Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 091_རྒྱུད་འབུམ།_བ
Văn bản gốc(Tây Tạng)
Trang 10 / 18 (50.000 ký tự/trang)
་འདི་དག་གསོལ་ཏོ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །བློ་ལྡན་ཁྱོད་ཀྱིས་གང་མཁྱེན་པ། །ལྷ་རྣམས་ཀྱིས་ ནི་དེ་མ་འཚལ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གང་དག་འདས་པ་དང་། །ད་ལྟར་བྱུང་དང་མ་བྱོན་པ། །ཐམས་ཅད་ལ་ནི་བདག་ཕྱག་འཚལ། །ཁྱོད་ལའང་བདག་ནི་སྐྱབས་སུ་མཆིས། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་ དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་གང་དག་གནས་མལ་དགོན་པ་དང་། ནགས་འདབ་དག་དང་། བས་མཐའ་དག་ན་གནས་པ་དག་ཀྱང་མཆིས་ལ། དེ་ལ་གནོད་སྦྱིན་དང་། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅོམ་ལྡན་ འདས་ཀྱི་གསུང་རབ་ལ་མངོན་པར་དད་པ་དག་དང་མངོན་པར་མ་དད་པ་དག་ཀྱང་མཆིས་ཏེ། གནོད་སྦྱིན་དང་། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མངོན་པར་དད་པ་དེ་དག་ནི་ཤིན་ཏུ་ཉུང་ལ། གནོད་སྦྱིན་ དང་། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མངོན་པར་མ་དད་པ་དེ་དག་ནི་ཆེས་མང་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་འདི་ལྟར་བདག་ཉིད་བསྲུང་བ་དང་། བསྐྱབ་པ་དང་། བདེ་བ་ལ་རེག་པར་གནས་པར་བགྱི་བ་དང་། གནོད་སྦྱིན་དང་། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་མངོན་པར་མ་དད་པ་དག་མངོན་པར་དད་པར་བགྱི་བ་དང་། མངོན་པར་དད་པ་རྣམས་ཀྱང་སླར་ ཞིང་འཕེལ་བར་བགྱི་བའི་སླད་དུ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་འཛིན་ཅིང་། ཀུན་ཆུབ་པར་བགྱིད་ན་ལེགས་སོ་ལེགས་སོ་ཞེས་གསོལ་པ་དང་། བཅོམ་ ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གནང་བར་རི་གནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེའི་ཚེ་བཅོམ་ལྡན་ འདས་ཀྱི་སྤྱན་སྔར་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་གསོལ་ཏོ། །སྐྱེ་བོ་གང་དག་གཏོང་ཕོད་ཅིང་། །ཕྲ་མ་མི་མཆི་སེར་སྣ་བྲལ། །གང་དག་སངས་རྒྱས་ སྐྱབས་མཆིས་པས། །མི་དེ་རྣམས་ཀྱིས་རྙེད་པ་ལགས། །གང་གི་འཆར་ལ་བརྟེན་ནས་ནི། །དེས་ན་ཉིན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོའི་དཀྱིལ་འཁོར་ཅན། །ཉི་གདུགས་གང་འཆར་འགྱུར་བ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་ དང་ལྡན་པ་ནི། །དྲི་ཟའི་བདག་པོ་རྒྱལ་པོ་སྟེ། །མིང་ནི་ཡུལ་འཁོར་སྲུང་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །དྲི་ཟ་རྣམས་ཀྱིས་ཡོངས་བསྐོར་ཅིང་། །དྲི་ཟ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་ བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག །གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག །སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ཤར་གྱི་ཕྱོགས་དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་ དེ་མངོན་བར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་ཡི་དགས་ཞེས་བགྱི་བ། །རྒྱབ་ཀྱི་ཤ་འཚལ་ཕྲ་མ་ཅན། །སྲོག་གཅོད་བགྱིད་པ་མ་རུངས་པ། །འཇུངས་ཤིང་མི་སྙན་སྨྲ་བགྱིད་པའི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ ཆེན་གྲགས་དང་ལྡན་པ་ནི། །གྲུལ་བུམ་བདག་པོ་རྒྱལ་པོ་སྟེ། །མིང་ནི་འཕགས་སྐྱེས་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གྲུབ་བུམ་རྣམས་ཀྱིས་ཡོངས་བསྐོར་ཅིང་། །གྲུལ་བུམ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་ གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་ པ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག །གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག །སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ལྷོ་ཡི་ཕྱོགས་དེ་ནི། །བཟང་བ་ ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ཞིག་ནུབ་པ་ཁོ་ན་ལས། །དེས་ན་མཚན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོ་དཀྱིལ་འཁོར་ཅན། །ཉི་གདུགས་གང་དུ་ནུབ་འགྱུར་བ། །དེ་ན་མཚོ་ ཆེན་ཟབ་མོ་ནི། །ཤིན་ཏུ་འདའ་བར་དཀའ་བ་སྟེ། །དེ་ནི་ཆུ་སྔོན་རྒྱ་མཚོ་ཞེས། །སྐྱེ་བོས་རྟོགས་པ་མཆིས་པ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །ཀླུ་ཡི་བདག་པོ་རྒྱལ་པོ་སྟེ། །མིང་ནི་མིག་མི་བཟང་ཞེས་བགྱི། ། དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །ཀླུ་རྣམས་ཀྱིས་ནི་ཡོངས་བསྐོར་ཅིང་། །ཀླུ་རྣམས་ཀྱིས་ནི་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་ པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་ བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག །གཽ་ཏམ་ ཁྱོད་ལ་ཕྱག་འཚོལ་ཅིག །སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ནུབ་ཀྱི་ཕྱོགས་དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་ཅིང་། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་བྱང་གི་ སྒྲ་མི་སྙན། །དགའ་ཞིང་ལྷུན་ཆེན་ལྟ་མཛེས་དང་། །གང་ན་མི་རྣམས་ཚེ་ལོ་ནི། །བརྒྱ་ཕྲག་བཅུ་པ་སྐྱེ་འགྱུར་ཞིང་། །དེ་དག་མི་རྨོ་མི་འདེབས་ལ། །གཤོལ་ཡང་འཆའ་པར་མི་བགྱིད་ཅིང་། །ཚེ་རིང་མདོག་དང་ལྡན་པ་དང་། །ངེས་པར་ཡོངས་སུ་སྤྱོད་བགྱིད་ཅིང་། ། ཟས་སུ་སཱ་ལུ་ཁ་དོག་དང་། །དྲི་དང་རོ་དང་ལྡན་པ་དང་། །དྲི་བདའ་མེ་ཏོག་ཚོགས་འདྲ་ཞིང་། །ལྷ་ཡི་བདུད་རྩི་འདྲ་བ་འཚལ། །ན་ལི་ཀེ་ར་བསྐོལ་བགྱིས་ནས། །ཚོད་མར་དེ་འཚལ་སྲན་ཚོད་མིན། །གང་ན་མེ་ལྕེའི་རྩེ་འདྲ་བའི། །སྨན་དགའ་ཁྲུང་བར་འགྱུར་བ་ ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གནོད་སྦྱིན་བདག་པོ་རྒྱལ་པོ་སྟེ། །མིང་ནི་ལུས་ངན་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གནོད་སྦྱིན་རྣམས་ཀྱིས་ཡོངས་བསྐོར་ཅིང་། །གནོད་ སྦྱིན་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་ གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚལ་ཅིག །གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག །སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། ། ཏེ་ལྟར་བྱང་གི་ཕྱོགས་དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་ བཟང་། །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་དེ་བཞི་དག །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། །ཕྱོགས་བཞི་དག་ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་གི་མངག་གཞུག་པ། །གནོད་སྦྱིན་འདོད་དགུར་མཆི་བ་རྣམས། ། དེ་དག་གླང་པོ་ཆེ་འཚལ་ཞིང་། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུ། །དེ་དག་ནི་ཆི་བས་རྟ་དང་། རྔ་མོ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་། ལུག་དང་། སྦྲུལ་དང་། བྱ་དང་། སྐྱེས་པ་དང་། བུད་མེད་དང་། གཞོན་ནུ་དང་། གཞོན་ནུ་མ་ལ་འཚལ་ཞིང་ཕྱོགས་ ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །གླང་པོ་ཆེ་གཅིག་གིས་ཤིང་རྟ་དྲངས་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །ཆིབས་རྟ་དང་། རྔ་མོ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་། ལུག་དང་། སྦྲུལ་དང་། བྱ་དང་། སྐྱེས་པ་དང་། བུད་མེད་དང་། གཞོན་ ནུ་དང་། གཞོན་ནུ་མ་གཅིག་གིས་ཤིང་རྟ་དྲངས་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེའི། །གནོད་སྦྱིན་འདོད་དགུར་མཆི་བ་རྣམས། །བཞོན་པ་དེ་དག་འཚལ་ནས་ནི། །ཕྱོགས་བཞི་དག་ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་ནི་གྲོང་ ཁྱེད་དག །སྣ་ཚོགས་མཁའ་ལ་རྒྱུ་བ་མཆིས། །འདི་ལྟ་སྟེ། ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་། ས་ལ་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་། གར་བཅས་ས་སྟེང་ཀུན་ཏུ་རྒྱུ་བ་དང་། སྦུབས་ཅན་དང་གྲོང་ཁྱེར་སྦུབས་ཅན་ཞེས་བགྱི་བ་དག་ལགས་སོ། །བྱང་ཕྱོགས་ན་ མཚོ་ཀ་པི་བང་ཀ་ཞེས་བགྱི་བ་ཡང་མཆིས་ལགས་སོ། །ནུབ་ཕྱོགས་ན་གྲོང་ཁྱེར་སར་པ་གསར་ལྡན་དང་། གོས་ཅན་དང་། གོས་མཆོག་ཅན་དང་། པདྨ་ཅན་དང་། པདྨ་བཟང་པོ་ཅན་དང་། ས་གཞི་ཅན་ཞེས་བགྱི་བ་དག་ཀྱང་མཆི་ལགས་སོ། །ཆབ་རྒྱུན་མང་པོའི་ གནས་གྱུར་པ། །འཛིན་པ་ཞེས་བགྱིའི་མཚོ་མཆིས་ཏེ། །ཆབ་རྒྱུན་ཐ་དད་དེ་ལས་བྱུང་། །དེ་ལས་དགུང་ཆར་འབབ་པར་འགྱུར། །བཙུན་པ་གྲོང་ཁྱེར་ཨུ་ཤི་རའི་སྦུབས་ཀྱི་ཕ་རོལ་ན། ལུས་གནས་དང་ནི་གནས་ཡངས་དང་། །དེ་བས་གནས་ཡང་རྒྱུན་ལུགས་ཅན། ། རྒྱུན་ལུགས་མང་དང་དེ་བས་མང་། །བར་སྣང་མཁའ་ལ་བྱ་ལྟར་གདའ། །བཙུན་པ་གྲོང་ཁྱེར་སྦུབས་ཅན་གྱི་ཕ་རོལ་བྱང་ཕྱོགས་ན་འདུན་ས་བྱ་གར་ཅན་ཞེས་བགྱི་བ་དེ་མཆིས་ཏེ། དེར་ནི་གནོད་སྦྱིན་རྣམས་འདུ་ཞིང་གནས་ལགས་སོ། །རྐང་མི་སྡུག་ལ་མཆུ་འཕྱངས་དང་། །འཇིགས་ རུང་ལྟོ་སྤུ་ཅན་དག་མཆིས། །དེ་ན་ལྗོན་ཤིང་འབྲས་བུ་རྟག །རྨ་བྱ་ཁྲུང་ཁྲུང་སྒྲ་སྙན་དང་། །ཁུ་བྱུག་སྒྲ་སྐད་ཆེན་པོ་དང་། །ཤང་ཤང་ཏེའུ་དག་སྒྲ་འབྱིན་ཅིང་། །རྨ་བྱ་རྣམས་ཀྱི་སྒྲ་དག་ཀྱང་། །གཽ་ཀུམ་བྷ་དང་ཆུན་ལག་དང་། །བྱ་རྣམས་སྣ་ཚོགས་སྐད་འབྱིན་ཅིང་། ། མེ་ཏོག་སྦྲང་རྩིའི་རོ་ལ་དགའ། །ལུས་ངན་པོ་དེ་གླུ་གར་གྱིས། །པདྨ་ཅན་དང་ལྷན་ཅིག་རྩེ། །བཙུན་པ་གྲོང་ཁྱེར་ལྕང་ལོ་ཅན་གྱི་ཕ་རོལ་ན་རྒྱལ་པོ་དཔའ་བོ་ཞེས་བགྱི་བ་ཡུལ་འཁོར་མུ་ཁྱུད་ན་མཆིས་ལགས་སོ། །བདག་གང་ན་མཆིས་པའི་འདུན་ས་དེ་ནི་ཁྱུ་མཆོག་ཅན་ཞེས་བགྱི་ སྟེ། །བདག་གི་མིང་ནི་རྣམ་ཐོས་ཀྱི་བུ་ཞེས་བགྱི་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཨི་ལི་མི་ལི། ཨི་ལི་མི་ལི། ཀིཊྚི་མཱུ་ལེ། ཧི་ལི་ཀིཊྚི་མཱུ་ལེ། ཧུ་དུ་མེ། ཧུ་དུ་ར་དུ་མེ། གཽ་རི། གནྡྷ་རི། གོ་དོ་ཧ་ནི། ཨོ་ཀེ་མོ་ཀེ་སྭཱ་ཧཱ། བཙུན་ པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་དྲི་ཟ་རྣམས་དང་། དྲི་ཟ་ཆེན་པོ་རྣམས་དང་། དྲི་ཟའི་སྡེ་དཔོན་རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། འདོད་མྱོས་དགའ་བས་མྱོས་པ་དང་། །གླུ་ཡི་མྱོས་པ་སྤུན་དང་ནི། །ཕྲེང་བས་ མྱོས་དང་སྦྲང་རྩིས་མྱོས། །མེ་ཏོག་མྱོས་པ་སྤུན་རྣམས་དང་། །རྟག་ཏུ་མྱོས་དང་དཔལ་གྱིས་མྱོས། །ནོར་གྱིས་མྱོས་དང་དགའ་བྱེད་དང་། །ཨུཏྤལ་པདྨ་ཟླ་བ་དང་། །ལྔ་འཛིན་དང་ནི་ཁུ་བྱུག་སྒྲ། །ཏུམ་བུ་རུ་དང་གཙུག་ལྔ་དང་། །གསེར་སྤྱོད་བུ་མོ་ གསེར་ཅན་དང་། །པ་བ་སངས་དང་ཕུར་བུ་དག །འགྲོ་གནས་ཇི་སྙེད་རྒྱལ་པོ་ལགས། །དེ་དག་བདག་གི་སྤུན་ལགས་ཏེ། །དེ་དག་ལ་བདག་དྲི་ཟ་འདི་ནི་བདག་ལ་འཚེའོ། །དྲི་ཟ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། ། བདག་ལ་འཚེ་བའི་དྲི་ཟ་དང་། །བདག་མི་གཏོང་བའི་དྲི་ཟ་ཡིས། །ལེགས་པར་སྨྲས་པ་འདི་ཐོས་ན། །ཨརྫ་ཀ་ཡི་དོག་པ་བཞིན། །དེ་ཡི་མགོ་ཚལ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐ། ཀུནྟུ་ལེ། ཀུནྟུ་ལེ། ཀུནྟུ་ལེ། ཀུནྟུ་ཕེ། ཨེ་ཧི་ཨེ་ཧི། ས་དཱ་མཏྟི་ཀེ། ས་དཱ་བྷཎྜི་ནི་ཀེ། ཏིཥྛ་ཏུཥྚ། བདྡྷོ་སི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་ དང་མཐུན་པའི་མདོ། །རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་དྲི་ཟའམ། དྲི་ཟ་མོའམ། །དྲི་ཟ་རྒན་པོའམ། དྲི་ཟ་རྒན་མོའམ། དྲི་ཟའི་བུ་ཕོའམ། དྲི་ཟའི་བུ་ མོའམ། དྲི་ཟའི་འཁོར་ཕོའམ། དྲི་ཟའི་འཁོར་མོའམ། དྲི་ཟའི་མངག་གཞུག་པའམ། དྲི་ཟའི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་ མི་རྙེད་ལ། དྲི་ཟ་རྣམས་ཀྱི་དྲི་ཟ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་ སློང་མའམ། །དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཤ་ཟའམ། ཤ་ཟ་མོའམ། ཤ་ཟ་རྒན་པོའམ། ཤ་ཟ་རྒན་མོའམ། ཤ་ཟའི་བུ་ཕོའམ། ཤ་ཟའི་བུ་མོའམ། ཤ་ཟའི་འཁོར་ཕོའམ། ཤ་ཟའི་འཁོར་མོའམ། ཤ་ཟའི་མངག་གཞུག་པའམ། ཤ་ཟའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་ གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཤ་ཟ་རྣམས་ཀྱི་ཤ་ཟ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧུ་མེ་ཧུ་མེ། ཧུ་མེ་ལེ། ཧུ་མི་ལ། བཱ་ཏཱི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་གྲུལ་བུམ་རྣམས་དང་། གྲུལ་བུམ་ཆེན་པོ་རྣམས་དང་། གྲུལ་བུམ་གྱི་སྡེ་ དཔོན་རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། བྱིན་དང་ཉེ་བྱིན་ཀྲི་མི་ཤ། །རྩིབ་ལོགས་ཆེ་དང་གསུས་པོ་ཆེ། །ལག་བཅུ་དང་ནི་ས་ལ་རྒྱུ། །གཡོན་ཕྱོགས་ནག་པོ་དམར་པོ་དང་། །སྤྲིན་མདོག་དང་ནི་དྲི་མེད་དང་། །རྣ་བ་རིང་དང་ འབྲུག་སྒྲ་སྒྲོགས། །རལ་བ་ཅན་དང་སྟོབས་བཅུ་དང་། །སྲིད་སྒྲུབ་དང་ནི་འདོད་དགུར་མཆི། །འཇོག་པོ་དང་ནི་བྱ་བ་སྦེད། །ལ་བ་བཟང་ལྡན་གསུམ་པོ་དང་། །ཚོན་ཀུན་དང་ནི་མིག་བཀྲ་པོ། །འགྲོ་གནས་ཇི་སྙེད་མཆི་བ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ ཏེ། དེ་དག་ལ་བདག་གྲུལ་བུམ་འདི་ནི་བདག་ལ་འཚེའོ། །གྲུལ་བུམ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་གྲུལ་བུམ་དང་། །བདག་མི་གཏོང་བའི་གྲུལ་བུམ་གྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། ། ཨ་རྫ་ཀ་ཡི་དོག་པ་བཞིན། །དེ་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐ། སི་རེ་བི་སི་རེ། སི་རེ་བི་ས་རེ། སི་རེ་བི་ས་རེ། ཀྲྀཥྞ་ཚ་ག་ལེ། ཀ་རཱ་ཌ། པིཾ་ག་ལེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་ འདོན་པར་བགྱིད་པ་དེ་ལ་གལ་ཏེ་གྲུལ་བུམ་མམ། གྲུལ་བུམ་མོའམ། གྲུལ་བུམ་རྒན་པོའམ། གྲུལ་བུམ་རྒན་མོའམ། གྲུལ་བུམ་གྱི་བུ་ཕོའམ། གྲུལ་བུམ་གྱི་བུ་རྨའམ། གྲུལ་བུམ་གྱི་འཁོར་ཕོའམ། གྲུལ་བུམ་གྱི་འཁོར་མོའམ། གྲུལ་བུམ་གྱི་མངག་གཞུག་པའམ། གྲུལ་བུམ་གྱི་མངག་བཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། གྲུལ་བུམ་རྣམས་ཀྱི་གྲུ་ལ་བུམ་འདུ་བའི་ནང་དུ་མཆིར་མི་ཚུད་ཅིང་། རྒྱལ་ པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་ བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཡི་དགས་སམ། ཡི་དགས་མོའམ། ཡི་དགས་ རྒན་པོའམ། ཡི་དགས་རྒན་མོའམ། ཡི་དགས་ཀྱི་བུ་ཕོའམ། ཡི་དགས་ཀྱི་བུ་མོའམ། ཡི་དགས་ཀྱི་འཁོར་ཕོའམ། ཡི་དགས་ཀྱི་འཁོར་མོའམ། ཡི་དགས་ཀྱི་མངག་གཞུག་པའམ། ཡི་དགས་ཀྱི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་ གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་ཉེ་བར་འགྲེང་ངམ་ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཡི་དགས་རྣམས་ཀྱི་ཡི་དགས་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་ དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཡུ་མི་ཡུ་མི། ཡུ་མི་ལི། ཡུ་མི་ལ་བཱ་ཏི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་ཀླུ་རྣམས་དང་། ཀླུ་ཆེན་པོ་རྣམས་དང་། ཀླུའི་སྡེ་དཔོན་ རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དགའ་དང་ཉེ་དགའ་ཀུན་དགའ་དང་། །ནོར་རྒྱས་དང་ནི་འཛམ་བུ་བཟང་། །སེར་པོ་དང་ནི་ཞོ་རྣ་དང་། །དབང་པོའི་ལག་དང་བཀྲ་ཤིས་དང་། །མྱ་ངན་མེད་དང་མྱ་ངན་བྲལ། །རབ་ གྲོལ་དང་ནི་རྒྱལ་བའི་བདག །ངོས་ཡངས་པོ་དང་ངོས་བཀྲ་དང་། །ཡངས་པ་ཅན་དང་བཀྲ་འདུད་རྒྱལ། །གདེངས་ཀ་ཆེ་དང་སྐར་དགའ་དང་། །ནག་པོ་ཆེ་དང་ལག་འགྲོ་དང་། །ར་སྐྱོང་དང་ནི་འཇོག་པོ་དང་། །གཡོན་ཕྱོགས་དེ་བཞིན་ནག་པོ་དང་། །སྔོ་བསངས་ དཀར་དང་འགྲོགས་པ་ནི། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ་དེ་དག་ལ་བདག་ཀླུ་འདི་ནི་བདག་ལ་འཚེ་འོ། །ཀླུ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་ཀླུ་དག་དང་། །བདག་ མི་གཏོང་བའི་ཀླུ་རྣམས་ཀྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །ཨརྫ་ཀ་ཡི་དོག་པ་བཞིན། །དེའི་མགོ་ཚལ་བ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཙི་ལེ་བི་ཙི་ལེ། ཙི་ལེ་བི་ཙི་ལེ། གཽ་རི། གནྦྷ་རི། མ་ཏཾ་ གི། ཙཎྜ་ལི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་ རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཀླུ་འམ། ཀླུ་མོའམ། ཀླུ་རྒན་པོའམ། ཀླུ་རྒན་མོའམ། ཀླུའི་བུ་ཕོའམ། ཀླུའི་བུ་མོའམ། ཀླུའི་འཁོར་ཕོའམ། ཀླུའི་འཁོར་མོའམ། ཀླུའི་མངག་ གཞུག་པའམ། ཀླུའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཀླུ་རྣམས་ཀྱི་ཀླུ་འདུ་བའི་ནང་དུ་མཆིར་མི་ཚུད་ ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ལུས་སྲུལ་པོའམ། ལུས་སྲུལ་མོའམ། ལུས་སྲུལ་རྒན་ པོའམ། ལུས་སྲུལ་རྒན་མོའམ། ལུས་སྲུལ་པོའི་བུ་ཕོའམ། ལུས་སྲུལ་པོའི་བུ་མོའམ། ལུས་སྲུལ་པོའི་འཁོར་ཕོའམ། ལུས་སྲུལ་པོའི་འཁོར་མོའམ། ལུས་སྲུལ་པོའི་མངག་གཞུག་པའམ། ལུས་སྲུལ་པོའི་མངག་གཞུག་མ་འཚེ་བར་ བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ལུས་སྲུལ་པོ་རྣམས་ཀྱི་ལུས་སྲུལ་པོ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཨ་བེ་བ་ཧ་ན་བ་ཏི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་ གནོད་སྦྱིན་རྣམས་དང་། གནོད་སྦྱིན་ཆེན་པོ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དབང་པོ་ཟླ་བ་ཆུ་ལྷ་དང་། །བྷ་ར་དྭ་ཛ་སྐྱེ་དགུའི་བདག །དབང་ལྡན་ཙནྡན་འདོད་ གཙོ་དང་། །མགྲིན་ངན་དང་ནི་མགུལ་ངེས་དང་། །སྟོབས་ལྡན་ནོར་བུ་ནོར་སྤྱོད་དང་། །སྒྲ་རབ་དང་ནི་ཉེ་རྔ་དང་། །རི་མཉམ་གསེར་ཅན་གང་པོ་དང་། །སེང་ལྡེང་པ་དང་གཡོན་ཅན་དང་། །གནོད་སྦྱིན་བ་སྐྱོང་འབྲོག་གནས་དང་། །རྒྱལ་བ་ཁྱུ་མཆོག་མི་ རྒྱལ་པོ། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །ལྕགས་མདུང་རིང་དང་མ་ལྡན་དང་། །ཚིག་ལྔ་སེར་པོ་ཡིད་དགའ་དང་། །གནོད་སྦྱིན་རིང་པོ་འཁོར་དང་བཅས། །འབྲས་བུ་གསུམ་པ་མགུལ་གསུམ་པ། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་ གི་སྤུན་ལགས་ཏེ། དེ་དག་ལ་བདག་གནོད་སྦྱིན་འདི་ནི་བདག་ལ་འཚེའོ། །གནོད་སྦྱིན་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་བདག་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་གནོད་སྦྱིན་དང་། །བདག་མི་གཏོང་བའི་གནོད་སྦྱིན་གྱིས། །ལེགས་ པར་སྨྲས་པ་འདི་ཐོས་ན། །ཨརྫ་ཀའི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧི་ལེ་མི་ལེ། ཧི་ལེ་མི་ལེ། ཀཱིརྟི་མཱུ་ལི། ཧི་ལི་ཀཱིརྟི་མཱུ་ལེ། ཨོ་ཏུམྦེ་ཏུམྦེ། ཨོ་ཏུམྦེ། ཏུམྦེ། ཨོ་གྷེ་མོ་གྷེ། གོ་དེ་ཧི། བྷྲིཾ་གཱ་རེ། རྀ་ཥི་སཏྟ་མེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་ དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་གནོད་སྦྱིན་ནམ། གནོད་སྦྱིན་མོའམ། གནོད་སྦྱིན་རྒན་ཕོའམ། གནོད་སྦྱིན་རྒན་མོའམ། གནོད་སྦྱིན་གྱི་བུ་ཕོའམ། གནོད་སྦྱིན་གྱི་བུ་མོའམ། གནོད་སྦྱིན་གྱི་འཁོར་ཕོའམ། གནོད་སྦྱིན་གྱི་འཁོར་མོའམ། གནོད་སྦྱིན་གྱི་མངག་གཞུག་པའམ། གནོད་སྦྱིན་གྱི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་ བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་ པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་སྲིན་པོའམ། སྲིན་མོའམ། སྲིན་པོ་རྒན་པོའམ། སྲིན་པོ་རྒན་མོའམ། སྲིན་པོའི་བུ་ཕོའམ། སྲིན་པོའི་བུ་མོའམ། སྲིན་པོའི་འཁོར་ཕོའམ། སྲིན་ པོའི་འཁོར་མོའམ། སྲིན་པོའི་མངག་གཞུག་པའམ། སྲིན་པོའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། སྲིན་པོ་རྣམས་ ཀྱི་སྲིན་པོ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཡུ་མེ་ཡུ་མེ་ལེ། ཡུ་མི་ལ་བ་ཏཱི་ཡེ་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་ འདི་ཉིད་རྒྱ་ཆེར་བརྗོད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་མཚན་མོ་འདས་པ་དང་། དགེ་སློང་གི་དགེ་འདུན་གྱི་གཙོ་ལ་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ། །བཞུགས་ ནས་ཀྱང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་དང་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཁ་དོག་འཕགས་པ། གཡོག་འཁོར་གནོད་སྦྱིན་དུ་མ་དང་། གཡོག་འཁོར་གནོད་སྦྱིན་བརྒྱ་ཕྲག་དུ་མ་དང་། གཡོག་འཁོར་གནོད་སྦྱིན་སྟོང་ཕྲག་དུ་མ་དང་། གཡོག་འཁོར་གནོད་སྦྱིན་འབུམ་ཕྲག་དུ་མ་དང་ལྡན་པ། ནམ་སྲོས་པ་དང་། ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་ངའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཁ་དོག་གི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ ཅད་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཕྱོགས་གཅིག་ཏུ་འདུག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །བློ་ལྡན་ཁྱོད་ཀྱིས་གང་མཁྱེན་པ། །ལྷ་རྣམས་ཀྱིས་ནི་དེ་མ་འཚལ། །དཔའ་ ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གང་དག་འདས་པ་དང་། །ད་ལྟར་བྱུང་དང་མ་བྱོན་པ། །ཐམས་ཅད་ལ་ནི་བདག་ཕྱག་འཚལ། །ཁྱོད་ལའང་བདག་ནི་སྐྱབས་སུ་མཆི། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་ བསྙེན་ནམ། དགེ་བསྙེན་མ་གང་དག་གནས་མལ་དགོན་པ་དག་དང་། ནགས་འདབ་དག་དང་། བས་མཐའ་དག་ན་གནས་པ་དག་ཀྱང་མཆིས་ལ། དེ་ན་གནོད་སྦྱིན་དང་མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མངོན་པར་དད་ པ་དག་དང་། མངོན་པར་མ་དད་པ་དག་ཀྱང་མཆིས་ཏེ། གནོད་སྦྱིན་དང་། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མངོན་པར་དད་པ་དེ་དག་ནི་ཤིན་ཏུ་ཉུང་ལ། གནོད་སྦྱིན་དང་། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་ གང་དག་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མངོན་པར་མ་དད་པ་དེ་དག་ནི་ཆེས་མང་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་འདི་ལྟར་བདག་ཉིད་བསྲུང་བ་དང་། བསྐྱབ་པ་དང་། བདེ་བ་ལ་རེག་པར་གནས་པར་བགྱི་བ་དང་། གནོད་སྦྱིན་དང་། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་མངོན་པར་མ་དད་པ་དག་མངོན་པར་དད་ཕར་བགྱི་བ་དང་། མངོན་པར་དད་པ་རྣམས་ཀྱང་སླར་ཞིང་འཕེལ་བར་བགྱི་བའི་སླད་དུ། ཀུན་ ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་འཛིན་ཅིང་ཀུན་ཆུབ་པར་བགྱིད་ན་ལེགས་སོ་ལེགས་སོ་ཞེས་གསོལ་པ་དང་། དགེ་སློང་དག་ངས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་ བུ་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ངས་ཅང་མི་གསུང་བས་གནང་བར་རིག་ནས། ངའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ངའི་སྤྱན་སྔར་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་ དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་གསོལ་ཏོ། །སྐྱེ་བོ་གང་དག་གཏང་ཕོད་ཅིང་། །ཕྲ་མ་མི་མཆི་སེར་སྣ་བྲལ། །གང་དག་སངས་རྒྱས་སྐྱབས་མཆིས་པ། །མི་དེ་རྣམས་ཀྱིས་རྙེད་པ་ལགས། །གང་གི་འཆར་ལ་བརྟེན་ནས་ནི། །དེས་ནི་ ཉིན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོ་དཀྱིལ་འཁོར་ཅན། །ཉི་གདུགས་གང་ནས་འཆར་འགྱུར་བའི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །དྲི་ཟའི་བདག་པོ་རྒྱལ་པོ་སྟེ། །མིང་ནི་ཡུལ་འཁོར་སྲུང་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་ དང་གར་གྱིས་རྟག་ཏུ་རྩེ། །དྲི་ཟ་རྣམས་ཀྱིས་ཡོངས་བསྐོར་ཅིང་། །དྲི་ཟ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་ པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་ གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ལ་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག །གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག །སངས་ རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ཤར་གྱི་ཕྱོགས་དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་ཡི་དགས་ཞེས་བགྱི་བ། །རྒྱབ་ ཀྱི་ཤ་འཚལ་ཕྲ་མ་ཅན། །སྲོག་གཅོད་བགྱིད་པ་མ་རུངས་པ། །འཇུངས་ཤིང་མི་སྙན་སྨྲ་བགྱིད་པའི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གྲུལ་བུམ་བདག་པོ་རྒྱལ་པོ་སྟེ། །མིང་ནི་འཕགས་སྐྱེས་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གྲུལ་བུམ་རྣམས་ཀྱིས་ཡོངས་བསྐོར་ཅིང་། །གྲུལ་བུམ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། ། ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། ། རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག །གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག །སངས་རྒྱས་རིག་དང་ཞབས་ ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ལྷོ་ཡི་ཕྱོགས་དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ཞིག་ནུབ་པ་ཁོ་ན་ལས། །དེ་ལ་མཚན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོ་དཀྱིལ་འཁོར་ཅན། །ཉི་གདུགས་ གང་དུ་ནུབ་འགྱུར་བ། །དེ་ན་མཚོ་ཆེན་ཟབ་མོ་འདི། །ཤིན་ཏུ་འདའ་བར་དཀའ་བ་སྟེ། །དེ་ནི་ཆུ་མངོན་རྒྱ་མཚོ་ཞེས། །སྐྱེ་བོས་རྟོགས་པ་མཆིས་པ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །ཀླུ་ཡི་བདག་པོ་རྒྱལ་པོ་སྟེ། །མིང་ནི་མིག་མི་བཟང་ཞེས་ བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །ཀླུ་རྣམས་ཀྱིས་ནི་ཡོངས་བསྐོར་ཅིང་། །ཀླུ་རྣམས་ཀྱིས་ནི་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། ། ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་ གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག །གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག །སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ནུབ་ཀྱི་ཕྱོགས་ དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་བྱང་གི་སྒྲ་མི་སྙན། །དགའ་ཞིང་ལྷུན་ཆེན་བལྟ་མཛེས་དང་། །གང་ན་མི་རྣམས་ཚེ་ལོ་ནི། །བརྒྱ་ཕྲག་བཅུ་པ་སྐྱེ་འགྱུར་ཞིང་། །དེ་དག་མི་རྨོ་མི་འདེབས་ལ། །གཤོལ་ ཡང་འཆའ་བར་མི་བགྱིད་ཅིང་། །ཚེ་རིང་མདོག་དང་ལྡན་པ་དང་། །ངེས་པར་ཡོངས་སུ་སྤྱོད་བགྱིད་ཅིང་། །ཟས་སུ་སཱ་ལུ་ཁ་དོག་དང་། །དྲི་དང་རོ་དང་ལྡན་པ་དང་། །དྲི་བདའ་མེ་ཏོག་ཚོགས་འདྲ་ཞིང་། །ལྷ་ཡི་བདུད་རྩི་འདྲ་བ་འཚལ། །ན་ལི་ཀེ་ར་བསྐོལ་བགྱིས་ན། །ཚོད་མར་དེ་འཚལ་སྲན་ཚོད་མིན། །གང་ ན་མེ་ལྕེ་རྩེ་འདྲ་བའི། །སྨན་དག་འཁྲུང་བར་འགྱུར་བ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གནོད་སྦྱིན་བདག་པོ་རྒྱལ་པོ་སྟེ། །མིང་ནི་ལུས་ངན་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གནོད་སྦྱིན་རྣམས་ཀྱིས་ཡོངས་བསྐོར་ ཅིང་། །གནོད་སྦྱིན་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་ཅུ་དང་ནི་བཅུ་དང་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་ རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག །གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག །སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་བྱང་གི་ཕྱོགས་དེ་ནི། །བཟང་བ་ལགས་ཞེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་ པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་དེ་བཞི་དག །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །རྫུ་འཕྲུལ་ཆེན་པོ་སྟོབས་ པོ་ཆེ། །ཕྱོགས་བཞི་དག་ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་གི་མངག་གཞུག་པ། །གནོད་སྦྱིན་འདོད་དགུར་མཆི་བ་རྣམས། །དེ་དག་གླང་པོ་ཆེ་འཚལ་ཞིང་། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུ། །དེ་དག་ནི་ཆིབས་རྟ་དང་། རྔ་མོ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་། ལུག་དང་། སྦྲུལ་དང་། བྱ་དང་། སྐྱེས་པ་དང་། བུད་མེད་དང་། གཞོན་ནུ་དང་། གཞོན་ནུ་མ་ལ་འཚལ་ཞིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །གླང་པོ་ཆེ་གཅིག་གིས་ཤིང་རྟ་དྲངས་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །ཆིབས་རྟ་དང་། རྔ་མོ་དང་། ཁྱུ་མཆོག་དང་། མ་ཧེ་དང་། ར་དང་། ལུག་ དང་། སྦྲུལ་དང་། བྱ་དང་། སྐྱེས་པ་དང་། བུད་མེད་དང་། གཞོན་ནུ་དང་། གཞོན་ནུ་མ་གཅིག་གིས་ཤིང་རྟ་དྲངས་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། །གནོད་སྦྱིན་འདོད་དགུར་མཆི་བ་རྣམས། །བཞོན་པ་དེ་དག་འཚལ་ནས་ནི། །ཕྱོགས་བཞི་དག་ ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་ནི་གྲོང་ཁྱེར་དག །སྣ་ཚོགས་མཁའ་ལ་རྒྱུ་བ་མཆིས། །འདི་ལྟ་སྟེ། ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་། ས་ལ་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་། གར་བཅས་ས་སྟེང་ཀུན་ཏུ་རྒྱུ་བ་དང་། སྦུབས་ཅན་དང་། གྲོང་ཁྱེར་སྦུབས་ཅན་ཞེས་ བགྱི་བདག་ལགས་སོ། །བྱང་ཕྱོགས་ན་མཚོ་ཀ་པི་བང་ཀ་ཞེས་བགྱི་བདག་མཆིས་ལགས་སོ། །ནུབ་ཕྱོགས་ན་གྲོང་ཁྱེར་སར་པ་གསར་ལྡན་དང་། གོས་ཅན་དང་། གོས་མཆོག་ཅན་དང་། པདྨ་ཅན་དང་། པདྨ་བཟང་པོ་ཅན་དང་། ས་གཞི་ཅན་ཞེས་བགྱི་བ་དག་མཆིས་ལགས་སོ། །ཆབ་རྒྱུན་ མང་པོའི་གནས་གྱུར་པ། །འཛིན་པ་ཞེས་བགྱིའི་མཚོ་མཆིས་ཏེ། །ཆབ་རྒྱུན་ཐ་དད་དེ་ལས་འབྱུང་། །དེ་ལས་དགུང་ཆར་འབབ་པར་འགྱུར། །བཙུན་པ་གྲོང་ཁྱེར་ཨུ་ཤི་རའི་སྦུབས་ཀྱི་ཕ་རོལ་ན། ལུས་གནས་དང་ནི་གནས་ཡངས་དང་། །དེ་བས་གནས་ཡང་རྒྱུན་ལུགས་ཅན། །རྒྱུན་ལུགས་ མང་དང་དེ་བས་མང་། །བར་སྣང་མཁའ་ལ་བྱ་ལྟར་གདའ། །བཙུན་པ་གྲོང་ཁྱེར་སྦུབས་ཅན་གྱི་ཕ་རོལ་བྱང་ཕྱོགས་ན་འདུན་ས་བྱ་གར་ཅན་ཞེས་བགྱི་བ་ཡང་མཆིས་ཏེ། དེར་ནི་གནོད་སྦྱིན་རྣམས་འདུ་ཞིང་གནས་ལགས་སོ། །རྐང་མི་སྡུག་ལ་མཆུ་འཕྱངས་དང་། །འཇིགས་རུང་ལྟོ་སྤུ་ཅན་དག་མཆིས། ། དེ་ན་ལྗོན་ཤིང་འབྲས་བུ་རྟག །རྨ་བྱ་ཁྲུང་ཁྲུང་སྒྲ་སྙན་དང་། །ཁུ་བྱུག་སྒྲ་སྐད་ཆེན་པོ་དང་། །ཤང་ཤང་ཏེའུ་དག་སྒྲ་འབྱིན་ཅིང་། །རྨ་བྱ་རྣམས་ཀྱི་སྒྲ་དག་དང་། །ཀཽ་དུམ་བྷ་དང་ཆུན་ལག་དང་། །བྱ་རྣམས་སྣ་ཚོགས་སྐད་འབྱིན་ཅིང་། །མེ་ཏོག་སྦྲང་རྩིའི་རོ་ལ་དགའ། །ལུས་ངན་པོ་དེ་གླུ་གར་གྱིས། ། པདྨ་ཅན་དང་ལྷན་ཅིག་རྩེ། །བཙུན་པ་གྲོང་ཁྱེར་ལྕང་ལོ་ཅན་གྱི་ཕ་རོལ་ན་རྒྱལ་པོ་དཔའ་བོ་ཞེས་བགྱི་བ་ཡུལ་འཁོར་མུ་ཁྱུད་ན་མཆིས་ལགས་སོ། །བདག་གང་ན་མཆིས་པའི་འདུན་ས་དེ་ནི་ཁྱུ་མཆོག་ཅན་ཞེས་བགྱི་སྟེ། བདག་གི་མིང་ནི་རྣམ་ཐོས་ཀྱི་བུ་ཞེས་བགྱི་ལགས་སོ། །དེ་ལ་གསང་སྔགས་ ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཨི་ལི་མི་ལི་ཨི་ལི་མི་ལི། ཀིཊྚི་མཱུ་ལེ། ཧི་ལི་ཀིཊྚི་མཱུ་ལེ། ཧུ་དུ་མེ། ཧུ་དུ་ར་དུ་མེ། གཽ་རི། གནྦྷ་རི། གོ་དོ་ཧ་ནི། ཨོ་ཀེ་མོ་ཀེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་དྲི་ཟ་རྣམས་དང་། དྲི་ཟ་ཆེན་པོ་རྣམས་དང་། དྲི་ཟའི་སྡེ་དཔོན་རྣམས་དང་། དམག་ དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། འདོད་མྱོས་དགའ་བས་མྱོས་པ་དང་། །གླུ་ཡིས་མྱོས་པ་སྤུན་དང་ནི། །ཕྲེང་བས་མྱོས་དང་སྦྲང་རྩིས་མྱོས། །མེ་ཏོག་མྱོས་པ་སྤུན་རྣམས་དང་། །རྟག་ཏུ་མྱོས་དང་དཔལ་གྱིས་མྱོས། །ནོར་གྱིས་མྱོས་དང་དགའ་བྱེད་དང་། ། ཨུཏྤལ་པདྨ་ཟླ་བ་དང་། །རྔ་འཛིན་དང་ནི་ཁྱུ་བྱུག་སྒྲ། །ཏུམ་བུ་རུ་དང་གཙུག་ལྔ་དང་། །གསེར་སྤྱོད་བུ་མོ་གསེར་ཅན་དང་། །པ་བ་སངས་དང་ཕུར་བུ་དག །འགྲོ་གནས་ཇི་སྙེད་རྒྱལ་པོ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ། དེ་དག་ལ་བདག་དྲི་ཟ་འདི་ནི་བདག་ལ་འཚེའོ། ། དྲི་ཟ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་དྲི་ཟ་དང་། །བདག་མི་གཏོང་བའི་དྲི་ཟ་ཡིས། །ལེགས་པར་སྨྲས་པ་འདི་ཐོས་ན། །ཨརྫ་ཀ་ཡི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་ འདི་དག་ལགས་སོ། །ཏདྱ་ཐཱ། ཀུནྟུ་ལེ། ཀུནྟུ་ལེ། ཀུནྟུ་ལེ། ཀུནྟུ་ལེ། ཨེ་ཧི་ཨེ་ཧི། ས་དཱ་མད་ཏི་ཀེ། ས་དཱ་བྷཎྜི་ནི་ཀེ། ཏིཥྛ་དུཥྚ་བདྡྷོ་སི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་ རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། །རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་དྲི་ཟའམ། དྲི་ཟ་མོའམ། དྲི་ཟ་རྒན་པོའམ། དྲི་ཟ་རྒན་མོའམ། དྲི་ ཟའི་བུ་ཕོའམ། དྲི་ཟའི་བུ་མོའམ། དྲི་ཟའི་འཁོར་ཕོའམ། དྲི་ཟའི་འཁོར་མོའམ། དྲི་ཟའི་མངག་གཞུག་པའམ། དྲི་ཟའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་ གླགས་མི་རྙེད་ཅིང་གནས་མི་རྙེད་ལ། དྲི་ཟ་རྣམས་ཀྱི་དྲི་ཟ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། །རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་ མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཤ་ཟའམ། ཤ་ཟ་མོའམ། ཤ་ཟ་རྒན་པོའམ། ཤ་ཟ་རྒན་མོའམ། ཤ་ཟའི་བུ་ཕོའམ། ཤ་ཟའི་བུ་མོའམ། ཤ་ཟའི་འཁོར་ཕོའམ། ཤ་ཟའི་འཁོར་མོའམ། ཤ་ཟའི་མངག་གཞུག་པའམ། ཤ་ཟའི་མངག་གཞུག་ མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཤ་ཟ་རྣམས་ཀྱི་ཤ་ཟ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་ འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧུ་མེ་ཧུ་མེ། ཧུ་མི་ལེ། ཧུ་མི་ལཱ་བཱ་ཏཱི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་གྲུལ་བུམ་རྣམས་ དང་། གྲུལ་བུམ་ཆེན་པོ་རྣམས་དང་། གྲུལ་བུམ་གྱི་སྡེ་དཔོན་རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། བྱིན་དང་ཉེ་བྱིན་ཀྲི་མི་ཤ། །རྩིབ་ལོགས་ཆེ་དང་གསུས་པོ་ཆེ། །ལག་བཅུ་དྲང་ནི་ས་ལ་རྒྱུ། །གཡོན་ཕྱོགས་ནག་པོ་ དམར་པོ་དང་། །སྤྲིན་མདོག་དང་ནི་དྲི་མེད་དང་། །རྣ་བ་རིང་དང་འབྲུག་སྒྲ་སྒྲོགས། །རལ་པ་ཅན་དང་སྟོབས་བཅུ་དང་། །སྲིད་སྒྲུབ་དང་ནི་འདོད་དགུར་མཆི། །འཇོག་པོ་དང་ནི་བྱ་བ་སྦེད། །ལ་བ་བཟང་ལྡན་གསུམ་པོ་དང་། །ཚོན་ཀུན་དང་ནི་མིག་བཀྲ་པོ། །འགྲོ་གནས་ཇི་སྙེད་ མཆིས་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ། དེ་དག་ལ་བདག་གྲུལ་བུམ་འདི་ནི་བདག་ལ་འཚེའོ། །གྲུལ་བུམ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་གྲུལ་བུམ་དང་། །བདག་མི་གཏོང་བའི་གྲུལ་བུམ་གྱིས། ། ལེགས་པར་སྨྲས་པ་འདི་ཐོས་ནས། །ཨརྫ་ཀ་ཡི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། སི་རེ་བི་སི་རེ། སི་རེ་བི་ས་རེ། སི་རེ་བི་ས་རེ། ཀྲྀཥྞ་ཚ་ག་ལེ། ཀ་ར་ཌཱི། པིཾ་ག་ལེ་སྭཱ་ཧཱ། བཙུན་པ་བཅོམ་ ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་ འདོན་པར་བགྱིད་པ་དེ་ལ། གལ་ཏེ་གྲུལ་བུམ་མམ། གྲུལ་བུམ་མོའམ། གྲུལ་བུམ་རྒན་པོའམ། གྲུལ་བུམ་རྒན་མོའམ། གྲུལ་བུམ་གྱི་བུ་ཕོའམ། གྲུལ་བུམ་གྱི་བུ་མོའམ། གྲུལ་བུམ་གྱི་འཁོར་ཕོའམ། གྲུལ་བུམ་གྱི་འཁོར་མོའམ། གྲུལ་བུམ་གྱི་མངག་གཞུག་ པའམ། གྲུལ་བུམ་གྱི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། གྲུལ་བུམ་རྣམས་ཀྱི་གྲུལ་བུམ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་ རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ ལགས་པ་དང་མཐུན་པའི་མདོ། །རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཡི་དགས་སམ། ཡི་དགས་མོའམ། ཡི་དགས་རྒན་པོའམ། ཡི་དགས་རྒན་མོའམ། ཡི་དགས་ ཀྱི་བུ་ཕོའམ། ཡི་དགས་ཀྱི་བུ་མོའམ། ཡི་དགས་ཀྱི་འཁོར་ཕོའམ། ཡི་དགས་ཀྱི་འཁོར་མོའམ། ཡི་དགས་ཀྱི་མངག་གཞུག་པའམ། ཡི་དགས་ཀྱི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་། ཉེ་བར་འགྲེང་ངམ། ཉེ་བར་མཆི་བར་ གྱུར་ན། གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཡི་དགས་རྣམས་ཀྱི་ཡི་དགས་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཡུ་མེ་ཡུ་མེ། ཡུ་མི་ལེ། ཡུ་མི་ལ་བཱ་ཏི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་ཀླུ་རྣམས་དང་། ཀླུ་ཆེན་པོ་རྣམས་དང་། ཀླུའི་སྡེ་དཔོན་རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དགའ་ དང་ཉེ་དགའ་ཀུན་དགའ་དང་། །ནོར་རྒྱས་དང་ནི་འཛམ་བུ་བཟང་། །སེར་པོ་དང་ནི་ཞོ་རྣ་དང་། །དབང་པོའི་ལག་དང་བཀྲ་ཤིས་དང་། །མྱ་ངན་མེད་དང་མྱ་ངན་བྲལ། །རབ་གྲོལ་དང་ནི་རྒྱལ་བའི་བདག །ངོས་ཡངས་པོ་དང་ངོས་བཀྲ་དང་། །ཡངས་བ་ཅན་དང་བཀྲ་འདུད་རྒྱལ། །གདེངས་ཀ་ཆེ་དང་ སྐར་དགའ་དང་། །ནག་པོ་ཆེ་དང་ལག་འགྲོ་དང་། །ར་སྐྱོང་དང་ནི་འཇོག་པོ་དང་། །གཡོན་ཕྱོགས་དེ་བཞིན་ནག་པོ་དང་། །སྔོ་བསངས་དཀར་དང་འགྲོགས་པ་ནི། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ། །དེ་དག་ལ་བདག་ཀླུ་འདི་ནི་བདག་ལ་འཚེའོ། །ཀླུ་འདི་ནི་ བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་ཀླུ་དག་དང་། །བདག་མི་གཏོང་བའི་ཀླུ་རྣམས་ཀྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །ཨརྫ་ཀ་ཡི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་ སོ། །ཏདྱ་ཐཱ། ཙི་ལེ་བི་ཙི་ལེ། ཙི་ལེ་བི་ཙི་ལེ། གཽ་རི། གནྡྷ་རི། མ་ཏངྒི། ཙཎྜ་ལི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་ རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ་གལ་ཏེ་ཀླུའམ། ཀླུ་མོའམ། ཀླུ་རྒན་པོའམ། ཀླུ་རྒན་མོའམ། ཀླུའི་བུ་ཕོའམ། ཀླུའི་བུ་མོའམ། ཀླུའི་འཁོར་ཕོའམ། ཀླུའི་འཁོར་མོའམ། ཀླུའི་མངག་གཞུག་པའམ། ཀླུའི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཀླུ་རྣམས་ཀྱི་ཀླུ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨ་རྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་ སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་ འདོན་པར་བགྱིད་པ་དེ་ལ་གལ་ཏེ་ལུས་སྲུལ་པོའམ། ལུས་སྲུལ་མོའམ། ལུས་སྲུལ་རྒན་པོའམ། ལུས་སྲུལ་རྒན་མོའམ། ལུས་སྲུལ་པོའི་བུ་ཕོའམ། ལུས་སྲུལ་པོའི་བུ་མོའམ། ལུས་སྲུལ་པོའི་འཁོར་ཕོའམ། ལུས་སྲུལ་པོའི་འཁོར་མོའམ། ལུས་སྲུལ་པོའི་མངག་གཞུག་པའམ། ལུས་སྲུལ་པོའི་ མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ལུས་སྲུལ་པོ་རྣམས་ཀྱི་ལུས་སྲུལ་པོ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་ མི་འཐོབ་སྟེ། དེའི་མགོ་ཨ་རྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཨ་བེ་བ་ཧ་ནེ། བ་ཧ་ན་བ་ཏཱི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་གནོད་སྦྱིན་རྣམས་དང་། གནོད་སྦྱིན་ ཆེན་པོ་རྣམས་དང་། གནོད་སྦྱིན་གྱི་སྡེ་དཔོན་རྣམས་དང་། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དབང་པོ་ཟླ་བ་ཆུ་ལྷ་དང་། །བྷ་ར་དྭ་ཛ་སྐྱེ་དགུའི་བདག །དབང་ལྡན་ཙནྡན་འདོད་གཙོ་དང་། །མགྲིན་ངན་དང་ནི་མགུལ་ངེས་དང་། །སྟོབས་ ལྡན་ནོར་བུ་ནོར་སྤྱོད་དང་། །སྒྲ་རབ་དང་ནི་ཉེ་རྔ་དང་། །རི་མཉམ་གསེར་ཅན་གང་པོ་དང་། །སེང་ལྡེང་པ་དང་གཡོན་ཅན་དང་། །གནོད་སྦྱིན་བ་སྐྱོང་འབྲོག་གནས་དང་། །རྒྱལ་བ་ཁྱུ་མཆོག་མིའི་རྒྱལ་པོ། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །ལྕགས་མདུང་ རིང་དང་མ་ལྡན་དང་། །ཚིག་ལྔ་སེར་པོ་ཡིད་དགའ་དང་། །གནོད་སྦྱིན་རིང་པོ་འཁོར་དང་བཅས། །འབྲས་བུ་གསུམ་དང་མགུལ་གསུམ་པ། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ། དེ་དག་ ལ་བདག་གནོད་སྦྱིན་འདི་ནི་བདག་ལ་འཚེའོ། གནོད་སྦྱིན་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་གནོད་སྦྱིན་དང་། །བདག་མི་གཏོང་བའི་གནོད་སྦྱིན་གྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །ཨ་རྫ་ ཀ་ཡི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧི་ལི་མི་ལི། ཧི་ལེ་མི་ལེ། ཀཱིརྟི་མཱུ་ལེ། ཧི་ལི་ཀཱིརྟི་མཱུ་ལེ། ཨོ་ཏུམྦེ། ཏུམྦེ། ཨོ་ཏུམྤེ། ཏུམྦེ། ཨོ་གྷེ་མོ་གྷེ། གོ་དེ་ཧི། བྷྲིཾ་གཱ་རེ། རྀ་ཥི་སཏྟ་མེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། །རིག་སྔགས་དང་། སྲུང་བ་དང་། སུག་ པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ་གལ་ཏེ་གནོད་སྦྱིན་ནམ། གནོད་སྦྱིན་མོའམ། གནོད་སྦྱིན་རྒན་པོའམ། གནོད་སྦྱིན་རྒན་མོའམ། གནོད་སྦྱིན་གྱི་བུ་ཕོའམ། གནོད་སྦྱིན་གྱི་བུ་མོའམ། གནོད་སྦྱིན་གྱི་འཁོར་ཕོའམ། གནོད་སྦྱིན་ གྱི་འཁོར་མོའམ། གནོད་སྦྱིན་གྱི་མངག་གཞུག་པའམ། གནོད་སྦྱིན་གྱི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། གནོད་སྦྱིན་རྣམས་ཀྱི་གནོད་ སྦྱིན་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ་གལ་ཏེ་སྲིན་པོའམ། སྲིན་མོའམ། སྲིན་པོ་རྒན་པོའམ། སྲིན་པོ་རྒན་མོའམ། སྲིན་པོའི་བུ་ ཕོའམ། སྲིན་པོའི་བུ་མོའམ། སྲིན་པོའི་འཁོར་ཕོའམ། སྲིན་པོའི་འཁོར་མོའམ། སྲིན་པོའི་མངག་གཞུག་པའམ། སྲིན་པོའི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ ལ། སྲིན་པོ་རྣམས་ཀྱི་སྲིན་པོ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཡུ་མེ་ཡུ་མི་ལེ། ཡུ་མི་ལ་བ་ཏཱི་ཡེ་སྭཱ་ཧཱ། ཞེས་རྒྱ་ཆེར་སྨྲས་ནས། ངའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་བདག་ཉིད་བསྲུང་བ་དང་། བསྐྱབ་པ་དང་། བདེ་བ་ལ་རེག་པར་གནས་པར་བྱ་བ་དང་། གནོད་སྦྱིན་དང་མི་མ་ཡིན་པ་གདུག་པ་གཉུག་མར་གནས་པ་མངོན་ པར་མ་དད་པ་དག་མངོན་པར་དད་པར་བྱ་བ་དང་། མངོན་པར་དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། རིག་སྔགས་དང་། སྲུང་བ་དང་། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་ལོང་ཤིག །ཟུང་ཤིག །ཆོང་ཤིག །ལྷོགས་ ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བར་སྡོམ་ནི། ཨི། ཀུ། ཧུ། སི། ཡུ། ཙི། ཨཱ། ཧི། ཧི། གསང་སྔགས་ཀྱི་ཚིག་རྣམ་པ་དགུ་སྨོས་ པ་དང་གོ་རིམས་བཞིན་དུ་སྦྱར་རོ། །མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མེ་གྷ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའི་གནས་ན་ནོར་ བུ་རིན་པོ་ཆེ་དཔལ་གྱི་སྙིང་པོ་སྤྲིན་གྱི་དཀྱིལ་འཁོར་ཆེན་པོའི་ཁང་པ་བརྩེགས་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཀླུའི་རྒྱལ་པོའི་ཚོགས་ཆེན་པོ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་དང་། རྒྱ་མཚོ་དང་། མ་དྲོས་པ་དང་། གཟི་ ཅན་དང་། ཆུ་ལྷ་དང་། འཇོག་པོ་དང་། ཡུལ་འཁོར་སྲུང་དང་། ནོར་རྒྱས་ཀྱི་བུ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ས་སྲུང་གི་བུ་དང་། མདོངས་བུ་དང་། དཔལ་གྱི་གཟི་བརྗིད་དང་། དཔལ་བཟང་དང་། གློག་གི་ཕྲེང་བ་དང་། གཙུག་ན་རིན་པོ་ཆེ་དང་། གཙུག་ན་ནོར་བུ་ཐོགས་དང་། སྣང་ལྡན་ གཙུག་ཕུད་ཅན་དང་། གཙུག་ཕུད་འཇའ་ཅན་དང་། ཀླུའི་རྒྱལ་པོ་དབང་པོའི་རྒྱལ་མཚན་དང་། དབང་པོའི་མཆོད་སྡོང་དང་། འཛམ་བུའི་རྒྱལ་མཚན་དང་། བཀྲ་ཤིས་ལྡན་དང་། དཀྱིལ་འཁོར་ཆེན་པོ་དང་། ལག་གིས་འགྲོ་ཆེན་པོ་དང་། སྐར་མདོག་དང་། ཟླ་བའི་གཟི་བརྗིད་དང་། དཔལ་ གྱི་བློ་གྲོས་དང་། ཟླ་མཐོང་དང་། ཀླུའི་རྒྱལ་པོ་ལེགས་མཐོང་དང་། ཤིན་ཏུ་བརྟན་པ་དང་། མགུལ་ན་ནོར་བུ་དང་། སྤྲིན་བྱུང་དང་། ཆར་རྒྱུན་དང་། རབ་འཇོམས་དང་། རྣམ་པར་འཇོམས་དང་། མཐུ་བསྐྱེངས་དང་། གདེངས་ཀ་ཆེན་པོ་དང་། དབྱངས་ཟབ་དང་། ཀླུའི་རྒྱལ་པོ་ཆེར་སྒྲོགས་དང་། རྣམ་པར་སྒྲུ་འབྱིན་དང་། ཨུཏྤ་ལ་དང་། རྩལ་ཆེན་དང་། གཤོལ་མདའ་འཛིན་དང་། སྣ་ཚོགས་སྡེ་དང་། ཞགས་པ་ཆེན་པོ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་དང་། ཀུན་ཏུ་སྣང་དང་། རྣ་རྩུབ་དང་། དུང་དང་། དར་དར་དང་། ཀླུའི་རྒྱལ་པོ་ཨུ་པ་དར་དར་དང་། བདེ་བྱེད་དང་། ལག་འགྲོ་དང་། ལག་འགྲོ་ཆེན་པོ་དང་། དྲི་མ་ཆེན་པོ་དང་། འཕུར་ལྡིང་དང་། སོག་མ་མེད་དང་། འཕྱང་བ་དང་། སྲིན་བུ་གནས་དང་། ནག་པོ་དང་། ཀླུའི་རྒྱལ་པོ་དབང་པོ་སྡེ་དང་། འདམ་བུ་དང་། ཉེ་བའི་འདམ་བུ་དང་། དུང་ཐོགས་དང་། འགྲོ་ལྡིང་དང་། རབ་མཛེས་དང་། གླང་ཆེན་སྣ་དང་། རྣོན་པོ་དང་། སེར་སྐྱ་དང་། གློག་འབར་དང་། གློག་འོད་ཆེན་པོ་དང་། སྟོབས་ལྷ་དང་། ཆུ་སྟོབས་དང་། ཀླུའི་རྒྱལ་པོ་དམ་པ་འགེབས་དང་། བདུད་རྩི་ཅན་དང་། མུ་སྟེགས་ཅན་དང་། བཻ་ཌཱུརྱའི་འོད་ཅན་དང་། གསེར་མདོག་སྒྲ་དང་། གསེར་འོད་དང་། ཟླ་བའི་རྒྱལ་མཚན་འོད་དང་། ཉི་འོད་དང་། འཆར་ བ་དང་། བལ་གླང་མགོ་དང་། ཀླུའི་རྒྱལ་པོ་དཀར་པོ་དང་། ནག་པོ་དང་། གཤིན་རྗེ་དང་། དགེ་ཚུལ་དང་། སྦལ་པ་དང་། ངང་པའི་གཟི་བརྗིད་དང་། མུ་ཁྱུད་འཛིན་དང་། ས་འཛིན་དང་། མགོ་སྟོང་ཅན་དང་། གཙུག་ན་ནོར་བུ་དང་། ཀླུའི་རྒྱལ་པོ་དོན་ཡོད་མཐོང་དང་། སྤྲིན་ཆེན་དང་། སྡེ་ བཟང་དང་། ས་སྐྱོང་དང་། མིས་བྱིན་དང་། རྣམ་པར་དུལ་དང་། དགའ་བ་འབྱུང་དང་། ཆུ་སྲིན་ཀུམྦྷི་རའི་གདོང་དང་། དུག་འཛིན་དང་། ཀླུའི་རྒྱལ་པོ་མྱུར་གདུག་དང་། པདྨ་ཀ་དང་། མཇུག་མ་དང་། རབ་འཕྱང་དང་། འཇིགས་བྱེད་དང་། གཟི་བརྗིད་མཛེས་དང་། མགོ་ལྔ་པ་དང་། བལ་ ལི་ར་དང་། ཤིང་རྟས་རྒྱལ་དང་། ཀླུའི་རྒྱལ་པོ་བླ་མ་དང་། ཀླུའི་རྒྱལ་པོ་མཇུག་རིངས་དང་། མགོ་བོ་ཆེ་དང་། པིམ་བི་ཀ་དང་། བི་ཏ་ར་དང་། མགྱོགས་འགྲོ་དང་། ཀླུའི་རྒྱལ་པོ་མགོ་གསུམ་པ་དང་། ཀླུ་སྡེ་དང་། གཟི་ཆེན་དང་། འདམ་བུ་བྱིན་དང་། ཀླུའི་རྒྱལ་པོ་སྐྲག་བྱེད་དང་། འོད་འབར་དང་། མགོ་བདུན་པ་ དང་། སྟོང་ཆེན་དང་། མཐོང་དགའ་དང་། རབ་ཏུ་ཆེར་གཏུམ་དང་། དྲི་མེད་གཟི་བརྗིད་དང་། མིག་བཟངས་དང་། དྲག་པོ་ཆེན་པོ་དང་། འོད་འཕྲོ་ཕུང་པོ་དང་། ཀླུའི་རྒྱལ་པོ་གཏུམ་པོ་དང་། ཁྲོ་བོ་དྲག་ཤུལ་ཅན་དང་། རིན་ཆེན་ཆུ་སྦྱིན་དང་། ཆུ་སྦྱིན་སྤྲིན་ཆེན་པོ་དང་། དབང་པོའི་འོད་དང་། རྐང་པས་ འཐུང་དང་། སྤྲིན་ཟླ་དང་། རྒྱ་མཚོའི་སྤྲིན་དང་། མེ་ཏོག་དྲི་ཆེན་དང་། ཀུ་མུ་དའི་འབྱུང་གནས་དང་། ཀླུའི་རྒྱལ་པོ་རིན་ཆེན་མིག་དང་། ཏོག་ཆེན་པོའི་རྒྱལ་མཚན་དང་། སྤྲིན་ཆེན་སྙིང་པོ་དང་། ཁ་བ་ཅན་དང་། དཔལ་གྱི་སྙིང་པོ་དང་། སྤྲིན་མཐུ་ཅན་དང་། མཚན་མོ་འཛིན་དང་། ཆུ་སྦྱིན་དང་། ཆུ་སྦྱིན་ཆེན་པོ་དང་། ཀླུའི་རྒྱལ་པོ་གཟི་བརྗིད་མེ་འདྲ་དང་། སྤྲིན་གྱི་དབང་ཕྱུག་རྒྱལ་པོ་དང་། ཁྲོ་མེད་དང་སའི་བུམ་པ་དང་། ཀླུ་དཔལ་དང་། ཆུ་འཛིན་དང་། སྤྲིན་གདུགས་དང་། ཨང་གི་རའི་གདོང་དང་། གཟི་བརྗིད་ཅན་དང་། སྤྲིན་ལས་མངོན་བྱུང་དང་། ཀླུའི་རྒྱལ་མོ་གོམ་སྟབས་ མཐའ་ཡས་དང་། ཆ་བྱད་མཛེས་དང་། ལུས་ཆེན་དང་། སྤྱད་ལྟོ་དང་། ཞི་བ་དང་། དཔའ་བ་དང་། གསེར་ངད་ཅན་དང་། མཆོག་ཏུ་བརྩོན་དང་། དུག་ཅན་དང་། དབྱངས་སྙན་དང་། ཀླུའི་རྒྱལ་པོ་བདུད་རྩི་སྙིང་པོ་དང་། རབ་ཏུ་ཆར་འབེབས་ཆེན་པོ་དང་། རྣམ་པར་གཡོ་ དང་། འབྲུག་སྒྲ་དང་། རྔ་སྒྲ་དང་། བདུད་རྩིའི་རྒྱུན་དང་། དགའ་བར་བྱེད་པ་དང་། འབྲུག་སྒྲོགས་དང་། དཔའ་སྡེ་དང་། སྲེད་མེད་ཀྱི་བུ་དང་། རྒྱ་མཚོའི་ཀློང་དང་། ཀླུའི་རྒྱལ་པོ་ཡོན་པོ་དང་། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་སོགས་པ་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དག་འདུས་ ཏེ་འཁོད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་དེ་དག་འཁོར་དང་བཅས་ཏེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བླ་མ་ལ་གུས་པ་ དང་། ཕུ་དུད་ཆེན་པོ་བྱེད་པས། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དར་གྱི་ལྡ་ལྡི་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་དང་། རིན་པོ་ཆེའི་ མེ་ཏོག་དང་། རིན་པོ་ཆེའི་ལྡ་ལྡི་དང་། མུ་ཏིག་གི་ཕྲེང་བ་དང་། ཀླུའི་མེ་ཏོག་དང་། མུ་ཏིག་གི་དྲ་བ་མཆོག་ཏུ་མཛེས་པ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་གྲངས་མེད་པ་དག །བཅོམ་ལྡན་འདས་ལ་ཕུལ་ནས་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ སྨོན་ལམ་རྣམས་བཏབ་པ། ལུས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོ་ཐམས་ཅད་དང་། ས་དང་། ཆུ་དང་། མེ་དང་། རླུང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་དང་། གཟུགས་སུ་སྣང་བ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ལས་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་ཡང་ལུས་ཀྱི་སྤྲིན་རྒྱ་མཚོ་བགྲང་བའི་རྒྱ་མཚོ་ཐམས་ཅད་ལས་ཡང་དག་པར་འདས་པ། གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ལས་ཡང་དག་པར་འདས་པ་དག་དང་། ལུས་རེ་རེ་ལ་ཡང་ལག་པ་རྒྱ་མཚོའི་སྤྲིན་ཕྱོགས་ཀུན་གྱི་རྒྱུན་དུ་མངོན་པར་ཕྱོགས་པ་དཔག་ཏུ་མེད། གྲངས་མེད་པ་དག་བྱིན་གྱིས་བརླབས་ནས། རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆ་རེ་རེ་ལས་ཀྱང་མཆོད་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་ཕྱོགས་ ཀུན་གྱི་གཞི་རྒྱས་པར་འགེངས་པ་མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་བྱའོ་སྙམ་པ་འདི་ལྟ་སྟེ། ཀུན་ཏུ་སྤྱོད་པའི་ལུས་རྒྱ་མཚོ་སྤྲིན་མ་འདྲེས་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ་ དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས། བྱང་ཆུབ་སེམས་དཔའི་ལུས་རྒྱ་མཚོ་སྤྲིན་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་འོད་ཟེར་སྟུག་པོ་དང་ཉི་མ་དང་ཟླ་བ་ཐམས་ཅད་ལྟ་བུའི་ལུས་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ ཐམས་ཅད་ཀྱི་ཕྲེང་བ་དང་མེ་ཏོག་གི་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་སྣང་པ་ཆེན་པོའི་སྙིང་པོ་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། ཕྱེ་མ་དང་། ཤིང་ལྗོན་པ་ཐམས་ཅད་ཀྱི་མཛོད་རྒྱ་མཚོ་སྤྲིན་རྣམས་དང་། སྤོས་དང་། བདུག་པ་ཐམས་ཅད་ཀྱི་གཟུགས་ཀུན་ཏུ་སྟོན་པ་རྒྱ་མཚོ་ སྤྲིན་རྣམས་དང་། སྒྲ་ཐམས་ཅད་སྒྲོགས་པའི་རོལ་མོའི་སྒྲ་རྒྱ་མཚོའི་སྤྲིན་རྣམས་དང་། སྤོས་ཐམས་ཅད་ཀྱི་ཤིང་ལྗོན་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ནས། དེ་ལ་སོགས་པ་མཆོད་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་ མི་ཁྱབ། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ། མ་འདྲེས་པ་རྣམས་ཀྱིས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཡུལ་ཐམས་ཅད་དུ་བཀོད་པ་རྣམ་པར་སྣང་བར་བྱས་པའི་སྙིང་པོ་ཅན་གྱི་ནོར་ བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཐམས་ཅད་ཀུན་དུ་སྣང་བའི་ནོར་བུ་རིན་པོ་ཆེའི་ཆར་འབབ་པ་བཀོད་ པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་འབར་བ་དང་ལྡན་པ་སངས་རྒྱས་ལ་ངེས་པར་གྱུར་པའི་དབྱངས་ཀྱི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་། ཀུན་དུ་སྒྲས་འགེངས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་དབྱངས་ཅན་ནོར་བུའི་རྒྱལ་ པོ་རྒྱ་མཚོ་སྤྲིན་རྣམས་དང་། ཀུན་ནས་སྒོ་རིན་པོ་ཆེ་འོད་ཟེར་གྱིས་སངས་རྒྱས་ཀྱི་སྤྲུལ་པ་སྣང་བར་བྱེད་པ་རྒྱ་མཚོ་སྤྲིན་རྣམས་དང་། འཁོར་གྱི་དཀྱིལ་འཁོར་མ་འདྲེས་པ་རྣམས་སུ་བཀོད་པ་ཐམས་ཅད་སྣང་བ་ཀུན་དུ་སྟོན་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་། འོད་འཕྲོ་བ་སྒྲོན་མ་སངས་ རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་། སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པ་རྣམས་སུ་དེ་བཞིན་གཤེགས་པའི་གཞལ་མེད་ཁང་སྣང་བ་ཀུན་དུ་སྟོན་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་སྣ་ཚོགས་ཐམས་ཅད་ ཀྱི་རྡུལ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་སྐུ་སྣང་བ་རྣམ་པར་བྱེད་པའི་ནོར་བུའི་རྒྱལ་པོ་རྒྱ་མཚོ་སྤྲིན་རྣམས་ཀྱིས། ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། ། མཆོད་པར་བྱའོ། །རིན་པོ་ཆེ་དང་། སྤོས་དང་། མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་ཁང་པ་བརྩེགས་པ་མ་འདྲེས་པ་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཁ་དོག་མཐའ་ཡས་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེའི་སྒྲོན་མ་ དང་། སྤོས་ཀྱི་འོད་འཕྲོ་བ་ཅན་གྱི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། མུ་ཏིག་ཐམས་ཅད་ཀྱིས་རྣམ་པར་སྤྲས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། མེ་ཏོག་ཐམས་ཅད་ཀྱི་ཟེ་བ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེའི་ཕྲེང་བ་མཐའ་ཡས་པས་ལེགས་པར་བརྒྱན་པའི་ ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ནས་ཕྱོགས་བཅུ་ཀུན་དུ་འོད་ཟེར་སྣང་བའི་སྙིང་པོ་ཅན་བཀོད་པ་ཐམས་ཅད་ཡང་དག་པར་འདུ་བའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་གྱིས་རབ་ཏུ་བརྒྱན་ བཀོད་པ་དུ་མ་ཀུན་ཏུ་སྟོན་པ་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། བཀོད་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཀུན་ཏུ་རྒྱས་པར་འགེངས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། སྒོ་ཀུན་དུ་མེ་ཏོག་གི་རྟ་བབས་དྲིལ་བུའི་དྲ་བ་དབྱངས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་ པར་བྱིན་གྱིས་བརླབས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །གསེར་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཚོང་ཚོང་དང་ཕྲེང་བ་དང་། རིན་པོ་ཆེའི་མགུལ་གདུབ་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་ དང་། མེ་ཏོག་སྣང་བ་ལྟར་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ཨནྡ་རྙིལ་དང་འཛམ་བུ་ཆུ་བོའི་གསེར་གྱི་པདྨ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེའི་སྒྲོན་མའི་པདྨའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེ་སྣང་གསལ་རྒྱལ་མཚན་གྱི་པདྨ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེས་བརྒྱན་པའི་པདྨ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ཨནྡ་རྙིལ་མཛེས་པར་འབར་བའི་འོད་ཟེར་ལྡན་པའི་པདྨའི་སྙིང་པོ་ཅན་གྱི་ སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། འོད་ཟེར་འབར་བ་ཟད་