Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 159

Văn bản gốc(Tây Tạng)

Trang 13 / 17 (50.000 ký tự/trang)
ེད་པས་བདག་ལ་བསླབ་
པའི་སྡོམ་པ་སྩལ་བ་ལས་བདག་དམག་དཔོན་སེང་གེ་ཡང་ལོངས་སྤྱོད་འཕེལ་ནས་བདག་དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ་བསླབ་པའི་སྡོམ་པ་གཞིག་པར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་བསླབ་པའི་
སྡོམ་པ་གཞིག་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་བསླབ་པའི་སྡོམ་པ་གཞིག་པ་གསོལ་བའོ། །དེའི་འོག་ཏུ་སྦྱིན་བདག་དེ་ཐོས་པའི་ཉེ་འཁོར་ནས་བཀར་ཏེ་མཐོང་པའི་ཉེ་འཁོར་དུ་བཞག་ནས། དགེ་སློང་མ་གཅིག་གིས་གསོལ་བ་འབའ་ཞིག་
གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དམག་དཔོན་སེང་གེ་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཏེ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་
དུ་འཐད་པའི་དགེ་སློང་མ་རྣམས་ལ་མ་ཕུལ་བའམ་ཡངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ལོངས་སྤྱོད་བསྲབས་ཤིང་ཡོངས་སུ་བས་ཏེ། ཡོངས་སུ་མཐར་ཐུག་ནས་དེ་ལ་དགེ་འདུན་དོན་བཞེད་པ་ཕན་པ་བཞེད་པས་བསླབ་པའི་སྡོམ་པ་སྩལ་

བ་ལས་དམག་དཔོན་སེང་གེ་དེ་ཡང་ལོངས་སྤྱོད་འཕེལ་ཏེ། དམག་དཔོན་སེང་གེ་བསླབ་པའི་སྡོམ་པ་སྩལ་བ་དགེ་འདུན་འཕགས་མ་རྣམས་ལས་བསླབ་པའི་སྡོམ་པ་གཞིག་པར་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་
འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དམག་དཔོན་སེང་གེ་ལ་བསླབ་པའི་སྡོམ་པ་གཞིག་པར་མཛད་དོ། །འདི་ནི་གསོལ་བའོ། །དགེ་འདུན་གྱིས་གང་ལ་བསླབ་པའི་སྡོམ་པ་གཞིག་པ་དེར་དགེ་སློང་མ་རྣམས་ཀྱིས་འགྲོ་
བར་བྱ། སྟན་ལ་ལོངས་སྤྱད་པར་བྱ། བསོད་སྙོམས་བླང་བར་བྱ། ཆོས་བསྟན་པར་བྱའོ། །དེ་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པའི་ཆོ་ག་དང་ལས་སོ། །སོ་སོར་བཤགས་པར་བྱ་བ་དགེ་འདུན་ལ་རིག་པར་བྱ་བའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། མཚམས་ཀྱི་ནང་ན་
དགེ་སློང་མ་ཇི་སྙེད་འཁོད་པ་ཐམས་ཅད་བསྡུ་ནི་མི་དགོས་ཏེ། གནས་ཀྱི་ནང་དུ་སོང་བས་དགེ་སློང་མ་གང་དག་མཐོང་བ་དེ་དག་གི་དྲུང་དུ་ཅི་ནས་ཀྱང་གནས་ཁང་ལ་སོགས་པ་ན་འཁོད་པ་དག་ལ་ཡང་གྲགས་པར་འགྱུར་བ་དེ་ལྟར་དགེ་སློང་མ་དེ་དག་ལ་ཕྱག་འཚལ་ཏེ། རྒན་པའི་མཐའ་
ལོགས་སུ་ཙོག་པུར་འདུག་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་བརྗོད་པར་བྱའོ། །འཕགས་མ་དག་བདག་ལ་སྨད་པའི་གནས་མི་རིག་པའི་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དེ་ནི་སྨྲེ་སྔགས་འདོན་པའི་རྣམ་པར་བརྗོད་པས་
སོ་སོར་བཤགས་པར་བྱ་བ་ཉིད་དུ་གསུངས་པ་ཡིན་གྱི་བཤགས་པ་ནི་མ་ཡིན་ནོ། །བཤགས་པ་ནི་ཇི་ལྟར་ལྟུང་བྱེད་ཀྱི་ལྟུང་བ་བྱུང་བས་གཅིག་གི་མདུན་དུ་བཤགས་པར་བྱ་བར་གསུངས་པ་དང་འདྲའོ། །དེ་ནི་སོ་སོར་བཤགས་པར་བྱ་བ་དགེ་འདུན་ལ་རིག་པར་བྱ་བའི་ཆོ་ག་དང་སྔགས་སོ། །དགེ་
སློང་མའི་རྣམ་པར་འབྱེད་པའི་སྐབས་ཀྱི་ཆོ་ག་དང་ལས་རྣམས་རྫོགས་སོ།། །།ད་ནི་གསོ་སྦྱོང་གི་གཞིའི་སྐབས་ཀྱི་ཆོ་ག་དང་ལས་རྣམས་བརྗོད་པར་བྱ་སྟེ། སྡོམ་ལ། སྦོང་བ་དང་ནི་གནས་དང་མཚམས། །མི་འབྲལ་དགྲོལ་དང་བཅད་པ་དང་། །མཚམས་ཆེན་གནང་ནས་

ཅིག་ཅར་དགྲོལ། །ཅིག་ཅར་བཅད་དང་ཆོས་གོས་དང་། །མཚམས་མ་བཅད་དང་ཡོངས་དག་དང་། །འདུན་དང་གཉི་ག་སྨྱོས་དང་འབད། །འདུ་དང་གནོད་དང་དྲན་པ་དང་། །ཡིད་གཉིས་དྲན་དང་ཡིད་གཉིས་དང་། །ལྟུང་བ་མཐུ་དང་ཡིད་གཉིས་གྱུར། །རྩོད་དང་ངོས་ཉིད་མ་ཡིན་དང་། །
གཅིག་ལ་སོགས་པས་བྱིན་བརླབ་པའི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །གསོ་སྦྱོང་གི་གཞི་ལ་ཞི་གནས་ཀྱི་གསོ་སྦྱོང་གི་སྐབས་ནས་དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་བསྐོ་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་ཆོས་ལྔ་དང་ལྡན་པ་ནི་མ་
བསྐོས་པ་ཡང་བསྐོ་བར་མི་བྱ་ལ་བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། སྤོང་བ་ལ་ཏྲོན་བྱས་པ་དང་མ་བྱས་པ་མི་ཤེས་པའོ། །དགེ་སློང་སྤོང་བའི་ཞལ་ཏ་བྱེད་པ་
ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་བྱ་ལ། བསྐོས་པ་ཡང་དབྱུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། སྤོང་བ་ལ་ཏྲོན་བྱས་པ་དང་མ་བྱས་པ་ཤེས་
པའོ། །འདི་ལྟར་བསྐོ་བར་བྱའོ། །ཇེ་དང་པོར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བྱེད་པར་སྤྲོའམ་ཞེས་དྲི་བར་བྱའོ། །གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དེས་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་
ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་
གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བགྱིད་

པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་སྤོང་བའི་ཞལ་ཏ་བགྱིད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འོད་ཞེས་བགྱི་བ་འདི་དགེ་འདུན་གྱི་སྤོང་བའི་ཞལ་ཏ་
བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བགྱིད་པར་བསྐོ་ཞིང་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བགྱིད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྤོང་བའི་ཞལ་ཏ་
བགྱིད་པར་བསྒོ་ཞིང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བགྱིད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྤོང་
བའི་ཞལ་ཏ་བགྱིད་པར་བསྐོས་ཤིང་། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྤོང་བའི་ཞལ་ཏ་བགྱིད་དོ། །འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་སྤོང་བའི་ཞལ་ཏ་བྱེད་པའི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་སྤོང་བའི་ཞལ་ཏ་བྱེད་པས་སྤོང་
བའི་ཁང་པར་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། ལྕི་བ་སར་པའི་བྱུག་པས་བསྐུ་བར་བྱ། སྟན་བཤམ་པར་བྱའོ། །བཤང་བའི་ས་དང་གཅི་བའི་ས་བྱི་དོར་བྱ། ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། ལྕི་བ་སར་པའི་བྱུག་པས་བསྐུ་བར་བྱ། ལོ་མའི་ཆང་བུ་གཞག་པར་བྱ།
བོང་རྡོག་དང་ས་དང་ཆུ་གཞག་པར་བྱའོ། །བསྡུ་པའི་ཕྱིར་ཁང་སྟེངས་ནས་ཁར་གསིལ་གསིལ་བའམ། གཎྜཱི་ཆུང་ངུ་བརྡུང་ངོ་། །དུས་ཤེས་པར་བྱས་ནས་རྒྱུན་ཆགས་གསུམ་པ་རན་པར་གདོན་ཅིང་ཅི་བདེར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཡོན་བཤད་པ་རན་པར་བྱའོ། །དགེ་སློང་
སྤོང་བའི་ཞལ་ཏ་བྱེད་པ་ཐམས་ཅད་ཀྱི་མཇུག་ཏུ་འགྱེས་པར་བྱ་ཞིང་ཐམས་ཅད་ཀྱི་མདུན་དུ་འདུ་བར་བྱའོ། །གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་དེས་ཕྱོགས་དབེན་པར་ལྡེ་མིག་སྦས་ཏེ་ཚེ་དང་ལྡན་པ་ཁོ་བོས་ཕྱོགས་ག་གེ་མོ་ཞིག་ཏུ་ལྡེ་མིག་སྦས་ཀྱི་ཕྱེ་ལ་ཞུགས་ཤིག་ཅེས་བརྗོད་པར་བྱའོ། །དེ་ནི་སྤོང་

བའི་ཞལ་ཏ་བྱེད་པ་བསྐོ་བའི་ཆོ་ག་དང་ལས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་སྐབས་ནས་དགེ་འདུན་གྱི་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་ཐམས་ཅད་གྲུབ་པའམ། བྱས་པའམ། ཟིན་པ་ནང་
མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་འདོད་པ་གང་ཡིན་པ་དེ་ལ་བློ་མཐུན་པར་བྱའོ། །འདི་ལྟར་བློ་མཐུན་པར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་
ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་
པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པའི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་
པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་ནི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པ་
བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་
དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་ཐམས་ཅད་ཀྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་

པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་
དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་གང་དུ་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བྱས་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་
དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །དེ་ནི་གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བའི་ཆོ་ག་དང་ལས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་ནས། དགེ་སློང་དག་གིས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་
ཆེན་པོ་གཅད་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། ཇེ་དང་པོར་དགེ་སློང་གནས་པ་དང་། གཉུག་མར་གནས་པ་རྣམས་ཀྱིས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་ཕ་འོང་དང་རྩིག་པ་འམ་ཀ་བའི་ཤིང་ལྗོན་པ་
འམ་ར་བ་འམ་བྱ་སྐྱིབས་སམ་ལམ་པོ་ཆེའམ། ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུགས་པར་བྱའོ། །དེའི་འོག་ཏུ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་
པར་གྱུར་པ་ལ་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བཙུགས་པ་དག་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་
བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་ཕ་འོང་གི་མཚན་མའམ། རྩིག་པའི་མཚན་མ་བརྟན་པོ་ལགས།

ལྷོ་ཕྱོགས་སུ་ནི་ཀ་བའི་མཚན་མ་འམ། ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་ཕྱོགས་སུ་ནི་ར་བའི་མཚན་མ་འམ་བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི་ལམ་པོ་ཆེའི་མཚན་མ་འམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་
གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་དགེ་འདུན་གྱིས་གྲོང་
དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་། གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་
མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་ཕ་འོང་གི་མཚན་མ་འམ་རྩིག་པའི་མཚན་མ་བརྟན་པོ་ལགས། ལྷོ་ཕྱོགས་སུ་ནི་ཀ་བའི་མཚན་མ་འམ་ཤིང་ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་ཕྱོགས་སུ་ནི་ར་བའི་
མཚན་མ་འམ་བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི་ལམ་པོ་ཆེའི་མཚན་མ་འམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་
བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེགས་པར་གནས་པར་བགྱི་བའི་སླད་དུ་གྲོང་ངམ་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ན། ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་
པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་གྲོང་དང་གྲོང་ཁྱེར་གྱི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་པར་བཟོད་པ་དེ་དག་

ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་
སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱི་གང་དུ་མཚམས་
ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །མཚམས་བཅད་པ་ལ་ནི་འདུན་པ་འབུལ་བས་དེ་དང་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་
པའི་དགེ་སློང་ཐམས་ཅད་ལས་ཀྱི་གནས་དེར་འདུ་བར་བྱའོ། །དེ་ནི་མཚམས་ཆེན་པོ་བཅད་པའི་ཆོ་ག་དང་ལས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་ནས་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་
སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །
འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་པ་ལས་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་
འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏོ། །འདི་

ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་དེ། དེའི་སླད་དུ་དགེ་འདུན་གྱིས་འདི་ལྟ་སྟེ། གནས་བསྡུ་བ་དང་།
དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་
གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་
འདུན་གྱིས་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་གང་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་རྣམས་ཀྱིས་ཆོས་གོས་དག་དང་འབྲལ་
བར་མི་འགྱུར་བའི་གནང་བ་བྱིན་པ་དེར་དགེ་སློང་རྣམས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་འདོང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ནི་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་
ཀྱི་སྐབས་ནས། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། ཇེ་དང་པོར་མཚམས་ཆེན་པོ་བཀྲོལ་བ་དེའི་འོག་ཏུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ། །མཚམས་ཆེན་པོ་ནི་འདི་ལྟར་དགྲོལ་བར་
བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་

བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་པ་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།
དགེ་འདུན་གྱིས་མཚམས་ཆེན་པོ་གཞིག་ཅིང་དགྲོལ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་
བཅད་དེ། དེའི་སླད་དུ་དགེ་འདུན་གྱིས་མཚམས་ཆེན་པོ་གཞིག་ཅིང་དགྲོལ་བ་མཛད་ན། ཚེ་དང་ལྡན་པ་གང་དག་མཚམས་ཆེན་པོ་གཞིག་ཅིང་དགྲོལ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་
པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མཚམས་ཆེན་པོ་བཤིག་ཅིང་བཀྲོལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་མཚམས་ཆེན་པོ་དགྲོལ་བའི་ཆོ་ག་དང་ལས་སོ། །
དེའི་འོག་ཏུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱ་བ་ནི་འདི་ལྟར་བྱ་སྟེ། ཇེ་དང་པོར་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་སེང་ལྡེང་གི་ཕུར་པ་བཏབ་པའམ་སྲད་བུས་བྲེས་པའམ་རྡོ་
བཞག་པ་འམ་སྲོལ་བཏོད་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུགས་པར་བྱའོ། །དེའི་འོག་ཏུ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་
སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བཙུགས་པ་དག་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་

བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པས་བཏབ་པ་ལགས། ལྷོ་ཕྱོགས་སུ་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་
སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་
པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་
མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པས་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་
གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་
བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་
འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །

དགེ་འདུན་གྱི་ནང་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །མཚམས་
བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པ་ནི་གཅིག་ཏུ་མ་ངེས་ཏེ། གལ་ཏེ་འདོད་ན་ནི་སྦྱིན་པར་བྱའོ། །དེ་ནི་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱ་བའི་ཆོ་ག་
དང་ལས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་དགེ་སློང་དག་གིས་མཚམས་ཆེན་པོ་བཀྲོལ་ཏེ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པའི་འོག་ཏུ། ཡང་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་གཅད་
པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། སྔ་མ་བཞིན་དུ་ཇེ་དང་པོར་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་ཆེན་པོ་ཕྱོགས་བཞིའི་མཚན་མ་བརྟན་པོ་ཕ་བོང་ངམ། རྩིག་པ་འམ། ཀ་བའམ་ཤིང་ལྗོན་པ་
འམ། ར་བའམ་བྱ་སྐྱིབས་སམ། ལམ་པོ་ཆེའམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུགས་པར་བྱའོ། །དེའི་འོག་ཏུ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་
པར་གྱུར་པ་ལ་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བཙུགས་པ་དག་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་
བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་ཕ་བོང་གི་མཚན་མ་འམ་རྩིག་པའི་མཚན་མ་བརྟན་པོ་ལགས། ལྷོ་

ཕྱོགས་སུ་ནི་ཀ་བའི་མཚན་མ་འམ་ཤིང་ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་ཕྱོགས་སུ་ནི་ར་བའི་མཚན་མ་འམ་བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི་ལམ་པོ་ཆེའི་མཚན་མ་འམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་
གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་དགེ་འདུན་
གྱིས་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་
པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་ཕ་བོང་གི་མཚན་མ་འམ་རྩིག་པའི་མཚན་མ་བརྟན་པོ་ལགས། ལྷོ་ཕྱོགས་སུ་ནི་ཀ་བའི་མཚན་མའམ། ཤིང་ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་
ཕྱོགས་སུ་ནི་ར་བའི་མཚན་མ་འམ་བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི་ལམ་པོ་ཆེའི་མཚན་མ་འམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་
སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་། གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་གཅོད་ན། ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་
གཅིག་པའི་གནས་ཀྱི་སྡོམ་པ་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ། གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་པར་བཟོད་པ་དེ་དག་ནི་ཅང་མ་

གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་
ལ་རེག་པར་གནས་པར་བགྱི་བའི་སླད་དུ་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་། གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱི་གང་དུ་མཚམས་ཆེན་པོ་བཅད་པ་དེར་
དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །མཚམས་བཅད་པ་ནི་འདུན་པ་འབུལ་བས་དེ་དང་མཐུན་པ་མི་འགྲུབ་སྟེ། མཚམས་དེར་གཏོགས་པའི་དགེ་སློང་ཐམས་ཅད་ཀྱི་
ལས་ཀྱི་གནས་དེར་འདུ་བར་བྱའོ། །དེ་ནི་དགེ་སློང་དག་གིས་མཚམས་ཆེན་པོ་བཀྲོལ་ཏེ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པའི་འོག་ཏུ་ཡང་དགེ་སློང་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་པའི་ཆོ་ག་དང་ལས་སོ། །གསོ་
སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་ནས་དགེ་སློང་གང་དག་གིས་མཚམས་ཆེན་པོ་བཀྲོལ་ཏེ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པའི་འོག་ཏུ་ཡང་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་ནས་ཡང་
མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། སྔ་མ་བཞིན་དུ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་
ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་

ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་པ་ལས། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་
དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་
མཚམས་ཆེན་པོ་བཅད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། ཚེ་
དང་ལྡན་པ་གང་དག་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་
དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་
འདུན་གྱིས་གང་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་རྣམས་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་པ་དེར་དགེ་སློང་རྣམས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་འདོང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ནི་དགེ་སློང་དག་གིས་མཚམས་ཆེན་
པོ་བཀྲོལ་ཏེ། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པའི་འོག་ཏུ་ཡང་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་ནས་ཡང་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པའི་ཆོ་ག་

དང་ལས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་ནས་ལས་བྱེད་པ་གཅིག་གིས་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་དགྲོལ་བ་དང་བཅད་དུ་རུང་ངོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། ཇེ་དང་པོར་མཚམས་ཆེན་པོ་དང་མཚམས་
བུ་ཆུང་བཀྲོལ་ཞིང་དཀྱིལ་འཁོར་པ་གཞིག་པར་བྱའོ། །འདི་ལྟར་དགྲོལ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་མཚམས་གཉི་གར་དགེ་
འདུན་བཀོད་དེ་དགེ་སློང་ལས་བྱེད་པས་མཚམས་གཉི་གར་ཤིང་ངམ་དབྱུག་པའམ་གསེག་གམ་རེ་ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་
དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་ཅིང་མཚམས་བུ་ཆུང་བཅད་དེ་དཀྱིལ་འཁོར་པར་བློ་མཐུན་པར་བགྱིས་པ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚམས་
ཆེན་པོ་གཞིག་ཅིང་མཚམས་བུ་ཆུང་ཡང་གཞིག་སྟེ་དཀྱིལ་འཁོར་པ་དགྲོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་
ཆེན་པོ་བཅད་ཅིང་མཚམས་བུ་ཆུང་ཡང་བཅད་དེ་དཀྱིལ་འཁོར་པར་བློ་མཐུན་པར་བགྱིས་པ་དེའི་སླད་དུ་དགེ་འདུན་གྱིས་མཚམས་ཆེན་པོ་གཞིག་ཅིང་མཚམས་བུ་ཆུང་ཡང་གཞིག་སྟེ་དཀྱིལ་འཁོར་བ་དགྲོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་མཚམས་ཆེན་པོ་གཞིག་ཅིང་མཚམས་བུ་ཆུང་
ཡང་གཞིག་སྟེ་དཀྱིལ་འཁོར་བ་དགྲོལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚམས་

ཆེན་པོ་བཤིག་ཅིང་མཚམས་བུ་ཆུང་ཡང་བཤིག་ནས། དཀྱིལ་འཁོར་བ་བཀྲོལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་ལས་བྱེད་པ་གཅིག་གིས་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་དགྲོལ་བའི་ཆོ་ག་དང་ལས་སོ། །ལས་བྱེད་པ་
གཅིག་གིས་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་བཅད་པ་ནི་འདི་ལྟར་བྱ་སྟེ། ཇེ་དང་པོར་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་ཕ་འོང་ངམ། རྩིག་
པའམ། ཀ་བའམ། ཤིང་ལྗོན་པའམ། ར་བའམ། བྱ་སྐྱིབས་སམ། ལམ་པོ་ཆེའམ། ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་དང་། མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་སེང་ལྡེང་གི་ཕུར་པས་བཏབ་པའམ། སྲད་བུས་བྲེས་པའམ། རྡོ་བཞག་པ་
འམ། སྲོལ་བཏོད་པ་ལ་སོགས་པའི་མཚན་མ་བརྟན་པོ་གཟུགས་པར་བྱའོ། །དེའི་འོག་ཏུ་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། དགེ་སློང་གནས་
པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོ་དང་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བཙུགས་པ་དག་བརྗོད་པར་བྱའོ། །དེའི་འོག་ཏུ་མཚམས་གཉི་གར་དགེ་འདུན་བཀོད་དེ་དགེ་སློང་ལས་བྱེད་པས་མཚམས་གཉི་གར་ཤིང་ངམ་དབྱུག་པའམ་གསེག་གམ་རེ་
ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་
མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་ཕ་འོང་གི་མཚན་མ་འམ་རྩིག་པའི་མཚན་མ་བརྟན་པོ་ལགས། ལྷོ་ཕྱོགས་སུ་ནི་ཀ་བའི་མཚན་མ་འམ་ཤིང་ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་ཕྱོགས་སུ་ནི་ར་བའི་མཚན་མའམ་བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི་

ལམ་པོ་ཆེའི་མཚན་མའམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་ལགས། མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པས་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་
ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་
བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ། གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་། གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ཅིང་མཚམས་བུ་ཆུང་ཡང་བཅད་དེ་དཀྱིལ་འཁོར་པར་བློ་མཐུན་པར་
མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་ཆེན་པོའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་ནི་
ཕ་བོང་གི་མཚན་མ་འམ། རྩིག་པའི་མཚན་མ་བརྟན་པོ་ལགས། ལྷོ་ཕྱོགས་སུ་ནི་ཀ་བའི་མཚན་མའམ་ཤིང་ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་ཕྱོགས་སུ་ནི་ར་བའི་མཚན་མའམ་བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི་ལམ་པོ་ཆེའི་མཚན་མ་འམ་
ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་ལགས། མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ་ཤར་ཕྱོགས་སུ་སེང་ལྡེང་གི་ཕུར་པས་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་
བཏོད་པ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ། གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་

པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ཅིང་མཚམས་བུ་ཆུང་ཡང་བཅད་དེ་དཀྱིལ་འཁོར་པར་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་།
དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ཅིང་མཚམས་བུ་ཆུང་ཡང་བཅད་དེ་དཀྱིལ་འཁོར་པར་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ནི་
ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་
པར་བགྱི་བའི་སླད་དུ་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ཅིང་མཚམས་ཆུང་ངུ་ཡང་བཅད་དེ་དཀྱིལ་འཁོར་པར་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །
དགེ་འདུན་གྱི་གང་དུ་མཚམས་ཆེན་པོ་དང་མཚམས་བུ་ཆུང་ཅིག་ཅར་བཅད་དེ་དཀྱིལ་འཁོར་པར་བློ་མཐུན་པར་བྱས་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ། གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་བྱའོ། །དེ་ནི་
ལས་བྱེད་པ་གཅིག་གིས་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་བཅད་པའི་ཆོ་ག་དང་ལས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་ནས་ལས་བྱེད་པ་གཅིག་གིས་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་བཅད་ནས་དེའི་འོག་ཏུ་མཚམས་ཆེན་
པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། མཚམས་བུ་ཆུང་གི་ནང་ནས་ཕྱིར་བྱུང་སྟེ། མཚམས་ཆེན་པོར་གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་

ཡང་དག་པར་བསྒོ་ནས། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་
འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་པ་ལས། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་འདི་ལྟ་སྟེ་གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་
པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ་གནས་འདིར་དགེ་འདུན་
མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་ཆེན་པོ་བཅད་དེ། དེའི་སླད་དུ་དགེ་འདུན་གྱིས་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་
འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། ཚེ་དང་ལྡན་པ་གང་དག་འདི་ལྟ་སྟེ། གནས་བསྡུ་བ་དང་། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་
བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱིས་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ།
འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་གང་དུ་མཚམས་ཆེན་པོའི་ནང་དུ་དགེ་སློང་རྣམས་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་པ་དེར་དགེ་སློང་རྣམས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པས་འདོང་བར་བྱ་སྟེ། འདི་

ལ་འགྱོད་པར་མི་བྱའོ། །དེ་ནི་ལས་བྱེད་པ་གཅིག་གིས་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་བཅད་ནས་དེའི་འོག་ཏུ་མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །མཚམས་
མ་བཅད་པའི་གནས་སུ་ནི་ལས་ལ་རྩིག་པས་བསྐོར་བ་ཡིན་ན་རྩིག་པ་མཚམས་ཡིན་ན། རྩིག་པས་མ་བསྐོར་ན་ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཚུན་ཅད་མཚམས་ཡིན་ནོ། །གྲོང་ལ་ནི་ཉེ་འཁོར་གྱི་མཐའ་ཚུན་ཅད་མཚམས་ཡིན་ནོ། །དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་
རྒྱང་གྲགས་ཀྱི་མཐའ་ཚུན་ཅད་མཚམས་ཡིན་ཏེ། དགེ་སློང་མཚམས་དེ་དག་གི་ནང་ན་འཁོད་པ་རྣམས་ཀྱིས་དེར་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །མི་མཐུན་པར་བྱེད་ན་འགལ་ཚབས་ཅན་དུ་
འགྱུར་རོ།། །།བམ་པོ་བདུན་པ། གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་ནས། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་མཚམས་ཀྱི་ནང་ན་དགེ་སློང་ན་བ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱི་རྐྱེན་གྱིས་གསོ་སྦྱོང་གི་གནས་སུ་འདུ་
བར་མི་ནུས་པ་ཡོད་ན་དེ་དག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་དེའི་ཡོངས་སུ་དག་པ་བླང་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ཡོངས་སུ་དག་པ་ལེན་པ་གཅིག་གིས་ཡོངས་སུ་དག་པ་འབུལ་བ་གཅིག་དང་གཉིས་དང་རབ་ཏུ་མང་པོ་རྣམས་ཀྱི་ཡང་རུང་སྟེ། དགེ་འདུན་གྱི་ནང་
དུ་ཇི་སྙེད་ཀྱི་མིང་དག་བརྗོད་པར་ནུས་པའི་བར་དག་གི་ཡོངས་སུ་དག་པ་བླང་བར་བྱའོ། །འདི་ལྟར་བྱ་སྟེ། དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་ཞིང་མ་ལྷགས་པ་དངོས་སུ་ཡོད་དམ། གློ་བུར་དུ་འོངས་པ་ལ་སོགས་པ་ཡོད་པར་འཁྲིགས་ན་གསོ་སྦྱོང་
བཅྭ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལས་ཀྱི་གནས་སུ་ཚོགས་པས་དགེ་སློང་ཡོངས་སུ་དག་པ་ལེན་པ་ཆོས་ལྔ་དང་ལྡན་པ་གཅིག་གམ་གཉིས་སམ་གསུམ་ཚིག་གིས་བསྐོ་བར་བྱ་ཞིང་། དེས་བཙལ་བ་དང་བོད་པ་དང་མཐོན་པོར་འདུག་སྟེ་ཕྱོགས་སུ་ལྟ་བ་ལ་སོགས་པ་དག་གིས་

བསམ་པ་ཐག་པ་ནས་མཚམས་ཀྱི་ནང་བཙལ་ཏེ་མ་ལྷགས་པ་རྣམས་ལ་དེང་དགེ་འདུན་གསོ་སྦྱོང་མཛད་ན་ཚེ་དང་ལྡན་པ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲི་བར་བྱ་ཞིང་མ་ལྷགས་པ་རྣམས་ཀྱིས་དེ་ལ་ཡོངས་སུ་དག་པ་དབུལ་བར་བྱའོ། །
དགེ་སློང་ཡོངས་སུ་དག་པ་འབུལ་བར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་ཡོངས་སུ་དག་པ་འབུལ་བར་བྱེད་པས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་པ་ལ་ཕྱག་བྱས་ནས་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་
ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་
བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་སྟེ། ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས།
དགེ་སློང་ཡོངས་སུ་དག་པ་འབུལ་བར་བྱེད་པས་གལ་ཏེ་དེ་སྐད་བརྗོད་མི་ནུས་ན་ལུས་སམ། ངག་གམ། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་ཡོངས་སུ་དག་པ་འབུལ་བར་བྱེད་ན། ཡོངས་སུ་དག་པ་ཕུལ་བར་བརྗོད་པར་བྱའོ། །ལུས་སམ། ངག་གམ། ལུས་དང་ངག་གི་རྣམ་པར་བྱེད་
ཀྱིས་ཡོངས་སུ་དག་པ་འབུལ་བར་བྱེད་མི་ནུས་ན་དགེ་འདུན་ཐམས་ཅད་དེར་འདོང་ཞིང་གསོ་སྦྱོང་བྱ་བའམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླངས་ཏེ་གསོ་སྦྱོང་བྱའོ། །དགེ་སློང་ཡོངས་སུ་དག་པ་ལེན་པའི་ཀུན་ཏུ་སྤྱོད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་ཡོངས་སུ་དག་པ་
ལེན་པས་ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱ་ཞིང་། མགྱོགས་པར་མི་བྱ། མཆོང་པར་མི་བྱ། ཕྱི་རོལ་ལ་མཆོང་བར་མི་བྱ། འོབས་ལ་མཆོང་བར་མི་བྱ། བང་རིམ་ལ་མཆོང་བར་མི་བྱ། སྟེང་གི་ནམ་མཁའ་ལ་འདུག་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་

མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ། གཉིད་ལོག་པར་མི་བྱ། སྙོམས་པར་འཇུག་པར་མི་
བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་བྱ་ཞིང་། གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་ཡོངས་སུ་དག་པ་བརྗོད་ཅིག །བརྗོད་པ་ཡང་རིག་པར་གྱིས་ཤིག་ཅེས་སྨྲས་པའི་ཚེ་དེས་དགེ་སློང་མ་ཡང་ན་དགེ་འདུན་ལ་དེའི་ཡོངས་སུ་དག་པ་
དབུལ་བར་བྱའོ། །དགེ་སློང་ལ་འབུལ་ན་ནི་དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་
བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དེའི་གསོ་སྦྱོང་ཡང་
ཡོངས་སུ་དག་གོ། །ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་ལ་འབུལ་ན་ནི་དེས་དགེ་འདུན་གྱི་དབུས་སུ་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །
དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་
འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དགེ་

སློང་ཡོངས་སུ་དག་པ་ལེན་པས་ཡོངས་སུ་དག་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དེ་ཉིད་དམ་ལམ་ཁར་རྒྱུན་ཆད་ཅིང་དུས་བྱེད་དམ་ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན་ཡོངས་སུ་དག་པ་མ་བླངས་པ་ཡིན་ཏེ་ཡང་བླང་བར་བྱའོ། །དགེ་
འདུན་གྱི་ནང་དུ་ཕྱིན་ནས་རྒྱུན་ཆད་ཅིང་དུས་བྱེད་དམ་ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན་མ་བརྗོད་ཀྱང་ཡོངས་སུ་དག་པ་བླངས་པ་ཡིན་ཏེ་ཡང་བླང་བར་མི་བྱའོ། །དེ་ནི་དགེ་སློང་བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་འབུལ་བའི་ཆོ་ག་དང་སྔགས་
སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་ནས། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་མཚམས་ཀྱི་ནང་ན་དགེ་སློང་ན་བ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱི་རྐྱེན་གྱིས་གསོ་སྦྱོང་གི་གནས་སུ་འདུ་བར་མི་ནུས་པ་དེས་བདག་ཉིད་
ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་ན་དགེ་འདུན་དང་མཐུན་པར་བྱ་བའི་ཕྱིར་དེའི་འདུན་པ་བླང་བར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་འདུན་པ་ལེན་པ་གཅིག་གིས་འདུན་པ་འབུལ་བ་གཅིག་དང་གཉིས་དང་རབ་ཏུ་མང་པོ་རྣམས་ཀྱི་ཡང་རུང་སྟེ།
དགེ་འདུན་གྱི་ནང་དུ་ཇི་སྙེད་ཀྱི་མིང་དག་བརྗོད་པར་ནུས་པའི་བར་དག་གི་འདུན་པ་བླང་བར་བྱའོ། །འདི་ལྟར་བྱ་སྟེ། དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་ཞིང་། མ་ལྷགས་པ་དངོས་སུ་ཡོད་དམ་གློ་བུར་དུ་འོངས་པ་ལ་སོགས་པ་ཡོད་པར་
འཕྲིགས་ན་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལས་ཀྱི་གནས་སུ་ཚོགས་པས་དགེ་སློང་འདུན་པ་ལེན་པ་ཆོས་ལྔ་དང་ལྡན་པ་གཅིག་གམ་གཉིས་སམ་གསུམ་ཚིག་གིས་བསྐོ་བར་བྱ་ཞིང་། དེས་བཙལ་བ་དང་། བོད་པ་དང་མཐོན་པོར་འདུག་སྟེ། ཕྱོགས་སུ་ལྟ་བ་ལ་སོགས་པ་
དག་གིས་བསམ་པ་ཐག་པ་ནས་མཚམས་ཀྱི་ནང་བཙལ་ཏེ། མ་ལྷགས་པ་རྣམས་ལ་དེང་དགེ་འདུན་གྱི་གསོ་སྦྱོང་མཛད་པ་ལ་ཚེ་དང་ལྡན་པ་འདུན་པ་འབུལ་ལམ་ཞེས་དྲི་བར་བྱ་ཞིང་། མ་ལྷགས་པ་རྣམས་ཀྱིས་དེ་ལ་འདུན་པ་དབུལ་བར་བྱའོ། །དགེ་སློང་འདུན་པ་ལ་འབུལ་བར་བྱེད་པའི་

ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་འདུན་པ་འབུལ་བར་བྱེད་པས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། རྒན་པ་ལ་ཕྱག་འཚལ་ནས་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ།
དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་
པ་ལ་འདུན་པ་འབུལ་ལོ། །འདུན་པ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་སློང་འདུན་པ་འབུལ་བར་བྱེད་པས་གལ་ཏེ་དེ་སྐད་བརྗོད་མི་ནུས་ན། ལུས་སམ། ངག་གམ། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་
འདུན་པ་འབུལ་བར་བྱེད་ན་འདུན་པ་ཕུལ་བར་བརྗོད་པར་བྱའོ། །ལུས་སམ། ངག་གམ། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་འདུན་པ་འབུལ་བར་བྱེད་མི་ནུས་ན་དགེ་འདུན་ཐམས་ཅད་དེར་འདོང་ཞིང་གསོ་སྦྱོང་བྱས་པའམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བདས་ཏེ་གསོ་སྦྱོང་
བྱའོ། །དགེ་སློང་འདུན་པ་ལེན་པའི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་སློང་འདུན་པ་ལེན་པས་འདུན་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་མི་བྱ། མཆོང་བར་མི་བྱ། ཕྱི་རོལ་ལ་མཆོང་བར་མི་བྱ། འོབས་ལ་མཆོང་བར་མི་བྱ། བང་རིམ་ལ་མཆོང་བར་མི་བྱ། སྟེང་
གི་ནམ་མཁའ་ལ་འདུག་པར་མི་བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་འཛེག་པར་མི་བྱ། ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ། གཉིད་ལོག་
པར་མི་བྱ། སྙོམས་པར་འཇུག་པར་མི་བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་བྱ་ཞིང་གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱིས་འདུན་པ་བརྗོད་ཅིག །བརྗོད་པ་ཡང་རིག་པར་གྱིས་ཤིག་ཅེས་སྨྲས་པའི་ཚེ་དེས་དགེ་སློང་མ་ཡང་ན་དགེ་འདུན་ལ་

དེའི་འདུན་པ་དབུལ་བར་བྱའོ། །དགེ་སློང་ལ་འདུན་པ་འབུལ་ན་ནི་དེས་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་
ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེང་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །
འདུན་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་ལ་འདུན་པ་འབུལ་ན་ནི་དེས་དགེ་འདུན་གྱི་དབུས་སུ་རྒན་པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་
དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་
བ་མིང་འདི་ཞེས་བགྱིད་དེ། དགེ་འདུན་ཆོས་བཞིན་མཛད་པ་ལ་འདུན་པ་འབུལ་ལོ། །འདུན་པ་ཡང་བརྗོད་དོ། །བརྗོད་པར་ཡང་རིག་པར་བགྱིད་དོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དགེ་སློང་འདུན་པ་ལེན་པས་འདུན་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མ་བྱིན་པ་དེ་ཉིད་དམ་ལམ་ཁར་རྒྱུན་ཆད་
ཅིང་དུས་བྱེད་དམ་ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན་འདུན་པ་མ་བླངས་པ་ཡིན་ཏེ་ཡང་བླང་བར་བྱའོ། །དགེ་འདུན་གྱི་ནང་དུ་ཕྱིན་ནས་རྒྱུན་ཆད་ཅིང་དུས་བྱེད་དམ་ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན་མ་བརྗོད་ཀྱང་འདུན་པ་བླངས་པ་ཡིན་ཏེ་ཡང་བླང་བར་མི་བྱའོ། །དེ་ནི་
དགེ་འདུན་དང་མཐུན་པར་བྱ་བའི་ཕྱིར་དགེ་སློང་གི་འདུན་པ་དབུལ་བའི་ཆོ་ག་དང་སྔགས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་མཚམས་ཀྱི་ནང་ན་དགེ་སློང་ན་བ་དང་། དབང་མེད་པ་དང་། སྲོག་དང་ཚངས་པར་སྤྱོད་པའི་

བར་ཆད་ཀྱི་རྐྱེན་གྱིས་གསོ་སྦྱོང་གི་གནས་སུ་འདུ་བར་མི་ནུས་པ་ཡོད་ན་དེ་བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་དང་། དགེ་འདུན་དང་མཐུན་པར་བྱ་བའི་ཕྱིར་དེའི་ཡོངས་སུ་དག་པ་དང་འདུན་པ་ཅིག་ཅར་བླང་དུ་ཡང་རུང་ངོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། དགེ་སློང་ཡོངས་སུ་དག་པ་
དང་། འདུན་པ་ལེན་པ་གཅིག་གིས། ཡོངས་སུ་དག་པ་དང་འདུན་པ་འབུལ་བ་གཅིག་དང་། གཉིས་དང་། རབ་ཏུ་མང་པོ་རྣམས་ཀྱི་ཡང་རུང་སྟེ། དགེ་འདུན་གྱི་ནང་དུ་ཇི་སྙེད་ཀྱི་མིང་དག་བརྗོད་པར་ནུས་པའི་བར་དག་གི་ཡོངས་སུ་དག་པ་དང་འདུན་པ་ཅིག་ཅར་བླང་བར་བྱའོ། །འདི་
ལྟར་བྱ་སྟེ། དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་ཞིང་མ་ལྷགས་པ་དངོས་སུ་ཡོད་དམ་གློ་བུར་དུ་འོངས་པ་ལ་སོགས་པར་ཡོད་པར་འཕྲིགས་ན་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་འདུན་ཐམས་ཅད་ལས་ཀྱི་གནས་སུ་ཚོགས་པས་དགེ་སློང་ཡོངས་སུ་དག་པ་
དང་འདུན་པ་ལེན་པ་ཆོས་ལྔ་དང་ལྡན་པ་གཅིག་གམ་གཉིས་སམ་གསུམ་ཚིག་གིས་བསྐོ་བར་བྱ་ཞིང་དེས་བཙལ་བ་དང་བོད་པ་དང་མཐོན་པོར་འདུག་སྟེ་ཕྱོགས་སུ་ལྟ་བ་ལ་སོགས་པ་དག་གིས་བསམ་པ་ཐག་པ་ནས་མཚམས་ཀྱི་ནང་བཙལ་ཏེ། མ་ལྷགས་པ་རྣམས་ལ་དེང་དགེ་འདུན་
གསོ་སྦྱོང་མཛད་ན། ཚེ་དང་ལྡན་པ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། འདུན་པ་འབུལ་ལམ་ཞེས་དྲི་བར་བྱ་ཞིང་མ་ལྷགས་པ་རྣམས་ཀྱིས་དེ་ལ་ཡོངས་སུ་དག་པ་དང་འདུན་པ་དབུལ་བར་བྱའོ། །དགེ་སློང་ཡོངས་སུ་དག་པ་དང་འདུན་པ་འབུལ་བར་བྱེད་པའི་ཀུན་ཏུ་སྤྱད་པའི་ཆོས་
ནི་འདི་ལྟར་བྱ་སྟེ། དགེ་སློང་ཡོངས་སུ་དག་པ་དང་འདུན་པ་འབུལ་བར་བྱེད་པས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་རྒན་པ་ལ་ཕྱག་འཚལ་ནས། ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ།
དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་

དག་གོ་ཞེས་བདག་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས།
དགེ་སློང་ཡོངས་སུ་དག་པ་དང་འདུན་པ་འབུལ་བར་བྱེད་པས་གལ་ཏེ་དེ་སྐད་བརྗོད་མི་ནུས་ན་ལུས་སམ། ངག་གམ། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་ཡོངས་སུ་དག་པ་དང་འདུན་པ་འབུལ་བར་བྱེད་ན་ཡོངས་སུ་དག་པ་དང་འདུན་པ་ཕུལ་བར་བརྗོད་པར་བྱའོ། །ལུས་སམ་ངག་གི་རྣམ་
པར་རིག་བྱེད་ཀྱིས་ཡོངས་སུ་དག་པ་དང་འབུལ་བར་བྱེད་མི་ནུས་ན་དགེ་འདུན་ཐམས་ཅད་དེར་འདོང་ཞིང་གསོ་སྦྱོང་བྱ་བའམ། ཡང་ན་དགེ་སློང་དེ་དགེ་འདུན་གྱི་ནང་དུ་བླངས་ཏེ་གསོ་སྦྱོང་བྱའོ། །དགེ་སློང་ཡོངས་སུ་དག་པ་དང་འདུན་པ་ལེན་པའི་ཀུན་ཏུ་སྤྱད་པའི་ཆོས་ནི་འདི་ལྟར་བྱ་སྟེ། དགེ་
སློང་ཡོངས་སུ་དག་པ་དང་འདུན་པ་ལེན་པས་ཡོངས་སུ་དག་པ་དང་འདུན་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་མི་བྱ། མཆོང་བར་མི་བྱ། ཕྱི་རོལ་ལ་མཆོང་བར་མི་བྱ། འོབས་ལ་མཆོང་བར་མི་བྱ། བང་རིམ་ལ་མཆོང་བར་མི་བྱ། སྟེང་གི་ནམ་མཁའ་ལ་འདུག་པར་མི་
བྱ། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱ། གོམ་པ་གཅིག་གིས་སྐས་ཀྱི་རིམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། གོམ་པ་གཅིག་གིས་ཐེམ་སྐས་ཀྱི་ཐེམ་པ་གཉིས་ལ་ཐོད་རྒལ་དུ་འཛེག་པར་མི་བྱ། ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱ། གཉིད་ལོག་པར་མི་བྱ། སྙོམས་
པར་འཇུག་པར་མི་བྱ་བར་དགེ་འདུན་གྱི་ནང་དུ་འཇུག་པར་བྱ་ཞིང་། གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ཀྱི་ཡོངས་སུ་དག་པ་དང་འདུན་པ་བརྗོད་ཅིག །བརྗོད་པ་ཡང་རིག་པར་གྱིས་ཤིག་ཅེས་སྨྲས་པའི་ཚེ་དེས་དགེ་སློང་མ་ཡང་ན་དགེ་འདུན་ལ་
དེའི་ཡོངས་སུ་དག་པ་དང་འདུན་པ་ཅིག་ཅར་དབུལ་བར་བྱའོ། །དགེ་སློང་ལ་འབུལ་ན་ནི་དགེ་སློང་དྲུང་ན་འདུག་པའི་མདུན་དུ་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་

སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་
ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་ལ་འབུལ་ན་ནི་དེས་དགེ་འདུན་གྱི་དབུས་སུ་རྒན་
པའི་མཐར་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་
བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །
དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་ལན་ཅིག་བརྗོད་པར་བྱའོ། །དགེ་སློང་ཡོངས་སུ་དག་པ་དང་འདུན་པ་ལེན་པས་ཡོངས་སུ་དག་པ་དང་འདུན་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་
དེ་ཉིད་དམ་ལམ་ཁར་རྒྱུན་ཆད་ཅིང་དུས་བྱེད་དམ་ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན་ཡོངས་སུ་དག་པ་དང་འདུན་པ་མ་བླངས་པ་ཡིན་ཏེ་ཡང་བླང་བར་བྱའོ། །དགེ་འདུན་གྱི་ནང་དུ་ཕྱིན་ནས་རྒྱུན་ཆད་ཅིང་དུས་བྱེད་དམ་ཁྱིམ་པ་ཉིད་ལ་སོགས་པར་ཁས་འཆེ་བར་བྱེད་ན་མ་
བརྗོད་ཀྱང་ཡོངས་སུ་དག་པ་དང་འདུན་པ་བླངས་པ་ཡིན་ཏེ་ཡང་བླང་བར་མི་བྱའོ། །དེ་ནི་དགེ་སློང་བདག་ཉིད་ཡོངས་སུ་དག་པར་བྱ་བའི་ཕྱིར་དང་། མཐུན་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་དང་འདུན་པ་ཅིག་ཅར་དབུལ་བའི་ཆོ་ག་དང་སྔགས་སོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་

སྦྱོང་གི་ཚོགས་པའི་སྐབས་ནས་དགེ་སློང་སྨྱོས་པ་མི་མཐུན་པ་བྱེད་པ་ལ་སྨྱོས་པའི་གནང་བ་སྦྱིན་པར་བྱའོ། །ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་
འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་བྱེ་མ་སྐྱེས་འདི་སྒྲེན་མོར་བྱུང་ནས་སྨྱོས་ཤིང་སེམས་
འཁྲུགས་ཏེ། དེ་དང་དེར་འཁྱམ་ཞིང་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་རེས་འགའ་ནི་མཆི། རེས་འགའ་ནི་མི་མཆི། དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རེས་འགའ་ནི་ཉམས་སུ་མྱོང་བར་བགྱིད། རེས་འགའ་ནི་ཉམས་སུ་མྱོང་བར་མི་བགྱིད། དགེ་འདུན་གྱི་ཆེད་
དང་བགྱི་བ་རྣམས་ལ་རེས་འགའ་ནི་མཆི། རེས་འགའ་ནི་མི་མཆི། དགེ་འདུན་དང་ལྷན་ཅིག་དགེ་འདུན་གྱི་ཆེད་དང་བགྱི་བ་རྣམས་རེས་འགའ་ནི་ཉམས་སུ་མྱོང་བར་བགྱིད། རེས་འགའ་ནི་ཉམས་སུ་མྱོང་བར་མི་བགྱིད་པས་དགེ་སློང་རྣམས་བདག་ཅག་ནི་མཐུན་པར་མ་གྱུར་ཅེས་ལས་
རྣམས་མི་བགྱིད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་ལ་སྨྱོས་པའི་གནང་བ་སྩལ་ཞིང་གལ་ཏེ་ཚུར་མཆི་ཡང་བཟློག་པར་མི་བགྱིད། ཕར་མཆི་ཡང་བཟློག་པར་མི་བགྱི་བར་དགེ་
སློང་བྱེ་མ་སྐྱེས་ཚུར་མཆི་འམ་ཕར་མཆི་ཡང་རུང་། དགེ་འདུན་གྱིས་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བགྱི་སྟེ། དེས་དགེ་འདུན་མི་མཐུན་པར་མི་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་
བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་བྱེ་མ་སྐྱེས་འདི་སྒྲེན་མོར་བྱུང་ནས་སྨྱོས་ཤིང་སེམས་འཁྲུགས་ཏེ་དེ་དང་དེར་འཁྱམ་ཞིང་། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་རེས་འགའ་ནི་མཆི། རེས་འགའ་ནི་མི་མཆི། དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རེས་འགའ་ནི་

ཉམས་སུ་མྱོང་བར་བགྱིད། རེས་འགའ་ནི་ཉམས་སུ་མྱོང་བར་མི་བགྱིད། དགེ་འདུན་དང་དགེ་འདུན་གྱི་ཆེད་དང་བགྱི་བ་རྣམས་ལ་རེས་འགའ་ནི་མཆི། རེས་འགའ་ནི་མི་མཆི། དགེ་འདུན་དང་ལྷན་ཅིག་དགེ་འདུན་གྱི་ཆེད་དང་བགྱི་བ་རྣམས་ལ་རེས་འགའ་ནི་ཉམས་སུ་མྱོང་བར་
བགྱིད། རེས་འགའ་ནི་ཉམས་སུ་མྱོང་བར་མི་བགྱིད་པས་དགེ་སློང་རྣམས། བདག་ཅག་ནི་མཐུན་པར་མ་གྱུར་ཅེས་ལས་རྣམས་མི་བགྱིད་ན། དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་ལ་སྨྱོས་པའི་གནང་བ་སྩལ་ཞིང་། གལ་ཏེ་ཚུར་མཆི་ཡང་བཟློག་པར་མི་བགྱི། ཕར་མཆི་
ཡང་བཟློག་པར་མི་བགྱི་བར། དགེ་སློང་བྱེ་མ་སྐྱེས་ཚུར་མཆི་འམ། ཕར་མཆི་ཡང་རུང་། དགེ་འདུན་གྱིས་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བགྱི་སྟེ། དེས་དགེ་འདུན་མི་མཐུན་པར་མི་འགྱུར་བར་མཛད་
ན། ཚེ་དང་ལྡན་པ་གང་དག་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་ལ་སྨྱོས་པའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་བྱེ་མ་སྐྱེས་སྨྱོས་པ་ལ་སྨྱོས་པའི་གནང་བ་སྩལ་
ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་སྨྱོས་པའི་གནང་བ་སྦྱིན་པའི་ཆོ་ག་དང་ལས་སོ། །གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་དགེ་སློང་གཉུག་མར་གནས་པ་འགའ་ཞིག་རྒྱལ་པོ་ལ་སོགས་པས་བཟུང་སྟེ། མཚམས་ཀྱི་ནང་ན་འདུག་ན་ཕོ་ཉ་བཏང་བ་ལ་སོགས་
པས་དེ་དང་མཐུན་པ་སྒྲུབ་པའི་ཕྱིར་འབད་པར་བྱ་བ་དང་། དགེ་སློང་གློ་བུར་དུ་འོངས་པ་འགའ་ཞིག་མཚམས་ཀྱི་ནང་ན་འདུག་པར་འཕྲིགས་ན་བཙལ་བ་དང་། བོང་བ་དང་། མཐོན་པོར་འདུག་སྟེ་ཕྱོགས་སུ་ལྟ་བ་དག་གིས་དེ་དང་མཐུན་པར་སྒྲུབ་པའི་ཕྱིར་འབད་པར་བྱ་བ་དང་། མཚམས་
གཅིག་གི་ནང་དུ་ཚོགས་ཐ་དད་པས་ལས་ཐ་དད་པ་མང་པོ་སོ་སོ་ན་བྱེད་ན་འདུན་པ་དང་ཡོངས་སུ་དག་པ་ཕན་ཚུན་དབུལ་བ་དག་གིས་དེ་དང་མཐུན་པ་སྒྲུབ་པའི་ཕྱིར་འབད་པར་བྱའོ། །དེ་ནི་མཐུན་པའི་གསོ་སྦྱོང་ལ་ཚོགས་པར་བྱ་བའི་ཆོ་གའོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་

ཆོ་གའི་སྐབས་ནས། གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་ལ་སོ་སོར་བརྟག་ཅིང་ལྟུང་བ་ཤེས་པ་བཤགས་པའམ། བསྡམ་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་ལས་ཀྱི་
གནས་སུ་འདུག་པར་བྱའོ་ཞེས་གསུངས་པ་ནི་འདི་ལྟར་བྱ་སྟེ། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ། དེ་ཡང་རྣམ་པ་གཉིས་སྟེ། མཐུན་པའི་གསོ་སྦྱོང་དང་། ཞི་གནས་ཀྱི་གསོ་སྦྱོང་ངོ་། །དེ་ལ་མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་
དབང་དུ་བྱས་ཏེ་གནས་དང་ཚོགས་པ་དང་ཆོ་ག་མཐུན་པར་བྱ་བའོ། །ཞི་གནས་ཀྱི་གསོ་སྦྱོང་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ་སྤོང་བའི་ཡན་ལག་སྒོམ་པའོ། །དེ་ཡང་ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམ་པ་ཡིན་པས་དེ་ནི་མཐུན་པའི་གསོ་
སྦྱོང་གིས་སྡོམ་པར་བྱེད་དོ། །ལས་སྔ་མ་རྣམས་ནི་བསྒོམ་པའི་རྣམ་པས་སྦྱང་བ་ཡིན་པས་དེ་ནི་ཞི་གནས་ཀྱི་གསོ་སྦྱོང་གིས་སྦྱོང་བར་བྱེད་དེ། དེས་ན་ལྷག་པའི་ཚུལ་ཁྲིམས་ལ་བརྟེན་ཏེ་ལྷག་པའི་སེམས་བསྐྱེད་ལ། ལྷག་པའི་སེམས་ལ་བརྟེན་ཏེ་ལྷག་པའི་ཤེས་རབ་སྐྱེ་བས་བསླབ་པ་
གསུམ་པོ་དག་གསོ་ཞིང་སྦྱོང་བ་ནི་མཐུན་པའི་གསོ་སྦྱོང་དང་ཞི་གནས་ཀྱི་གསོ་སྦྱོང་ཡིན་པར་ཤེས་པར་བྱའོ། །སྐབས་འདིར་ནི་མཐུན་པའི་གསོ་སྦྱོང་གཟུང་བར་བྱ་སྟེ། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་
བྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་ངོ་། །དེ་ལ་གསོ་སྦྱོང་བཅུ་བཞི་པ་དང་། བཅོ་ལྔ་པ་ནི་དུས་ཚིགས་དྲུག་པོ་དག་གིས་ཟླ་བ་བཅུ་གཉིས་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་པ་ལས་དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ལ། བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ཏེ། དབྱར་ཟླ་གསུམ་
དང་། དགུན་ཟླ་གསུམ་གྱི་ནི་ར་བ་དང་། ཐ་ཆུངས་མར་གྱི་ངོ་བཅོ་ལྔ་མི་ཐུབ་པས་ར་བ་དང་ཐ་ཆུངས་ཀྱི་གནམ་སྟོང་བཞི་གསོ་སྦྱོང་བཅུ་བཞི་པ་ཡིན་ལ། སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་འབྲིང་པོར་མར་གྱི་ངོ་བཅོ་ལྔ་མི་ཐུབ་པས་འབྲིང་པོའི་གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །

ལྷག་མ་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །དེ་དག་བརྩི་བ་ནི་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ངོ་རེ་ཞིང་སྨྱུག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུས་པ་ཉི་མ་རེ་རེ་བགྲང་ཞིང་དགེ་སྐོས་ཀྱིས་གནས་བརྟན་ལ་བརྟགས་ཏེ་དགེ་འདུན་ལ་ཉི་མ་རེ་ཞིང་བརྗོད་པར་བྱའོ། །ཟླ་བ་ཤོལ་དོར་བ་ནི་
རྒྱལ་པོའི་རྗེས་སུ་འབྲང་བས་དོར་རོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །བཀྲ་ཤིས་ཀྱི་གསོ་སྦྱོང་དང་། གནོད་པ་བྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་དག་ནི། གང་གི་ཚེ་དེ་དག་བྱ་དགོས་པ་དེའི་ཚེ་བྱ་བར་ཟད་ཀྱི་དུས་ངེས་པ་ནི་མེད་དོ། །འདི་ལ་དགེ་སློང་
ཐམས་ཅད་ཀྱིས་གསོ་སྦྱོང་གི་གནས་སུ་འདུ་བའི་མདུན་རོལ་ཁོ་ནར་གསོ་སྦྱོང་མ་འདས་པའི་མཐའ་ཚུན་ཆད་ཀྱི་ཟླ་བ་ཕྱེད་ཀྱི་ལྟུང་བ་ལ་སོ་སོར་བརྟག་པར་བྱ་སྟེ། ལྟུང་བ་ཤེས་པ་བཤགས་པའམ། བསྡམས་པའམ། བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ་ལས་ཀྱི་གནས་སུ་འདུག་པར་བྱའོ། །
དེའི་ཆོ་ག་དང་སྔགས་ནི་འདི་ལྟར་བྱ་སྟེ། ལྟུང་བྱེད་འབའ་ཞིག་གམ། སོ་སོར་བཤགས་པར་བྱ་བའམ། བཤགས་པར་བྱ་བའི་ཉེས་བྱས་ལས་གང་ཡང་རུང་བ་ཞིག་ཤེས་ན། དེས་མཆིལ་ལྷམ་གཉིས་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། དགེ་སློ