Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 025_འབུམ།_ན

Văn bản gốc(Tây Tạng)

Trang 10 / 22 (50.000 ký tự/trang)
བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་
བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་
ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྟོང་པ་ཉིད་རང་
བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མྱི་དམྱིགས་པ་སྟོང་པ་ཉིད་རང་བཞིན་གྱིས་
སྟོང་བ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་མྱི་དམྱིགས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་བས་ན།
དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་དམྱིགས་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་
ཏེ་དངོས་པོ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་
དངོས་པོ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་
བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དྲན་པ་ཉེ་བར་གཞག་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཡང་དག་པར་སྤོང་བ་རྣམས་
རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ཡང་དག་པར་སྤོང་བ་རྣམས་རང་བཞིན་གྱིས་
སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་སྤོང་བ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །

གལ་ཏེ་རྫུ་འཕྲུལ་གྱི་རྐང་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་
རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་འཚང་རྒྱའོ། །གལ་ཏེ་དབང་པོ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་
གང་གི་ཕྱིར་དབང་པོ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྟོབས་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ།
རབ་འབྱོར་གང་གི་ཕྱིར་སྟོབས་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོབས་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཡན་ལག་རྣམས་རང་བཞིན་གྱིས་སྟོང་ངོ་
ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་
འཕགས་པའི་བདེན་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་
འཕགས་པའི་བདེན་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་བདེན་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བསམ་གཏན་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་བསམ་གཏན་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་།
བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཚད་མྱེད་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ཚད་མྱེད་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མྱེད་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་
པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣམ་པར་ཐར་
པ་བརྒྱད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྣམ་པར་ཐར་པ་རྣམས་རང་

བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་
རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་
པ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་
པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རང་བཞིན་གྱིས་སྟོང་ངོ་
ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མངོན་པར་ཤེས་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་མངོན་པར་ཤེས་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་
པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཏིང་ངེ་འཛིན་རྣམས་རང་བཞིན་གྱིས་སྟོང་བ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ཏིང་ངེ་འཛིན་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཏིང་ངེ་འཛིན་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་གཟུངས་ཀྱི་སྒོ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་
ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་གཟུངས་ཀྱི་སྒོ་རྣམས་རང་བཞིན་གྱིས་སྟོང་བས་ན། དེའི་ཕྱིར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་སྒོ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་
སྟོབས་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་

པའི་སྟོབས་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་རྣམས་རང་བཞིན་ཀྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་མྱི་འཇིགས་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་མྱི་འཇིགས་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་འཇིགས་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་
ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་
མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་དག་
པར་རིག་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་
རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །
གལ་ཏེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་
གང་གི་ཕྱིར་རྒྱུན་ཏུ་ཞུགས་པའི་འབྲས་བུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་ཏུ་ཞུགས་པའི་འབྲས་བུ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་
མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལན་ཅིག་
ཕྱིར་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ཕྱིར་མྱི་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པ་ཞིག་
མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ཕྱིར་མྱི་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་འོང་བའི་འབྲས་བུ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་དགྲ་བཅོམ་པ་ཉིད་
རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་དགྲ་བཅོམ་པ་ཉིད་རང་བཞིན་གྱིས་སྟོང་པས་ན།
དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགྲ་བཅོམ་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རང་བྱང་ཆུབ་རང་བཞིན་

གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རང་བྱང་ཆུབ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རང་བྱང་ཆུབ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་གྱིས་
སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། རབ་འབྱོར་གང་གི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་
བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
རྒྱའོ། །རབ་འབྱོར་གལ་ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ།

རབ་འབྱོར་གང་གི་ཕྱིར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བཞིན་གྱིས་སྟོང་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་
ཁོང་དུ་ཆུད་པར་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རང་བཞིན་སྟོང་པ་ཉིད་ལ་ནི་ཆོས་གང་ཡང་རྣམ་པར་འཇིག་པར་འགྱུར་བའམ། རྟག་ཏུ་གནས་པའམ། འགྲོ་བ་མྱེད་དེ། གཞན་དུ་ན་ལྷ་དང་བཅས་པའི་འཇིག་རྟེན་དང་
བདུད་དང་ཚངས་པར་བཅས་པའི་འཇིག་རྟེན་རྣམས་འདི་ནི་གཟུགས་སོ། །བདག་གི་གཟུགས་སོ། །བདག་ནི་གཟུགས་དང་ལྡན་ནོ། །འདི་ནི་ཚོར་བའོ། །བདག་གི་ཚོར་བའོ། །བདག་གིས་ཚོར་རོ། །འདི་ནི་འདུ་ཤེས་སོ། །བདག་གི་འདུ་ཤེས་སོ། །
བདག་ནི་འདུ་ཤེས་དང་ལྡན་ནོ། །འདི་ནི་འདུ་བྱེད་དོ། །བདག་གི་འདུ་བྱེད་དོ། །བདག་ནི་འདུ་བྱེད་པའོ། །འདི་ནི་རྣམ་པར་ཤེས་པའོ། །བདག་གི་རྣམ་པར་ཤེས་པའོ། །བདག་ནི་རྣམ་པར་ཤེས་པ་དང་ལྡན་པའོ་སྙམ་དུ་རྨོངས་ཤིང་།
དེ་དག་གཟུགས་ལ་མངོན་པར་ཞེ་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་ཏོ། །བདག་ཏུ་བྱ་བ་དང་། བདག་གིར་བྱ་བ་ལ་སྤྱོད་དོ། །བདག་ཏུ་བྱ་བ་དང་། བདག་གིར་བྱ་བ་ལ་མངོན་པར་ཞེན་ནས།
ཕྱི་ནང་གི་དངོས་པོ་ལ་མངོན་པར་ཞེན་ཅིང་ཆགས་སོ། །དེ་ལྟར་མངོན་པར་ཞེན་ཅིང་ཆགས་ནས། སྐྱེ་བའི་སྐྱེ་མཆེད་དག་ཏུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉེ་བར་ལེན་ཏེ། སྐྱེ་བ་དང་། རྒ་བ་དང་།
ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མྱི་འགྲོལ། འགྲོ་བ་ལྔའི་འཁོར་བ་ནས་ཡོངས་སུ་མྱི་འགྲོལ་ལོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་། གཟུགས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཚོར་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །འདུ་ཤེས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འདུ་བྱེད་སྟོང་པའམ་འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་
སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱིག་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣ་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྣ་སྟོང་པའམ།
འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལུས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡིད་སྟོང་
པའམ། འོན་ཏམ་མི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །གཟུགས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྒྲ་སྟོང་པ་འམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དྲི་སྟོང་པ་
འམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རོ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རེག་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཆོས་
སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར། རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་སྟོང་

ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །
མྱིག་གི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་སྟོང་པ་
འམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་
བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་
པར་འཁྲུག་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མྱི་སྟོང་
ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་

ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མི་བྱེད་དོ། །སའི་ཁམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་
རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཆུའི་ཁམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱེའི་ཁམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རླུང་གི་ཁམས་སྟོང་པ་
འམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ནམ་མཁའི་ཁམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་སྟོང་པའམ། འོན་ཏམ་
མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མ་རིག་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འདུ་བྱེད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །
རྣམ་པར་ཤེས་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱིང་དང་གཟུགས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་སྟོང་པའམ། འོན་ཏམ་
མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རེག་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཚོར་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྲེད་པ་
སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལེན་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྲིད་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་

བྱེད་དོ། །སྐྱེ་བ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྒ་ཤི་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་
པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མྱི་སྟོང་
ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ནང་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་
སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་
རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འདུས་
བྱས་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་

འམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་
བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །
རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་
འམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་
བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་
བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དབང་པོ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྟོབས་རྣམས་སྟོང་པའམ།
འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་

བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འཕགས་པའི་བདེན་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བསམ་གཏན་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །ཚད་མྱེད་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་
བྱེད་དོ། །རྣམ་པར་ཐར་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མངོན་པར་ཤེས་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་
པར་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དེ་བཞིན་གཤེགས་
པའི་སྟོབས་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱི་འཇིགས་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་
པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བྱམས་པ་ཆེན་པོ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྙིང་རྗེ་ཆེན་པོ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་

འཁྲུག་པར་མྱི་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་བའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །
ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་སྟོང་
པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བྱང་ཆུབ་སྟོང་པའམ། འོན་ཏམ་མྱི་སྟོང་ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོང་པའམ། འོན་ཏམ་མྱི་སྟོང་
ཞེས་བྱ་བར་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུགས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཚོར་
བའོ། །འདི་ནི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་འདུ་ཤེས་སོ། །འདི་ནི་འདུ་ཤེས་ཀྱི་སྟོང་པ་ཉིད་དོ་ཞེས་འདུ་ཤེས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་
འདི་ནི་འདུ་བྱེད་དོ། །འདི་ནི་འདུ་བྱེད་ཀྱི་སྟོང་པ་ཉིད་དོ་ཞེས་འདུ་བྱེད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་རྣམ་པར་ཤེས་པ་རྣམ་པར་འཁྲུག་
པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མྱིག་གོ། །འདི་ནི་མྱིག་གི་སྟོང་པ་ཉིད་དོ་ཞེས་མྱིག་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྣ་བའོ། །འདི་ནི་རྣ་བའི་སྟོང་པ་ཉིད་དོ་ཞེས་རྣ་བ་རྣམ་པར་འཁྲུག་པར་

མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྣའོ། །འདི་ནི་སྣའི་སྟོང་པ་ཉིད་དོ་ཞེས་སྣ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལྕེའོ། །འདི་ནི་ལྕེའི་སྟོང་པ་ཉིད་དོ་ཞེས་ལྕེ་རྣམ་པར་འཁྲུག་
པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལུས་སོ། །འདི་ནི་ལུས་ཀྱི་སྟོང་པ་ཉིད་དོ་ཞེས་ལུས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཡིད་དོ། །འདི་ནི་ཡིད་ཀྱི་སྟོང་པ་ཉིད་དོ་ཞེས་ཡིད་རྣམ་པར་འཁྲུག་
པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུགས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྒྲའོ། །འདི་ནི་སྒྲའི་སྟོང་པ་ཉིད་དོ་ཞེས་སྒྲ་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་དྲིའོ། །འདི་ནི་དྲིའི་སྟོང་པ་ཉིད་དོ་ཞེས་དྲི་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རོའོ། །འདི་ནི་རོའི་སྟོང་པ་ཉིད་དོ། །ཞེས་རོ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་
བཞིན་སྟོང་པ་ཉིད་ནི་འདི་ནི་རེག་གོ། །འདི་ནི་རེག་གི་སྟོང་པ་ཉིད་དོ་ཞེས་རེག་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཆོས་སོ། །འདི་ནི་ཆོས་ཀྱི་སྟོང་པ་ཉིད་དོ་ཞེས་ཆོས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་
ཉིད་ནི་འདི་ནི་མྱིག་གི་རྣམ་པར་ཤེས་པའོ། །འདི་ནི་མྱིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་མྱིག་གི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྣ་བའི་རྣམ་པར་ཤེས་པའོ། །འདི་ནི་རྣ་བའི་རྣམ་པར་
ཤེས་པའི་སྟོང་པ་ཉིད་དོ་ཞེས་རྣ་བའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྣའི་རྣམ་པར་ཤེས་པའོ། །འདི་ནི་སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་སྣའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་

མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལྕེའི་རྣམ་པར་ཤེས་པའོ། །འདི་ནི་ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་ལྕེའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལུས་ཀྱི་རྣམ་པར་
ཤེས་པའོ། །འདི་ནི་ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །འདི་ནི་ཡིད་ཀྱི་རྣམ་པར་ཤེས་པའི་
སྟོང་པ་ཉིད་དོ་ཞེས་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མྱིག་གི་འདུས་ཏེ་རེག་པའོ། །འདི་ནི་མྱིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་མྱིག་གི་འདུས་ཏེ་རེག་པ་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྣ་བའི་འདུས་ཏེ་རེག་པའོ། །འདི་ནི་རྣ་བའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་རྣ་བའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྣའི་
འདུས་ཏེ་རེག་པའོ། །འདི་ནི་སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་སྣའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལྕེའི་འདུས་ཏེ་རེག་པའོ། །འདི་ནི་ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་ལྕེའི་
འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལུས་ཀྱི་འདུས་ཏེ་རེག་པའོ། །འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་
འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའོ། །འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་དོ་ཞེས་ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི་མྱིག་

གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །
འདི་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི་སྣའི་
འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི་ལྕེའི་འདུས་
ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི་ལུས་ཀྱི་འདུས་ཏེ་
རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའོ། །འདི་ནི་ཡིད་ཀྱི་འདུས་ཏེ་
རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སའི་ཁམས་སོ། །འདི་ནི་སའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་སའི་ཁམས་
རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཆུའི་ཁམས་སོ། །འདི་ནི་ཆུའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་ཆུའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མྱེའི་ཁམས་སོ། །འདི་

ནི་མྱེའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་མྱེའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རླུང་གི་ཁམས་སོ། །འདི་ནི་རླུང་གི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་རླུང་གི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་
སྟོང་པ་ཉིད་ནི་འདི་ནི་ནམ་མཁའི་ཁམས་སོ། །འདི་ནི་ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་ནམ་མཁའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྣམ་པར་ཤེས་པའི་ཁམས་སོ། །འདི་ནི་རྣམ་པར་
ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་དོ་ཞེས་རྣམ་པར་ཤེས་པའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མ་རིག་པའོ། །འདི་ནི་མ་རིག་པའི་སྟོང་པ་ཉིད་དོ་ཞེས་མ་རིག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་
སྟོང་པ་ཉིད་ནི་འདི་ནི་འདུ་བྱེད་དོ། །འདི་ནི་འདུ་བྱེད་ཀྱི་སྟོང་པ་ཉིད་དོ་ཞེས་འདུ་བྱེད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་སྟོང་པ་ཉིད་དོ་ཞེས་རྣམ་པར་ཤེས་པ་རྣམ་
པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མྱིང་དང་གཟུགས་སོ། །འདི་ནི་མྱིང་དང་གཟུགས་ཀྱི་སྟོང་པ་ཉིད་དོ་ཞེས་མྱིང་དང་གཟུགས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྐྱེ་མཆེད་དྲུག་གོ།
འདི་ནི་སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་དོ་ཞེས་སྐྱེ་མཆེད་དྲུག་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རེག་པའོ། །འདི་ནི་རེག་པའི་སྟོང་པ་ཉིད་དོ་ཞེས་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་
ནི་འདི་ནི་ཚོར་བའོ། །འདི་ནི་ཚོར་བའི་སྟོང་པ་ཉིད་དོ་ཞེས་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྲེད་པའོ། །འདི་ནི་སྲེད་པའི་སྟོང་པ་ཉིད་དོ་ཞེས་སྲེད་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་

སྟོང་པ་ཉིད་ནི་འདི་ནི་ལེན་པའོ། །འདི་ནི་ལེན་པའི་སྟོང་པ་ཉིད་དོ་ཞེས་ལེན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྲིད་པའོ། །འདི་ནི་སྲིད་པའི་སྟོང་པ་ཉིད་དོ་ཞེས་སྲིད་པ་རྣམ་པར་འཁྲུག་
པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྐྱེ་བའོ། །འདི་ནི་སྐྱེ་བའི་སྟོང་པ་ཉིད་དོ་ཞེས་སྐྱེ་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྒ་ཤིའོ། །འདི་ནི་རྒ་ཤིའི་སྟོང་པ་ཉིད་དོ་ཞེས་རྒ་ཤི་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་
ནི་འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་
པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པའི་སྟོང་པ་ཉིད་དོ་ཞེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་
ཞེས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་

པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ནང་སྟོང་པ་ཉིད་དོ། །འདི་ནི་ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ནང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཕྱི་སྟོང་པ་ཉིད་དོ། །འདི་
ནི་ཕྱི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཕྱི་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཕྱི་ནང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །
རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །འདི་ནི་
ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཆེན་པོ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་དོན་དམ་པ་སྟོང་པ་ཉིད་དོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་དོན་དམ་པ་སྟོང་པ་ཉིད་རྣམ་
པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །འདི་ནི་འདུས་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ། །ཞེས་འདུས་བྱས་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་
ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་འདུས་མ་བྱས་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་མཐའ་
ལས་འདས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྟོང་པ་

ཉིད་དོ་ཞེས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་དོར་བ་མྱེད་པ་སྟོང་པ་ཉིད་
རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་རང་བཞིན་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཆོས་
ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་
ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ངོ་བོ་
ཉིད་སྟོང་པ་ཉིད་དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་དྲན་པ་ཉེ་བར་གཞག་པ་

རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་ཡང་དག་པར་སྤོང་བ་རྣམས་སོ། །འདི་ནི་ཡང་དག་པར་སྤོང་བ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་ཡང་དག་པར་སྤོང་བ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་
ཉིད་ནི་འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །འདི་ནི་རྫུ་འཕྲུལ་ཀྱི་རྐང་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་རྫུ་འཕྲུལ་གྱི་རྐང་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་དབང་པོ་རྣམས་སོ། །འདི་ནི་དབང་པོ་རྣམས་
ཀྱི་སྟོང་པ་ཉིད་དོ་ཞེས་དབང་པོ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་སྟོབས་རྣམས་སོ། །འདི་ནི་སྟོབས་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་སྟོབས་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་
འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །འདི་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །
འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོང་པ་ཉིད་དོ་ཞེས་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་འཕགས་པའི་བདེན་པ་རྣམས་སོ། །འདི་ནི་འཕགས་པའི་བདེན་པ་རྣམས་
ཀྱི་སྟོང་པ་ཉིད་དོ་ཞེས་འཕགས་པའི་བདེན་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་བསམ་གཏན་རྣམས་སོ། །འདི་ནི་བསམ་གཏན་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་བསམ་གཏན་རྣམས་རྣམ་པར་འཁྲུག་པར་
མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་ཚད་མྱེད་པ་རྣམས་སོ། །འདི་ནི་ཚད་མྱེད་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་ཚད་མྱེད་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་

འཇུག་པ་རྣམས་སོ། །འདི་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་
ནི་རྣམ་པར་ཐར་པ་རྣམས་སོ། །འདི་ནི་རྣམ་པར་ཐར་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་རྣམ་པར་ཐར་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །འདི་ནི་
མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་
པ་མྱེད་པའོ། །འདི་ནི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་སྟོང་པ་ཉིད་དོ་ཞེས་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་མངོན་པར་ཤེས་
པ་རྣམས་སོ། །འདི་ནི་མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་མངོན་པར་ཤེས་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་ཏིང་ངེ་འཛིན་རྣམས་སོ། །འདི་ནི་ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་དོ་
ཞེས་ཏིང་ངེ་འཛིན་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་གཟུངས་ཀྱི་སྒོ་རྣམས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་གཟུངས་ཀྱི་སྒོ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་
བཞིན་སྟོང་པ་ཉིད་ནི་འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའི་སྟོང་པ་ཉིད་དོ་ཞེས་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་

ནི་མྱི་འཇིགས་པ་རྣམས་སོ། །འདི་ནི་མྱི་འཇིགས་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་མྱི་འཇིགས་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་
རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་སོ་སོ་ཡང་དག་པར་རིག་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་བྱམས་པ་ཆེན་པོའོ། །འདི་ནི་བྱམས་པ་ཆེན་པོའི་སྟོང་པ་ཉིད་དོ་ཞེས་བྱམས་པ་ཆེན་པོ་རྣམ་པར་འཁྲུག་
པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་སྙིང་རྗེ་ཆེན་པོའོ། །འདི་ནི་སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་དོ་ཞེས་སྙིང་རྗེ་ཆེན་པོ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །
འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྟོང་པ་ཉིད་དོ་ཞེས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་
བུའི་སྟོང་པ་ཉིད་དོ་ཞེས་རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་སྟོང་པ་ཉིད་དོ་ཞེས་ལན་ཅིག་ཕྱིར་འོང་བའི་
འབྲས་བུ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་ཕྱིར་མྱི་འོང་བའི་འབྲས་བུའོ། །འདི་ནི་ཕྱིར་མྱི་འོང་བའི་འབྲས་བུའི་སྟོང་པ་ཉིད་དོ་ཞེས་ཕྱིར་མྱི་འོང་བའི་འབྲས་བུ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་
ཉིད་ནི་འདི་ནི་དགྲ་བཅོམ་པ་ཉིད་དོ། །འདི་ནི་དགྲ་བཅོམ་པ་ཉིད་ཀྱི་སྟོང་པ་ཉིད་དོ་ཞེས་དགྲ་བཅོམ་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་རང་བྱང་ཆུབ་བོ། །འདི་ནི་རང་བྱང་ཆུབ་ཀྱི་སྟོང་པ་ཉིད་དོ་ཞེས་རང་བྱང་ཆུབ་

རྣམ་པར་འཁྲུག་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ནི་འདི་ནི་བྱང་ཆུབ་བོ། །འདི་ནི་བྱང་ཆུབ་ཀྱི་སྟོང་པ་ཉིད་དོ་ཞེས་བྱང་ཆུབ་རྣམ་པར་འཁྲུག་པར་མྱི་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།
བམ་པོ་བཅུ་གཉིས་པ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ནམ་མཁའ་རྣམ་པར་འཁྲུག་པར་མྱི་བྱེད་དེ། ནང་གི་ནམ་མཁའ་ནི་ཕྱིའི་ནམ་མཁའ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཕྱིའི་ནམ་མཁའ་ནི་ནང་
གི་ནམ་མཁའ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རབ་འབྱོར་དེ་བཞིན་དུ་གཟུགས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་གཟུགས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་
པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འདུ་ཤེས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་འདུ་ཤེས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །འདུ་བྱེད་ཀྱང་སྟོང་པ་ཉིད་རྣམ་
པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་འདུ་བྱེད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱིག་
ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་མྱིག་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣ་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རྣ་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྣ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་
པར་མི་བྱེད། སྟོང་པ་ཉིད་ཀྱང་སྣ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ལྕེ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལུས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད།

སྟོང་པ་ཉིད་ཀྱང་ལུས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཡིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །གཟུགས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་གཟུགས་རྣམ་
པར་འཁྲུག་པར་མྱི་བྱེད་དོ། །སྒྲ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སྒྲ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །དྲི་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་དྲི་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རོ་
ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རོ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རེག་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རེག་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཆོས་ཀྱང་སྟོང་པ་ཉིད་རྣམ་པར་
འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཆོས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་མྱིག་གི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣ་བའི་
རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རྣ་བའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སྣའི་རྣམ་པར་ཤེས་
པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ལྕེའི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད།
སྟོང་པ་ཉིད་ཀྱང་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་

པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་མྱིག་གི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རྣ་བའི་
འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཡང་སྟོང་པ་ཉིད་རྣམ་པར་
འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །
ཡིད་ཀྱི་འདུས་ཏེ་རེག་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་
ཀྱང་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་
འཁྲུག་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་
ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད།

སྟོང་པ་ཉིད་ཀྱང་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་
ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཆུའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་
པ་ཉིད་ཀྱང་ཆུའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མྱེའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་མྱེའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རླུང་གི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་
མྱི་བྱེད། སྟོང་པ་ཉིད་ཀྱང་རླུང་གི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ནམ་མཁའི་ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ནམ་མཁའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣམ་པར་ཤེས་པའི་
ཁམས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །མ་རིག་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་མ་རིག་པ་རྣམ་པར་འཁྲུག་པར་
མྱི་བྱེད་དོ། །འདུ་བྱེད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་འདུ་བྱེད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་རྣམ་
པར་འཕྲུག་པར་མྱི་བྱེད་དོ། །མྱིང་དང་གཟུགས་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་མྱིང་དང་གཟུགས་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་

ཉིད་ཀྱང་སྐྱེ་མཆེད་དྲུག་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རེག་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རེག་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཚོར་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་
མྱི་བྱེད། སྟོང་པ་ཉིད་ཀྱང་ཚོར་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྲེད་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སྲེད་པར་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སྲེད་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ལེན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད།
སྟོང་པ་ཉིད་ཀྱང་ལེན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྲིད་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་སྲིད་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྐྱེ་བ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་
ཀྱང་སྐྱེ་བ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །རྒ་ཤི་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་རྒ་ཤི་རྣམ་པར་འཁྲུག་པར་མྱི་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་
ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་
པ་ཉིད་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་

དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་
ནང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་བྱེད། སྟོང་པ་ཉིད་ཀྱང་ཕྱི་སྟོང་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་རྣམ་པར་འཁྲུག་པར་མྱི་
བ