Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 159

Văn bản gốc(Tây Tạng)

Trang 8 / 17 (50.000 ký tự/trang)
པ་ཉིད་བརྗོད་པའོ། །དེའི་འོག་ཏུ་ཚུལ་
ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་སྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག །བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། །དེ་རིང་བསྙེན་པར་
རྫོགས་པའི་དགེ་སློང་གིས་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་བསླབ་བོ། །དེ་ལྟར་ན་ཚུལ་ཁྲིམས་ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོར་ཐར་པའི་འདོན་པ་ཉིད་ཀྱིས་མཉམ་པ་སྟེ། ཁྱོད་ཀྱིས་དེང་ཕྱིན་
ཆད་བསྒྲུབ་པར་བྱའི་མི་བསྒྲུབ་པར་མི་བྱའོ། །དེ་ནི་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ཉིད་སྒྲུབ་པ་ལ་ངེས་པར་སྦྱར་བའོ། །དེའི་འོག་ཏུ་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་གཞག་པར་
བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་གཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་མཁན་པོ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་སོས་ཀྱི་བར་དུ་ནད་གཡོག་བྱའོ། །དེ་ནི་ཚུལ་དང་འབྲེལ་བའི་གཟུགས་བརྙན་ལ་ངེས་
པར་སྦྱར་བའོ། །དེའི་འོག་ཏུ་དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་།

འཇིགས་པ་དང་བཅས་པའི་དབང་དུ་འགྱུར་བར་གནས་པར་བྱའོ། །དེ་ནི་དུལ་བར་གནས་པ་ཉིད་ལ་ངེས་པར་སྦྱར་བའོ། །དེའི་འོག་ཏུ་དགོས་པ་རྗེས་སུ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱ་སྟེ། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་མནོད་པར་བྱ། ཀླག་པར་བྱ། ཁ་
ཏོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་།
མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར་ཁྱོད་ཀྱིས་བརྩོན་པ་མི་འདོར་བར་བྱའོ། །དེ་ནི་དགོས་པ་རྗེས་སུ་སྒྲུབ་པ་ལ་ངེས་པར་སྦྱར་བའོ། །དེའི་འོག་ཏུ་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་སྒྲུབ་པར་འགྱུར་བ་ཉིད་ཀྱང་བརྗོད་པར་བྱ་སྟེ། འདི་དག་ནི་ཁོ་བོས་
ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་དང་། མཁན་པོ་དང་། མཁན་པོ་གཅིག་པ་དང་། སློབ་དཔོན་གཅིག་པ་དང་། གཏམ་
འདྲེས་པ་དང་། ཕེབས་པར་སྨྲ་བ་དང་། སྨོས་འདྲིན་དང་། འགྲོགས་བཤེས་རྣམས་ཀྱང་རྒྱ་ཆེར་སྟོན་པར་འགྱུར་རོ། །དེ་ནི་མ་བརྗོད་པ་ཡང་དག་པར་བླངས་པ་ཡོངས་སུ་ཤེས་པའི་སྒྲུབ་པར་འགྱུར་བ་ཉིད་བརྗོད་པའོ། །དེའི་འོག་ཏུ་གུས་པ་ལ་ཡང་ངེས་པར་སྦྱར་བར་བྱ་སྟེ། ཤེས་
རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་སྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང་། །ཡོངས་སུ་དག་པ་བསྙེན་པར་རྫོགས། །རྫོགས་སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་
མཚན་གྱིས་བཀའ་སྩལ་ཏོ། །དེ་ནི་གུས་པ་ལ་ངེས་པར་སྦྱར་བའོ། །དེའི་འོག་ཏུ་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ལ་ངེས་པར་སྦྱར་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས་བག་ཡོད་པར་སྒྲུབས་ཤིག །དེ་ནི་བསྒྲུབ་པར་བྱ་བ་ཐབས་བརྗོད་པ་བཅས་པ་ལ་

ངེས་པར་སྦྱར་བའོ། །དགེ་སློང་བསྙེན་པར་རྫོགས་པར་བྱ་བའི་ཆོ་ག་དང་ལས་རྫོགས་སོ།། །།འགའ་ཞིག་གི་གན་དུ་ཤཱཀྱ་དང་མེ་བ་རལ་པ་ཅན་མ་གཏོགས་པ་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་འོངས་ན་དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་
ནས་གཟུང་བར་བྱ་ཞིང་དཀོན་མཆོག་རྣམས་ཀྱི་བསྔགས་པ་དང་། མུ་སྟེགས་ཅན་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཡང་དག་པར་བརྗོད་ན། མི་གཡོ་བ་ཉིད་ཀྱིས་སེམས་མགུ་བར་གྱུར་ན། དེའི་འོག་ཏུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། དགེ་བསྙེན་ཉིད་དུ་ཁས་བླང་བས་
དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །དེའི་འོག་ཏུ་དེ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ། རྒན་རིམས་ཀྱིས་ཕྱག་འཚལ་དུ་བཅུག་ནས།
ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། བདག་མུ་
སྟེགས་ཅན་མིང་འདི་ཞེས་བགྱི་བ་ཟླ་བ་བཞིའི་བར་དུ། མཁན་པོས་སྦྱར་བའི་གོས་དག་གིས་གནས་པར་དགེ་འདུན་ལ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ། ཟླ་བ་བཞིའི་བར་
དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པར་བགྱི་བ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེའི་འོག་ཏུ་དགེ་སློང་ཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་
གསན་དུ་གསོལ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི། ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པར་དགེ་འདུན་ལ་གསོལ་ན། གལ་ཏེ་དགེ་

འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ། ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །
ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ན། མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་འདི་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་
དག་གིས་གནས་པར་དགེ་འདུན་ལ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བྱ་བ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྩོལ་ན། ཚེ་དང་ལྡན་པ་གང་དག་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ། ཟླ་བ་བཞིའི་བར་དུ་
མཁན་པོས་སྦྱར་བའི་གོས་དག་གིས་གནས་པར་གསོལ་བ་བཟོད་པ་ཅན་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་
གནང་ནས་དགེ་འདུན་གྱིས་མུ་སྟེགས་ཅན་མིང་འདི་ཞེས་བགྱི་བ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་དག་གིས་གནས་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་མུ་སྟེགས་ཅན་གནས་པ་སྦྱིན་པའི་ཆོ་ག་དང་ལས་སོ། །རབ་ཏུ་བྱུང་
བའི་གཞིའི་སྐབས་ཀྱི་ཆོ་ག་དང་ལས་རྣམས་རྫོགས་སོ།། །།ད་ནི་དགེ་སློང་མའི་རབ་ཏུ་འབྱུང་བའི་གཞིའི་སྐབས་ཀྱི་ཆོ་ག་དང་ལས་རྣམས་བརྗོད་པར་བྱ་སྟེ། སྡོམ་ལ། ལྕི་དང་དགེ་བསྙེན་བསླབ་པ་དང་། །ཞུ་དང་མཁན་མོ་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་དང་། །
བསླབ་པ་བརྗོད་པ་ཐ་མ་ཡིན། །དང་པོར་བྱ་དང་མཁན་མོ་དང་། །བསླབ་པ་གསོལ་དང་སྡོམ་སྦྱིན་དང་། །གྲིབ་ཚོད་གཞལ་ལ་སོགས་པ་དང་། །ཆོས་དྲུག་རྗེས་མཐུན་དྲུག་བརྗོད་པའོ། །དང་པོར་བྱ་དང་མཁན་མོ་དང་། །ཆོས་གོས་གཉིས་དང་ལྷུང་བཟེད་གཉིས། །སྤྲོ་བྱ་གསོལ་

བ་གསང་སྟོན་དང་། །ཞུ་དང་གསོལ་དང་གསོལ་བ་དང་། །བར་ཆད་དྲི་དང་སྡོམ་སྦྱིན་དང་། །གཉིས་པ་གསོལ་དང་གསོལ་བ་དང་། །དྲི་དང་ལས་དང་གྲིབ་ཚོད་དང་། །ཉིན་མཚན་དུས་ཚོད་གནས་རྣམས་དང་། །ལྟུང་ལྕི་དགེ་སྦྱོང་མཆོག་འོང་དང་། །ཚུལ་ཁྲིམས་མཉམ་དང་
ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་དང་། །གུས་དང་བསྒྲུབ་པར་བྱ་བའོ། །སྐྱེ་དགུའི་བདག་མོ་གཽ་ཏ་མི་ལ་སོགས་པ་ཤཱཀྱ་མོ་ལྔ་བརྒྱ་ནི་ལྕི་བའི་ཆོས་ཁས་བླངས་པས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་ཐོབ་པར་གྱུར་ཏོ། །བུད་མེད་གཞན་དག་ནི་
རིམ་གྱིས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་ཐོབ་པར་བྱའོ། །དགེ་སློང་མ་འགའ་ཞིག་གི་གན་དུ་བུད་མེད་རབ་ཏུ་འབྱུང་བར་འདོད་པ་འོངས་ནས་དེས་དེ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ལྟར་དྲི་བར་བྱ་སྟེ། ཁྱོད་མུ་སྟེགས་ཅན་མོ་མ་ཡིན་ནམ།
ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་མོ་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཕ་མ་དང་ཁྱིམ་ཐབ་ཀྱིས་མ་གནང་བ་མ་ཡིན་ནམ། ཕ་མ་དང་
ཁྱིམ་ཐབ་ཀྱིས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་
མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། རྩབ་ཀྲོལ་ཅན་མ་ཡིན་ནམ། མྱ་ངན་གྱིས་གཟིར་བ་མ་ཡིན་ནམ། སྦྲུམ་པ་མ་ཡིན་ནམ། མཚན་
གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཟླ་མཚན་ཟག་པ་མ་ཡིན་ནམ། ཟླ་མཚན་མི་ཟག་པ་མ་ཡིན་ནམ། མཚན་མ་ཙམ་ཡོད་པ་མ་ཡིན་ནམ། སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། མཚན་དུག་མ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་

སེར་ལ་སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་མ་ཡིན་ནམ། རྒྱལ་པོས་མ་གནང་བ་ཡུལ་ཐག་མི་རིང་བ་མ་ཡིན་ནམ། ཆོམ་རྐུན་པར་
གྲགས་པ་མ་ཡིན་ནམ། ཕུང་ཁྲོལ་མ་མ་ཡིན་ནམ། ལྷམ་མཁན་མོ་མ་ཡིན་ནམ། གདོལ་པ་མོ་མ་ཡིན་ནམ། གཡུང་མོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་མོ་མ་ཡིན་ནམ། བྱང་གི་སྒྲ་མི་སྙན་པ་པོ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ།
བུད་མེད་འདྲ་བའི་སྐྱེས་པ་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་ཡིན་ནོ་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་མ་ཡིན་ཞེས་ཟེར་ན་གཟུང་
བར་བྱའོ། །བཟུང་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་མ་ཉིད་དུ་ཁས་བླང་བས་དགེ་བསྙེན་མའི་སྡོམ་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་སློབ་དཔོན་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་
ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །
འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་མར་འཕགས་མས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས། ཚིག་གསུམ་པ་
ལ་སློབ་དཔོན་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་བསྙེན་མའི་སྡོམ་པ་སྦྱིན་པའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ། སློབ་དཔོན་

དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་
ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིད་དོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་མ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་
དུ། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་
ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ།
འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་
བརྗོད་པར་བྱའོ། །དགེ་བསྙེན་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་བསྙེན་མ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག་རྫོགས་སོ།། །།དེའི་འོག་ཏུ་གང་གིས་ཞུ་བར་བྱེད་པའི་དགེ་སློང་མ་ལ་གཏད་པར་བྱའོ། །ཞུ་བའི་དགེ་སློང་མས་མཁན་མོ་ལ་ཁྱོད་ཀྱིས་བར་ཆད་ཀྱི་ཆོས་རྣམས་
དྲིས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཞུ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེའི་འོག་ཏུ་ཞུ་བའི་དགེ་སློང་མས་ཞུ་བར་བྱའོ། །འདི་ལྟར་ཞུ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ། དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་

ནས། དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་ཡང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལ་ཡང་རུང་སྟེ། དེ་རྒན་རིམས་ལ་ཕྱག་འཚལ་དུ་བཅུག་ནས། ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་ཞུ་བར་བྱེད་
པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་དགོངས་སུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་བར་འཚལ་ཏེ། ཁྱིམ་པ་མོ་གོས་དཀར་མོ་ཅན་སྐྲ་མ་བྲེགས་པ་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་
རབ་ཏུ་འབྱུང་བར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་བར་འཚལ་ཞིང་། སྐྲ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་མཁན་མོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་
དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཅི་དེ་རབ་ཏུ་དབྱུང་ངམ། དེ་དག་ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་རབ་ཏུ་དབྱུང་བར་འདོད་པ་ཞུ་བའོ། །དེའི་འོག་ཏུ་མཁན་
མོར་གསོལ་བར་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ། མཁན་མོ་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་
སློབ་དཔོན་ལ་མཁན་མོར་གསོལ་གྱི། སློབ་དཔོན་བདག་གི་མཁན་མོ་མཛད་དུ་གསོལ། སློབ་དཔོན་མཁན་མོས་རབ་ཏུ་དབྱུང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་མོ་ཞེས་བརྗོད་པར་བྱའོ། །མཁན་མོས་ཐབས་ཡིན་ནོ་ཞེས་
བརྗོད་པར་བྱའོ། །རབ་ཏུ་འབྱུང་བར་འདོད་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་མོར་གསོལ་བའོ། །དེའི་འོག་ཏུ་གང་གིས་དེའི་སྐྲ་འདྲེག་པར་བྱེད་པའི་དགེ་སློང་མ་ལ་བཅོལ་བར་བྱ་ཞིང་། དེས་ཀྱང་དེའི་གཙུག་ཕུད་མ་གཏོགས་པ་སྐྲ་བྲེག་པར་བྱའོ། །དེའི་འོག་ཏུ་ཅི་གཙུག་

པུད་བྲེག་གམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་བྲེག་གོ་ཞེས་ཟེར་ན་འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བྲེགས་ཤིག་ཅེས་ཟེར་ན་བྲེག་པར་བྱའོ། །དེའི་འོག་ཏུ་ཁྲུས་བྱེད་དུ་གཞུག་སྟེ། གལ་ཏེ་རེ་ཞིག་གྲང་བའི་དུས་ཡིན་ན་ནི་ཆུ་དྲོན་པོས་ཁྲུས་བྱེད་དུ་གཞུག་གོ། །གལ་ཏེ་ཚ་
བའི་དུས་ཡིན་ན་ནི་ཆུ་གྲང་མོས་ཁྲུས་བྱེད་དུ་གཞུག་གོ། །དེའི་འོག་ཏུ་མཁན་མོས་ལྷུང་བཟེད་དང་གོས་ངུར་སྨྲིག་དག་སྦྱིན་པར་བྱ་ཞིང་། དེས་ཀྱང་རྐང་པ་གཉིས་ལ་གཏུགས་ཏེ་བླང་བར་བྱའོ། །དེའི་འོག་ཏུ་མཁན་མོས་བསྐོན་པར་བྱ་ཞིང་། ཤམ་ཐབས་བསྐོན་པ་ཉིད་ཀྱི་ཚེ་མཚན་
མེད་པའམ། མཚན་གཉིས་པའམ། གླེ་འདམས་པ་མ་ཡིན་ནམ་ཞེས་མ་ཚོར་བར་མཚན་བརྟག་པར་བྱའོ། །དེ་ནི་དུས་དང་པོར་བྱ་བའོ། །དེའི་འོག་ཏུ་སྐྱབས་སུ་འགྲོ་བ་རྩོམ་པས་རབ་ཏུ་འབྱུང་བ་ཉེ་བར་བསྒྲུབ་པར་བྱའོ། །འདི་ལྟར་ཉེ་བར་བསྒྲུབ་པར་བྱ་སྟེ། དང་པོར་སྟོན་པ་ལ་
ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་མཁན་མོ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་
སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོ་གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པ་མོའི་རྟགས་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་
མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །རབ་ཏུ་བྱུང་བས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་རབ་ཏུ་འབྱུང་བ་ཉེ་བར་སྒྲུབ་པའོ། །དེའི་འོག་ཏུ་དགེ་ཚུལ་མ་ཉིད་དུ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་མ་ལ་གཏད་པར་བྱའོ། །དེས་ཀྱང་མཁན་མོ་ལ་ཅི་ཡོངས་སུ་དག་གམ་ཞེས་

དྲིས་ནས་ཡོངས་སུ་དག་ན་སྐྱབས་སུ་ཉེ་བར་འགྲོ་བ་དང་། དགེ་ཚུལ་མ་ཉིད་དུ་ཁས་བླངས་པས་དགེ་ཚུལ་མ་ཉིད་དུ་བསྒྲུབ་པར་བྱའོ། །འདི་ལྟར་ཉེ་བར་བསྒྲུབ་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་སློབ་དཔོན་ལ་ཕྱག་
འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་
མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་མར་འཕགས་མས་གཟུང་དུ་གསོལ། དེ་བཞིན་དུ་ལན་
གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་སློབ་དཔོན་ཞེས་བརྗོད་པར་བྱའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་དགེ་ཚུལ་མའི་སྡོམ་པ་སྦྱིན་པའོ། །དེའི་འོག་ཏུ་སློབ་དཔོན་མ་ཡིན་པ་
དགེ་སློང་མ་གཞན་གང་ཡང་རུང་བ་ཞིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་། སྐྱེས་བུ་དང་། རྩ་བ་དང་། ཉིན་མཚན་གྱི་ཆ་དང་། དུས་ཚོད་ཀྱང་བརྗོད་པར་བྱའོ། །དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། །འདི་ལྟར་བྱ་སྟེ། སློབ་དཔོན་དགོངས་སུ་
གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་
ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་།

མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་
པོ་དང་། དུས་མ་ཡིན་པའི་ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་།
བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་སྤོས་ཉུག་པ་དང་། རྒྱན་དང་ཁ་དོག་འཆང་བ་དང་། ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་དང་། དུས་མ་ཡིན་པའི་
ཟས་དང་། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །
ཞེས་བརྗོད་པར་བྱའོ། །དགེ་ཚུལ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དགེ་ཚུལ་མ་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག་རྫོགས་སོ།། །།བམ་པོ་གཉིས་པ། བུད་མེད་ལ་ནི་དགེ་སློབ་མ་ཞེས་བྱ་བའི་ཚིག་གཞན་མེད་དོ། །དེ་ནི་དགེ་ཚུལ་མ་ཉིད་དང་། དགེ་སློང་མ་ཉིད་
ཀྱི་བར་སྐབས་སུ་སྦྱིན་པར་བྱ་ཞིང་། དེ་སྤྱད་པའི་དུས་ནི་ལོ་གཉིས་སོ། །འདི་ལྟར་སྦྱིན་པར་བྱ་སྟེ། གལ་ཏེ་ཁྱིམ་སོ་བཟུང་བ་ཡིན་ན་ནི་ཚོད་ལོ་བཅུ་ལོན་ན་དགེ་སློབ་མའི་སྡོམ་པ་སྦྱིན་ཞིང་། ལོ་གཉིས་སྤྱད་ནས་ལོ་བཅུ་གཉིས་ལོན་པ་ན་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་
ཞིང་བསྙེན་པར་རྫོགས་པར་བྱའོ། །གལ་ཏེ་གཞོན་ནུ་མ་ཡིན་ན་ནི་ན་ཚོད་ལོ་བཅོ་བརྒྱད་ལོན་པ་ན་དགེ་སློབ་མའི་སྡོམ་པ་སྦྱིན་ཞིང་ལོ་གཉིས་སྤྱད་ནས་ན་ཚོད་ལོ་ཉི་ཤུ་ལོན་པ་ན་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་ཞིང་བསྙེན་པར་རྫོགས་པར་བྱའོ། །དེ་ལྟ་བས་ན་དགེ་ཚུལ་མ་

ཉིད་དུ་ཉེ་བར་བསྒྲུབས་པའི་འོག་ཏུ་གལ་ཏེ་ཁྱིམ་སོ་བཟུང་བ་ན་ན་ཚོད་ལོ་བཅུ་ལོན་ནམ། གཞོན་ནུ་མ་ན་ཚོད་ལོ་བཅོ་བརྒྱད་ལོན་ན་མཁན་མོས་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་གདབ་པར་བྱ་ཞིང་། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་
དགེ་སློང་མ་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་སློང་མ་གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ་ཟླ་བ་ཕྱེད་འདས་པའི་ཉེས་པ་བསྡམ་པར་བྱ་བ་དང་། བཤགས་པར་བྱ་བ་དང་། བྱིན་གྱིས་བརླབ་པར་བྱ་བ་དག་
ལ་སོ་སོར་བརྟག་པར་བྱ་ཞིང་། ཉེས་པ་ཤེས་པ་བསྡམ་པའམ། བཤགས་པའམ། བྱིན་གྱིས་བརླབ་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ། །དེའི་འོག་ཏུ་དགེ་སློང་མའི་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའམ། དཀྱིལ་འཁོར་པ་ལ་ཡང་རུང་སྟེ། ཡུལ་དབུས་སུ་
དགེ་སློང་མ་བཅུ་གཉིས་ལ་སོགས་པའི་ཚོགས་སམ། མཐའ་འཁོབ་དག་ཏུ་གཞན་མེད་ན་འདུལ་བ་འཛིན་པ་དང་དྲུག་ལ་སོགས་པའི་ཚོགས་ལ་ཡང་རུང་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་དགེ་སློང་མ་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག་གོ། །
ཕྱག་ནི་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ནས་འཁྱུད་པ་སྟེ་འདིར་གང་ཡང་རུང་ངོ་། །དེ་ནི་དུས་དང་པོར་བྱ་བའོ། །དེའི་འོག་ཏུ་མཁན་མོར་གསོལ་བར་བྱའོ། །འདི་ལྟར་གསོལ་བར་བྱ་སྟེ། མཁན་མོ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་
པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། གལ་ཏེ་མཁན་མོ་ཡིན་ན་མཁན་མོ་ཞེས་བརྗོད་པར་བྱ། སློབ་དཔོན་ཡིན་ན་སློབ་དཔོན་ཞེས་བརྗོད་པར་བྱའོ། །འཕགས་མ་ཡིན་ན་འཕགས་མ་ཞེས་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བསྟན་ནས། འདི་སྐད་ཅེས་བརྗོད་པར་
བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འཕགས་མ་ལ་མཁན་མོར་གསོལ་གྱི། འཕགས་མ་བདག་གི་མཁན་མོ་མཛད་དུ་གསོལ། འཕགས་མ་མཁན་མོ་ལས་བསླབ་པའི་སྡོམ་པ་སྩལ་དུ་གསོལ། འཕགས་མ་མཁན་མོས་བསླབ་པའི་སྡོམ་པ་

ཡང་དག་པར་བླང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་མོ་ཞེས་བརྗོད་པར་བྱའོ། །མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །འདི་ནི་མཁན་མོར་གསོལ་པའོ། །
དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས་བསླབ་པའི་སྡོམ་པ་གསོལ་དུ་གཞུག་པར་བྱའོ། །འདི་ལྟར་གསོལ་དུ་གཞུག་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་
སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། བདག་དགེ་ཚུལ་མ་མིང་འདི་ཞེས་བགྱི་བ་ཁྱིམ་སོ་བཟུང་བ་ལོ་བཅུ་ལགས་པའམ། གཞོན་ནུ་མ་ལོ་བཅོ་བརྒྱད་ལགས་པ་ལ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་
མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་དགེ་ཚུལ་མ་མིང་འདི་ཞེས་བགྱི་
བ་ཁྱིམ་སོ་བཟུང་བ་ལོ་བཅུ་ལགས་པའམ། གཞོན་ནུ་མ་ལོ་བཅོ་བརྒྱད་ལགས་པ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་
དུ་བཟླས། དེ་ནི་བསླབ་པའི་སྡོམ་པ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པ་མོས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ། །འདི་ལྟར་སྦྱིན་པར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་གསན་དུ་
གསོལ། དགེ་ཚུལ་མ་མིང་འདི་ཞེས་བགྱི་བ་ཁྱིམ་སོ་བཟུང་བ་ལོ་བཅུ་ལགས་པའམ། གཞོན་ནུ་མ་ལོ་བཅོ་བརྒྱད་ལགས་པ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་

ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་དགེ་ཚུལ་མ་མིང་འདི་ཞེས་བགྱི་བ་ཁྱིམ་སོ་བཟུང་བ་ལོ་བཅུ་ལགས་པའམ། གཞོན་
ནུ་མ་ལོ་བཅོ་བརྒྱད་ལགས་པ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་གསན་དུ་
གསོལ། དགེ་ཚུལ་མ་མིང་འདི་ཞེས་བགྱི་བ་ཁྱིམ་སོ་བཟུང་བ་ལོ་བཅུ་ལགས་པའམ། གཞོན་ནུ་མ་ལོ་བཅོ་བརྒྱད་ལགས་པ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ཏེ།
དེའི་སླད་དུ་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྩོལ་བ་ལ། འཕགས་མ་གང་དག་དགེ་ཚུལ་མ་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་
བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་མིང་འདི་ཞེས་བགྱི་བ་
ལ། མཁན་མོ་མིང་འདི་ཞེས་བགྱི་བས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་བསླབ་པའི་སྡོམ་པ་སྦྱིན་པའི་ཆོ་ག་ལས་སོ། །དེའི་འོག་
ཏུ་དགེ་སློང་མ་ལས་བྱེད་པ་མ་ཡིན་པ་གཞན་གང་ཡང་རུང་བ་གཅིག་གིས་གྲིབ་ཚོད་གཞལ་བར་བྱ་ཞིང་སྐྱེས་བུ་དང་། རྩ་བ་དང་། ཉིན་མཚན་གྱི་ཆ་དང་། དུས་ཚོད་ཀྱང་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་རྒྱ་ཆེར་བརྗོད་པར་བྱ་སྟེ།

ཆོས་དྲུག་གང་ཞེ་ན། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོ་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བར་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །བདེ་གཤེགས་གསུངས་པའི་ཆོས་དྲུག་པོ། །དེ་དག་གསུང་རབ་ལས་གསུངས་
ཡིན། །རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། །གསེར་ལ་གཟུང་བར་མི་བྱ་ཞིང་། །མདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་གཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་འཇོག་བྱས་པ་བཟའ་མི་བྱ། །རྗེས་མཐུན་ཆོས་དྲུག་འདི་དག་ནི། །
བདེ་བར་གཤེགས་པས་རྟག་ཏུ་བཀག །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་དེང་ཕྱིན་ཆད་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པར་བྱའོ། །ཆོས་དྲུག་གང་ཞེ་ན། གཅིག་པུ་ལམ་དུ་འགྲོ་བར་མི་བྱ་བ་དང་། ཆུ་བོའི་ཕ་རོལ་ཏུ་རྐྱལ་བར་མི་བྱ་བ་
དང་། སྐྱེས་པ་ལ་རེག་པར་མི་བྱ་བ་དང་། སྐྱེས་པ་དང་འདུག་པར་མི་བྱ་བ་དང་། སྨྱན་དུ་འགྱུར་བར་མི་བྱ་བ་དང་། ཁ་ན་མ་ཐོ་བ་བཅབ་པར་མི་བྱ་སྟེ། ཆོས་དྲུག་པོ་དེ་དག་ལ་བསླབ་པར་བྱའོ། །རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། གསེར་ལ་གཟུང་བར་མི་བྱ་བ་དང་། མདོམས་
ཀྱི་སྤུ་བྲེག་པར་མི་བྱ་བ་དང་། ས་རྐོ་བར་མི་བྱ་བ་དང་། རྩྭ་སྔོན་པོ་གཅད་པར་མི་བྱ་བ་དང་། བྱིན་ལེན་མ་བྱས་པར་བཟའ་བར་མི་བྱ་བ་དང་། གསོག་འཇོག་བྱས་པ་བཟའ་བར་མི་བྱ་བ་སྟེ། རྗེས་སུ་མཐུན་པའི་ཆོས་དྲུག་པོ་དེ་དག་ལ་བསླབ་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་དེང་ཕྱིན་
ཆད་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དེ་དག་ལ་བསླབ་པར་བྱའོ། །དགེ་སློབ་མའི་སྡོམ་པ་སྦྱིན་པའི་ཆོ་ག་དང་ལས་རྫོགས་སོ།། །།གང་གི་ཚེ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པ་དག་ལ་བསླབས་པར་གྱུར་ན། དེའི་
འོག་ཏུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་ཞིང་བསྙེན་པར་རྫོགས་པར་བྱའོ། །འདི་ལྟར་བྱ་སྟེ། ཇེ་དང་པོར་མཁན་མོས་དེའི་ལྷུང་བཟེད་དང་ཆོས་གོས་དག་བཙལ་བར་བྱ་ཞིང་ལས་བྱེད་པའི་དགེ་སློང་མ་ལ་གསོལ་བ་གདབ་པར་བྱ། གསང་སྟེ་སྟོན་པའི་དགེ་སློང་མ་ལ་ཡང་

གསོལ་བ་གདབ་པར་བྱ། གང་དག་དེའི་ལས་ཀྱི་གནས་སུ་འཇུག་པར་འགྱུར་བའི་དགེ་སློང་མ་དག་ལ་ཡང་གསོལ་བ་གདབ་པར་བྱའོ། །དགེ་སློང་མ་གང་དག་དེའི་ལས་ཀྱིས་གནས་སུ་འཇུག་པར་འགྱུར་བ་དེ་དག་གིས་ཀྱང་དེར་འདུ་བར་འགྱུར་བའི་ཚེ་ཟླ་བ་ཕྱེད་
འདས་པའི་ཉེས་པ་བསྡམ་པར་བྱ་བ་དང་། བཤགས་པར་བྱ་བ་དང་བྱིན་གྱིས་བརླབ་པར་བྱ་བ་དག་ལ་སོ་སོར་བརྟག་པར་བྱ་ཞིང་། ཉེས་པ་ཤེས་པ་བསྡམ་པའམ། བཤགས་པའམ། བྱིན་གྱིས་བརླབ་པས་ཕྱིར་བཅོས་ཏེ་འདུག་པར་བྱའོ། །དེའི་འོག་ཏུ་དགེ་སློང་མའི་དགེ་
འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའམ། དཀྱིལ་འཁོར་པ་ལ་ཡང་རུང་སྟེ། ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་ལ་སོགས་པའི་ཚོགས་སམ། མཐའ་འཁོབ་དག་ཏུ་གཞན་མེད་ན་འདུལ་བ་འཛིན་པ་དང་དྲུག་ལ་སོགས་པའི་ཚོགས་ལ་ཡང་རུང་སྟེ། དང་པོར་
སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་དགེ་སློང་མ་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག་གོ། །ཕྱག་ནི་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ནས་འཁྱུད་པ་སྟེ། འདིར་གང་ཡང་རུང་ངོ་། །དེ་ནི་དུས་དང་པོར་བྱས་པའོ། །དེའི་འོག་
ཏུ་མཁན་མོར་གསོལ་བ་བྱའོ། །འདི་ལྟར་གསོལ་བ་བྱ་སྟེ། མཁན་མོ་ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་སྟན་ནང་ཚངས་ཅན་ལ་སོགས་པའི་སྟེང་དུ་ཅི་བདེར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱར་དུ་བཅུག་ནས། གལ་ཏེ་མཁན་མོ་ཡིན་ན་མཁན་མོ་ཞེས་བརྗོད་པར་བྱ། སློབ་
དཔོན་ཡིན་ན་སློབ་དཔོན་ཞེས་བརྗོད་པར་བྱ། འཕགས་མ་ཡིན་ན་འཕགས་མ་ཞེས་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བསྟན་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འཕགས་མ་ལ་མཁན་མོར་གསོལ་གྱིས།
འཕགས་མ་བདག་གི་མཁན་མོ་མཛད་དུ་གསོལ། འཕགས་མ་མཁན་མོས་བསྙེན་པར་རྫོགས་པར་བགྱིའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། ཚིག་གསུམ་པ་ལ་མཁན་མོ་ཞེས་བརྗོད་པར་བྱའོ། །མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་

ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་མཁན་མོར་གསོལ་བའོ། །དེའི་འོག་ཏུ་མཁན་མོ་རང་གིས་དེ་ལ་ཆོས་གོས་ལྔ་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་རེ་ཞིག་ཆོས་གོས་དྲས་ཤིང་དྲུབས་པ་དག་ཡོད་ན་དེ་ལྟ་ན་ལེགས་ཏེ། འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་
གོས་ལྔ་སོ་སོར་བལྟ་བ་སྟེ་སློབ་མའི་ཕྲག་པ་གཡོན་པར་བཀལ་ནས་གཉིས་ཀ་འགྲེང་སྟེ་ལག་པས་ཆོས་གོས་སྣམ་སྦྱར་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་
འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་བླ་གོས་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་
སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་བླ་གོས་སུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་
བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་མཐང་གོས་བཟུང་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་
མཐང་གོས་སུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་ཤི་ང་དཔུང་བཅད་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་
མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བར་སྤྱད་པར་འོས་པ་འདི་ཆོས་གོས་ཤི་ང་དཔུང་བཅད་དུ་བྱིན་གྱིས་བརླབ་པོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་

ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་རྔུལ་གཟན་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་རྔུལ་གཟན་
དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་དག་བསྐོན་པར་བྱ་ཞིང་། དེས་ཀྱང་སྣམ་སྦྱར་དང་བཅས་པ་ཉིད་ཡིན་ན་བསྙེན་
པར་རྫོགས་པའི་ཕྱིར་འདུས་པའི་དགེ་སློང་མའི་དགེ་འདུན་ལ་ཕྱག་བྱའོ། །དེ་ནི་ཆོས་གོས་དྲས་ཤིང་དྲུབས་པ་ལྔ་བྱིན་གྱིས་བརླབ་པའོ། །གལ་ཏེ་རེ་ཞིག་ཆོས་གོས་དྲས་ཤིང་དྲུབས་པ་དག་མེད་ན་རྒྱུ་ལ་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་ལྔ་
རྒྱུ་སོ་སོར་བལྟ་བ་སྟེ་སློབ་མའི་ཕྲག་པ་གཡོན་པར་བཀལ་ནས་གཉི་ག་འགྲེང་སྟེ་ལག་པས་ཆོས་གོས་སྣམ་སྦྱར་གྱི་རྒྱུ་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །
འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། །སྡེབ་བོ། ཟུངས་གདབ་བོ། །དྲུབ་བོ། ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་
བཞིན་དུ་བགྱི་སྟེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་བླ་གོས་ཀྱི་རྒྱུ་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་
བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་བླ་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་བདུན་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། སྡེབ་བོ། ཟུངས་གདབ་

བོ། དྲུབ་བོ། ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་
བྱའོ། །དེའི་འོག་ཏུ་ཆོས་གོས་མཐང་གོས་ཀྱི་རྒྱུ་བཟུང་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་མཐང་གོས་སུ་བྱིན་གྱིས་བརླབ་བོ། །འཚལ་ན་སྣམ་ཕྲན་ལྔ་པར་བགྱི་སྟེ། གླེགས་བུ་ཕྱེད་དང་
གཉིས་པར་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། སྡེབ་བོ། ཟུངས་གདབ་བོ། དྲུབ་བོ། ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས།
མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་ཤིང་དཔུང་བཅད་ཀྱི་རྒྱུ་བཟུང་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་ཤིང་དཔུང་བཅད་
དུ་བྱིན་གྱིས་བརླབ་བོ། །འཚལ་ན་ཤི་ང་དཔུང་བཅད་དུ་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། །སྡེབ་བོ། ཟུངས་གདབ་བོ། དྲུབ་བོ། །ཁ་བསྒྱུར་རོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་
ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་ཆོས་གོས་རྔུལ་གཟན་གྱི་རྒྱུ་བཟུང་ནས། དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་
འདི་རྔུལ་གཟན་དུ་བྱིན་གྱིས་བརླབ་བོ། །འཚལ་ན་རྔུལ་གཟན་དུ་བགྱིའོ། །བར་ཆད་མ་བྱུང་ན་བཀྲུའོ། །བརྐྱང་ངོ་། །དྲའོ། སྡེབ་བོ། ཟུངས་གདབ་བོ། །དྲུབ་བོ། ཁ་བསྒྱུར་རོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ་ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །དེ་བཞིན་དུ་ལན་གཉིས་

ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་ཆོས་གོས་མ་དྲས་ཤིང་མ་དྲུབས་པ་ལྔ་བྱིན་གྱིས་བརླབ་པའོ། །དེའི་འོག་ཏུ་ལྷུང་བཟེད་བསྟན་པར་བྱའོ། །འདི་ལྟར་བསྟན་
པར་བྱ་སྟེ། དགེ་སློང་མ་གཅིག་གིས་ལྷུང་བཟེད་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་བཀབ་ནས་རྒན་པའི་མཐའ་ལོགས་ནས་དགེ་སློང་མ་རེ་རེའི་མདུན་དུ་འགྲེང་སྟེ་འདུད་པ་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འཕགས་མ་དགོངས་སུ་གསོལ།
ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེའམ། མི་སྐྱའམ། དགེ་སློང་མ་ཐམས་ཅད་ཀྱིས་ཀྱང་ལྷུང་བཟེད་དེ་ལྟ་བུ་ཉིད་མ་ཡིན་ན་རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། དེ་མི་བརྗོད་ན་འགལ་
ཚབས་ཅན་དུ་འགྱུར་རོ། །དེ་ནི་ལྷུང་བཟེད་བསྟན་པའོ། །དེའི་འོག་ཏུ་མཁན་མོ་རང་གིས་དེ་ལ་ལྷུང་བཟེད་བྱིན་གྱིས་བརླབ་པར་བྱའོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། གཉི་ག་འགྲེང་སྟེ་ལག་པ་གཡོན་པར་ལྷུང་བཟེད་བཞག་ལ་ལག་པ་གཡས་པས་བཀབ་ནས་དེས་འདི་སྐད་
ཅེས་བརྗོད་པར་བྱ་སྟེ། མཁན་མོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། མཁན་མོས་ཐབས་ཡིན་ནོ་ཞེས་བརྗོད་པར་
བྱའོ། །སློབ་མས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ནི་ལྷུང་བཟེད་བྱིན་གྱིས་བརླབ་པའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱ་བ་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་ཐལ་མོ་སྦྱོར་དུ་བཅུག་ནས་ཚོགས་ལ་མངོན་དུ་ཕྱོགས་པར་གཞག་པར་བྱའོ། །
དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་མ་ལ། མཁན་མོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བ་གསང་སྟེ་སྟོན་པར་གསོལ་བ་བཏབ་པ་གང་ཡིན་ཞེས་དྲི་བར་བྱའོ། །གསང་སྟེ་སྟོན་པ་གང་ཡིན་པ་དེས་བདག་མིང་འདི་ཞེས་བྱ་བའོ་ཞེས་བརྗོད་པར་བྱ་

བའོ། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས་གསང་སྟེ་སྟོན་པའི་དགེ་སློང་མ་ལ་མིང་འདི་ཞེས་བྱ་བ་ཁྱོད། མཁན་མོ་མིང་འདི་ཞེས་བྱ་བས་མིང་འདི་ཞེས་བྱ་བ་ལ་གསང་སྟེ་སྟོན་པར་སྤྲོའམ་ཞེས་དྲི་བར་བྱའོ། །དེས་ཀྱང་སྤྲོའོ་ཞེས་བརྗོད་པར་བྱའོ། །དེ་ནི་གསང་སྟེ་སྟོན་
པར་སྤྲོ་བར་བྱའོ། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས། གསང་སྟེ་སྟོན་པས་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། དགེ་སློང་མ་
མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་མིང་འདི་ཞེས་
བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་གསོལ་བའོ། །དེ་ནི་གསང་སྟེ་སྟོན་པར་གསོལ་བའི་ཆོ་ག་དང་ལས་སོ། །དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་མས་དཀྱིལ་འཁོར་པའི་ཕྱི་རོལ་དུ་སོང་སྟེ་བསྙེན་པར་
རྫོགས་པར་བྱ་བ་དེ་བདག་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་མོས་
ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས་ཁྱོད་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ནི་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་བུད་མེད་ཡིན་ནམ། དེས་བུད་མེད་ལགས་ཞེས་བརྗོད་པར་བྱའོ། །བུད་མེད་ཀྱི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་
པར་བྱའོ། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་སམ། གཞོན་ནུ་མ་ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་ལྔ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་དང་ཁྱིམ་ཐབ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་

ན། ཁྱོད་ཕ་མ་དང་ཁྱིམ་ཐབ་ཀྱིས་གནང་ངམ་ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མོ་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་
ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་མར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་
ནམ། མ་ནིང་མ་ཡིན་ནམ། དགེ་སློང་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ་
དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། རྩབ་ཧྲལ་ཅན་མ་ཡིན་ནམ། མྱ་ངན་གྱིས་གཟིར་བ་མ་ཡིན་ནམ། སྦྲུམ་མ་མ་ཡིན་ནམ། མཚན་གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཟླ་མཚན་ཟག་པ་མ་ཡིན་ནམ། ཟླ་
མཚན་མི་ཟག་པ་མ་ཡིན་ནམ། མཚན་མ་མེད་པ་མ་ཡིན་ནམ། མཚན་མ་ཙམ་ཡོད་པ་མ་ཡིན་ནམ། སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་
ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་སོ་ཞེས་ཟེར་ན་ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན་འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཞེས་ཟེར་ན། ཇི་ལྟར་ཁྱོད་
ད་ལྟ་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཇི་ལྟར་ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་

དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ཏམ། དས་གསོལ་ཞེས་བརྗོད་པར་བྱའོ། །ཇི་ལྟར་ཁྱོད་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབས་སམ། དེས་བསླབས་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་མོའི་
མིང་ཅི། དེས་བདག་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། བདག་གི་མཁན་མོའི་མིང་ནི་འདི་ཞེས་བགྱི་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བུད་མེད་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་།
འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། གློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་བར་རྡོལ་བ་དང་། རིམས་དང་། རིམས་
དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་
པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུས་བསྒགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་
དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །ཁྱོད་ལ་ད་ལྟར་ངས་གང་དྲིས་པ་དེ་དགེ་འདུན་གྱི་དབུས་སུ་ཡང་ཁྱོད་ལ་འདྲི་ཡིས་དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲས་
ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་མ་བོས་ཀྱི་བར་དུ་མ་འོང་བར་སྡོད་ཅིག །དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་གསང་སྟེ་སྟོན་པའོ། །དེའི་འོག་ཏུ་གསང་སྟེ་སྟོན་པའི་དགེ་སློང་མས་རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་

དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། བདག་གི་མཁན་མོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་རྗེས་སུ་བསྟན་ནས། དེ་ཡང་བར་ཆད་ཀྱི་
ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ན་ཅི་མཆི་ཞིག་གམ། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་སྐད་བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མི་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་
གནས་པའི་སྡོམ་པ་སྦྱིན་པའི་ཆོ་ག་ཞུ་བའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱ་བ་དེ་དཀྱིལ་འཁོར་བར་བཀུག་ནས་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་སྟེ། དགེ་སློང་མ་ལས་བྱེད་པས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་དུ་གཞུག་པར་བྱའོ། །
འདི་ལྟར་གསོལ་དུ་གཞུག་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །དེའི་འོག་ཏུ་རྒན་པའི་མཐའ་ལོགས་སུ་ཕྱག་འཚལ་དུ་བཅུག་ནས། སྟན་ནང་ཚངས་ཅན་ལ་སོགས་པའི་སྟེང་དུ་ཅི་བདེར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་
བརྗོད་པར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་
ནས་སྨོས་ཏེ་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་འཕགས་མ་རྣམས་ལས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་འཕགས་མ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མིང་འདི་ཞེས་བགྱི་བ་ལ། དོན་གྱི་སླད་དུ་མཚན་
ནས་སྨོས་ཏེ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྩལ་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་བའོ། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས་

དགེ་སློང་མའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་
ལས་བསྙེན་པར་རྫོགས་པར་འཚལ་ཏེ། དགེ་འདུན་འཕགས་མ་རྣམས་ལས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་།
བདག་གིས་དགེ་འདུན་གྱི་ནང་དུ་མཁན་མོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་ནང་དུ་བར་ཆད་དྲི་བ་གསོལ་བའི་ཆོ་ག་དང་ལས་སོ། །དེའི་འོག་ཏུ་
དགེ་སློང་མ་ལས་བྱེད་པས་དགེ་སློང་མའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་བྱའོ། །འདི་ལྟར་དྲི་བར་བྱ་སྟེ། ལས་བྱེད་པ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་སྟན་ནང་ཚངས་ཅན་ལ་སོགས་པའི་སྟེང་དུ་ཅི་བདེར་འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དགེ་སློང་མ་
གཞན་ཅིག་མདུན་དུ་བཞག་པས་བསྒྲིབས་པ་ལ་བར་ཆད་དྲི་ཞིང་། དགེ་སློང་མ་མདུན་དུ་བཞག་པས་ལན་བཏབ་པ་དེའི་ཚིག་གི་རྗེས་སུ་དེ་ཉིད་ཟློས་སུ་གཞུག་གོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་
འབྱུང་བའི་དུས་ཏེ། ཁོ་མོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས་ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་བུད་མེད་ཡིན་ནམ། དེས་བུད་མེད་ལགས་ཞེས་བརྗོད་པར་བྱའོ། །བུད་མེད་ཀྱི་དབང་པོ་དང་ལྡན་ནམ།
དེས་ལྡན་ཞེས་བརྗོད་པར་བྱའོ། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་སམ། གཞོན་ནུ་མ་ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་ལྔ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་དང་ཁྱིམ་ཐབ་གསོན་ནམ། གལ་ཏེ་

གསོན་ཞེས་ཟེར་ན། ཁྱོད་ཕ་མ་དང་ཁྱིམ་ཐབ་ཀྱིས་གནང་ངམ་ཞེས་དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མོ་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ།
བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་མར་གྲགས་པ་མ་ཡིན་ནམ།
ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་
ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། རྩབ་ཧྲལ་ཅན་མ་ཡིན་ནམ། མྱ་ངན་གྱིས་གཟིར་བ་མ་ཡིན་ནམ། སྦྲུམ་མ་མ་ཡིན་ནམ། མཚན་གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཟླ་མཚན་ཟག་པ་མ་ཡིན་ནམ།
ཟླ་མཚན་མི་ཟག་པ་མ་ཡིན་ནམ། མཚན་མེད་པ་མ་ཡིན་ནམ། མཚན་མ་ཙམ་ཡོད་པ་མ་ཡིན་ནམ། སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་
རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་བུ་ལོན་ཆགས་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན་འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཞེས་ཟེར་ན།
ཇི་ལྟར་ཁྱོད་ད་ལྟ་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཞེས་ཟེར་ན། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཇི་ལྟར་ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་ལས་ལོ་

གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ཏམ། དེས་གསོལ་ཞེས་བརྗོད་པར་བྱའོ། །ཇི་ལྟར་ཁྱོད་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབས་སམ། དེས་བསླབས་ཞེས་བརྗོད་པར་བྱའོ། །ཁྱོད་
ཀྱི་མིང་ཅི། ཁྱོད་ཀྱི་མཁན་མོའི་མིང་ཅི། དེས་བདག་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་མོའི་མིང་འདི་ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བུད་མེད་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་
འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། གློག་པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། རྐང་བམ་
དང་། མཚན་བར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་།
གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་འབྲུམ་དང་། སྐྱུག་བྲོ་བ་དང་། ཆུས་བསྒགས་པ་དང་། ངལ་བ་དང་། ལུས་ཚ་བ་
དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་བརྗོད་པར་བྱའོ། །དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་
པ་དགེ་སློང་མའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའོ། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་

འདུན་འཕགས་མ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་འཕགས་མ་རྣམས་
ལས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་དགེ་འདུན་འཕགས་མ་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་འཕགས་མ་རྣམས་ཀྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་འཕགས་མ་རྣམས་ཀྱིས་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་
ཞེས་བགྱི་བས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་འཕགས་མ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་
པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་འཕགས་མ་རྣམས་ལས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་ཏེ། དེའི་སླད་དུ་དགེ་འདུན་འཕགས་མ་རྣམས་ཀྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་
བས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། འཕགས་མ་གང་དག་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་
གསུངས་ཤིག །དགེ་འདུན་འཕགས་མ་རྣམས་ཀྱིས་བཟོད་ཅིང་གནང་ནས། དགེ་འདུན་འཕགས་མ་རྣམས་ཀྱིས་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་
བཞིན་ཏུ་འཛིན་ཏོ། །དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་ཆོ་ག་དང་ལས་སོ། །དེའི་འོག་ཏུ་དགེ་སློང་མའི་དགེ་འདུན་གྱི་སྟེང་དུ་ཡུལ་དབུས་སུ་དགེ་སློང་བཅུ་ལ་སོགས་པའི་ཚོགས་སམ། མཐའ་འཁོབ་དག་ཏུ་གཞན་མེད་ན་འདུལ་བ་འཛིན་པ་དང་ལྔ་ལ་

སོགས་པ་དགེ་སློང་གི་དགེ་འདུན་གྱིས་བསྣན་ཏེ། དགེ་སློང་ལས་བྱེད་པས་བསྙེན་པར་རྫོགས་པར་བྱ་བ་དེ་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་དུ་གཞུག་པར་བྱའོ། །འདི་ལྟར་གསོལ་དུ་གཞུག་པར་བྱ་སྟེ། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག་གོ། །
དེའི་འོག་ཏུ་དགེ་སློང་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག་གོ། །དེའི་འོག་ཏུ་དགེ་སློང་མ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག་གོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པ་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག་ནས། མདུན་དུ་སྟན་ནང་ཚངས་ཅན་ལ་སོགས་པའི་སྟེང་དུ་ཅི་བདེར་
འདུག་ཏུ་བཅུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས་དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གཉི་གའི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་
རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གཉི་གའི་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། གཉི་
གའི་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་དྲང་དུ་གསོལ། གཉི་གའི་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་རྗེས་སུ་གཟུང་དུ་གསོལ། གཉི་གའི་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་གཉི་གའི་དགེ་འདུན་བཙུན་པ་རྣམས་ཀྱིས་
ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དེ་ནི་གཉི་གའི་དགེ་འདུན་ལ་བསྙེན་པར་རྫོགས་པར་གསོལ་བའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གཉི་གའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་
གསོལ་བ་འབའ་ཞིག་གི་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གཉི་གའི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་

ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་གཉི་གའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་གཉི་གའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། བདག་གིས་གཉི་གའི་
དགེ་འདུན་གྱི་ནང་དུ་མཁན་མོ་མིང་འདི་ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་བར་བྱའོ། །འདི་ནི་གསོལ་བའོ། །དེ་ནི་གཉི་གའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བར་གསོལ་བའི་ཆོ་ག་དང་ལས་སོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གཉི་གའི་དགེ་
འདུན་གྱི་ནང་དུ་བར་ཆད་དྲི་བར་བྱའོ། །འདི་ལྟར་དྲི་བར་བྱ་སྟེ། ལས་བྱེད་པ་ལ་ཕྱག་འཚལ་དུ་བཅུག་ནས་མདུན་དུ་སྟན་ནང་ཚངས་ཅན་ལ་སོགས་པའི་སྟེང་དུ་ཅི་བདེར་འདུག་ཏུ་བཅུག་སྟེ། དགེ་སློང་མ་གཞན་ཅིག་མདུན་དུ་བཞག་པས་བསྒྲིབས་པ་ལ་བར་ཆད་དྲི་ཞིང་དགེ་སློང་མ་
མདུན་དུ་བཞག་པས་ལན་བཏབ་པ་དེའི་ཚིག་གི་རྗེས་སུ་དེ་ཉིད་ཟློས་སུ་གཞུག་གོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་བའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ཟད་ཅིག་དྲི་ཡིས། ཁྱོད་མ་འཛེམ་
པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག །མ་ཡིན་པ་ལ་ཡང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་བུད་མེད་ཡིན་ནམ། དེས་བུད་མེད་ལགས་ཞེས་བརྗོད་པར་བྱའོ། །བུད་མེད་ཀྱི་དབང་པོ་དང་ལྡན་ནམ། དེས་ལྡན་ཞེས་བརྗོད་པར་བྱའོ། །ཁྱིམ་སོ་གཟུང་བ་ལོ་བཅུ་གཉིས་
སམ། གཞོན་ནུ་མ་ལོ་ཉི་ཤུ་ལོན་ནམ། དེས་ལོན་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཆོས་གོས་ལྔ་དང་ལྷུང་བཟེད་ཚང་ངམ། དེས་ཚང་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་ཕ་མ་དང་ཁྱིམ་ཐབ་གསོན་ནམ། གལ་ཏེ་གསོན་ཞེས་ཟེར་ན། ཁྱོད་ཕ་མ་དང་ཁྱིམ་ཐབ་ཀྱིས་གནང་ངམ་ཞེས་
དྲི་བར་བྱའོ། །དེས་གནང་ཞེས་བརྗོད་པར་བྱའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མོ་མ་ཡིན་ནམ། བརྐུས་པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་

པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་ནམ། ཆོམ་རྐུན་མར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་སུན་ཕྱུང་བ་མ་ཡིན་ནམ། རྐུ་ཐབས་
སུ་གནས་པ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་མ་ཡིན་ནམ། རྩབ་ཧྲེལ་ཅན་
མ་ཡིན་ནམ། མྱ་ངན་གྱིས་གཟིར་བ་མ་ཡིན་ནམ། སྦྲུམ་མ་མ་ཡིན་ནམ། མཚན་གཉིས་པ་མ་ཡིན་ནམ། གླེ་འདམས་པ་མ་ཡིན་ནམ། རྟག་ཏུ་ཟླ་མཚན་ཟག་པ་མ་ཡིན་ནམ། ཟླ་མཚན་མི་ཟག་པ་མ་ཡིན་ནམ། མཚན་མེད་པ་མ་ཡིན་ནམ། མཚན་མ་ཙམ་ཡོད་པ་མ་ཡིན་ནམ།
སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དེས་མ་ལགས་ཞེས་བརྗོད་པར་བྱའོ། །ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ཟད་ཆགས་པ་མེད་དམ། གལ་ཏེ་ཆགས་སོ་ཞེས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་
འཇལ་ནུས་སམ་ཞེས་དྲི་བར་བྱའོ། །གལ་ཏེ་མི་ནུས་ཞེས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་བསྙེན་པར་རྫོགས་ནས་འཇལ་ནུས་ཞེས་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ནམ་ཞེས་དྲི་བར་བྱའོ། །གལ་ཏེ་བདག་རབ་ཏུ་བྱུང་བ་ཡིན་ཞེས་ཟེར་ན། ཁྱོད་ཀྱིས་
ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ་ཞེས་དྲི་བར་བྱའོ། །དེས་ལེགས་པར་སྤྱད་ཅེས་བརྗོད་པར་བྱའོ། །ཇི་ལྟར་ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་གསོལ་ཏམ། དེས་གསོལ་ཞེས་བརྗོད་པར་
བྱའོ། །ཇི་ལྟར་ཁྱོད་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབས་སམ། དེས་བསླབས་ཞེས་བརྗོད་པར་བྱའོ། །ཁྱོད་ཀྱི་མིང་ཅི། ཁྱོད་ཀྱི་མཁན་མོའི་མིང་ཅི། དེས་བདག་མིང་འདི་ཞེས་བགྱི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་མོའི་མིང་འདི་

ཞེས་བརྗོད་པར་བྱའོ། །མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བུད་མེད་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་འདི་ལྟ་སྟེ། མཛེ་དང་། འབྲས་དང་། ཕོལ་མིག་དང་། འབྲུམ་ཕྲན་དང་། ཤ་བཀྲ་དང་། ཁྱི་རྔོ་དང་། གཡའ་བ་དང་། གློག་
པ་དང་། རྐང་ཤུ་དང་། སྐེམ་ནད་དང་། སྐེམ་པ་དང་། བརྗེད་བྱེད་དང་། བཀྲེས་ངབ་དང་། སྐྱ་རྦབ་དང་། རྐང་བམ་དང་། མཚན་བར་རྡོལ་བ་དང་། རིམས་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་།
འདུས་པ་དང་། རིམས་ཉིན་རེ་བ་དང་། རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། ཤུ་བ་དང་། གསུད་པ་དང་། སྐྱིགས་བུ་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། ལྷོག་པ་དང་། ཡན་ལག་ཏུ་ཟུག་པ་དང་། སྐྲན་དང་། ཁྲག་ནད་དང་། མཁྲིས་ནད་དང་། གཞང་
འབྲུམ་དང་། སྐྱུག་བྲོ་བ་དང་། ཆུས་བསྒགས་པ་དང་། ངལ་བ་དང་། ལུས་ཚ་བ་དང་། རྩིབ་ལོགས་ཚ་བ་དང་། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ཡང་རུང་བ་དང་། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ཞེས་
བརྗོད་པར་བྱའོ། །དེ་ནི་དགེ་སློང་ལས་བྱེད་པས་གཉི་གའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའོ། །དེའི་འོག་ཏུ་དགེ་སློང་ལས་བྱེད་པས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འདུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །གཉི་གའི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
མིང་འདི་ཞེས་བགྱི་བ་འདི། མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། བུད་མེད་ཀྱང་ལགས། བུད་མེད་ཀྱི་
དབང་པོ་དང་ཡང་ལྡན། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་སམ། གཞོན་ནུ་མ་ལོ་ཉི་ཤུ་ཡང་ལགས། འདིའི་ཆོས་གོས་ལྔ་དང་ལྷུང་བཟེད་ཀྱང་ཚང་། ཕ་མ་དང་ཁྱིམ་ཐབ་ཀྱིས་ཀྱང་གནང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག །འདིས་ཚངས་པར་སྤྱོད་པ་ཡང་ལེགས་པར་

སྤྱད། འདི་ལ་དགེ་སློང་མའི་དགེ་འདུན་གྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་ཡང་སྩལ། འདིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་ཡང་བསླབ། འདི་ལ་དགེ་སློང་མའི་དགེ་འདུན་གྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་
གནས་པའི་སྡོམ་པ་ཡང་སྩལ། འདི་ལ་དགེ་སློང་མའི་དགེ་འདུན་གྱིས་དུས་སྔར་བགྱི་བ་ཡང་བགྱིས། འདིས་དགེ་སློང་མའི་དགེ་འདུན་གྱི་སེམས་ཀྱང་མགུ་བར་བགྱིས། ཁ་ན་མ་ཐོ་བ་ཡང་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་
གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་གཉི་གའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་གཉི་གའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གཉི་གའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛོད་
དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། གཉི་གའི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་
ཞེས་བགྱི་བས་གཉི་གའི་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། བུད་མེད་ཀྱང་ལགས། བུད་མེད་ཀྱི་དབང་པོ་དང་ཡང་ལྡན། ཁྱིམ་སོ་གཟུང་བ་ལོ་བཅུ་གཉིས་སམ། གཞོན་ནུ་མ་ལོ་ཉི་ཤུ་ཡང་ལགས། འདིའི་ཆོས་གོས་ལྔ་དང་ལྷུང་བཟེད་ཀྱང་ཚང་། ཕ་མ་དང་ཁྱིམ་ཐབ་
ཀྱིས་ཀྱང་གནང་། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག །འདིས་ཚངས་པར་སྤྱོད་པ་ཡང་ལེགས་པར་སྤྱད། འདི་ལ་དགེ་སློང་མའི་དགེ་འདུན་གྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབ་པའི་སྡོམ་པ་ཡང་སྩལ། འདིས་ལོ་གཉིས་ས