Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 025_འབུམ།_ན
Văn bản gốc(Tây Tạng)
Trang 8 / 22 (50.000 ký tự/trang)
ེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་ དེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས། བར་འགའ་ཡང་ལས་མྱི་བྱེད་པར་མྱི་འགྱུར་གྱི། དགེ་བ་ཐམས་ཅད་ཚོལ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་དེ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རྟག་ཏུ་རྒྱུན་མྱི་ཆད་པར་ བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐོས་པ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཀྱི་བར་དུ། ཚེ་རབས་རྗེས་ ཀྱང་ནམ་དུ་ཡང་རྣམ་པར་ཆུད་མྱི་ཟ་སྟེ། རྟག་ཏུ་རྒྱུན་མྱི་འཆད་པར་གཟུངས་ཐོབ་ཅིང་། ལུས་ཀྱི་དབང་པོ་འམ། ངག་གི་དབང་པོ་འམ། ཡིད་ཀྱི་དབང་པོ་མྱི་ཉམ་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེས་རྟག་ཏུ་རྒྱུན་མྱི་འཆད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པ་དེས་ལམ་ཐམས་ཅད་ཤིན་ཏུ་བསྒོམས་པར་འགྱུར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། །བྱང་ཆུབ་སེམས་དཔའི་ལམ་མམ། སངས་རྒྱས་ཀྱི་ལམ་ཤིན་ཏུ་བསྒོམས་པར་འགྱུར། མངོན་པར་ཤེས་པ་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྣམ་པར་ཆུད་མྱི་ཟ་བའི་ཚུལ་གྱིས་ཕན་པར་ འགྱུར་བ་དེ་དག་ཀྱང་ཤིན་ཏུ་བསྒོམས་པར་འགྱུར་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་དེ་དག་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་ན། འགྲོ་བ་ལྔའི་འཁོར་བར་འཁོར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཀྱང་ ཡོངས་སུ་མྱི་ཉམ་མོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་ཐབས་མཁས་པས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་། སེམས་ཅན་ཤེས་རབ་འཆལ་བ་ཅན་བློ་ཆུང་བ་རྣམས་མཐོང་ན། འདི་སྐད་འདེམས་ཤིང་རྗེས་ སུ་སྟོན་ཏེ། ཚུར་རིགས་ཀྱི་བུ་ལུས་དང་ངག་དང་ཡིད་ཀྱི་ལས་གང་ཅི་བྱེད་ཀྱང་རུང་སྟེ། དེ་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་རྟོགས་ཤིག་དང་། ཁྱོད་ཀྱི་ལས་ཐམས་ཅད་བདུད་རྩིའི་འབྲས་བུར་འགྱུར་ཏེ། མཐར་བདུད་ རྩིར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ལ་ནི་གང་འཇིག་པར་འགྱུར་བའམ། ཡོངས་སུ་ཉམས་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དམྱིགས་སུ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་ཡོངས་སུ་ཉམ་པར་མྱི་འགྱུར། རང་བཞིན་ སྟོང་པ་ཉིད་ལས་ཡོངས་སུ་ཉམས་པའི་ཆོས་ཀྱང་གང་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ནི་དངོས་པོ་ཡོད་པ་ཡང་མ་ཡིན། དངོས་པོ་མྱེད་པ་ཡང་མ་ཡིན། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ ལ་ཅི་ཞིག་ཡོངས་སུ་ཉམ་པར་འགྱུར་ཞེས། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་སེམས་ཅན་རྣམས་ལ་འདེམས་ཤིང་རྗེས་སུ་སྟོན་པར་བྱེད་དེ་རང་ བཞིན་གྱིས་སྟོང་པ་ཉིད་ལ་འཛུད་པར་བྱེད་དོ། །དེ་ལྟར་འདེམས་ཤིང་རྗེས་སུ་སྟོན་པ་དང་། རང་བཞིན་ཀྱིས་སྟོང་པ་ཉིད་ལ་འཛུད་པའི་ཚེ། ནམ་དུ་ཡང་རྗེས་སུ་མ་བསྒྲུབས་པ་མ་ཡིན། དེ་ནི་བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་ གནས་པ་ཡིན། གཞན་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསླབ་པའི་གནས་ལྔ་ཡང་དག་པར་བླངས་ཤིང་གནས་པ་ཡིན། གཞན་ཡང་བསླབ་པའི་གནས་ལྔ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པར་ཡང་དག་པར་བླངས་ཤིང་གནས་པ་ཡིན། གཞན་ཡང་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པར་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་དང་པོ་ལ་ སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་གསུམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་ དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་མྱི་འཆད་པར་བྱམས་པ་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མྱི་འཆད་པར་བྱམས་པ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་མྱི་འཆད་པར་སྙིང་རྗེ་ལ་གནས་པ་ཡིན། གཞན་ ཡང་རྟག་ཏུ་རྒྱུན་མྱི་འཆད་པར་སྙིང་རྗེ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ཏུ་རྒྱུན་མྱི་འཆད་པར་དགའ་བ་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མྱི་འཆད་པར་དགའ་བ་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྟག་ ཏུ་རྒྱུན་མྱི་འཆད་པར་བཏང་སྙོམས་ལ་གནས་པ་ཡིན། གཞན་ཡང་རྟག་ཏུ་རྒྱུན་མྱི་འཆད་པར་བཏང་སྙོམས་སྒོམ་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་པ་ཡིན། བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འདུ་ཤེས་མྱེད་འདུ་ཤེས་མྱེད་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་ཡིན། གཞན་ཡང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་ པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་གནས་པ་ཡིན། གཞན་ཡང་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ ཕྱིནད་པ་ལ་གནས་པ་ཡིན། གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བཟོད་པའི་ཕ་རོལད་ཏུ་ཕྱིནད་པ་ལ་གནས་པ་ཡིན། གཞན་ཡང་སྦྱིན་པའི་ཕ་རོལད་ཏུ་ ཕྱིནད་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་གནས་པ་ཡིན། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡིན། གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན། གཞན་ཡང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ནང་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཕྱི་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཕྱི་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ ཡིན། བདག་ཀྱང་ཕྱི་ནང་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཕྱི་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཆེན་པོ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཆེན་པོ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དོན་དམ་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་དོན་དམ་བ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ འདུས་བྱས་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་འདུས་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རང་བཞིན་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་རང་བཞིན་སྟོང་པ་ཉིད་ ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་རང་གི་མཚན་ ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ ཡང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ཡང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡིན། གཞན་ ཡང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་ཡིན། གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་ཡང་དག་པར་སྤོང་བ་རྣམས་སྒོམ་པ་ཡིན། གཞན་ཡང་ཡང་དག་པར་སྤོང་བ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་ཡིན། གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན་ བདག་ཀྱང་དབང་པོ་རྣམས་སྒོམ་པ་ཡིན། གཞན་ཡང་དབང་པོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྟོབས་རྣམས་སྒོམ་པ་ཡིན། གཞན་ཡང་སྟོབས་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་ ལ་སྒོམ་པ་ཡིན། གཞན་ཡང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ཡིན། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་པ་ཡིན། གཞན་ཡང་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་འཕགས་པའི་བདེན་པ་རྣམས་སྒོམ་པ་ཡིན། གཞན་ཡང་འཕགས་པའི་བདེན་པ་རྣམས་ལ་ཡང་དག་ པར་སྐུལ་བ་ཡིན། བདག་ཀྱང་རྣམ་པར་ཐར་པ་བརྒྱད་ལ་སློབ་པ་ཡིན། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སློབ་པ་ཡིན། གཞན་ཡང་མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མངོན་པར་ཤེས་པ་རྣམས་ལ་སློབ་པ་ཡིན། གཞན་ཡང་མངོན་པར་ཤེས་པ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་ཏིང་ངེ་འཛིན་རྣམས་ལ་སློབ་ པ་ཡིན། གཞན་ཡང་ཏིང་ངེ་འཛིན་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་གཟུངས་ཀྱི་སྒོ་རྣམས་ལ་སློབ་པ་ཡིན། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དེ་བཞིན་གཤེགས་པའི་ སྟོབས་བཅུ་ལ་སློབ་པ་ཡིན། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མྱི་འཇིགས་པ་བཞི་ལ་སློབ་པ་ཡིན། གཞན་ཡང་མྱི་འཇིགས་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན། བདག་ ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ལ་སློབ་པ་ཡིན། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་བྱམས་པ་ཆེན་པོ་ལ་སློབ་པ་ཡིན། གཞན་ཡང་བྱམས་པ་ཆེན་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། གཞན་ཡང་སྙིང་རྗེ་ཆེན་པོ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སློབ་པ་ཡིན། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སློབ་པ་ཡིན། གཞན་ཡང་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སློབ་པ་ཡིན། གཞན་ ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཡང་དག་པར་སྐུལ་བ་ཡིན། བདག་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་མྱི་གནས་པ་ཡིན། གཞན་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་ལན་ཅིག་ཕྱིར་འོང་ བའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་མྱི་གནས་པ་ཡིན། གཞན་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་ཕྱིར་མྱི་འོང་བའི་འབྲས་བུའི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་མྱི་གནས་པ་ཡིན། གཞན་ཡང་ཕྱིར་མྱི་འོང་བའི་ འབྲས་བུ་ལ་འགོད་པ་ཡིན། བདག་ཀྱང་དགྲ་བཅོམ་པའི་འབྲས་བུའི་ཤེས་པ་སྐྱེད་ཅིང་། དེ་ལ་ཡང་མྱི་གནས་པ་ཡིན། གཞན་ཡང་དགྲ་བཅོམ་པ་ཉིད་ལ་འགོད་པ་ཡིན། བདག་ཀྱང་རང་བྱང་ཆུབ་ཀྱི་ཤེས་པ་སྐྱེད་ཅིང་དེ་ལ་ཡང་ མྱི་གནས་པ་ཡིན། གཞན་ཡང་རང་བྱང་ཆུབ་ལ་འགོད་པ་ཡིན། བདག་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྐྱེད་པ་ཡིན། གཞན་ཡང་ལམ་དེ་ལ་འདེམས་ཤིང་རྗེས་སུ་སྟོན་པ་དང་། གཞོག་ཅིང་འདུལ་བ་དང་འགོད་ པ་ཡིན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རང་བཞིན་སྟོང་པ་ཉིད་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་ བྱེད་པའི་ཚེ། ནམ་ཡང་ལས་མྱེད་པར་གནས་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་སྟོང་པ་ཉིད་ལ་ནི་སེམས་ཅན་ཡང་མྱི་དམྱིགས། ཆོས་ཀྱང་མྱི་ དམྱིགས། ཆོས་མ་ལགས་པ་ཡང་མྱི་དམྱིགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་ཡང་དག་པར་འཇུག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་མྱི་དམྱིགས་སོ། །ཆོས་མྱི་དམྱིགས་སོ། །ཆོས་མ་ཡིན་པ་མྱི་དམྱིགས་ སོ། །རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་བཞིན་སྟོང་པ་ཉིད་ལ་གནས་པར་མྱི་འགྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཆོས་རྣམས་རང་བཞིན་གྱིས་སྟོང་པར་མྱི་སྟོན་ཏོ། །རང་བཞིན་གྱིས་སྟོང་པའི་ཆོས་དེ་དག་ཀྱང་གང་ཞེ་ན། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། །ཚོ་རབ་ནི་རང་བཞིན་གྱིས་སྟོང་ངོ་། །འདུ་ཤེས་ནི་ རང་བཞིན་གྱིས་སྟོང་ངོ་། །འདུ་བྱེད་ནི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་མྱིག་ནི་རང་བཞིན་གྱིས་སྟོང་ངོ་། །རྣ་བ་ནི་རང་བཞིན་གྱིས་སྟོང་ངོ་། །སྣ་ནི་རང་བཞིན་གྱིས་སྟོང་ངོ་། །ལྕེ་ནི་རང་བཞིན་ གྱིས་སྟོང་ངོ་། །ལུས་ནི་རང་བཞིན་གྱིས་སྟོང་ངོ་། །ཡིད་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། །སྒྲ་ནི་རང་བཞིན་གྱིས་སྟོང་ངོ་། །དྲི་ནི་རང་བཞིན་གྱིས་སྟོང་ངོ་། །རོ་ནི་རང་བཞིན་གྱིས་སྟོང་ངོ་། །རེག་ནི་རང་ བཞིན་གྱིས་སྟོང་ངོ་། །ཆོས་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་མྱིག་གི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །སྣའི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །ལྕེའི་རྣམ་པར་ ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་ ནི་རང་བཞིན་གྱིས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ནི་རང་བཞིན་གྱིས་སྟོང་ངོ་། ། རབ་འབྱོར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ་། །ལྕེའི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་ སའི་ཁམས་ནི་རང་བཞིན་གྱིས་སྟོང་ངོ་། །ཆུའི་ཁམས་ནི་རང་བཞིན་གྱིས་སྟོང་ངོ་། །མྱེའི་ཁམས་ནི་རང་བཞིན་གྱིས་སྟོང་ངོ་། །རླུང་གི་ཁམས་ནི་རང་བཞིན་གྱིས་སྟོང་ངོ་། །ནམ་མཁའི་ཁམས་ནི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཤེས་ པའི་ཁམས་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་མ་རིག་པ་ནི་རང་བཞིན་གྱིས་སྟོང་ངོ་། །འདུ་བྱེད་ནི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་ངོ་། །མྱིང་དང་གཟུགས་ནི་རང་བཞིན་གྱིས་སྟོང་ངོ་། །སྐྱེ་མཆེད་ དྲུག་ནི་རང་བཞིན་གྱིས་སྟོང་ངོ་། །རེག་པ་ནི་རང་བཞིན་གྱིས་སྟོང་ངོ་། །ཚོར་བ་ནི་རང་བཞིན་གྱིས་སྟོང་ངོ་། །སྲེད་པ་ནི་རང་བཞིན་གྱིས་སྟོང་ངོ་། །ལེན་པ་ནི་རང་བཞིན་གྱིས་སྟོང་ངོ་། །སྲིད་པ་ནི་རང་བཞིན་གྱིས་སྟོང་ངོ་། །སྐྱེ་བ་ནི་རང་བཞིན་ གྱིས་སྟོང་ངོ་། །རྒ་ཤི་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་ངོ་། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །ཕྱི་སྟོང་པ་ ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །ཆེན་པོ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །འདུས་བྱས་སྟོང་ པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ནི་རང་ བཞིན་གྱིས་སྟོང་ངོ་། །རང་བཞིན་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་ སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་རང་བཞིན་ གྱིས་སྟོང་ངོ་། །ཡང་དག་པར་སྤོང་བ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །དབང་པོ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །སྟོབས་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་ རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་རང་བཞིན་གྱིས་སྟོང་ངོ་། །འཕགས་པའི་བདེན་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །བསམ་གཏན་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །ཚད་མྱེད་པ་རྣམས་ནི་ རང་བཞིན་གྱིས་སྟོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །རྣམ་པར་ཐར་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་རང་བཞིན་གྱིས་ སྟོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་རང་བཞིན་གྱིས་སྟོང་ངོ་། །མངོན་པར་ཤེས་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །ཏིང་ངེ་འཛིན་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་ རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །མྱི་འཇིགས་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་རང་བཞིན་གྱིས་སྟོང་ངོ་། ། བྱམས་པ་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་། །སྙིང་རྗེ་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་། །དགའ་བ་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་། །བཏང་སྙོམས་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་རང་བཞིན་ གྱིས་སྟོང་ངོ་། །མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་རང་བཞིན་གྱིས་སྟོང་ངོ་། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་རང་བཞིན་གྱིས་སྟོང་ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་རང་བཞིན་ གྱིས་སྟོང་ངོ་། །ཕྱིར་མྱི་འོང་བའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་ངོ་། །དགྲ་བཅོམ་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བྱང་ཆུབ་ནི་རང་བཞིན་གྱིས་སྟོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕུང་པོ་ལྔ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ད་ཏོ། །སྐྱེ་མཆེད་བཅུ་གཉིས་ནི་རང་བཞིན་ གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ཁམས་བཅྭོ་བརྒྱད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་རང་བཞིན་གྱིས་ སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །སྟོང་པ་ཉིད་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ཡང་དག་པར་སྤོང་བ་བཞི་ནི་རང་བཞིན་གྱིས་ སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དབང་པོ་ལྔ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །སྟོབས་ལྔ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །བྱང་ ཆུབ་ཀྱི་ཡན་ལག་བདུན་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །འཕགས་པའི་བདེན་པ་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །བསམ་ གཏན་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ཚད་མྱེད་པ་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྣམ་པར་ ཐར་པ་བརྒྱད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོནད་ཏོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་ སྨོན་པ་མྱེད་པ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །མངོན་པར་ཤེས་པ་ལྔ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ཏིང་ངེ་འཛིན་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །གཟུངས་ཀྱི་སྒོ་ ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །མྱི་འཇིགས་པ་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །སོ་སོ་ ཡང་དག་པར་རིག་པ་བཞི་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །བྱམས་པ་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །སྙིང་རྗེ་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དགའ་བ་ཆེན་པོ་ནི་རང་བཞིན་ གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །བཏང་སྙོམས་ཆེན་པོ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །མྱི་ཆེན་ པོའི་མཚན་སུམ་ཅུ་རྩ་གཉིས་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ལན་ ཅིག་ཕྱིར་འོང་བའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །དགྲ་བཅོམ་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རང་བྱང་ཆུབ་ནི་རང་ བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །བག་ཆགས་ཀྱི་མཚམས་ སྦྱོར་བ་ཐམས་ཅད་སྤོང་བ་ནི་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་སྟོན་ཏོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་ཕྱི་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་ རོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་སྟོང་པ་ཉིད་སྟོང་ པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ ཡིན་ན་ནི། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་དོན་དམ་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་འདུས་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་འདུས་མ་བྱས་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་ བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་མཐའ་ལས་འདས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ ཏེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་དོར་བ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་ སྟོང་པ་མ་ཡིན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་ རོ། །གལ་ཏེ་མྱི་དམྱིགས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་དངོས་པོ་མྱེད་པ་སྟོང་པ་ཉིད་རང་ བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། གལ་ཏེ་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་རོ། །གལ་ཏེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཆོས་ ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཆོས་བསྟན་པར་མྱི་འགྱུར་ཏེ། དེའི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་ན། རང་བཞིན་སྟོང་པ་ཉིད་ནི་འཇིག་པར་མྱི་འགྱུར་རྟག་པ་མ་ཡིན་ཏེ། ཕྱིས་མྱེད་པར་འགྲོ་བ་ཡང་མ་ཡིན་ནོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་ཡུལ་ན་མྱི་གནས། ཕྱོགས་ན་མྱི་གནས་པ་སྟེ། དེ་ནི་གང་ནས་ཀྱང་འོང་བ་ཡང་མ་ཡིན། གང་དུ་འགྲོ་བ་ཡང་མ་ཡིན་ཏེ། དེ་ནི་ཆོས་གནས་པ་ཉིད་དོ། །དེ་ལ་ནི་ཆོས་གང་ཡང་འཕེལ་བར་དམྱིགས་པའམ། འགྲིབ་པ་དམྱིགས་པ་ འམ། འགོང་བ་དམྱིགས་པའམ། སྐྱེ་བ་དམྱིགས་པ་འམ། འབྱུང་བ་དམྱིགས་པའམ། འགག་པ་དམྱིགས་པའམ། ཀུན་ནས་ཉོན་མོངས་པ་དམྱིགས་པ་འམ། རྣམ་པར་བྱང་བ་དམྱིགས་པ་མྱེད་དོ། །དེ་ནི་ཆོས་རྣམས་ཀྱི་རང་བཞིན་ཏེ ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། ཆོས་གང་ཡང་འཇུག་པ་འམ། མྱི་འཇུག་པར་མཐོང་བ་མྱེད་དོ། །ཆོས་ཐམས་ཅད་ནི་འཇུག་པ་ མྱེད་ཅིང་གནས་པ་མྱེད་པ་སྟེ། དེ་ནི་ཆོས་རྣམས་ཀྱི་ཆོས་གནས་པའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་ནས། བླ་ན་མྱེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་སྒྲིབ་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཆོས་ཐམས་ཅད་ནི་སྒྲིབ་པ་མྱེད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ནི་འདི་ལྟར་རང་ བཞིན་སྟོང་པ་ཉིད་ལ་བདག་མྱི་དམྱིགས། བདག་ཏུ་གདགས་པ་ཡང་མྱི་དམྱིགས། སེམས་ཅན་མྱི་དམྱིགས། སེམས་ཅན་དུ་གདགས་པ་ཡང་མྱི་དམྱིགས། སྲོག་མྱི་དམྱིགས། སྲོག་ཏུ་གདགས་པ་ཡང་མྱི་དམྱིགས། འགྲོ་བའང་མྱི་དམྱིགས། འགྲོ་བར་གདགས་པ་ཡང་མྱི་དམྱིགས། གསོ་བ་ཡང་མྱི་དམྱིགས། གསོ་བར་གདགས་པ་ཡང་མྱི་དམྱིགས། སྐྱེས་བུ་ཡང་མྱི་དམྱིགས། སྐྱེས་བུར་གདགས་པ་ཡང་མྱི་དམྱིགས། གང་ཟག་ཀྱང་མྱི་དམྱིགས། གང་ཟག་ཏུ་གདགས་པ་ཡང་མྱི་དམྱིགས། ཤེད་ཅན་ཡང་མྱི་དམྱིགས། ཤེད་ཅན་དུ་གདགས་པ་ཡང་མྱི་དམྱིགས། ཤེད་བདག་ཀྱང་མྱི་དམྱིགས། ཤེད་བདག་ཏུ་གདགས་པ་ཡང་མྱི་དམྱིགས། བྱེད་པ་པོ་ཡང་མྱི་དམྱིགས། བྱེད་པ་པོར་གདགས་པ་ཡང་མྱི་དམྱིགས། ཚོར་ བ་པོ་ཡང་མྱི་དམྱིགས། ཚོར་བ་པོར་གདགས་པ་ཡང་མྱི་དམྱིགས། ཚོར་བར་བྱེད་པ་ཡང་མྱི་དམྱིགས། ཚོར་བར་བྱེད་པར་གདགས་པ་ཡང་མྱི་དམྱིགས། སློང་བ་ཡང་མྱི་དམྱིགས། སློང་བར་གདགས་པ་ཡང་ མྱི་དམྱིགས། ཀུན་ནས་སློང་བ་ཡང་མྱི་དམྱིགས། ཀུན་ནས་སློང་བར་གདགས་པ་ཡང་མྱི་དམྱིགས། ཤེས་པ་པོ་ཡང་མྱི་དམྱིགས། ཤེས་པ་པོར་གདགས་པ་ཡང་མྱི་དམྱིགས། མཐོང་བ་པོ་ཡང་མྱི་དམྱིགས། མཐོང་བ་ པོར་གདགས་པ་ཡང་མྱི་དམྱིགས། གཟུགས་ཀྱང་མྱི་དམྱིགས། གཟུགས་སུ་གདགས་པ་ཡང་མྱི་དམྱིགས། ཚོར་བ་ཡང་མྱི་དམྱིགས། ཚོར་བར་གདགས་པ་ཡང་མྱི་དམྱིགས། འདུ་ཤེས་ཀྱང་མྱི་དམྱིགས། འདུ་ཤེས་སུ་གདགས་པ་ཡང་མྱི་ དམྱིགས། འདུ་བྱེད་ཀྱང་མྱི་དམྱིགས། འདུ་བྱེད་དུ་གདགས་པ་ཡང་མྱི་དམྱིགས། རྣམ་པར་ཤེས་པ་ཡང་མྱི་དམྱིགས། རྣམ་པར་ཤེས་པར་གདགས་པ་ཡང་མྱི་དམྱིགས། མྱིག་ཀྱང་མྱི་དམྱིགས། མྱིག་ཏུ་གདགས་པ་ཡང་མྱི་དམྱིགས། རྣ་བ་ཡང་ མྱི་དམྱིགས། རྣ་བར་གདགས་པ་ཡང་མྱི་དམྱིགས། སྣ་ཡང་མྱི་དམྱིགས། སྣར་གདགས་པ་ཡང་མྱི་དམྱིགས། ལྕེ་ཡང་མྱི་དམྱིགས། ལྕེར་གདགས་པ་ཡང་མྱི་དམྱིགས། ལུས་ཀྱང་མྱི་དམྱིགས། ལུས་སུ་གདགས་པ་ཡང་མྱི་དམྱིགས། ཡིད་ཀྱང་ མྱི་དམྱིགས། ཡིད་དུ་གདགས་པ་ཡང་མྱི་དམྱིགས། གཟུགས་ཀྱང་མྱི་དམྱིགས། གཟུགས་སུ་གདགས་པ་ཡང་མྱི་དམྱིགས། སྒྲ་ཡང་མྱི་དམྱིགས། སྒྲར་གདགས་པ་ཡང་མྱི་དམྱིགས། དྲི་ཡང་མྱི་དམྱིགས། དྲིར་གདགས་པ་ཡང་མྱི་དམྱིགས། རོ་ཡང་ མྱི་དམྱིགས། རོར་གདགས་པ་ཡང་མྱི་དམྱིགས། རེག་ཀྱང་མྱི་དམྱིགས། རེག་ཏུ་གདགས་པ་ཡང་མྱི་དམྱིགས། ཆོས་ཀྱང་མྱི་དམྱིགས། ཆོས་སུ་གདགས་པ་ཡང་མྱི་དམྱིགས། མྱིག་གི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། མྱིག་གི་རྣམ་པར་ཤེས་ པར་གདགས་པ་ཡང་མྱི་དམྱིགས། རྣ་བའི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། རྣ་བའི་རྣམ་པར་ཤེས་པར་གདགས་པ་ཡང་མྱི་དམྱིགས། སྣའི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། སྣའི་རྣམ་པར་ཤེས་པར་གདགས་པ་ཡང་མྱི་དམྱིགས། ལྕེའི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། ལྕེའི་རྣམ་པར་ཤེས་པར་གདགས་པ་ཡང་མྱི་དམྱིགས། ལུས་ཀྱི་རྣམ་པར་ཤེས་པ་ཡང་མྱི་དམྱིགས། ལུས་ཀྱི་རྣམ་པར་ཤེས་པར། གདགས་པ་ཡང་མྱི་དམྱིགས། ཡིད་ཀྱི་རྣམ་ པར་ཤེས་པ། ཡང་མྱི་དམྱིགས། ཡིད་ཀྱི་རྣམ་པར་ཤེས་པར། གདགས་པ་ཡང་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པར་གདགས་པ་ཡང་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། རྣ་བའི་འདུས་ཏེ་ རེག་པར་གདགས་པ་ཡང་མྱི་དམྱིགས། སྣའི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། སྣའི་འདུས་ཏེ་རེག་པར་གདགས་པ་ཡང་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། ལྕེའི་འདུས་ཏེ་རེག་ པར་གདགས་པ་ཡང་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པར་གདགས་པ་ཡང་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པ་ཡང་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པར་གདགས་པ་ཡང་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་ཡང་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་ པ་ཡང་མྱི་དམྱིགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་ཡང་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བར་གདགས་པ་ཡང་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མྱི་དམྱིགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་ཡང་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ཡང་མྱི་དམྱིགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་གདགས་པ་ཡང་མྱི་དམྱིགས། སའི་ཁམས་ཀྱང་མྱི་དམྱིགས། སའི་ཁམས་སུ་གདགས་པ་ཡང་མྱི་དམྱིགས། ཆུའི་ཁམས་ཀྱང་མྱི་དམྱིགས། ཆུའི་ཁམས་ སུ་གདགས་པ་ཡང་མྱི་དམྱིགས། མྱེའི་ཁམས་ཀྱང་མྱི་དམྱིགས། མྱེའི་ཁམས་སུ་གདགས་པ་ཡང་མྱི་དམྱིགས། རླུང་གི་ཁམས་ཀྱང་མྱི་དམྱིགས། རླུང་གི་ཁམས་སུ་གདགས་པ་ཡང་མྱི་དམྱིགས། ནམ་མཁའི་ཁམས་ཀྱང་མྱི་ དམྱིགས། ནམ་མཁའི་ཁམས་སུ་གདགས་པ་ཡང་མྱི་དམྱིགས། རྣམ་པར་ཤེས་པའི་ཁམས་ཀྱང་མྱི་དམྱིགས། རྣམ་པར་ཤེས་པའི་ཁམས་སུ་གདགས་པ་ཡང་མྱི་དམྱིགས། མ་རིག་པ་ཡང་མྱི་དམྱིགས། མ་རིག་པར་གདགས་པ་ཡང་མྱི་ དམྱིགས། འདུ་བྱེད་ཀྱང་མྱི་དམྱིགས། འདུ་བྱེད་དུ་གདགས་པ་ཡང་མྱི་དམྱིགས། རྣམ་པར་ཤེས་པ་ཡང་མྱི་དམྱིགས། རྣམ་པར་ཤེས་པར་གདགས་པ་ཡང་མྱི་དམྱིགས། མྱིང་དང་གཟུགས་ཀྱང་མྱི་དམྱིགས། མྱིང་དང་གཟུགས་སུ་གདགས་ པ་ཡང་མྱི་དམྱིགས། སྐྱེ་མཆེད་དྲུག་ཀྱང་མྱི་དམྱིགས། སྐྱེ་མཆེད་དྲུག་ཏུ་གདགས་པ་ཡང་མྱི་དམྱིགས། རེག་པ་ཡང་མྱི་དམྱིགས། རེག་པར་གདགས་པ་ཡང་མྱི་དམྱིགས། ཚོར་བ་ཡང་མྱི་དམྱིགས། ཚོར་བར་གདགས་པ་ཡང་མྱི་དམྱིགས། སྲེད་པ་ཡང་མྱི་དམྱིགས། སྲེད་པར་གདགས་པ་ཡང་མྱི་དམྱིགས། ལེན་པ་ཡང་མྱི་དམྱིགས། ལེན་པར་གདགས་པ་ཡང་མྱི་དམྱིགས། སྲིད་པ་ཡང་མྱི་དམྱིགས། སྲིད་པར་གདགས་པ་ཡང་མྱི་དམྱིགས། སྐྱེ་བ་ཡང་མྱི་དམྱིགས། སྐྱེ་ བར་གདགས་པ་ཡང་མྱི་དམྱིགས། རྒ་ཤི་ཡང་མྱི་དམྱིགས། རྒ་ཤིར་གདགས་པ་ཡང་མྱི་དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་གདགས་པ་ཡང་མྱི་དམྱིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡང་མྱི་དམྱིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་ཡང་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པར་གདགས་པ་ཡང་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡང་མྱི་དམྱིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་ཡང་མྱི་དམྱིགས། བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པར་གདགས་པ་ཡང་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གདགས་པ་ཡང་མྱི་དམྱིགས། ནང་སྟོང་པ་ཉིད་ཀྱང་མྱི་དམྱིགས། ནང་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། ཕྱི་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཕྱི་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཕྱི་ནང་སྟོང་པ་ཉིད་ དུ་གདགས་པ་ཡང་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། སྟོང་པ་ཉིད་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཆེན་པོ་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་ ཀྱང་མྱི་དམྱིགས། དོན་དམ་པ་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས། འདུས་བྱས་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་ཀྱང་མྱི་དམྱིགས། འདུས་མ་བྱས་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། མཐའ་ལས་འདས་པ་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཐོག་མ་དང་ཐ་ མ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། དོར་བ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་ཀྱང་མྱི་དམྱིགས། རང་བཞིན་སྟོང་པ་ཉིད་ དུ་གདགས་པ་ཡང་མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མྱི་དམྱིགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། རང་གི་མཚན་ཉིད་སྟོང་པ་ཉིད་དུ་གདགས་པ་ ཡང་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། མྱི་དམྱིགས་པ་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་མྱི་དམྱིགས། དངོས་པོ་མྱེད་པ་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། ངོ་བོ་ ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མྱི་དམྱིགས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། དྲན་པ་ཉེ་བར་གཞག་ པ་རྣམས་ཀྱང་མྱི་དམྱིགས། དྲན་པ་ཉེ་བར་གཞག་པར་གདགས་པ་ཡང་མྱི་དམྱིགས། ཡང་དག་པར་སྤོང་བ་རྣམས་ཀྱང་མྱི་དམྱིགས། ཡང་དག་པར་སྤོང་བར་གདགས་པ་ཡང་མྱི་དམྱིགས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མྱི་དམྱིགས། རྫུ་འཕྲུལ་གྱི་རྐང་པར་གདགས་པ་ཡང་མྱི་དམྱིགས། དབང་པོ་རྣམས་ཀྱང་མྱི་དམྱིགས། དབང་པོར་གདགས་པ་ཡང་མྱི་དམྱིགས། སྟོབས་རྣམས་ཀྱང་མྱི་དམྱིགས། སྟོབས་སུ་གདགས་པ་ཡང་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ ཀྱང་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་ཏུ་གདགས་པ་ཡང་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པར་གདགས་པ་ཡང་མྱི་དམྱིགས། འཕགས་པའི་བདེན་པ་ རྣམས་ཀྱང་མྱི་དམྱིགས། འཕགས་པའི་བདེན་པར་གདགས་པ་ཡང་མྱི་དམྱིགས། བསམ་གཏན་རྣམས་ཀྱང་མྱི་དམྱིགས། བསམ་གཏན་དུ་གདགས་པ་ཡང་མྱི་དམྱིགས། ཚད་མྱེད་པ་རྣམས་ཀྱང་མྱི་དམྱིགས། ཚད་མྱེད་པར་གདགས་པ་ཡང་མྱི་ དམྱིགས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱི་དམྱིགས། གཟུགས་མྱེད་པའི་སྙོམས་པར་འཇུག་པར་གདགས་པ་ཡང་མྱི་དམྱིགས། རྣམ་པར་ཐར་པ་རྣམས་ཀྱང་མྱི་དམྱིགས། རྣམ་པར་ཐར་པར་གདགས་པ་ཡང་མྱི་ དམྱིགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མྱི་དམྱིགས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པར་གདགས་པ་ཡང་མྱི་དམྱིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་མྱི་ དམྱིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་གདགས་པ་ཡང་མྱི་དམྱིགས། མངོན་པར་ཤེས་པ་རྣམས་ཀྱང་མྱི་དམྱིགས། མངོན་པར་ཤེས་པར་གདགས་པ་ཡང་མྱི་དམྱིགས། ཏིང་ངེ་འཛིན་རྣམས་ཀྱང་མྱི་ དམྱིགས། ཏིང་ངེ་འཛིན་དུ་གདགས་པ་ཡང་མྱི་དམྱིགས། གཟུངས་ཀྱི་སྒོ་རྣམས་ཀྱང་མྱི་དམྱིགས། གཟུངས་ཀྱི་སྒོར་གདགས་པ་ཡང་མྱི་དམྱིགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་མྱི་དམྱིགས། དེ་བཞིན་གཤེགས་པའི་སྟོབས་སུ་གདགས་པ་ ཡང་མྱི་དམྱིགས། མྱི་འཇིགས་པ་རྣམས་ཀྱང་མྱི་དམྱིགས། མྱི་འཇིགས་པར་གདགས་པ་ཡང་མྱི་དམྱིགས། སོ་སོ་ཡང་དག་པར་རིག་པར་རྣམས་ཀྱང་མྱི་དམྱིགས། སོ་སོ་ཡང་དག་པར་རིག་པར་གདགས་པ་ཡང་མྱི་དམྱིགས། བྱམས་པ་ཆེན་པོ་ ཡང་མྱི་དམྱིགས། བྱམས་པ་ཆེན་པོར་གདགས་པ་ཡང་མྱི་དམྱིགས། སྙིང་རྗེ་ཆེན་པོ་ཡང་མྱི་དམྱིགས། སྙིང་རྗེ་ཆེན་པོར་གདགས་པ་ཡང་མྱི་དམྱིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་མྱི་དམྱིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་དུ་གདགས་པ་ཡང་མྱི་དམྱིགས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་མྱི་དམྱིགས། རྒྱུན་ཏུ་ཞུགས་པའི་འབྲས་བུར་གདགས་པ་ཡང་མྱི་དམྱིགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་མྱི་དམྱིགས། ལན་ཅིག་ཕྱིར་འོང་བའི་འབྲས་བུར་གདགས་པ་ཡང་མྱི་དམྱིགས། ཕྱིར་མྱི་འོང་བའི་འབྲས་བུ་ཡང་མྱི་དམྱིགས། ཕྱིར་མྱི་འོང་བའི་འབྲས་བུར་གདགས་པ་ཡང་མྱི་དམྱིགས། དགྲ་བཅོམ་པ་ཉིད་ཀྱང་མྱི་དམྱིགས། དགྲ་བཅོམ་ པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། རང་བྱང་ཆུབ་ཀྱང་མྱི་དམྱིགས། རང་བྱང་ཆུབ་ཏུ་གདགས་པ་ཡང་མྱི་དམྱིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མྱི་དམྱིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱི་དམྱིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གདགས་པ་ཡང་མྱི་དམྱིགས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱང་མྱི་དམྱིགས། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་གདགས་པ་ཡང་མྱི་ དམྱིགས། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་མྱི་དམྱིགས། དཔེ་བྱད་བཟང་པོ་བརྒྱད་ཅུར་གདགས་པ་ཡང་མྱི་དམྱིགས་ན་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཚོམ་ཟ་བར་འགྱུར་བ་ལྟ་ག་ལས་འོང་། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་། དུ་མར་རྒྱུན་ཏུ། ཆོས་བསྟན་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྤྲུལ་པ་དེ་ དག་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་རྗེས་སུ་ཐོབ་པར་འགྱུར་བའི་སྐལ་བ་ལྟ་ཡོད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་སྐལ་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་ལ་དངོས་པོ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ལ་དངོས་པོ་མྱེད་ན་སེམས་ཅན་གང་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་ བྱང་ཆུབ་བམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགོད་པར་བྱ་སྟེ། གཞན་དུ་ན་ཕྱིན་ཅི་ལོག་གིས་ཡོངས་སུ་འཁྲིས་པའི་སྐྱེ་དགུ་དག་ཕྱིན་ཅི་ལོག་མྱེད་པ་ལ་གཞོག་གོ། །འདུལ་ལོ། །རབ་ཏུ་འགོད་དོ། །ཕྱིན་ཅི་ལོག་གང་ཡིན་པ་དེ་ཡང་རྟོག་པའི་ རྒྱུ་ལས་བྱུང་བའི་ཕྱིར། ཕྱིན་ཅི་ལོག་མ་ཡིན་པ་སྟེ། རྣམ་པར་རྟོག་པ་མྱེད་པ་ནི་ཕྱིན་ཅི་ལོག་མ་ཡིན་པའོ། །གང་ལ་ཕྱིན་ཅི་ལོག་མྱེད་པ་དེ་ལ་བདག་མྱེད་དོ། །སེམས་ཅན་མྱེད་དོ། །སྲོག་མྱེད་དོ། །འགྲོ་བ་མྱེད་དོ། །གསོ་བ་མྱེད་དོ། །སྐྱེས་བུ་མྱེད་དོ། ། གང་ཟག་མྱེད་དོ། །ཤེད་ཅན་མྱེད་དོ། །ཤེད་བདག་མྱེད་དོ། །བྱེད་པ་པོ་མྱེད་དོ། །ཚོར་བ་པོ་མྱེད་དོ། །ཤེས་པ་པོ་མྱེད་དོ། །མཐོང་བ་པོ་མྱེད་དོ། །དེ་ལ་གཟུགས་མྱེད་དོ། །ཚོར་བ་མྱེད་དོ། །འདུ་ཤེས་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །དེ་ལ་ མྱིག་མྱེད་དོ། །རྣ་བ་མྱེད་དོ། །སྣ་མྱེད་དོ། །ལྕེ་མྱེད་དོ། །ལུས་མྱེད་དོ། །ཡིད་མྱེད་དོ། །དེ་ལ་གཟུགས་མྱེད་དོ། །སྒྲ་མྱེད་དོ། །དྲི་མྱེད་དོ། །རོ་མྱེད་དོ། །རེག་མྱེད་དོ། །ཆོས་མྱེད་དོ། །དེ་ལ་མྱིག་གི་རྣམ་པར་ཤེས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མྱེད་དོ། །སྣའི་ རྣམ་པར་ཤེས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱེད་དོ། །དེ་ལ་མྱིག་གི་འདུས་ཏེ་རེག་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་ པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱེད་དོ། །དེ་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །དེ་ལ་སའི་ཁམས་མྱེད་དོ། །ཆུའི་ཁམས་མྱེད་དོ། །མྱེའི་ཁམས་མྱེད་དོ། །རླུང་གི་ ཁམས་མྱེད་དོ། །ནམ་མཁའི་ཁམས་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱེད་དོ། །དེ་ལམ་རིག་པ་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །མྱིང་དང་གཟུགས་མྱེད་དོ། །སྐྱེ་མཆེད་དྲུག་མྱེད་དོ། །རེག་པ་མྱེད་དོ། །ཚོར་བ་མྱེད་དོ། །སྲེད་པ་ མྱེད་དོ། །ལེན་པ་མྱེད་དོ། །སྲིད་པ་མྱེད་དོ། །སྐྱེ་བ་མྱེད་དོ། །རྒ་ཤི་མྱེད་དོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིན་ད་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །དེ་ལ་ནང་སྟོང་པ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་མྱེད་དོ། ། འདུས་བྱས་སྟོང་པ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་མྱེད་དོ། །ཆོས་ཐམས་ཅད་ སྟོང་པ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །དེ་ལ་དྲན་པ་ཉེ་བར་གཞག་པ་རྣམས་ མྱེད་དོ། །ཡང་དག་པར་སྤོང་བ་རྣམས་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་དོ། །དབང་པོ་རྣམས་མྱེད་དོ། །སྟོབས་རྣམས་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་དོ། །དེ་ལ་འཕགས་པའི་ བདེན་པ་རྣམས་མྱེད་དོ། བསམ་གཏན་རྣམས་མྱེད་དོ། །ཚད་མྱེད་པ་རྣམས་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད་དོ། །དེ་ལ་རྣམ་པར་ཐར་པ་རྣམས་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱེད་དོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་མྱེད་དོ། །ཏིང་ངེ་འཛིན་རྣམས་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་མྱེད་དོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་མྱེད་དོ། ། མྱི་འཇིགས་པ་རྣམས་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་མྱེད་དོ། །བྱམས་པ་ཆེན་པོ་མྱེད་དོ། །སྙིང་རྗེ་ཆེན་པོ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱེད་དོ། །དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །ལན་ཅིག་ཕྱིར་ འོང་བའི་འབྲས་བུ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མྱེད་དོ། །དགྲ་བཅོམ་པ་ཉིད་མྱེད་དོ། །རང་བྱང་ཆུབ་མྱེད་དོ། །དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་དོ།། །། ཤེས་རབ་ ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །གང་ལ་གཟུགས་མྱེད་པ་དང་། ཚོར་བ་མྱེད་པ་དང་། འདུ་ཤེས་མྱེད་པ་དང་། འདུ་བྱེད་མྱེད་པ་དང་། རྣམ་པར་ཤེས་པ་མྱེད་པ་དང་། གང་ལ་མྱིག་མྱེད་ པ་དང་། རྣ་བ་མྱེད་པ་དང་། སྣ་མྱེད་པ་དང་། ལྕེ་མྱེད་པ་དང་། ལུས་མྱེད་པ་དང་། ཡིད་མྱེད་པ་དང་། གང་ལ་གཟུགས་མྱེད་པ་དང་། སྒྲ་མེད་པ་དང་། དྲི་མྱེད་པ་དང་། རོ་མྱེད་པ་དང་། རེག་མྱེད་པ་དང་། ཆོས་མྱེད་པ་དང་། གང་ལ་མྱིག་གི་རྣམ་པར་ཤེས་པ་ མྱེད་པ་དང་། རྣ་བའི་རྣམ་པར་ཤེས་པ་མྱེད་པ་དང་། སྣའི་རྣམ་པར་ཤེས་པ་མྱེད་པ་དང་། ལྕེའི་རྣམ་པར་ཤེས་པ་མྱེད་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་མྱེད་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པ་དང་། གང་ལ་མྱིག་གི་ འདུས་ཏེ་རེག་པ་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པ་མྱེད་པ་དང་། སྣའི་འདུས་ཏེ་རེག་པ་མྱེད་པ་དང་། ལྕེའི་འདུས་ཏེ་རེག་པ་མྱེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་མྱེད་པ་དང་། གང་ལ་མྱིག་གི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་ བ་མྱེད་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དང་། གང་ལ་སའི་ཁམས་མྱེད་པ་དང་། ཆུའི་ཁམས་མྱེད་པ་དང་། མྱེའི་ཁམས་མྱེད་པ་དང་། རླུང་གི་ཁམས་མྱེད་པ་དང་། ནམ་མཁའི་ཁམས་མྱེད་པ་དང་། རྣམ་པར་ཤེས་པའི་ ཁམས་མྱེད་པ་དང་། གང་ལ་མ་རིག་པ་མྱེད་པ་དང་། འདུ་བྱེད་མྱེད་པ་དང་། རྣམ་པར་ཤེས་པ་མྱེད་པ་དང་། མྱིང་དང་གཟུགས་མྱེད་པ་དང་། སྐྱེ་མཆེད་དྲུག་མྱེད་པ་དང་། རེག་པ་མྱེད་པ་དང་། ཚོར་བ་མྱེད་པ་དང་། སྲེད་པ་མྱེད་པ་དང་། ལེན་ པ་མྱེད་པ་དང་། སྲིད་པ་མྱེད་པ་དང་། སྐྱེ་བ་མྱེད་པ་དང་། རྒ་ཤི་མྱེད་པ་དང་། གང་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ མྱེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པ་དང་། གང་ལ་ནང་སྟོང་པ་ཉིད་མྱེད་པ་དང་། ཕྱི་སྟོང་པ་ཉིད་མྱེད་པ་དང་། ཕྱི་ནང་སྟོང་པ་ཉིད་མྱེད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་མྱེད་པ་དང་། ཆེན་ པོ་སྟོང་པ་ཉིད་མྱེད་པ་དང་། དོན་དམ་པ་སྟོང་པ་ཉིད་མྱེད་པ་དང་། འདུས་བྱས་སྟོང་པ་ཉིད་མྱེད་པ་དང་། འདུས་མ་བྱས་སྟོང་པ་ཉིད་མྱེད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་པ་དང་། དོར་བ་མྱེད་ པ་སྟོང་པ་ཉིད་མྱེད་པ་དང་། རང་བཞིན་སྟོང་པ་ཉིད་མྱེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་མྱེད་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་པ་དང་། ངོ་བོ་ཉིད་སྟོང་ པ་ཉིད་མྱེད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་པ་དང་། གང་ལ་དྲན་པ་ཉེ་བར་གཞག་པ་རྣམས་མྱེད་པ་དང་། ཡང་དག་པར་སྤོང་བ་རྣམས་མྱེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་པ་དང་། དབང་པོ་རྣམས་མྱེད་པ་དང་། སྟོབས་རྣམས་ མྱེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་པ་དང་། གང་ལ་འཕགས་པའི་བདེན་པ་རྣམས་མྱེད་པ་དང་། བསམ་གཏན་རྣམས་མྱེད་པ་དང་། ཚད་མྱེད་པ་རྣམས་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་རྣམས་མྱེད་པ་དང་། གང་ལ་རྣམ་པར་ཐར་པ་བརྒྱད་མྱེད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་པ་དང་། མངོན་པར་ཤེས་པ་ རྣམས་མྱེད་པ་དང་། ཏིང་ངེ་འཛིན་རྣམས་མྱེད་པ་དང་། གཟུངས་ཀྱི་སྒོ་རྣམས་མྱེད་པ་དང་། གང་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་མྱེད་པ་དང་། མྱི་འཇིགས་པ་རྣམས་མྱེད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་མྱེད་པ་དང་། བྱམས་པ་ ཆེན་པོ་མྱེད་པ་དང་། སྙིང་རྗེ་ཆེན་པོ་མྱེད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱེད་པ་དང་། གང་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་མྱེད་པ་དང་། དགྲ་བཅོམ་ པ་ཉིད་མྱེད་པ་དང་། རང་བྱང་ཆུབ་མྱེད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱེད་པ་དེ་ནི་རང་བཞིན་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་སེམས་ཅན་གྱི་འདུ་ཤེས་ལས་འགྲེལ་ཏེ། གཟུགས་ཀྱི་འདུ་ཤེས་ལས་འགྲེལ་ཏོ། །གཟུགས་མྱེད་པའི་འདུ་ ཤེས་ལས་འགྲེལ་ཏོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བར་ལས་འགྲེལ་ཏོ། །གང་ཟག་པ་མྱེད་པའི་ཆོས་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་པོ་དེ་དག་ཀྱང་དེ་ལ་དོན་དམ་པའི་རྣམ་པ་གང་ཡིན་པ་དེ་ལྟ་བུ་མ་ཡིན་ཏེ། འདི་ལྟར་འདུས་མ་བྱས་པ་དང་། མ་སྐྱེས་པ་དང་། དངོས་པོ་མྱེད་པ་དང་། འབྱུང་བ་མྱེད་པ་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ སྟེ། དེ་ལ་བདག་མྱེད་དོ། །སེམས་ཅན་མྱེད་དོ། །སྲོག་མྱེད་དོ། །སྐྱེ་བ་པོ་མྱེད་དོ། །གསོ་བ་མྱེད་དོ། །སྐྱེས་བུ་མྱེད་དོ། །གང་ཟག་མྱེད་དོ། །ཤེད་ཅན་མྱེད་དོ། །ཤེད་བདག་མྱེད་དོ། །བྱེད་པ་པོ་མྱེད་དོ། །ཚོར་བ་པོ་མྱེད་དོ། །ཤེས་པ་པོ་མྱེད་དོ། །མཐོང་བ་པོ་ མྱེད་དོ། །གཟུགས་མྱེད་དོ། །ཚོར་བ་མྱེད་དོ། །འདུ་ཤེས་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །མྱིག་མྱེད་དོ། །རྣ་བ་མྱེད་དོ། །སྣ་མྱེད་དོ། །ལྕེ་མྱེད་དོ། །ལུས་མྱེད་དོ། །ཡིད་མྱེད་དོ། །གཟུགས་མྱེད་དོ། །སྒྲ་མྱེད་དོ། །དྲི་ མྱེད་དོ། །རོ་མྱེད་དོ། །རེག་མྱེད་དོ། །ཆོས་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་ པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ཡིད་ཀྱི་འདུས་ཏེ་ རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སའི་ཁམས་མྱེད་དོ། །ཆུའི་ཁམས་མྱེད་དོ། །མྱེའི་ཁམས་མྱེད་དོ། །རླུང་གི་ཁམས་མྱེད་དོ། །ནམ་མཁའི་ཁམས་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱེད་དོ། །མ་རིག་པ་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་ པར་ཤེས་པ་མྱེད་དོ། །མྱིང་དང་གཟུགས་མྱེད་དོ། །སྐྱེ་མཆེད་དྲུག་མྱེད་དོ། །རེག་པ་མྱེད་དོ། །ཚོར་བ་མྱེད་དོ། །སྲེད་པ་མྱེད་དོ། །ལེན་པ་མྱེད་དོ། །སྲིད་པ་མྱེད་དོ། །སྐྱེ་བ་མྱེད་དོ། །རྒ་ཤི་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ ཉིད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་དོ། །ཐོག་མ་དང་ ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་དོ། ། ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་དོ། །དབང་པོ་རྣམས་མྱེད་དོ། །སྟོབས་རྣམས་མྱེད་དོ། ། བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་མྱེད་དོ། །བསམ་གཏན་རྣམས་མྱེད་དོ། །ཚད་མྱེད་པ་རྣམས་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད་ དོ། །རྣམ་པར་ཐར་པ་བརྒྱད་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་མྱེད་དོ། །ཏིང་ངེ་འཛིན་རྣམས་ མྱེད་དོ། །གཟུངས་ཀྱི་སྒོ་རྣམས་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མྱེད་དོ། །མྱི་འཇིགས་པ་བཞི་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མྱེད་དོ། །བྱམས་པ་ཆེན་པོ་མྱེད་དོ། །སྙིང་རྗེ་ཆེན་པོ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་མྱེད་དོ། །མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མྱེད་དོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མྱེད་དོ། །དགྲ་བཅོམ་པ་ ཉིད་མྱེད་དོ། །རང་བྱང་ཆུབ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཞན་དུ་ན། རང་བཞིན་སྟོང་པ་ཉིད་ཡོངས་སུ་ཤེས་པ་ལས་ལམ་གྱི་དོན་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་དེ་ཡང་སྔ་ནས་ཀྱང་རང་བཞིན་སྟོང་པ་ཉིད་ཕྱིན་ཆད་ཀྱང་རང་བཞིན་སྟོང་པ་ཉིད་བར་དུ་ཡང་རང་བཞིན་སྟོང་པ་ཉིད་དེ། དེ་ནམ་ཡང་རང་བཞིན་གྱིས་མྱི་སྟོང་པ་མ་ ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་དུ་འདུ་ཤེས་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་གྱི་འདུ་ཤེས་ཡོངས་སུ་དགྲོལ་བའི་ཕྱིར་ལམ་གྱི་རྣམ་ པ་ཤེས་པ་ཉིད་ལ་སྤྱོད་དོ། །དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ལམ་དང་། རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་དང་། ལམ་ཐམས་ཅད་ལ་སྤྱོད་དེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། སེམས་ཅན་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། ཚེའི་འདུ་བྱེད་བྱིན་གྱིས་བརླབས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། འདི་ལྟ་སྟེ། སངས་རྒྱས་ཀྱི་ཚུལ་རང་བཞིན་སྟོང་པ་ཉིད་ཀྱི་རྒྱུན་མྱི་གཅོད་དོ། །དེ་ནི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཚུལ་ཏེ། འདས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དོ། །མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་ འདས་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག། བཞུགས་ཤིང་འཚོ་སྐྱོང་བ་དེ་དག་གི་སངས་རྒྱས་ཀྱི་ཚུལ་ཡང་འདི་ལྟ་སྟེ། རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་པར་གཞན་ལས་འཇིག་རྟེན་དུ་འབྱུང་བར་མྱི་འགྱུར་རོ། །དེ་བས་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམ་པར་མྱི་འགྱུར་རོ། །རབ་ འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ལ་སྤྱོད་ཅིང་། གཟུགས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཚོར་བ་ཡང་ གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འདུ་ཤེས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འདུ་བྱེད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣམ་པར་ཤེས་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ ཀྱང་གཞན་ནོ། །མྱིག་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣ་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལྕེ་ཡང་གཞན་ནོ། །རང་བཞིན་སྟོང་པ་ ཉིད་ཀྱང་གཞན་ནོ། །ལུས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཡིད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །གཟུགས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྒྲ་ཡང་གཞན་ནོ། །རང་ བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །དྲི་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རོ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རེག་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཆོས་ཀྱང་གཞན་ནོ། །རང་ བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མྱིག་གི་རྣམ་པར་ཤེས་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣ་བའི་རྣམ་པར་ཤེས་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣའི་རྣམ་པར་ཤེས་པ་ཡང་གཞན་ནོ། །རང་ བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལྕེའི་རྣམ་པར་ཤེས་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ནོ། །རང་བཞིན་ སྟོང་པ་ཉིད་ཀྱང་གཞན་ནོ། །མྱིག་གི་འདུས་ཏེ་རེག་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། རྣ་བའི་འདུས་ཏེ་རེག་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣའི་འདུས་ཏེ་རེག་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ ཀྱང་གཞན་ནོ། །ལྕེའི་འདུས་ཏེ་རེག་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ ཀྱང་གཞན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྣའི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ ཉིད་ཀྱང་གཞན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ཆུའི་ཁམས་ཀྱང་གཞན་ནོ། །རང་བཞིན་ སྟོང་པ་ཉིད་ཀྱང་གཞན་ནོ། །མྱེའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རླུང་གི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ནམ་མཁའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། ། རྣམ་པར་ཤེས་པའི་ཁམས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མ་རིག་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །འདུ་བྱེད་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རྣམ་པར་ཤེས་པ་ཡང་ གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །མྱིང་དང་གཟུགས་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྐྱེ་མཆེད་དྲུག་ཀྱང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །རེག་པ་ཡང་གཞན་ནོ། །རང་བཞིན་སྟོང་ པ་ཉིད་ཀྱང་གཞན་ནོ། །ཚོར་བ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྲེད་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །ལེན་པ་ཡང་གཞན་ནོ། །རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྲིད་པ་ཡང་གཞན་ནོ། རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ། །སྐྱེ་བ་ཡང་གཞན་ན