ལ་ག་མི་ཉིད་ལས་ ཎི་ནི་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ནོ། །ཎ་ཡིག་ནི་ཨི་ཙ་བཞིན་དུ་འགྱུར་བའི་དོན་ནོ། །དེས་ན་ཨུ་བ་ངྷཱའི་ཨ་རིང་པོའོ། །འོང་བར་འགྱུར་བ་ཞེས་པ་ཨཱ་གཱ་མཱི་འོང་བར་འགྱུར་བའོ། །བྷཱུ: སྠཱ: དག་ལས་སོ། །བྷཱུ་ཡོད་པ་ལའོ། །ཥྚཱ་འགྲོ་བ་ལས་ ལྡོག་པ་ལའོ། །བྱིངས་ཀྱི་དང་པོའི་ཥའི་སའོ། །རྒྱུ་མཚན་མེད་ན་སོགས་ཀྱི་ཐེ་ཡིག་གོ། །འདི་དག་ལ་ཎི་ནི་ཕ་རོལ་ཏུ་འགྱུར་རོ། །ཨི་ཙ་བཞིན་འགྱུར་བས་འཕེལ་བའོ། །ཏིཥྛ་ཏིའི་ཨཱ་ཡིག་ནི་ཨཱ་ཡི་རུ་བསྒྱུར་རོ། །ཨཽ་ཨཱ་བའོ། །འབྱུང་བར་འགྱུར་ བ་ཞེས་པ་བྷཱདཱི་འབྱུང་བར་འགྱུར་བའོ། །གནས་པར་འགྱུར་བ་ཞེས་པ། སྠཱ་ཡཱི་གནས་པར་འགྱུར་བའོ། །པར་མེཥྛིའོ། །འདི་ལ་ཏཱི་ནི་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཥྞྱ་འགྲོ་བ་ལས་སྡོག་པ་ལའོ། །ས་ཉིད་ལ་སོགས་པའོ། །བ་ར་མི་སྔོན་དུའོ། །ཏིཥྛ་ ཏེའི་ཡཱི་ཡིག་དབྱིའོ། །བདུན་པ་མི་ཕྱེད་དོ། །མཆོག་ནས་ས་ར་མེ་ཁྱོ་ཚངས་པའོ། །བ་ཤི་ལས་ཀ་ན་སིའི། །བཤ་ མཛེས་པ་ལའོ། །འདི་ལས་ཀ་ན་སི་ཕ་རོལ་ཏུ་འགྱུར་རོ། །ཨི་ཡིག་ནི་བརྗོད་པའི་དོན་ནོ། །ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ ནོ། །དེས་ན་བ་ཤ་ལས་སྤྲ་སཱ་ར་ཎའོ། །ཨུ་ཤ་ནས་པུ་རུ་དཾ་ཤ་ས་ཨ་ནེ་ཧས་རྣམས་ཀྱི་སི་ལ་ཨན་ཞེས་པས་ཨན་དུ་འགྱུར་རོ། །གྷུཊ་ལའང་སམྦུདྡྷི་མ་ཡིན་པ་ལའོ་ཞེས་པས་རིང་པོའོ། །གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱིའོ། །རྟགས་ མཐའི་ན་ཡིག་གིའོ་ཞེས་པས་ན་དབྱིའོ། །ཨུ་ཤ་ནཱ་པ་བསངས་སོ། །ཨ་སུ་ནའོ། །བྱིངས་ཐམས་ཅད་རྣམས་ལས་ཇི་ལྟར་མངོན་པར་བརྗོད་པ་ལ། ཨ་སུ་ན་ཕ་རོལ་ཏུ་འགྱུར་རོ། །ན་ཡིག་དང་ཨུ་ཡིག་བརྗོད་པའི་དོན་ནོ། །བི་དྷ་སྒྲུབ་པ་ལའོ། །ཨིཎ་ འགྲོ་བ་ལའོ། །པཱིང་འཐུང་བ་ལའོ། །ཏ་པ་དྷཱུ་པ་ཡང་དག་པར་གདུང་བ་ལའོ། །མ་ན་ཤེས་པ་ལའོ། །ཙི་ཏྲི་སེམས་པ་ལའོ། །ར་ཧ་གཏོང་བ་ལའོ། །ཨ་ཡ་བ་ཡ་འགྲོ་བ་ལའོ། །ཇི་ལྟར་འབྱུང་བ་བཞིན་ནོ། །ཨེ་ཨ་ཡའོ། ། སིའོ། །ཨནྟུ་དང་ཨས་མཐའི་འང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པས་རིང་པོའོ། བེངྷཱཿ ཚངས་པའོ། །ཨ་ཡཿ ལྕགས་སོ། །པ་ཡཿ འོ་མ། བཏུང་བའོ། །པ་ཏཿ ཆོས་ལ་སྐྱེས་པའོ། །མ་ནཿ ཡིད་དོ། །ཙི་ཏཿ སེམས་སོ། །ར་ཧཿ ཤིན་ ཏུ་རྣམས་སྐྱེས་སོ། །བ་ཡཿ ན་ཚོད་དོ། །དེ་བཞིན་གཞན་ཡང་རྗེས་སུ་རྟོགས་པར་བྱའོ། །སུ་ར་ས་ལ་དྷྭ་ཉའི་ཡོན་ཏན་མེད་པ་བཞིན་ནོ། །ཊུ་དྷཱཉ་འཛིན་པ་ལའོ། །པུ་རས་ཀྱི་སྒྲ་ཉེ་བའི་ཚིག་ལ་འདི་ལས་ཨ་སུན་ཕ་རོལ་ཏུ་འགྱུར་རོ། །དེ་ཡང་ཡོན་ ཏན་མེད་པ་བཞིན་ནོ། །དེས་ན་བྱིངས་ཐམས་ཅད་པ་མ་ཡིན་པ་ལ་ཨཱ་དབྱིའོ་ཞེས་པས་ཨཱ་དབྱིའོ། །ཨནྟུ་དང་ཨས་མཐའི་བྱིངས་མ་ཡིན་པའི་སི་ལའོ་ཞེས་པས་རིང་པོའོ། །པུ་རོ་དྷཱཿ མདུན་ན་འདོན་ནོ། །ཙནྡྲ་ལ་མཱ་ཏི་ལས་སོ། །མཱ་ཚད་ ལའོ། །ཙནྟ་ཉེ་བའི་ཚིག་ལ་འདི་ལས་ཨ་སུན་འགྱུར་རོ། །ཡོན་ཏན་མེད་པ་ལས་ཨཱ་དབྱིའོ། །སྔ་མ་བཞིན་ཨུ་པ་དྷཱ་རིང་པོ་ཉིད་དོ། །སྦྱོར་བ་ཐ་དད་པར་འདོད་པའི་དོན་དེའོ། །ཙནྡྲ་མཱཿ རི་བོང་ཅན་ནོ། །ཨ་དེ་ཧ་ས། ཨ་བྶ་ར་ས། ཨངྒི་རས་རྣམས་ སོ། །འདི་རྣམས་ལ་ཨ་སུན་ཕ་རོལ་ཏུ་ཚིག་ཕྲད་དུ་བྱའོ། །ཨཱི་ཧ་གཡོ་བ་ལའོ། །སྲྀ་འགྲོ་བ་ལའོ། །གྲཱྀ་ངེས་པར་གནོན་པའོ། །ཨཱི་ཧ་ཏི་ལས་ནཉ་སྔོན་དུའོ། །ཡོན་ཏན་ནོ། །དབྱངས་ལ་ཡི་གེ་བཟློག་པར་བྱའོ། །སརྟྟི་ལས་ཨ་པ་སྔོན་ དུའོ། །ཡོན་ཏན་ཡང་ངོ་། །གི་ར་ཏི་ལས་ཨ་མ་སྔོན་དུའོ། །ཨིར་དུ་བསྒྱུར་རོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཨུ་ཤ་ནས་པུ་རུ་དཾ་ཤས་ཨ་ནེ་ཧས་རྣམས་ཀྱི་སི་ལ་ཨན་མཐའོ། །ཞེས་མཐའི་ཨན་ལ་སོགས་པ་དབྱི་བ་ལ་སོགས་པའོ། ། ཨནྟུ་དང་ཨས་མཐའི་འང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པས་རིང་པོ་ཉིད་དོ། །ཨ་ནེ་ཧཱཿ དུས་སོ། །ཨབྶརཱཿ ལྷའི་སྨད་འཚོང་མའོ། །ཨངྒི་རཱཿ དྲང་སྲོང་གི་ཁྱད་པར་རོ། །ཨུ་ཥི་རཉྫི་ཤྲཱྀ་རྣམས་ལས་ཡཎ་བཞིན་ནོ། །ཨུ་ཥ་བསྲེག་པ་ ལའོ། །རནྫ་ཚོས་ལའོ། །ཤྲཱྀ་འཚེ་བ་ལའོ། །འདི་རྣམས་ལས་ཨ་སུན་འགྱུར་རོ། །དེ་ཡང་ཡཎ་བཞིན་ནོ། །དེ་ན་ཡོན་ཏན་མེད་པ་ཉིད་དོ། །རནྫིའི་ཨ་ནུ་ཥངྒ་དབྱིའོ། །ཤྲཱྀ་ཎཱ་ཏིའི་རཱྀ་ཏ་མཐའི་ཡོན་ཏན་མེད་པ་ལ་ཨི་ར་འོ་ཞེས་པས་ཨི་རའོ། ། ཨུ་ཥཿ ཉི་མའོ། །ར་ཛཿ རྡུལ་ལོ། །ཤི་རཿ མགོ་བོའོ། །ཡ་ཛའི་ཤི་ཡང་ངོ་། །ཡ་ཛཿ ལྷ་མཆོད་པའོ། །འདི་ལས་ཨ་སུན་འགྱུར་རོ། །འདིའི་ཡང་མཐའི་ཛ་ཤོ་རུ་བསྒྱུར་རོ། །ཨ་ཡིག་བརྗོད་པའི་དོན་ནོ། །ཡ་ཤཿ གྲགས་པའོ། །ཨུ་ཥིའི་ཛ་ ཡང་། ཨུ་ཥ་བསྲེག་པ་ལའོ། །འདི་ལས་ཨ་སུ་ན་འགྱུར་རོ། །འདིའི་ཡང་ཥའི་ཛ་ཉིད་དོ། །ཡོན་ཏན་ནོ། །གཟི་བརྗིད་ལྡན་པ། ཨོ་ཛཿ འབར་བའོ། །བ་ཙི་ལས་སའི་མཐའོ། །བ་ཙ་བརྗོད་པ་ལའོ། །འདི་ལས་ཨ་སུན་འགྱུར་རོ། །འདི་ལས་ས་ ཡིག་གི་མཐའོ། །ཨ་ཡིག་བརྗོད་པའི་དོན་ནོ། །ཙི་སྡེའི་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོ་ཞེས་པས་ཀི་ཉིད་དོ། །རྒྱུ་མཚན་ལ་སོགས་པས་ཥ་ཉིད་དོ་། །བཀྵཿ ལག་པའི་དབུས་སོ། །ཤྲུ་ར་ངག་ལས་ཏ་མཐའ་ཡང་ངོ་། ཤྲུ་འགྲོ་བ་ ལའོ། །རཱྀ་རི་མོ་འབྲི་བ་ལའོ། །འདི་དག་ལ་ཨ་སུན་འགྱུར་རོ། །འདི་དག་གི་མཐར་ཡང་ཏ་ཡིག་འགྱུར་རོ། །ཨ་ཡིག་བརྗོད་པའི་དོན་ནོ། །ཡོན་ཏན་ནོ། །ཤྲོ་ཏཿ རྒྱུན་ནོ། །ར་ཏ་ཁུ་བའོ། །ཤྲཱིང་ལ་ཕ་མཐའ་ཡང་ངོ་། །ཤྲཱིང་ཉལ་བ་ལའོ། ། འདི་ལས་ཨ་སུན་འགྱུར་རོ། །འདིའི་ཡང་ཕ་ཡིག་མཐའ་རུ་འགྱུར་རོ། །ཨ་ཡིག་བརྗོད་པའི་དོན་ནོ། །ཤེ་ཕཿ བད་ཀན་ནོ། །ཙྪ་དི་ལས་ན་སྟེ་རིང་པོ་ཡང་མ་ཡིན་ནོ། །ཙྪད་ཀུན་ཏུ་སྒྲིབ་པ་ལའོ། །ཙུ་ར་སོགས་ཉིད་ཀྱི་ཕྱིར་ཨི་ནའོ། །ཨའི་ཨུ་པ་དྷཱ་ཞེས་ པ་ལ་སོགས་པས་རིང་པོ་ཉིད་དོ། །འདི་ལས་ཨ་སུན་ཕ་རོལ་ཏུ་འགྱུར་རོ། །འདིའི་ད་ཡིག་གི་སྔོན་དུ་ན་ཡིག་འགྱུར་རོ། །ཀཱ་རི་ཏ་དབྱི་བ་ཡང་ངོ་། །ཨུ་པ་དྷཱ་ཐུང་ངུའོ། །ཙྪནྡཿ རིག་བྱེད་དོ། །ཨ་མི་ལས་བྷ་མཐའ་ཡང་ངོ་། །ཨ་མ་ ནད་ལའོ། །འདི་ལས་ཨ་སུན་ཕ་རོལ་ཏུ་འགྱུར་རོ། །འདིའི་བྷ་ཡིག་མཐའ་རུའོ། །ཨ་ཡིག་བརྗོད་པའི་དོན་ནོ། །རྗེས་སུ་ང་རོའོ། །སྡེ་པའི་མཐའོ། །ཨམྦྷཿ ཆུའོ། །ཨརྟྟི་ལས་ཨུ་ར་ཡང་ངོ་། །རྀ་འགྲོ་བ་ལའོ། །འདི་ལས་ཨ་སུ་ན་ཕ་རོལ་ཏུ་འགྱུར་རོ། ། འདིའི་ཡང་ཨུར་དུ་བསྒྱུར་རོ། །ཨུ་རཿ བྲང་ངོ་། །ཀྲྀ་ཏི་ལས་སྣ་ཀའོ། །ཀྲྀ་ཏཱི་གཅོད་པ་ལའོ། །འདི་ལས་སྣ་ཀ་ཕ་རོལ་ཏུ་འགྱུར་རོ། །ཀ་ཡིག་ནི་ཡཎ་བཞིན་དུ་བྱ་བའི་དོན་ནོ། །དེས་ན་ཡོན་ཏན་མེད་པ་ཉིད་དོ། །ཀྲྀ་ཎྶཱཿ མཐའ་དག་གོ། །ཤླི་ ཥིའི་ཨིཏ་ཤླིཥ་འཁྱུད་པ་ལའོ། །འདི་ལས་སྣ་ཀ་ཕ་རོལ་ཏུ་འགྱུར་རོ། །འདིའི་ཡང་ཨི་ཏའི་ཨ་ཉིད་དོ། །ཥ་ཌྷ་དག་གི་ས་ལ་ཀའོ། །རྒྱུ་མཚན་ལས་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཁ་ཉིད་དོ། །ཎ་ཉིད་དོ། །ཤླ་ཀྵྞཾ་འཇམ་ པོའོ། །ཏི་ཛིའི་ཨི་ཏ་ཡང་ངོ་། །ཏེ་དུ་ཛ་རྣོ་བ་ལའོ། །འདི་ལས་སྣ་ཀ་ཕ་རོལ་ཏུ་འགྱུར་རོ། །འདིའི་ཡང་ཨི་ཡིག་གི་ཨེ་ཡིག་གོ། །ཅ་སྡེའི་འདྲ་བའི་ཡི་གེ་མེད་པ་ལ་ཀའོ། །ཥ་ཉིད་དོ། །ཎ་ཉིད་དོ། །ཏཱིཀྵྞཾ: རྣོན་པོའོ། །དུརྒ་སིདྷས་བཤད་པའི་ཨུཎ་ལ་ སོགས་པའི་འགྲེལ་པར་རྐང་པ་བཞི་པ་རྫོགས་སོ།། །།ཞེས་པ་དུ་རྒ་སིདྷས་བཤད་པའི་ཨུཎ་ལ་སོགས་པའི་འགྲེལ་པ་རྫོགས་སོ།། །།འདི་ནི་སྔར་སྦྱངས་པའི་བག་ཆགས་སྐུ་ཚེ་འདིར་སད་པས། ཤེས་བྱའི་གནས་ཕལ་མོ་ཆེ་རྣམས་ལན་རེ་ སྙན་གྱིས་གསན་པའམ། ཟུང་རེ་སྤྱན་གྱིས་གཟིགས་པ་ཙམ་ཀྱིས་ཐུགས་སུ་ཆུད་པའི་སྤོབས་པ་དགེ་བ་ཅན། འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་དགོངས་པའི་ཆོས་རྒྱལ་ཆེན་པོ་ཏའི་སི་ཏུ་ཆོས་ཀྱི་རིན་ཆེན་གྱིས་ཉེར་མཁོའི་་རྫས་ཐམས་ཅད་གནང་སྟེ། པཎྜི་ ཏ་ཆེན་པོ་ཤྲཱི་མ་ཎི་ཀ་དང་། སྒྲ་ཚད་པ་དཔལ་ལྡན་བསོད་ནམས་བཟང་པོ་ལ་སོགས་པ་ཡོངས་འཛིན་དམ་པ་རྣམས་ཀྱི་ཞབས་རྡུལ་ལ་སྤྱི་བོས་རེག་པར་གྱུར་པ། དཔལ་ཨེའི་བཙུན་པ་རྡོ་རྗེ་རྒྱལ་མཚན་གྱིས། བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་ པའི་གནས། ཤེལ་དཀར་གྱི་གཙུག་ལག་ཁང་དུ། དུར་སིང་གི་ཨུཎ་སོགས་ཀྱི་འགྲེལ་པ་གཉིས་ཀྱི་སྟེང་ནས། བསྒྲུབ་ཚུལ་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབས་ཏེ། ཆད་ལྷག་མེད་པར་བསྒྱུར་ཞིང་། མཚན་རྣམས་ནི་ཕལ་ཆེ་བ་བྱེ་བྲག་ རྟོགས་བྱེད་དང་། འཆི་མེད་མཛོད་ལ་སོགས་པ་རྣམས་ལ་ཡོད་པ་ལྟར་དུ་བཏབ་པ་ཡིན་ནོ། །ཨུཎ་སོགས་རྣམས་འབྱུང་བ་ལའང་ངོ་། །འབྱུང་འགྱུར་ལ་ག་མོའི་སོགས་རྣམས་སོ། །ཀ་ལ་པ་ནས་ཅུང་ཟད་ཁ་འཕངས་པས། །སྐྱེས་ཆེན་རྣམས་ཀྱིས་བསྒྱུར་བར་ བརྩམས་ཕོད་ཀྱང་། །གངས་ཅན་ཁྲོད་འདིར་རྫོགས་པར་མ་འགྱུར་བའི། །ཨུཎ་སོགས་དུར་སིང་འགྲེལ་པ་རྫོགས་པར་འགྱུར། །བསྒྲུབ་ཚུལ་སྣ་ཚོགས་འོད་ཟེར་འབུམ་ལྡན་པ། །སྒྲ་རིག་སྡེབ་ལེགས་ཉིན་མོའི་དབང་ཕྱུག་ཤར། །མུན་སྤྲུལ་ རང་དགའི་ཀུ་མུད་ཟུམ་པ་དང་། །རྣམ་དཔྱོད་པད་ཚལ་མཉམ་དུ་རྒྱས་པར་གྱུར། །ཉུང་ངུའི་ཚིག་གིས་རྒྱ་ཆེན་དོན་སྟོན་པ། །རྣམ་དག་གཞུང་ལུགས་དགོས་འདོད་ཀུན་འབྱུང་འདིས། །ལེགས་པར་སྦྱར་བའི་བསྟན་བཅོས་མཐའ་དག་ལ། །རིང་ནས་ འདྲིས་པའི་ཡིད་ཀྱི་དགའ་སྟོན་འཕེལ།། །།༄། །ཙནྡྲ་པའི་ཨུཎ་ལ་སོགས་པའི་མདོ་བཞུགས། ༄༅༅། །རྒྱ་གར་སྐད་དུ། ཨུ་ཎཱ་དི། བོད་སྐད་དུ། ཨུ་ཎ་ལ་སོགས་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀྲྀ་བཱ་པཱ་ཛི་ མི: སྭ: དཱི: སཱ་དྷི: ཨ་ཤཱུ་རྣམས་ལས་ཨུ་ཎའོ། །དྲི: ས་ནི: ཛ་ནི: ཙ་རི: ཙ་ཊི: ཏ་ལི: ཉུ་ཎའོ། །ཀི་མ་ཛ་རཱ་དག་ལས་ཤྲཱྀ་ཨིཎ་ལས་སོ། །ཀྲྀ་ཀ་ལས་ཝ་ཙའི་ཀའང་ངོ་། །བྷྲྀ: མྲྀ: ཏྲྀ: ཙ་རི: ཏ་ནི: མརྫི་ཥཱི་རྣམས་ལས་ཨུའོ། །ཨཎ་ལས་སོ། ། འབྲུ་ལ་ནི་ཏ་དོ། །བ་ཊི: ཨ་སི: ཝ་སི: ཏྲ་པི: ཧ་ནི:མ་ནི:ཨིནྡི: ཀནྡི: བནྡི་རྣམས་ལས་སོ། །བ་ཧི་པཾ་སིའི་རིང་པོ་ཡང་ངོ་། །ན་མི: མ་ནི: ཛ་ན: རྣམས་ཀྱི། ནཱ་ཀི: དྷ་ཏ: ཡང་ངོ་། །བ་ལི: ཕ་ལིའི་གུ་ཀ་ཀྱང་ངོ་། །ནི་ལ་ཨཉྩི་ ལས་སོ། །ཨི་ཥི: བྷི་དི: བྱ་དྷི: གྲི་དྷི: དྷྲྀ་ཥི: པྲྀ: བྲྀ་ཐི: མྲྀ་ཏྲི་ལས་ཀུའོ། །ཤ་ཤི་: ར་པ་དག་གི་ཨཏ་ཀྱི་ཨིཏ་ཀྱང་ངོ་། །ཀྲཱྀ་གྲཱྀ་དག་གི་ཨུཏ་ཀྱང་ངོ་། །ཨརྟིའི་ཨཱུཏ་ཀྱང་ངོ་། །སྱནྡའི་ཡཎ་འི་ཨི་ཀ་དང་དྷ་ཡང་ངོ་། །བྷྲརྫི་ཡ་ཤིའི་ས་དབྱི་བ་ ཡང་ངོ་། །པྲྀ་ཛིའི་ཨ་སུམ་ཡང་ངོ་། །ཨཱ་ཁ་ནི་བཾ་ཧིའི་ན་དབྱི་བ་ཡང་ངོ་། །ཤཾ་ཀུ་ལ་སོགས་པ་རྣམས་སོ། །སི: ཏ་ནི: གཾ་མི: མ་སི: ས་ཙི: ཨ་ཝི: དྷཱ་ཉ: ཀྲུ་ཤི་རྣམས་ལས་ཏུན་ནོ། །ཝ་སིའི་ཎ་ཏི་ཡང་ནའོ། །ཀ་མི་མ་ནི་ཛ་ནི་ཧི་རྣམས་ལས་ཏུའོ། ། རྀ་ཏུ་ལ་སོགས་པ་རྣམས་སོ། །སྟ་ནི: ཧྲྀ་ཥི: པུ་ཥི: ག་དི: མ་དི: རྣམས་ཎི་ལས་ཨིཏྣུ་ཙའོ། །ཧྲྀ: ཀྲྀ་དག་ལས་ཨེ་ཎུའོ། །དཱ་བྷཱ་དག་ལས་ནུའོ། །རཱྀ་བྷྲྀཉ་དག་ལས་ནི་ཏ་དོ། །སཱུ་བིཥི་དག་ལས་ཀིཏ་དོ། །དྷེ་ནུ་ལ་སོགས་པ་རྣམས་སོ། །ཀྵི་པི་ན་དི་དག་ ལས་ཙ་ནུད་དོ། །སརྟི་ལས་ཨ་ཡུའོ། །ཛནི: མ་ནི: ད་པི: བྷུ་ཛི་ལས་ཀྱུས་སོ། །ཧྲཱི: ཨི་ཥི: ཀྲྀ་ཥི་རྣམས་ལས་ཀུཀ་སུཀ་ཨཱ་ནུ་ཀའོ། །མྲྀང་ལས་ཏྱུཀ་གོ། །ཤྲཱིང་ལས་དྷུ་ཀའོ། །པྲཱྀ་ལས་ཤུན། ཨ་ཤུཙ་དག་གོ། །པཱི: མཱི་དག་ལས་རུའོ། །ཛ་ཏྲུ་ ལ་སོགས་པ་རྣམས་སོ། །ཡུ་ལས་ཨཱ་གུ་ཙའོ། །བྷྲ་མི་ལས་ཌཱུའོ། །ཙ་མི: ཏ་ནི: བ་དྷི་རྣམས་ལས་ཨུའོ། །ཀ་ཥའི་ཚ་ཡང་ངོ་། །ཏྲཱྀ་ལས་དུཊ་ཡང་ངོ་། །ད་རི་དྲཱའི་ཨི་ཨཱ་དབྱིའོ། །ཛམྦུ་ལ་སོགས་པ་རྣམས་སོ། །དི་ཝ་ལས་རིན་ནོ། །ནཱི་ལས་ཌིད་དོ། ། པི་ཏྲྀ་ལ་སོགས་པ་རྣམས་སོ། །ཨིའོ། །ཨིཀ་མཐའ་ཉེ་ལས་ཀིའོ། །ཀྲ་མིའི་ཨཏ་ཀྱི་ཨིཏ་ཀྱང་ངོ་། །མ་ནིའི་ཨུཧ་ཀྱང་ངོ་། །ཨ་ཧིའི་ཀ་པི་དག་གི་ན་དབྱི་བ་ཡང་ངོ་། །ཤྲི: ཝ་སི: བ་སི: རཱ་ཛི: བྲྀ་ཧ་ནི: ན་བྷི་ལས་ཨི་ཉའོ། །ཨ་ཛེ: ཛ་ནི: ཨ་ཏི: གྷ་སི: ར་ཤི་ པ་ཎི་ལས་ཨིཎའོ། །པེ་ཉ་ལས་ཌིའོ། །ནིའི་ཨཱིཏ་ཀྱང་ངོ་། །ས་ཁི་ལ་སོགས་པ་རྣམས་སོ། །སཉྫི ཨ་སི་དག་ལས་ཀྠི་ན་ནོ། །སཱ་རི་ལས་ཨ་ཐན། ཨངྒི་ཨ་ཏི་དག་ལས་ཨུ་རི་ཨི་ཐིན་དག་གོ། །ནཱི་ད་ལི་དག་ལས་མིའོ། །ཨཱུརྨ: རཤྨི: བྷུ: མི་རྣམས་སོ། །ཀུ་ཥི་ལས་སི་ཀའོ། །ཨ་ཤི་ལས་ནི་ཏ་རོ། །མྲི: ཀ་ཎི་དག་ལས་ཨཱིཙའོ། །རཱ: ཤ་དི་དག་ལས་དྲི་བ་པོ། །བྷཱུ: སཱུང་ཨ་དི་རྣམས་ལས་ཀྲིན་ནོ། །ཤ་ཀི་བྷཱུ་དག་ལས་ཨུནྟི། ཨནྟི་ཙ་དག་གོ། །ཨརྟི་ལས་ཨནྟི་ཙའོ། །ཨཧྫི་ལས་ ཨའི་ཙའོ། །རྀ: ཏྲཱྀ: སྲྀ: དྷྲྀ: དྷ་མི: ཨ་ཤི: ཨ་བི: བྲྀ་ཏི: གྲ་ཧི་ལས་ཨ་ནིའོ། །ཀྵི་པ་ལི་ས་ཀིཏ་དོ། །ཤ་ཀི་ལས་ཨུ་ནིའོ། །ཨ་གི་ལས་ནིའོ། །བེ་ཎིའོ། །ཤྲུ་ཤྲི་ཡུ་བ་ཧ་ལས་ནིཏ་དོ། །པཱཪྵྞི་ལ་སོགས་པ་རྣམས་སོ། །བྲི་ཏྲཱྀ་དག་ལས་ཝི་ན་ནོ། ། ཛཱ་གྲྀ་ལས་ཀྭིན་ནོ། །ཚ་བའི་ལ་སོགས་པ་རྣམས་སོ། །དྲ་བ་སི་དག་ལས་ཀནྟི་ནོ། །བཱ་ཏི་ལ་ཌ་ཏིའོ། །ཨ་མི་ལས་ཨ་ཏིའོ། །ཏནྟི་ལས་ཨཱིའོ། །ལཀྵི་ལས་མན་ཡང་ངོ་། །ཨ་བི་ལ་སོགས་པ་རྣམས་སོ། །ར་ཏི་ལས་ཌེའོ། །ག་མི་ལས་ཌོའོ། །གླཱ་ ནུ་དི་དག་ལས་ཌཽའོ། །ཨུཎ་ལ་སོགས་པར་རྐང་པ་དང་པོ་རྫོགས་སོ།། །།ཨི: བྷཱི་ཀཱཿ པཱ་ཤ་ལིཿ མརྩྩི་རྣམས་ལས་ཀན་ནོ། །ཡཱུ་ཀ་ལ་སོགས་པ་རྣམས་སོ། །གྲྀ: དཱ: དྷཱ: རཱ: རྩྩི་རྣམས་ལས་ཀའོ། །ཨུལྐ་ལ་སོགས་རྣམས་སོ། །ཀྵི་ པི: ལ་གྷི: ལི་ཁི: དྷ་མི་རྣམས་ལས་ཀྭུན་ནོ། །ཧཱའི་གཉིས་དག་ཀྱང་ངོ་། །ཀྲྀ་ཥིའི་ཨཙ་ཨཱཏ་ཡང་ནའོ། །བྲཤྩི: མུ་ཥི་ལས་ཀྱང་ཀི་ཀན་ནོ། །ཨཱང་ལས་པ་ཎི་པ་ཏི་ལས་སོ། །སྱ་མའི་ཡའི་ཨཱིཏ་ཀྱང་ངོ་། །བྷཱི་ཤཱི་དག་ལས་ཨཱ་ན་ཀའོ། །ཤཾ་གྷི་ ལས་ཨ་ཎཀའོ། །ཀྲྀ་ཏ: ་བྷི་དི: ལ་ཏི་ལས་ཀྟི་ཀན་ནོ། །ཨི་ཥི་ལས་ཀྟ་ཀན་ནོ། །བ་ལི: ས་ཏི་ལས་ཨཱ་ཀའོ། །པི་ནཱཀ་ལ་སོགས་པ་རྣམས་སོ། །ཀྲི་ལས་ཨི་ཀ་ནའོ། །ཨ་ལ་ཨི་ཥ་ལས་ཀཱི་ཀན་ནོ། །ཀིཾ་ཀཾ་ཎཱི་ཀ་ལ་སོགས་པ་རྣམས་སོ། ། ཀྲྀཉ་ལ་སོགས་པ་རྣམས་ལས་ཝུ་ནའོ། །ཤ་ལི: མཎྜི་ལས་ཨཱུ་ཀ་ཉའོ། །ཨུ་ལཱུ་ཀ་ལ་སོགས་པ་རྣམས་སོ། །ཤ་མི་ལས་ཁའོ། །མུ་ཧིའི་མུར་འང་ངོ་། །ཤི་ཁཱའོ། །མུ་ད: གྲྀ་དག་ལས་ག་ཀ་ག་དག་གོ། །པ་དི་ལས་ཨངྒ་ཙའོ། །གྲ་ མ་ལས་ག་ནའོ། །ཤྲིངྒ་ཨངྒ་བྲྀངྒ་རྣམས་སོ། །ཛ་ནི་ལས་གྷའོ། །ཀ་ཙི་ལས་ཚའོ། །ཤ་ཀ་ལ་སོགས་པ་རྣམས་ལས་ཨཊ་ན་ནོ། །ཛ་ཊཱ: ལོཥྚ་མོ། ཀྲཱྀ་ཏྲཱི: ཀྲྀ་པི་ལས་ཀ་ཊན་ནོ། །ཤ་མི་ལས་ཐའོ། །ཀ་མུ་ལས་ཨ་ཋ་ཙ་ཡང་ངོ་། །ཀྲཱྀ་བྲྀ་ཉ་དག་ ལས་ཨ་ཎུ་ནོ། །ཨཱུརྞྞུ་ལས་ཌའོ། །ཉམ་མཐའ་ལས་ཌའོ། །ཀུཎྜ་ལ་སོགས་པ་རྣམས་སོ། །ཤ་མི་ལས་ཌྜྷའོ། །ཤ་ཀི་ལས་ཨུ་ནིའོ། །ཛཱྀ་བི་ཤ་དག་ལས། ཨནྟ་ཙའོ། །རུ་ཧི་ནནྡི་ཛཱི་བི་ལས་ཥིཏ་དོ། །བྷུ་ཛི: ཝ་སི: ཝ་ཧི: སཱ་དྷི: བྷ་སི་ ག་ཌི: མཎྜི: ཧི་མི་རྣམས་ལས་སོ། །གཎྜི: མཎྜི་དག་ལས་སོ། །ཨཏ་ལས་བྷུ་ལས་ཌུ་ཏ་ཙའོ། །རུ་ཧི་ཧྲྀ: ཤཱ་རྣམས་ལས་ཨི་ཏ་ཙའོ། །བྷྲྀ་ཉ་ལ་སོགས་པ་རྣམས་ལས་ཨཏི་ཙའོ། །སྲིཥི: རཉྫི་ལས་ཀ་ཏི་འོ། །མྲི: གྲཱི: ཝཱ: ཧ་སི: ཨི་ཎ: ཨ་མི: དྭ་མི: ལཱུ: པཱུ: དྷཱུརྦི་རྣམས་ལས་ཏན། གྷི་སི་དུ་རྣམས་ལས་ཀྟའོ། །ཏཱ་ཏ: པ་ལི་ཏ: ཛརྟྟ: སཱུ་ར་ཏ་རྣམས་སོ། །ཤ་མ་ལ་སོགས་པ་རྣམས་ལས་ཨ་ཐའོ། །ད་མི: ཀུ་ཥི: ཀཱ་ཤི་རྣམས་ལས་ཀྠན་ནོ། །ཨ་ཝ་ལས་བྷྲྀ་ཉ་ལས་སོ། ། ཨུ་ཥི: ཀུ་ཥི: གཱ: ཨ་ཏི་རྣམས་ལས་ཐན་ནོ། །ཛྲཱྀ་བྲྀ་ཉ་དག་ལས་ཨཱུ་ཐན་ནོ། །པཱ་ཏྲཱི: ཏུ་དི: ཝ་ཙི: རི་ཙ: སི་ཙི: བི་ཤི་ལས་ཐ་ཀའོ། །ཡུ་ཐ་ལ་སོགས་པ་རྣམས་སོ། །ཤ་བི་ཀ་མི་དག་ལས་དནའོ། །ཨབྡལ་སོགས་པ་རྣམས་སོ། །ཤྱཱ་ སྟྱཱ་ཧྲྀ་ཉ་ཨ་བི་རྣམས་ལས་ཨི་ན་ཙའོ། །བྲྀ་ཛི་ན: ཨ་ཛི་ནའོ། །དྲུ: དཀྵ་དག་ལས་ཨི་ན་ཙའོ། །བི་བི་ན: ཨི་རི་ཎ: ཏུ་ཧི་ན་མ་ཧི་ན་རྣམས་སོ། །ར་སི: རུ་ཙི: རུ་བྲྀ་ཉ་རྣམས་ལས་ཨུ་ཙའོ། །ཨུནྡིའི་ན་དབྱི་བ་ཡང་ངོ་། །རཉྫི་ལས་ཀྱུ་ནའོ། །ཀྲྀ་ པྲྀ: པྲྀ: ཛི: མཎྜི: ནི་དྷཱ་ཉ་རྣམས་ལས་སོ། །དྷྲྀ་ཥིའི་དྷི་ཥི་ཡང་ངོ་། །ཧ་ནའི་གྷ་ཛ་ཡང་ངོ་། །བྲ་དྷི: ཝ་སི: དྷཱ་པྲྀ: རྣམས་ལས་ནའོ། །ཀྲྀ: བྲྀ: ཏྲཱྀ: སྭ: བི: སི: དྲུ་ལས་ནན་ནོ། །ཨུ་ཥི: ཨི་ཎ: ཨ་ཝི: ཀྲྀ་ཥ: ཏྲྀ་ཥི: བུ་དྷི: ར་ཏི: དྷཱ: པྲཱྀ་རྣམས་ལས་ཀ་ནའོ། །ཀྲྀ་ ཏི་ལས་སུ་ཀ་ཡང་ངོ་། །ཤླི་ཥིའི་ཨིཏ་ཀྱི་ཨཏ་ཀྱང་ངོ་། །ཏི་ཛིའི་ཨཱིཏ་ཡང་ངོ་། །ར་སྣཱ་ལ་སོགས་པ་རྣམས་སོ། །ཀྲྀ་བྲྀ་ཏྲཱྀ: ཡ་མི: དཱ་རི: ཨརྫི་ལས་ཨུ་ནན་ནོ། །ཤ་ཀི་ལས་ཨུ་ནིའོ། །པྲཱྀ: པཱ: ཏ་ལི་ལས་བའོ། །སྟུའི་ཨུ་ཡང་ངོ་། །ཡུ་ཀུ་ སུ་རྣམས་ཀྱི་ཀིཏ་ཡང་ངོ་། །བཱཥྦ་ལ་སོགས་པ་རྣམས་སོ། །སརྟི་ལས་ཨ་བ་སྟ་སུ་ཀའང་ངོ་། །བི་ཊ་པ་ལ་སོགས་པ་རྣམས་སོ། །རཱ་ཏི་ལས་ཨི་བའོ། །གུ་རི་ལས་པ་ཀའོ། །ཤྲཱྀ་གྲཱྀ་དག་ལས་ཕའོ། །ཨ་ཤི: ལ་ཊི: ཀ་ཎི: ཁ་ཊི: བི་ཤི་ལས་ ཀྭན་འོ། །ཤི་ཝ་ལ་སོགས་པ་རྣམས་སོ། །ཀྲཱྀ་ཤྲཱྀ་གརྡྷི་ལས་ཨ་བྷ་ཙའོ། །རྀ་ཥི་བྲྀ་ཥི་རཱ་སི་བལླི་ལས་ཀིཏ་དོ། །དྲིང་ལས་བྷའོ། །གྲཱྀ་ལས་བྷ་ནའོ། །ཨིཎ་ལས་ཀིཏ་དོ། །གུ་དྷི་ལས་ཨཱུ་མའོ། །པྲ་ཐི་ཙ་རི་ལས་ཨ་མེ་ཙའོ། །རྀ་སྟུ་སཱུ་ཧུ་ དྷྲི: ཀྵི: ཀྵུ: བྷཱ: ཡཱ: བ་དི: ཡཀྵི: ཎཱི་རྣམས་ལས་མ་ནའོ། །གྲ་སིའི་ཨཱཏ་ཡང་ངོ་། །སཱུ་ཙི་ལས་སྨན་འོ། །ཡུ་དྷི: ཧི: ཨིནྡྷི: ཛ་ནི: ཤྱ: དྷུ་རྣམས་ལས་མ་ཀའོ། །བྷཱི་ལས་ཥུ་ཀ་ཡང་ནའོ། །ཡུ: ཛི: རུ་ཛི: ཏི་ཛི་ལས་ཀུ་ཡང་ངོ་། །གྷར: གྲཱིཥྨ: ཨ་དྷ་མ་ རྣམས་སོ། །ཏ་ནི་ལས་ཀ་ཡན་ནོ། །ཧྲི་ཉ་ལས་དུ་ཀ་ཡང་ངོ་། །མཱ་ཙྪཱ་ས་སི་སཱུ་རྣམས་ལས་ཡའོ། །ཛཱ་ཡ་ལ་སོགས་པ་རྣམས་སོ། །རུ་ཙི་བྷུ་ཛི་ལས་ཀི་ཥྱན་འོ། །མ་དི་ལས་སྱ་ནའོ། །སྤྲི་ཏི་ལས་ཨཱ་ཡའོ། །བྲིང་ལས་ཨེ་ནྱའོ། །ཨརྟི་ལས་ ཨ་ཎྱ་ཙའོ། །ཧཱའི་ཧིང་ཡང་ངོ་། །བརྫ་ནྱའོ། །པུ་ཎི་ལས་ཀྱན་ནོ། །ཤི་ཀྱ་དྷི་ཥྞྱཾ་མོ། །ཨུཎ་ལ་སོགས་པར་རྐང་པ་གཉིས་པ་རྫོགས་སོ།། །།མ་དི: ཨངྒི: ཝ་སི: མ་ཐི: ཙ་ཏི་རྣམས་ལས་ཨུ་ར་ཙའོ། །མ་ཀུ་: ་དརྡྷུ་ར: ཤི་དྷུ་ར་རྣམས་སོ། ། ཨ་སི་ལས་ཨུ་ར་ནའོ། །ཤྭ་ཤུ་རའོ། །ཏི་མི: རུ་དྷི: མ་དི: མནྡི: ཙན་དི: བནྡྷི་རྣམས་ལས་ཀི་ར་ཙའོ། །སྠི་ར་ལ་སོགས་པ་རྣམས་སོ། །ཏཉྩ: པཉྩ: ཤ་ཀི: ཀྵི་པི: ཀྵུ་དི་རུ་དི་མ་དི་མནྡ་ཙནྡི་རྣམས་ལས་ར་ཀའོ། །ཤི་ཏི་ བྲྀ་ཏི: ནི: བཱ: ་ཙྪི་དི: མུ་དི: ད་ཧི: ཏྲི་བི: ཤུ་བྷི་རྣམས་ལས་ཀྱང་ངོ་། །ཏ་མི: ཨ་མི: ཛི་རྣམས་ཀྱི་རིང་པོ་ཡང་ངོ་། །དཱུར་ལ་སོགས་པ་རྣམས་སོ། །སུ: སཱུ: དྷ་ཉ: གྲྀ་དྷི་ལས་ཀྲ་ནའོ། །སི་མི་ཙི་རྣམས་ཀྱི་ཨཱིཏ་ཡང་ངོ་། །པ་སི: བ་ཛི: བྷྲྀ་དྷི་ ཨེནྡི་རྣམས་ལས་རན་ནོ། །བྷ་དྲ་ལ་སོགས་པ་རྣམས་སོ། །ཙ་ཏི: ཀ་ཊི: ཤྲཱྀ: བྲྀ་ཉ་ལས་ཊྭར་ཙའོ། །པཱི་བ་ར་ལ་སོགས་པ་རྣམས་སོ། །ཀུ་ལས་ཀྲ་ཝན་ནོ། །མ་དི: ཨ་ཤི:བ་སི་ལས་ས་ར་ནའོ། །ཀྲི: དྷཱུ: ཏ་ནི་ལས་ཀི་ཏའོ། །བྷྲ་མི་ བ་ཐི: དེ་ཝི: ཝཱ་སི་ལས་ཨ་ར་ནའོ། །ཨངྒི: མ་དི: མནྡི: ཀ་ཊི་ལས་ཨ་ར་ནའོ། །ཤྲྀངྒི: བྲྀངྒི: མྲྀ་ཛི: ཀཉྫི་ལས་ཙི་ཏའོ། །ཀ་མའི་ཨཏ་ཀྱི་ཨུཏ་ཀྱང་ངོ་། །ཤྲཱྀ་ལས་ཀར་ནའོ། །སུ་ཥ་ལས་ཀི་ཏའོ། །ཀྵ་ནུ་ལས་ཌཱི་ར་ཙའོ། །ཀྲཱྀ་ཤྲཱྀ: ཤོ་དི་རྣམས་ ལས་ཨཱི་ཙ་ར་འོ། །པ་ཤི་ལས་ཀ་ཏིའོ། །གམྦྷི་ར་ལ་སོགས་པ་རྣམས་སོ། །མཱ་སི་ལས་ཨཱུ་ར་ནའོ། །ཛ་ནི་ལས་ཨ་རན་ཏེ་ཐ་ཡང་ངོ་། །བ་དི་ལས་ཡང་ནའོ། །ས་ཙི་ལས་ཨཏ་ཀྱི་ཨཱིཏ་འང་ངོ་། །ཀཋི་ཅ་ཀི་དག་ལས་ཨོ་རའོ། །གྷུ་ཎི་ལས་ཌོ་ནའོ། ། ཥྚན་ནོ། །ཨུ་ཥི: སཱུ: མཱུ་རྣམས་ལས་ཀི་ཏའོ། །ཨ་མི: ནཀྵི: ཀ་ཊི་རྣམས་ལས་ཨ་ཙ་ཏྲ་ཙའོ། །བྲྀཉ་ལས་ཨ་ཏྭ་ཙའོ། །ཨ་མི: ཙི་མི: དི་ལས་ཏྲ་ཀའོ། །པཱང་གི་ཐུང་ངུའོ། །བ་ཧཱ: ལཱ་ལ་སོགས་རྣམས་ལས་ཨི་ཏྲ་ཨུ་ཏྲ་དག་གོ། །ཁརྫི་ བིཉྩ་སོགས་རྣམས་ལས་ཨཱུ་ར་ཨཱུ་ལ་ཙ་དག་གོ། །ཏི་མ་ལས་དུ་ཀ་འང་ངོ་། །ཤ་བི: ཀ་མི་དག་ལས་ཀ་ལན་ནོ། །པྲྀ་ཥ་སོགས་རྣམས་ལས་ཙི་ཏི་འོ། །ཙི་མི: དི་ལས་ཏྲ་ཀའོ། །ཤ་ཀི། ཤ་མི་ལས་ནི་ཏའོ། །ཀུ་ཊི་ལས་ཀྨ་ལ་ཙའོ། །པ་ཏི་ ཙཎྜི་དག་ལས་ཨཱ་ལ་ཉའོ། །ཀུ་ཎི: པཱི་དག་ལས་ཀཱ་ལ་ནའོ། །ཤཱིང་ལས་པཱ་ལ་ན་པ་ལ་ཉ་དག་གོ། །མངྒི་ལས་ཨ་ལ་ཙའོ། །མཱ་ལ: ཨི་ལྭ་ལ་པ་ལྭ་ལ་ཙ་ཥ་ལ་ཤི་ཐི་ལ་ཤུ་ཀླ: ཏཎྜུ་ལ་རྣམས་སོ། །ཨརྟི་ལས་བི་ཤ་ནའོ། །བྲྀ་བྷྲྀ་ཝ་མི་ ཀུ་རྣམས་ལས་ཤ་ཀའོ། །ཀཱི་ནཱ་ཤ: དཱ་ཤ: ཨང་གུ་ཤ་རྣམས་སོ། །རྀ: མཉྫི: བི་ཡི: ཧ་ནི: ཨ་གི་རྣམས་ལས་ཨུ་ཥ་ནའོ། །བྲཱི་ལས་ཀུ་ཥནའོ། །ཀྲཱྀ་ཏྲི་དག་ལས་ཨཱི་ཥ་ནའོ། །ཤི་རཱི་ཥ་ལ་སོགས་པ་རྣམས་སོ། །ཨ་བི་ལས་ཊི་ཥ་ཙའོ། ། ཀི་ལྦ་ཥ་ལ་སོགས་པ་རྣམས་སོ། །བྲཱྀ་ཏྲཱྀ: བ་དི: ཧ་ནི: མཱ་ནི: ཀ་མི་ཨ་ཤི: ཀ་སི་ལས་སའོ། །རྀ་ཥི: བྲྀ་ཥི: སྣུ་རྣམས་ལས་ས་ཀའོ། །པ་ནི: མ་ནི: ར་བྷི: ཙ་མི: ཨ་ཏི: བེ་ཏི: ཡུ་རྣམས་ལས་ཨ་ས་ཙའོ། །ཀྲྀ་ཉ་ལས་པཱ་ས་པའོ། །པི་ཙི་ལས་ ཀན་ཏེ་ནུམ་དང་ཧ་དག་ཀྱང་ངོ་། །ཤྲི: ཤྲུ: དྲུ: སྲུ: ཛུ་རྣམས་ཀྱི་ཀྭི་པ་སྟེ་རིང་པོའང་ངོ་། །པྲཙྪི་བ་ཙ་དག་གི་དེ་དག་ཀྱང་ངོ་། །ག་མའི་གཉིས་དག་ཀྱང་ངོ་། །པ་རི་བྲ་ཛི་ལས་ཥ་ཡང་ཚིག་མཐའ་ལའོ། །ཤྲུ་ལས་ཙི་གའོ། །བ་སི་བ་ཎི་དག་ ལས་ཨི་ཛི་ཀའོ། །མྲྀང་ལས་ཨུ་ཏིའོ། །གྲཱྀ་ལས་ཡང་ན་མུཊ་ཡང་ངོ་། །ཧྲྀ་སྲྀ་ཏ་ཌི་རུ་ཧི་ཡུ་ཥི་རྣམས་ལས་ཨེ་ཏིའོ། །བྲྀཥི: བྲྀཥི: མ་ཧི:ལས་ཤ་དྲིའོ། །ཤ་རང: ད་རན། དྲྀ་ཤང་རྣམས་སོ། །བྲྀ་ཥི: ཏ་ཤྵི: རཱ་ཛི: དྷ་ནཱི: པྲ་ཏི: དི་ཝ: ཡུ་རྣམས་ ལས་ཀ་ནི་ནའོ། །ཤྭན་ལ་སོགས་པ་རྣམས་སོ། །དེ་བཞིན་གཞན་ཡང་བལྟ་བར་བྱའོ། །མ་ནི་ནའོ། །བྱོ་མན་ལ་སོགས་པ་རྣམས་སོ། །ཨི་མ་ནི་ཙའོ། །པ་ཐི་མ་ཐ་དག་ལས་ཨི་ནའོ། །གམ་ལས་སོ། །ཨཱང་ལས་ཎི་ཏའོ། །བྷུ་ལས་ སོ། །པ་ར་མེ་ཥྛཱི་འོ། །ཨརྩྩི་ཏུ། སྲྀ་པི: ཙྪ་དི: ཙྪ་དྷེ་རྣམས་ལས་ཨི་པིའོ། །ཛྱོ་ཏི་ས་ལ་སོགས་པ་རྣམས་སོ། །ཛ་ནི་ལས་ཨུ་སིའོ། །རྀ: སྲཱྀ: ཝ་སི: ཨ་ཛི: དྷ་ནི: ཏྲ་པི་ལས་ནི་ཏའོ། །ཨིཎ་ལས་ཎི་ཏའོ། །ཙཀྵི་ལས་ཥི་ཏའོ། །ཝ་ཤི་ ལས་ཀ་ན་སའོ། །བི་དྷ་ཨི་ལས་ཨ་སིའོ། །ས་ཡང་པུ་རས་ལས་དྷ་ཉ་ལས་སོ། །ཙནྡྲ་ལས་མཱ་ད་ལས་ཇི་ཏའོ། །ཨ་ནེ་ཧ་ས: ཨངྒི་རས: ཨཔྶཾ་རས་རྣམས་སོ། །ཨ་སུ་ནའོ། །ཨུ་ཥི་རཉྫི་ཤྲཱི: རྣམས་ལས་ཀི་ཏའོ། །ཝ་སི་ ཨ་གི་དག་ལས་ཎི་ཏའོ། །ཡ་ཛི་ལས་ཤ་ཡང་ངོ་། །ཨུ་ཥི་ལས་ཛ་ཡང་ངོ་། །ཝ་ཤི་ལས་སུཊ་ཡང་ངོ་། །ཤྲུ་རཱིང་དག་ལས་ཏུཊ་ཡང་ངོ་། །ཨིཎ་ལས་ནུཊ་ཡང་ངོ་། །ཤཱིང་ལས་ཕུཊ་ཡང་ངོ་། །ཚ་དི་ལས་ནུཊ་ཡང་ངོ་། །ཨ་མི་ལས་བྷུ་ཀ་ཡང་ངོ་། ། ཨརྟི་ལས་ཨུཏ་ཡང་ངོ་། །ཤུ་ཊ་ཡང་ངོ་། །ནུ་ཊ་ཡང་ངོ་། །ཡུ་ཊ་ཡང་ངོ་། །ཨུཎ་ལ་སོགས་པར་རྐང་པ་གསུམ་པ་རྫོགས་སོ།། །།ཨུཎ་ལ་སོགས་པའི་མདོ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །། དཔལ་ཨེའི་ཆོས་གྲྭ་ཆེན་པོར་ལོ་ཙཱ་བ་ནམ་མཁའ་བཟང་པོས་བསྒྱུར་བའོ།། །།༄། །ཙནྡྲ་པའི་ཨུཎ་ལ་སོགས་པའི་འགྲེལ་པ་བཞུགས། ༄༅༅། །རྒྱ་གར་སྐད་དུ། ཙནྡྲ་སྱོ་ཎཱ་དེར་བྲྀཏྟི་ནཱ་མ། བོད་སྐད་དུ། ཙནྡྲ་ པའི་ཨུཎ་ལ་སོགས་པའི་འགྲེལ་པ་ཞེས་བྱ་བ། འཇམ་མགོན་ལ་ཕྱག་འཚལ་ལོ། །ཀྲྀ: བཱ: པཱ: ཛི: མི: སྭ་དི: སཱ་དྷི: ཨ་ཤུ་རྣམས་ལས་ཨུ་ཎའོ། །ཌུཀྲྀཉ་བྱེད་པ་ལའོ། །ཌུཡིག་ཌུ་འགྲོ་བ་ལས་ཀྟྲིའོ་ཞེས་པའི་རྟགས་ཀྱི་དོན་ཏོ། །ཉ་ཡིག་ཀྲྀཉ་ལས་ རྒྱུ་དང་ངང་ཚུལ་དང་རྗེས་སུ་མཐུན་པ་རྣམས་ལའོ་ཞེས་སོགས་རྟགས་ཀྱི་དོན་ཏེ། ཨི་ཎ་བཱི་བ་འགྲོ་བ་ལའོ། །བཱ་བཏུང་བ་ལའོ། །ཛི་རྒྱལ་བ་ལའོ། །ཌུ་མི་ཉ་འཕེན་པ་ལའོ། །ཌུ་ཡིག་དུ་འགྲོ་བ་ལས་ཀྟྲིའོ་ཞེས་པའི་རྟགས་ཀྱི་དོན་ནོ། །ཉ་ཡིག་ ཉིད་ལས་སོ་ཞེས་པའི་རྟགས་དོན་ནོ། །སྭ་ད་དང་སྭ་ད་རོ་མྱང་བ་ལའོ། །རཱ་དྷ་སཱ་དྷ་ཡང་དག་པར་གྲུབ་པ་ལའོ། །ང་ཡིག་དྷ་ཡིག་དག་གི་ཨ་ཡིག་ཀློག་པའི་དོན་ནོ། །ཨ་ཤཱུ་ཁྱབ་པ་ལའོ། །ཨཱུ་ཡིག་སྣྲྀ: སཱུང་ཨུ་དི་ཏ་ལས་སོ་ཞེས་པའི་རྟགས་དོན་ནོ། །འདི་ རྣམས་ལས་སྒྲུབ་པ་ནི་བྱ་བའི་དོན་ལས་ཕ་རོལ་ཏུ་མང་པོ་ལ་བྱེད་པ་ལ་ཞེས་པ་རྗེས་སུ་འཇུག་པ་རྣམས་ལ་ཨུཎ་ཕ་རོལ་ཏུ་འགྱུར་རོ། །ཎ་ཡིག་ཨཱཏ་ཨཻ་ཙའི་དོན་ནོ། །ཨ་ཙ་འི་འོ་ཞེས་པས་ཨཱ་ཉིད་དོ། །རྀཀ་གི་ཨཎ་ལས་ར་ལ་དག་གོ་ཞེས་པས་ཕ་རོལ་ ཉིད་དོ། །རེ་ཕ་ལས་ཨ་ཡིག་བརྗོད་པའི་དོན་ནོ། །དོན་ཙམ་ལ་དང་བོའོ་ཞེས་པས་སུའོ། །སུའི་ཨཱུ་ཡིག་སུའི་འོ་ཞེས་པའི་རྟགས་དོན་ནོ། །ས་ས་ཛུ་ཥའི་རུའོ་ཞེས་པས་ས་ཡིག་གི་རུ་ཉིད་དོ། །ཨུ་ཡིག་ཨཏ་ལས་ཧ་ཤ་ལའང་རུའི་འོ་ཞེས་པའི་ རྟགས་དོན་ནོ། །རེ་ཕའི་རྫོགས་པ་ལ་རྣམ་པར་བཅད་པའོ་ཡིས་ཐིག་ལ་གཉིས་སུ་འགྱུར་རོ། །ཀཱ་རུཿ ཤིང་བཟོ་པ། ཤིལྤཱཿ ཨཱ་ཏུའི་ཎལ་མ་ཡིན་པ་ལ་ཡུ་ཀའོ་ཞེས་པས་ཡུ་ཀ་ཨཱ་ག་མའོ། །ཨུ་ཡིག་བརྗོད་པའི་དོན་ཏོ། །ཀ་ཡིག་སྤྱིར་བཏང་སྒྲུབ་ པའི་དོན་ཏོ། །རླུང། བཱ་ཡུཿ པ་མཱི་ར་ཎཾ། བཱ་ཡུཿ བཤང་ལམ། པཱ་ནཾཿ ཨ་ཙ་འི་འོ་ཞེས་པས་ཨི་ཡིག་གོ། །ཨེ་ཙའི་ཨཡྲ་ཨཱབྲ་ཨཱཡྲ་ཨཱབྲ་རྣམས་སོ་ཞེས་པས་ཨཱ་ཡར་བསྒྱུར་རོ། །ཛཱ་ཡུཿ སྨན། ཨཽ་ཥ་ངྷཾ་མཱ་ཡུཿ མཁྲིས་པ། པིཏྟཾ་གོ་ སྔ་མ་ལས། གོ་མཱ་ཡུཿ ཅེ་སྤྱང་། ཤྲྀ་གཱ་ལཿ ཉྣི་ཏ་ལའོ་ཞེས་པས་ཨཱ་ཉིད་དོ། །སྭཱ་དུཿ མངར་བ། མ་དྷུ་རཾ་སཱ་དྷུཿ དགེ་བའོ། །པ་རོ་བ་ཀཱ་རི་མ་ནིང་ལས་པི་ཨ་མ་དག་གི་ཞེས་པས་ས་དབྱིའོ། །ཨཱ་ཤུ་ཤཱི་གྷྲཾཿ མྱུར་བའོ། དྷྭ་ནྱ་ནཱ་མཉྩ་དྲཱྀ་བ་ནི་ཛ་ནི་ ཙ་རི་ཛ་ཊི་ཏ་ལི་རྣམས་ལས་ཉུཎའོ། །རཱྀ་རྣམ་པར་འཇོམས་པ་ལའོ། །ཥ་ཎུ་ངེས་པར་སྦྱིན་པ་ལའོ། །ཨུ་ཡིག་ཨུ་དི་ཏ་ལས་ཡང་ནའོ་ཞེས་པའི་རྟགས་དོན་ནོ། །ཥྚི་བུ་དང་ཥྚཀྐ་མིན་པའི་དང་པོའི་ཥའི་སའོ་ཞེས་པས་ཥ་ཡིག་གི་ས་ཡིག་གོ། །རྒྱུ་མཚན་ མེད་ན་རྒྱུ་མཚན་ཅན་གྱི་འང་མེད་དོ་ཞེས་པས་ཎ་ཡིག་གི་ན་ཡིག་གོ། །ཛ་ནཱི་རབ་ཏུ་སྐྱེ་བ་ལའོ། །ཨཱི་ཡིག་ཤྭི་ཨཱི་ད་ཏ་ལས་ཏ་ཏ་བཏ་དག་གིའོ་ཞེས་པའི་རྟགས་དོན་ནོ། །ཨ་བྷྲ: བ་བྷྲ: མ་བྷྲ: ཙ་ར་འགྲོ་བའི་དོན་རྣམས་སོ། །ཙ་ཊ: སྥུ་ཊ་འབྱེད་པ་ལའོ། །ཏ་ལ་རབ་ཏུ་ གནས་པ་ལའོ། །ཨ་ཡིག་བརྗོད་དོན་ནོ། །འདི་རྣམས་ལས་དེ་རྣམས་ཉིད་དུ་ལྷག་པར་བྱེད་པ་རྣམས་ལ་ཉུ་ཎ་ཕ་རོལ་དུ་འགྱུར་རོ། །ཉ་ཡིག་ཉྞིཏ་ལའོ་ཞེས་པའི་རྟགས་དོན་ནོ། །ཨ་ཙའི་འོ་ཞེས་པས་རྀ་ཡིག་གི་ཨཱ་ཉིད་དོ། །རྀ་ཀའི་ ཨཎ་ལས་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །དང་པོའི་གཅིག་ཚིགས་སུ་མ་ནིང་ལས་སུ་ཨ་མ་དག་གི་ཞེས་པས་སུ་དབྱིའོ། །ཡུ་ཤིང་ངོ་། དཱ་ཏུཿ ཀཱཥྛ་ཉི་ཏ་ལའོ་ཞེས་པས་ཨཱ་ཉིད་དོ། །རིའི་ངོས། སཱ་ནུ: གི་རི་པྲ་དེ་ཤཿ རིའི་ཕྱོགས་གཅིག་གོ ། རྗེས་སུ་འབྲེལ་པ་གཉིས་བྱེད་པ་ནི་ཛ་ནིའི་བ་ངྷིའོ་ཞེས་པའི་ཁྱད་པར་གྱི་སྒྲུབ་པ་འགེགས་པའི་དོན་ནོ། །དེས་ན་ཉྜི་ཏ་ལའོ་ཞེས་པས་ཨ་ཉིད་དོ། །པུས་མོ། ཛཱ་ནུཿ པུས་མེའོ། །ཛཾ་གྷ་སྠཱ་ནཾ་ཙཱ་ཏུ་ཤོ་བྷ་ནཾ་མཛེས་པའོ། ཙཱ་ཊུཿ སྒྲ་མཁས་པ། སྥུཊ་པཱ་དཱ་གསལ་ བར་བརྗོད་པའོ། །ཏཱ་ལུ་རྐམ། བ་ད་ན་ཀ་དེ་ཤཿ ཁའི་ཕྱོགས་གཅིག །ཀིམ་ཛ་རཱ་དག་ལས་ཤྲཱྀ་ཨི་ཎ་ལས་སོ། །ཤྲཱྀ་འཚོ་བ་ལའོ། །ཨིཎ་བཱི་བཱ་འགྲོ་བ་ལའོ། །ཎ་ཡིག་ཨིཎའི་ཡཎའོ་ཞེས་པས་རྟགས་དོན་ནོ། །ཀིཾ་ཛཱ་རཱ་དག་ལས་འདི་དག་ལས་ཉུཎ་ཕ་རོལ་ ཏུ་འགྱུར་རོ། །ཨ་ཙིའོ་ཞེས་པས་ཨཱ་ཉིད་དོ། །རི་ཀའི་ཨཎ་ལས་ར་ལ་དག་གོ་ཞེས་པས་ར་ཕ་རོལ་ཉིད་དོ། །ཀིམ་གྱི་མ་ཡིག་གི་ཧལ྄་ལ་མའི་འོ་ཞེས་པས་རྗེས་སུ་ང་རོའོ། །གྲམ། ཀིཤཱ་རུཿ མདའ། ཤཱ་རཿ ཨེ་ཙའི་ཨ་ལྲ་ཨབྲ་ཨཱཡྲ་ཨཱབ་རྣམས་སོ་ ཞེས་པས་ཨཱཡྲ་རུ་བསྒྱུར་རོ། །ཛ་རཱའི་སྒྲ་དང་ཨཱ་ཡིག་གི་ལྷན་ཅིག་ཨ་ཀའི་ཨ་ཀ་ལ་རིང་པོའོ། །མངལ་གྱི་བུ་ཚ། ཛ་རཱ་ཡུཿ བུ་སྣོད་དོ། །གརྦྷ་བེཥྚ་ནཾ་ཀྲྀ་ཀ་ལས་པ་ཙའི་ཀའང་ངོ་། །བ་ཙ་སྨྲ་བ་ལའོ། །ཨ་ཡིག་བརྗོད་པའི་དོན་ནོ། །ཀྲྀ་ཀ་སྔོན་མ་ལས་ཉུན་ ཕ་རོལ་ཏུ་འགྱུར་རོ། །ཙུའི་ཀུའོ་ཞེས་པས་ཙ་ཡིག་གི་ཀ་ཡིག་གོ། །ཉྣིཏ་ལའོ་ཞེས་པས་ཨཱ་ཉིད་དོ། །ཁྱིམ་བྱ། ཀྲྀ་ཀ་བཱ་ཀུཿ ཀུ་གུ་ཊཿ ཟངས་ཀྱི་གཙུག་བུད་ཅན་ནོ། །ཀྲྀ་ཀ་ལཱ་བཉྩ: བྷ: མྲྀ་ཏྲྀ། ཙ་རི: ཏ་ནི། མརྫ་ཤྲི་རྣམས་ལས་ཨུའོ། །ཌུདྷཱ་ཉ་ཌུ་བྷྲྀ་ཉ་འཛིན་པ་ ལའོ། །ཌུ་ཡིག་ཌུ་འགྲོ་བ་ལས་ཀྟྲིའོ་ཞེས་པའི་རྟགས་དོན་ནོ། །ཉ་ཡིག་བྷྲ