Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 025_འབུམ།_ན

Văn bản gốc(Tây Tạng)

Trang 19 / 22 (50.000 ký tự/trang)
ྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་
གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་བདག་གམ་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ཏེ། །སྔོན་གྱི་གནས་རྗེས་
སུ་དྲན་པའི་ཤེས་པ་དེས། །སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་འདི་ཞེས་བྱ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱུང་ངོ་ཞེས་བྱ་བར་ཡང་ཤེས་ཏེ། སེམས་ཅན་

སྔོན་གྱི་གནས་རྗེས་སུ་དྲན་པ་ལ་མོས་པ་གང་ཇི་སྙེད་པ་དེ་དག་ལ་ཡང་དག་པ་ཉིད་དུ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་
གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་
སྙེད་དག་ཏུ་སོང་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དེ། བསྙེན་བཀུར་བྱས་ནས། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ།
ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་
གྱི་བར་དུ་ཆོས་སྟོན་ཏོ། །དེ་ཟག་པ་མྱེད་པ་མངོན་དུ་བྱ་བའི་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་ཟག་པ་མྱེད་པ་མངོན་དུ་བྱ་བའི་ཤེས་པ་ཤིན་ཏུ་རིག་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་
གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་
བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་

པར་ཤེས་པ་ཤིན་ཏུ་འདྲིས་པ་དེ་དག་གིས་ལུས་ཅི་དང་ཅི་ལྟ་བུ་ཡོངས་སུ་གཟུང་བར་འདོད་པ་དེ་དང་དེ་ལྟ་བུའི་ལུས་ཡོངས་སུ་གཟུང་ཞིང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་བདེ་བ་འམ་
སྡུག་བསྔལ་བ་དེ་དག་གིས་གོས་པར་མྱི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་སྐྱེས་བུ་ནི། དགོས་པ་ཐམས་ཅད་བྱེད་ཀྱང་བདེ་བ་འམ། སྡུག་བསྔལ་བ་དེས་གོས་པར་འགྱུར་བ་མྱེད་
དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་
དག་ཏུ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཀྱང་བདེ་བ་འམ། སྡུག་བསྔལ་བ་དེས་ཕྲོགས་པར་མྱི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
དེ་ལྟར་མངོན་པར་ཤེས་པས། རྣམ་པར་བརྩེ་བར་བྱ་སྟེ། ཅི་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་འགྱུར་བ་དེ་ལྟར་བརྩེ་བར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་ཅན་ཡོངས་སུ་སྨྱིན་པར་མ་བྱས་པར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
རྒྱ་བར་མྱི་ནུས་སོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་ཡན་ལག་དང་མྱི་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱེད་དོ། །རབ་འབྱོར་གྱིས་

གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་ཡན་ལག་ཡོངས་སུ་རྫོགས་པར་བགྱིས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་
བར་འགྱུར་བའི་ལམ་གྱི་ཡན་ལག་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དགེ་བའི་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གྱི་ཡན་ལག་གོ །གསོལ་
པ། བཅོམ་ལྡན་འདས་ལམ་གྱི་ཡན་ལག་གང་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ལམ་གྱི་ཡན་ལག་དགེ་བའི་ཆོས་དེ་དག་གང་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་དེ་ཡོངས་སུ་གཏོང་བའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་
འདི་ནི་སྦྱིན་པའོ། །འདི་ལ་ཡོངས་སུ་གཏང་བར་བྱའོ། །བདག་གིས་སྦྱིན་པར་བྱའོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་
འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དེ་ཚུལ་ཁྲིམས་སྲུང་བའི་ཚེ། ངོ་བོ་ཉིད་ཀྱིས་
སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཚུལ་ཁྲིམས་སོ། །བདག་གིས་ཚུལ་ཁྲིམས་བསྲུང་ངོ་། །འདིའི་དོན་དུ་ཚུལ་ཁྲིམས་བསྲུང་ངོ་། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་

སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་།
བཟོད་པ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་བཟོད་པའོ། །བདག་གིས་བཟོད་པ་བསྒོམ་མོ། །འདིའི་དོན་དུ་བཟོད་པ་བསྒོམ་པར་བྱའོ། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
ཀྱང་དེ་ལ་མྱི་རྟོག་ཅིང་། བརྩོན་འགྲུས་རྩོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་བརྩོན་འགྲུས་སོ། །བདག་གིས་བརྩོན་འགྲུས་བརྩམ་མོ། །འདིའི་དོན་དུ་བརྩོན་འགྲུས་བརྩམ་པར་བྱའོ། །ཞེས་གསུམ་པོ་
དེ་དག་ལ་མྱི་རྟོག་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ།
དགེ་བའི་ཆོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དེ་བསམ་གཏན་ལ་མཉམ་པར་གཞོག་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་བསམ་གཏན་ནོ། །བདག་གིས་བསམ་གཏན་
ལ་མཉམ་པར་གཞག་གོ །འདིའི་དོན་དུ་བསམ་གཏན་ལ་མཉམ་པར་གཞག་གོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་

སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་དེ་ཤེས་རབ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་
སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཤེས་རབ་བོ། །བདག་གིས་ནི་ཤེས་རབ་བསྒོམ་མོ། འདིའི་དོན་དུ་ཤེས་རབ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་
སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ནང་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ནང་སྟོང་པ་ཉིད་སྒོམ་པའི་ཚེ།
ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ནང་སྟོང་པ་ཉིད་དོ། །བདག་གིས་ནང་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ནང་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ནང་སྟོང་པ་ཉིད་གང་གིས་
བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཕྱི་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཕྱི་སྟོང་པ་
ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཕྱི་སྟོང་པ་ཉིད་དོ། །བདག་གིས་ཕྱི་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཕྱི་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཕྱི་སྟོང་པ་ཉིད་གང་
གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་།

ཕྱི་ནང་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །བདག་གིས་ཕྱི་ནང་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཕྱི་ནང་སྟོང་པ་ཉིད་བསྒོམ་མོ་ཞེས་
གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཕྱི་ནང་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་
བའི་ཆོས་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །
འདིའི་དོན་དུ་སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་
ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཆེན་པོ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །
བདག་གིས་ཆེན་པོ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཆེན་པོ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཆེན་པོ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་
འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དོན་དམ་པ་སྟོང་པ་ཉིད་བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་

པ་ཉིད་ཀྱི་ཕྱིར། འདི་ནི་དོན་དམ་པ་སྟོང་པ་ཉིད་དོ། །བདག་གིས་དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དོན་དམ་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དོན་དམ་པ་སྟོང་པ་ཉིད་གང་གིས་
བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་།
འདུས་བྱས་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་འདུས་བྱས་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་
པོ་དེ་དག་ལ་མྱི་རྟོག་པ་སྟེ། འདུས་བྱས་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་
ཆོས་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། འདུས་མ་བྱས་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་མ་བྱས་སྟོང་པ་ཉིད་
བསྒོམ་པར་བྱའོ། །འདིའི་དོན་དུ་འདུས་མ་བྱས་སྟོང་པ་ཉིད་སྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་
ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་

ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་
དེ་དག་ལ་མྱི་རྟོག་པ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད། གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ།
དགེ་བའི་ཆོས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །བདག་
གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་
སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དོར་བ་མྱེད་པ་སྟོང་པ་ཉིད་
བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་
མྱི་རྟོག་པ་སྟེ། དོར་བ་མྱེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་རང་

བཞིན་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། རང་བཞིན་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །བདག་གིས་རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་
དོན་དུ་རང་བཞིན་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རང་བཞིན་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །
སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཆོས་ཐམས་ཅད་
སྟོང་པ་ཉིད་དོ། །བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་གང་གིས་
བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་
ཀྱང་། དེ་ལ་མྱི་རྟོག་ཅིང་། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པར་
བྱའོ། །འདིའི་དོན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་

འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། མྱི་དམྱིགས་པ་སྟོང་པ་
ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །བདག་གིས་མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་
ལ་མྱི་རྟོག་པ་སྟེ། མྱི་དམྱིགས་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་
དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་
པར་བྱའོ། །འདིའི་དོན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དངོས་པོ་མྱེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་
དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་ངོ་བོ་ཉིད་སྟོང་
པ་ཉིད་དོ། །བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་།

གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་
པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་
པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་
ཀྱི་ཕྱིར། འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དྲན་
པ་ཉེ་བར་གཞག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་དགེ་བའི་ཆོས་ཡང་དག་པར་སྤོང་བ་བཞི་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་ཡང་དག་པར་སྤོང་བ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་ཡང་དག་པར་སྤོང་བ་རྣམས་སོ། །བདག་གིས་ཡང་དག་པར་

སྤོང་བ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཡང་དག་པར་སྤོང་བ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཡང་དག་པར་སྤོང་བ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་
སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། རྫུ་
འཕྲུལ་གྱི་རྐང་པ་བཞི་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་
བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་
བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དབང་པོ་ལྔ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དབང་པོ་ལྔ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་དབང་པོ་རྣམས་སོ། །
བདག་གིས་དབང་པོ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་དབང་པོ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དབང་པོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་
ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སྟོབས་ལྔ་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། སྟོབས་རྣམས་སྒོམ་པའི་ཚེ།

ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་སྟོབས་རྣམས་སོ། །བདག་གིས་སྟོབས་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་སྟོབས་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སྟོབས་གང་གིས་
བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བྱང་
ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །བདག་གིས་བྱང་ཆུབ་ཀྱི་
ཡན་ལག་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་
འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་
འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །
འདིའི་དོན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་

ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་འཕགས་པའི་བདེན་པ་བཞི་ལ་སྤྱོད་ཀྱང་
དེ་ལ་མྱི་རྟོག་ཅིང་། འཕགས་པའི་བདེན་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་འཕགས་པའི་བདེན་པ་རྣམས་སོ། །བདག་གིས་འཕགས་པའི་བདེན་པ་རྣམས་བསྒོམ་པར་བྱའོ། །
འདིའི་དོན་དུ་འཕགས་པའི་བདེན་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། འཕགས་པའི་བདེན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་
ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བསམ་གཏན་བཞི་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། བསམ་གཏན་རྣམས་སྒོམ་པའི་ཚེ། ངོ་
བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་བསམ་གཏན་རྣམས་སོ། །བདག་གིས་བསམ་གཏན་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་བསམ་གཏན་རྣམས་བསྒོམ་མོ། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ།
བསམ་གཏན་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་དགེ་བའི་ཆོས་ཚད་མྱེད་པ་བཞི་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཚད་མྱེད་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་ཚད་མྱེད་པ་རྣམས་སོ། །བདག་གིས་ཚད་མྱེད་པ་

རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཚད་མྱེད་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཚད་མྱེད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་
ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། གཟུགས་མྱེད་པའི་
སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བྱའོ། །
འདིའི་དོན་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་
བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྣམ་པར་ཐར་པ་བརྒྱད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། རྣམ་
པར་ཐར་པ་བརྒྱད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །བདག་གིས་རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱའོ། །འདིའི་དོན་དུ་རྣམ་པར་ཐར་པ་བརྒྱད་བསྒོམ་མོ་ཞེས་གསུམ་
པོ་དེ་དག་ལ་མྱི་རྟོག་པ་སྟེ། རྣམ་པར་ཐར་པ་བརྒྱད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་
པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་
མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་
ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་
མྱེད་པ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།
མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པར་བྱའོ། །འདིའི་དོན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་

སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མངོན་པར་ཤེས་པ་རྣམས་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མངོན་
པར་ཤེས་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །བདག་གིས་མངོན་པར་ཤེས་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་མངོན་པར་ཤེས་པ་རྣམས་བསྒོམ་
མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མངོན་པར་ཤེས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་ཏིང་ངེ་འཛིན་རྣམས་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་ཏིང་ངེ་འཛིན་རྣམས་སོ། །བདག་
གིས་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཏིང་ངེ་འཛིན་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཏིང་ངེ་འཛིན་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་
ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། གཟུངས་ཀྱི་སྒོ་རྣམས་བསྒོམ་པའི་ཚེ།
ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་གཟུངས་ཀྱི་སྒོ་རྣམས་སོ། །བདག་གིས་གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་གཟུངས་ཀྱི་སྒོ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ།

གཟུངས་ཀྱི་སྒོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་དེ་བཞིན་གཤེགས་
པའི་སྟོབས་རྣམས་སོ། །བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ། །འདིའི་དོན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་
གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མྱི་
འཇིགས་པ་རྣམས་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མྱི་འཇིགས་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་མྱི་འཇིགས་པ་རྣམས་སོ། །བདག་གིས་མྱི་འཇིགས་པ་རྣམས་བསྒོམ་པར་བྱའོ། །
འདིའི་དོན་དུ་མྱི་འཇིགས་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མྱི་འཇིགས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་
དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པའི་ཚེ། ངོ་བོ་

ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བདག་གིས་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་
དེ་དག་ལ་མྱི་རྟོག་པ་སྟེ། སོ་སོ་ཡང་དག་པར་རིག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སྙིང་རྗེ་ཆེན་པོ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། སྙིང་རྗེ་ཆེན་པོ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་སྙིང་རྗེ་ཆེན་པོའོ། །བདག་གིས་སྙིང་རྗེ་ཆེན་པོ་བསྒོམ་
པར་བྱའོ། །འདིའི་དོན་དུ་སྙིང་རྗེ་ཆེན་པོ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སྙིང་རྗེ་ཆེན་པོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །
སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་
བརྒྱད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །

རབ་འབྱོར་དགེ་བའི་ཆོས་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟེ། ལམ་དེས་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཚད་མྱེད་པ་དེད་དེ། འཁོར་བའི་རྒྱ་མཚོ་ལས་རྒལ་བར་གྱུར་པ་དང་། རྒལ་བ་དང་། རྒལ་བར་འགྱུར་བ་སྟེ། ལམ་དེ་ཡོངས་སུ་རྫོགས་པར་བྱས་ཤིང་། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས་ཀྱི་
དོན་བྱེད་དོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བརྒྱད་དོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་དཔའི་ཆོས་ལགས་ན། སངས་རྒྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་འདི་སྐད་དུ་གལ་ཏེ་ཆོས་དེ་དག་བྱང་ཆུབ་སེམས་
དཔའི་ཆོས་ཡིན་ན། སངས་རྒྱས་ཀྱི་ཆོས་གང་ཡིན་ཞེས་ཟེར་བ་ནི། རབ་འབྱོར་སངས་རྒྱས་ཀྱི་ཆོས་ཀྱང་ཆོས་དེ་དག་ཉིད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཟད་དེ། དེ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཐོབ་ནས། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་

པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱད་པར་དེ་ཡོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཞུགས་པ་ཡང་གཞན་ལ། འབྲས་བུ་ལ་གནས་པ་ཡང་གཞན་ཏེ། དེ་
གཉིས་ཀ་ཡང་འཕགས་པའི་གང་ཟག་མ་ཡིན་ཞེས་མྱི་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བར་ཆད་མྱེད་པའི་ལམ་དུ་ཞུགས་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པའི་ཡེ་ཤེས་བརྙེས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱི་ཁྱད་པར་རོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་དེ་དག་ལ་ནི་འདི་ནི་སེམས་ཅན་དམྱལ་བ་པའོ། །
འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་རིགས་ཀྱི་སའོ། །འདི་ནི་བརྒྱད་པའོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །
འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བགྱི་བར་

ཁྱད་པར་དང་། རྣམ་པར་དབྱེ་བར་ཇི་ལྟར་འགྱུར། བཅོམ་ལྡན་འདས་ཇི་ལྟར་གང་ཟག་དེ་དག་དམྱིགས་སུ་མ་མཆིས་པ་དེ་བཞིན་དུ་ལས་ཀྱང་དམྱིགས་སུ་མ་མཆིས། ལས་ཇི་ལྟར་དམྱིགས་སུ་མ་མཆིས་
པ་དེ་བཞིན་དུ་ལས་ཀྱི་རྣམ་པར་སྨྱིན་པ་ཡང་དམྱིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཆོས་ཐམས་ཅད་རང་གི་མཚན་ཉིད་
ཀྱིས་སྟོང་པ་ལ། ལས་དང་ལས་ཀྱི་རྣམ་པར་སྨྱིན་པ་མྱི་དམྱིགས་སོ། །རབ་འབྱོར་གང་གིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་དེ་ལྟར་མ་ཤེས་པ་དེ་དག་ནི་ངན་པར་སྤྱད་པ་འམ། ལེགས་པར་སྤྱད་པ་འམ།
མྱི་གཡོ་བའི་ལས་མངོན་པར་འདུ་བྱེད་དེ། དེ་དག་ངན་པར་སྤྱད་པའི་ལས་ཀྱིས་ངན་སོང་གསུམ་དུ་ལྟུང་ངོ་། །ལེགས་པར་སྤྱད་པའི་ལས་ཀྱིས་ལྷ་དང་མྱིར་སྐྱེའོ། །ཉམས་པ་མྱེད་པའི་ལས་ཀྱིས་གཟུགས་ཀྱི་ཁམས་སམ།
གཟུགས་མྱེད་པའི་ཁམས་སུ་སྐྱེའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད། ནང་སྟོང་པ་ཉིད་ལ་སྤྱད། ཕྱི་སྟོང་པ་ཉིད་ལ་སྤྱད། ཕྱི་ནང་སྟོང་པ་ཉིད་ལ་སྤྱད། སྟོང་པ་ཉིད་སྟོང་པ་
ཉིད་ལ་སྤྱད། ཆེན་པོ་སྟོང་པ་ཉིད་ལ་སྤྱད། དོན་དམ་པ་སྟོང་པ་ཉིད་ལ་སྤྱད། འདུས་བྱས་སྟོང་པ་ཉིད་ལ་སྤྱད། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་

ཉིད་ལ་སྤྱད། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱད། རང་བཞིན་སྟོང་པ་ཉིད་ལ་སྤྱད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱད། དངོས་པོ་མྱེད་པ་སྟོང་པ་ཉིད་
ལ་སྤྱད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱད། ཡང་དག་པར་སྤོང་བ་རྣམས་ལ་སྤྱད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱད། དབང་པོ་
རྣམས་ལ་སྤྱད། སྟོབས་རྣམས་ལ་སྤྱད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད། འཕགས་པའི་བདེན་པ་རྣམས་ལ་སྤྱད། བསམ་གཏན་རྣམས་ལ་སྤྱད། ཚད་མྱེད་པ་
རྣམས་ལ་སྤྱད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱད། རྣམ་པར་ཐར་པ་རྣམས་ལ་སྤྱད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།
མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱད། མངོན་པར་ཤེས་པ་རྣམས་ལ་སྤྱད། ཏིང་ངེ་འཛིན་རྣམས་ལ་སྤྱད། གཟུངས་ཀྱི་སྒོ་རྣམས་ལ་སྤྱད། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱད། མྱི་འཇིགས་པ་
རྣམས་ལ་སྤྱད། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱད། བྱམས་པ་ཆེན་པོ་ལ་སྤྱད། སྙིང་རྗེ་ཆེན་པོ་ལ་སྤྱད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱད་དེ། ཉམས་པ་མྱེད་པའི་སྤྱོད་པས་བྱང་ཆུབ་ཀྱི་
ལམ་བསྐྱེད་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་གི་འཁོར་དང་ལྡན་པ་ལ་མཉམ་པར་གཞག་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། མངོན་པར་

རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དོན་བྱེད་དེ། དོན་བྱས་ནས་ཅི་ནས་ཀྱང་ཕྱིས་ཆུད་མ་ཟོས་ཤིང་། རྒྱུད་ལྔའི་འཁོར་བར་མྱི་ལྟུང་བ་དེ་ལྟར་དོན་བྱེད་དོ། །གསོལ་པ། བཅོམ་
ལྡན་འདས་ཅི་ལགས། བཅོམ་ལྡན་འདས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། རྒྱུད་ལྔའི་འཁོར་བ་གཟིགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པས་ཆོས་ནག་པོ་འམ་དཀར་པོ་འམ་གནག་པ་འམ། དཀར་བ་འམ། མྱི་གནག་མྱི་དཀར་བ་དམྱིགས་ལགས་སམ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་སྟེ་མ་དམྱིགས་ན། སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་ཇི་ལྟར་གདགས་པ་མཛད། ལྷ་
དང་མྱིར་ཇི་ལྟར་གདགས་པ་མཛད། རྒྱུན་ཏུ་ཞུགས་པར་ཇི་ལྟར་གདགས་པ་མཛད། ལན་ཅིག་ཕྱིར་འོང་བར་ཇི་ལྟར་གདགས་པ་མཛད། ཕྱིར་མྱི་འོང་བར་ཇི་ལྟར་གདགས་པ་མཛད། དགྲ་བཅོམ་པར་ཇི་ལྟར་གདགས་པ་མཛད།
རང་སངས་རྒྱས་སུ་ཇི་ལྟར་གདགས་པ་མཛད། བྱང་ཆུབ་སེམས་དཔར་ཇི་ལྟར་གདགས་པ་མཛད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཇི་ལྟར་གདགས་པ་མཛད། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་སེམས་ཅན་འདི་དག་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་སམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་

གལ་ཏེ་སེམས་ཅན་དེ་དག་འདི་ལྟར་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བར་ཤེས་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱི་འཇུག་སྟེ། བླ་ན་མྱེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ཞུགས་ན། སེམས་ཅན་རྣམས་ཀྱང་ངན་སོང་གསུམ་དང་། འཁོར་བའི་རྒྱུད་རྣམས་ནས་མྱི་འགྲོལ་ཏེ། རབ་འབྱོར་སེམས་ཅན་དེ་དག་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མྱི་
ཤེས་ལ། མྱི་ཤེས་པས་རྒྱུད་ལྔའི་འཁོར་བ་ལས་ཡོངས་སུ་མྱི་འགྲོལ་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་
ཐོས་ནས། སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་སྟེ། ཆོས་འདི་དག་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་ཆགས་པར་བྱ་བ་དེ་ལྟར་ཡོད་པ་མ་ཡིན་ན། དེ་དག་ནི་མྱེད་
ཅིང་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་ཡོད་པར་བརྟགས་ཤིང་། སེམས་ཅན་མྱེད་པ་ལ་སེམས་ཅན་དུ་འདུ་ཤེས། གཟུགས་མྱེད་པ་ལ་གཟུགས་སུ་འདུ་ཤེས། ཚོར་བ་མྱེད་པ་ལ་ཚོར་བར་འདུ་ཤེས། འདུ་ཤེས་མྱེད་པ་
ལ་འདུ་ཤེས་སུ་འདུ་ཤེས། འདུ་བྱེད་མྱེད་པ་ལ་འདུ་བྱེད་དུ་འདུ་ཤེས། རྣམ་པར་ཤེས་པ་མྱེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས། མྱིག་མྱེད་པ་ལ་མྱིག་ཏུ་འདུ་ཤེས། རྣ་བ་མྱེད་པ་ལ་རྣ་བར་འདུ་ཤེས། སྣ་མྱེད་པ་ལ་སྣར་
འདུ་ཤེས། ལྕེ་མྱེད་པ་ལ་ལྕེར་འདུ་ཤེས། ལུས་མྱེད་པ་ལ་ལུས་སུ་འདུ་ཤེས། ཡིད་མྱེད་པ་ལ་ཡིད་དུ་འདུ་ཤེས། གཟུགས་མྱེད་པ་ལ་གཟུགས་སུ་འདུ་ཤེས། སྒྲ་མྱེད་པ་ལ་སྒྲར་འདུ་ཤེས། དྲི་མྱེད་པ་ལ་དྲིར་

འདུ་ཤེས། རོ་མྱེད་པ་ལ་རོར་འདུ་ཤེས། རེག་མྱེད་པ་ལ་རེག་ཏུ་འདུ་ཤེས། ཆོས་མྱེད་པ་ལ་ཆོས་སུ་འདུ་ཤེས། མྱིག་གི་རྣམ་པར་ཤེས་པ་མྱེད་པ་ལ་མྱིག་གི་རྣམ་པར་ཤེས་པར་འདུ་ཤེས། རྣ་བའི་
རྣམ་པར་ཤེས་པ་མྱེད་པ་ལ་རྣ་བའི་རྣམ་པར་ཤེས་པར་འདུ་ཤེས། སྣའི་རྣམ་པར་ཤེས་པ་མྱེད་པ་ལ་སྣའི་རྣམ་པར་ཤེས་པར་འདུ་ཤེས། ལྕེའི་རྣམ་པར་ཤེས་པ་མྱེད་པ་ལ་ལྕེའི་རྣམ་པར་ཤེས་པར་འདུ་ཤེས། ལུས་ཀྱི་རྣམ་
པར་ཤེས་པ་མྱེད་པ་ལ་ལུས་ཀྱི་རྣམ་པར་ཤེས་པར་འདུ་ཤེས། ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པ་ལ་ཡིད་ཀྱི་རྣམ་པར་ཤེས་པར་འདུ་ཤེས། མྱིག་གི་འདུས་ཏེ་རེག་པ་མྱེད་པ་ལ་མྱིག་གི་འདུས་ཏེ་རེག་པར་འདུ་ཤེས། རྣ་བའི་འདུས་
ཏེ་རེག་པ་མྱེད་པ་ལ་རྣ་བའི་འདུས་ཏེ་རེག་པར་འདུ་ཤེས། སྣའི་འདུས་ཏེ་རེག་པ་མྱེད་པ་ལ་སྣའི་འདུས་ཏེ་རེག་པར་འདུ་ཤེས། ལྕེའི་འདུས་ཏེ་རེག་པ་མྱེད་པ་ལ་ལྕེའི་འདུས་ཏེ་རེག་པར་འདུ་ཤེས། ལུས་ཀྱི་འདུས་ཏེ་རེག་པ་མྱེད་
པ་ལ་ལུས་ཀྱི་འདུས་ཏེ་རེག་པར་འདུ་ཤེས། ཡིད་ཀྱི་འདུས་ཏེ་རེག་པ་མྱེད་པ་ལ་ཡིད་ཀྱི་འདུས་ཏེ་རེག་པར་འདུ་ཤེས། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་
ཤེས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་བ་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས།
ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས། ཡིད་

ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་འདུ་ཤེས། སའི་ཁམས་མྱེད་པ་ལ་སའི་ཁམས་སུ་འདུ་ཤེས། ཆུའི་ཁམས་མྱེད་པ་ལ་ཆུའི་ཁམས་སུ་འདུ་ཤེས། མྱེའི་ཁམས་
མྱེད་པ་ལ་མྱེའི་ཁམས་སུ་འདུ་ཤེས། རླུང་གི་ཁམས་མྱེད་པ་ལ་རླུང་གི་ཁམས་སུ་འདུ་ཤེས། ནམ་མཁའི་ཁམས་མྱེད་པ་ལ་ནམ་མཁའི་ཁམས་སུ་འདུ་ཤེས། རྣམ་པར་ཤེས་པའི་ཁམས་མྱེད་པ་ལ་རྣམ་པར་ཤེས་པའི་
ཁམས་སུ་འདུ་ཤེས། མ་རིག་པ་མྱེད་པ་ལམ་རིག་པར་འདུ་ཤེས། འདུ་བྱེད་མྱེད་པ་ལ་འདུ་བྱེད་དུ་འདུ་ཤེས། རྣམ་པར་ཤེས་པ་མྱེད་པ་ལ་རྣམ་པར་ཤེས་པར་འདུ་ཤེས། མྱིང་དང་གཟུགས་མྱེད་པ་ལ་མྱིང་དང་གཟུགས་
སུ་འདུ་ཤེས། སྐྱེ་མཆེད་དྲུག་མྱེད་པ་ལ་སྐྱེ་མཆེད་དྲུག་ཏུ་འདུ་ཤེས། རེག་པ་མྱེད་པ་ལ་རེག་པར་འདུ་ཤེས། ཚོར་བ་མྱེད་པ་ལ་ཚོར་བར་འདུ་ཤེས། སྲེད་པ་མྱེད་པ་ལ་སྲེད་པར་འདུ་ཤེས། ལེན་པ་མྱེད་པ་ལ་ལེན་པར་
འདུ་ཤེས། སྲིད་པ་མྱེད་པ་ལ་སྲིད་པར་འདུ་ཤེས། སྐྱེ་བ་མྱེད་པ་ལ་སྐྱེ་བར་འདུ་ཤེས། རྒ་ཤི་མྱེད་པ་ལ་རྒ་ཤིར་འདུ་ཤེས། འཇིག་རྟེན་པའི་ཆོས་མྱེད་པ་ལ་འཇིག་རྟེན་པའི་ཆོས་སུ་འདུ་ཤེས། འཇིག་རྟེན་ལས་འདས་
པའི་ཆོས་མྱེད་པ་ལ་འཇིག་རྟེན་ལས་འདས་པའི་ཆོས་སུ་འདུ་ཤེས། ཟག་པ་དང་བཅས་པའི་ཆོས་མྱེད་པ་ལ་ཟག་པ་དང་བཅས་པའི་ཆོས་སུ་འདུ་ཤེས། ཟག་པ་མྱེད་པའི་ཆོས་མྱེད་པ་ལ་ཟག་པ་མྱེད་པའི་ཆོས་སུ་འདུ་ཤེས།
འདུས་བྱས་ཀྱི་ཆོས་མྱེད་པ་ལ་འདུས་བྱས་ཀྱི་ཆོས་སུ་འདུ་ཤེས། འདུས་མ་བྱས་ཀྱི་ཆོས་མྱེད་པ་ལ་འདུས་མ་བྱས་ཀྱི་ཆོས་སུ་འདུ་ཤེས་ནས། ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་གིས། ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་དང་

ལྡན་པ་རྣམས། ལུས་དང་ངག་དང་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པ་དེ་དག་རྒྱུད་ལྔའི་འཁོར་བ་ལས་ཡོངས་སུ་མྱི་འགྲོལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པར་དགེ་བའི་ཆོས་ཐམས་ཅད་འདུས་པར་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་སངས་
རྒྱས་ནས། རྒྱུད་ལྔའི་འཁོར་བ་ལས་སེམས་ཅན་རྣམས་ཡོངས་སུ་འགྲེལ་ཏོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམ་པ། །
རབ་འབྱོར་ཀྱིས་གསོལ་པ། གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་སངས་རྒྱས་ཏེ། རྒྱུད་ལྔའི་འཁོར་བ་ལས་སེམས་ཅན་རྣམས་ཡོངས་སུ་འགྲེལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྡུག་བསྔལ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སེམས་ཅན་
རྣམས་ལ་སྟོན་ཏོ། །འཆད་དོ། །འཇོག་གོ །འགོད་དོ། །འགྲེལ་ཏོ། །རྣམ་པར་འགྲེལ་ཏོ། །གསལ་བར་བྱེད་དོ། །ཡང་དག་པར་རྗོད་དོ། །འཕགས་པའི་བདེན་པ་བཞི་པོ་འདིར་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་

གང་ཇི་སྙེད་པ་གང་གིས་དཀོན་མཆོག་གསུམ་རྣམ་པར་འགོད་པ་དེ་ཐམས་ཅད་ཡོངས་སུ་འདུས་ཏེ། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གསུམ་འཇིག་རྟེན་དུ་བྱུང་བས།
སེམས་ཅན་རྣམས་ལམ་རྒྱུད་ལྔའི་འཁོར་བ་ལས་ཡོངས་སུ་དགྲོལ་ལོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་སྡུག་བསྔལ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། འོན་ཏེ་སྡུག་བསྔལ་གྱིས་
མྱ་ངན་ལས་འདའ་བར་འགྱུར། ཀུན་འབྱུང་བ་འཚལ་བས། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། འོན་ཏེ་ཀུན་འབྱུང་བས་མྱ་ངན་ལས་འདའ་བར་འགྱུར། སྡུག་བསྔལ་འགོག་པ་འཚལ་བས་ཡོངས་སུ་མྱ་ངན་
ལས་འདའ་བར་འགྱུར་རམ། འོན་ཏེ་སྡུག་བསྔལ་འགོག་པས་མྱ་ངན་ལས་འདའ་བར་འགྱུར། ལམ་འཚལ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། འོན་ཏེ་ལམ་གྱིས་མྱ་ངན་ལས་འདའ་བར་འགྱུར། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྡུག་བསྔལ་ཤེས་པས་ཡོངས་སུ་མྱ་ངན་ལས་མྱི་འདའ་སྟེ། སྡུག་བསྔལ་གྱིས་ཀྱང་མ་ཡིན་ནོ། །ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ངན་ལས་མྱི་འདའ་སྟེ། ཀུན་འབྱུང་
བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པ་ཤེས་བས། ཡོངས་སུ་མྱ་ངན་ལས་མྱི་འདའ་སྟེ། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །ལམ་ཤེས་པས་ཡོངས་སུ་མྱ་ངན་ལས་མྱི་འདའ་སྟེ། ལམ་གྱིས་ཀྱང་
མ་ཡིན་ནོ། །རབ་འབྱོར་འཕགས་པའི་བདེན་པ་བཞི་པོ་དེ་དག་མཉམ་པ་ཉིད་གང་ཡིན་པ་དེ་ནི་མྱ་ངན་ལས་འདའ་བར་ངས་གསུངས་ཏེ། སྡུག་བསྔལ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ནོ། །སྡུག་བསྔལ་

གྱིས་ཀྱང་མ་ཡིན་ནོ། །ཀུན་འབྱུང་བ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན་ནོ། །ཀུན་འབྱུང་བས་ཀྱང་མ་ཡིན་ནོ། །སྡུག་བསྔལ་འགོག་པ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བ་མ་
ཡིན། སྡུག་བསྔལ་འགོག་པས་ཀྱང་མ་ཡིན་ནོ། །ལམ་ཤེས་པས་ཡོངས་སུ་མྱ་ངན་ལས་འདའ་བ་མ་ཡིན། ལམ་གྱིས་ཀྱང་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གང་ལ་སྡུག་བསྔལ་ཡང་མ་མཆིས། སྡུག་
བསྔལ་འཚལ་བ་ཡང་མ་མཆིས། ཀུན་འབྱུང་བ་ཡང་མ་མཆིས། ཀུན་འབྱུང་བ་འཚལ་བ་ཡང་མ་མཆིས། འགོག་པ་ཡང་མ་མཆིས། འགོག་པ་འཚལ་བ་ཡང་མ་མཆིས། ལམ་ཡང་མ་མཆིས། ལམ་འཚལ་བ་
ཡང་མ་མཆིས་པའི་འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་ཅེས་བགྱི་བདེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འཕགས་པའི་བདེན་པ་བཞི་པོ་དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་
དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་
གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། དེ་བཞིན་གནས་པའི་དབྱིངས། ཆོས་ཀྱི་དབྱིངས་མྱི་ཉམ། མྱི་འགྲིབ་པར་འདུག་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། བདེན་པ་ཁོང་དུ་ཆུད་པར་ཇི་ལྟར་བྱ་བ་བཞིན་དུ། བདེན་པ་ཁོང་དུ་ཆུད་པར་བྱ་བའི་དོན་དུ་སྤྱོད་དོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། བདེན་པ་རྟོགས་པའི་དོན་དུ་སྤྱོད་པ་ལགས། ཇི་ལྟར་སྤྱོད་ན་བདེན་པ་རྟོགས་ཤིང་འཚལ་ཏེ། ཁོང་དུ་ཆུད་ནས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་ཞིང་བྱང་
ཆུབ་སེམས་དཔའི་སྐྱོན་མ་མཆིས་པར་འཇུག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་
དེ་དག་ཅི་ནས་ཀྱང་ཆོས་གང་ཡང་དམྱིགས་སུ་མྱེད་པ་དེ་ལྟར་མཐོང་སྟེ། ཆོས་ཐམས་ཅད་མ་དམྱིགས་པས་བདེན་པར་གཏོགས་པ་འམ། བདེན་པར་མ་གཏོགས་པའི་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། དེས་དེ་ལྟར་མཐོང་
བས་སྐྱོན་མྱེད་པར་ཆུད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱིས་ལ་གནས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་རིགས་ཀྱིས་ལ་གནས་པར་གྱུར་ནས། སྤྱི་བོར་ལྟུང་བར་མྱི་འགྱུར་ཏེ། དེ་ལ་ཉན་ཐོས་
ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་བའི་སྤྱི་བོར་ལྟུང་བ་མྱེད་དོ། །དེ་བྱང་ཆུབ་སེམས་དཔའི་རིགས་ཀྱིས་དེ་ལ་གནས་ཤིང་། བསམ་གཏན་བཞི་སྒྲུབ་པོ། །ཚད་མྱེད་པ་བཞི་སྒྲུབ་པོ། །གཟུགས་མྱེད་པའི་
སྙོམས་པར་འཇུག་པ་བཞི་སྒྲུབ་བོ། །དེ་ལྷག་མཐོང་གིས་དེ་ལ་གནས་ཤིང་། ཆོས་ཐམས་ཅད་རབ་ཏུ་ཤེས་པར་བྱེད་དེ། འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པར་བྱེད་དོ། །དེ་སྡུག་བསྔལ་ཡོངས་སུ་ཤེས་ཀྱང་སྡུག་
བསྔལ་ལ་དམྱིགས་པའི་སེམས་མྱི་སྐྱེད་དོ། །ཀུན་འབྱུང་བ་རབ་ཏུ་སྤངས་ཀྱང་། ཀུན་འབྱུང་བ་ལ་དམྱིགས་པའི་སེམས་མྱི་སྐྱེད་དོ། །འགོག་པ་མངོན་དུ་བྱེད་ཀྱང་འགོག་པ་ལ་དམྱིགས་པའི་སེམས་མྱི་སྐྱེད་དོ། །

ལམ་སྒོམ་ཡང་ལམ་ལ་དམིགས་པའི་སེམས་མྱི་སྐྱེད་དོ། །གཞན་དུ་ན་བྱང་ཆུབ་ལ་གཞོལ་བའི་སེམས་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་བྱེད་དོ། །གསོལ་པ། བཅོམ་
ལྡན་འདས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོང་པ་ཉིད་དོ། །གསོལ་པ། སྟོང་པ་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རང་གི་མཚན་ཉིད་སྟོང་པ་ཉིད་དེ། རྣམ་པ་དེ་ལྟ་བུའི་ལྷག་མཐོང་གིས་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་ལྟ་སྟེ། ངོ་བོ་ཉིད་གང་ལ་གནས་ཤིང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དེ་ལྟ་བུའི་
ངོ་བོ་ཉིད་ཆོས་གང་ལ་ཡང་ངོ་བོ་ཉིད་ཡོད་པར་མྱི་མཐོང་ངོ་། །དངོས་པོ་མྱེད་པ་ནི་བྱང་ཆུབ་སྟེ། དེ་ནི་སངས་རྒྱས་ཀྱིས་མ་མཛད། རང་སངས་རྒྱས་ཀྱིས་མ་བྱས། དགྲ་བཅོམ་པས་མ་བྱས། ཕྱིར་མྱི་འོང་བས་མ་བྱས། ལན་
ཅིག་ཕྱིར་འོང་བས་མ་བྱས། རྒྱུན་ཏུ་ཞུགས་པས་མ་བྱས། དེ་དག་ལ་ཞུགས་པས་ཀྱང་མ་བྱས། གང་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་མ་བྱས་ཏེ། གཞན་དུ་ན་ཡང་
དག་པ་ཇི་ལྟ་བ་དེ་སེམས་ཅན་རྣམས་ཀྱིས་མྱི་ཤེས་མྱི་མཐོང་བས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །
ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་དགུའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་ཏེ། དེ་དག་སངས་རྒྱས་ཀྱིས་ཀྱང་མ་མཛད། རང་སངས་རྒྱས་ཀྱིས་ཀྱང་མ་བགྱིས། དགྲ་བཅོམ་པས་ཀྱང་མ་བགྱིས། ཕྱིར་མྱི་འོང་བས་ཀྱང་མ་བགྱིས། ལན་ཅིག་ཕྱིར་འོང་
བས་ཀྱང་མ་བགྱིས། རྒྱུན་ཏུ་ཞུགས་པས་ཀྱང་མ་བགྱིས། དེ་དག་ལ་ཞུགས་པས་ཀྱང་མ་བགྱིས། གང་བྱང་ཆུབ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་མ་བགྱིས་ན། ཆོས་དེ་དག་ལ་
འདི་དག་ནི་སེམས་ཅན་དམྱལ་བ་པའོ། །འདི་དག་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་དག་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་དག་ནི་ལྷའོ། །འདི་དག་ནི་མྱིའོ། །ལས་འདིས་ནི་སེམས་ཅན་དམྱལ་བ་པ་དང་།
བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པར་འགྱུར་རོ། །ལས་འདིས་ནི་མྱིར་འགྱུར་རོ། །ལས་འདིས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་སུམ་ཅུ་རྩ་གསུམ་གྱི་ལྷར་འགྱུར་རོ། །
ལས་འདིས་ནི་མཚེ་མའི་ལྷར་འགྱུར་རོ། །ལས་འདིས་ནི་དགའ་ལྡན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་འཕྲུལ་དགའི་ལྷར་འགྱུར་རོ། །ལས་འདིས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་འགྱུར་རོ། །ལས་འདིས་
ནི་ཚངས་རིས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་ཚངས་ལྷ་ཉེ་ཕན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ཚངས་པ་ཀུན་འཁོར་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ཚངས་ཆེན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་སྣང་བའི་
ལྷར་འགྱུར་རོ། །ལས་འདིས་ནི་ཆུང་སྣང་གི་ལྷར་འགྱུར་རོ། །ལས་འདིས་ནི་ཚད་མྱེད་སྣང་བའི་ལྷར་འགྱུར་རོ། །ལས་འདིས་ནི་ཀུན་སྣང་དང་བའི་ལྷར་འགྱུར་རོ། །ལས་འདིས་ནི་དགེ་བའི་ལྷར་འགྱུར་རོ། །ལས་

འདིས་ནི་ཆུང་དགེའི་ལྷར་འགྱུར་རོ། །ལས་འདིས་ནི་ཚད་མྱེད་དགེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་དགེ་རྒྱས་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་
ཆུང་ཆེའི་ལྷར་འགྱུར་རོ། །ལས་འདིས་ནི་ཚད་མྱེད་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་འབྲས་བུ་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་མྱི་ཆེ་བའི་ལྷར་འགྱུར་རོ། །ལས་འདིས་ནི་མྱི་གདུང་བའི་ལྷར་འགྱུར་རོ། །
ལས་འདིས་ནི་ཤིན་ཏུ་མཐོང་བའི་ལྷར་འགྱུར་རོ། །ལས་འདིས་ནི་གྱ་ནོམ་སྣང་བའི་ལྷར་འགྱུར་རོ། །ལས་འདིས་ནི་འོག་མྱིན་གྱི་ལྷར་འགྱུར་རོ། །ལས་འདིས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །
ལས་འདིས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདིས་ནི་ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་འདི་ནི་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་འགྱུར་རོ། །ལས་
འདིས་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུར་འགྱུར་རོ། །ལས་འདིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུར་འགྱུར་རོ། །ལས་འདིས་ནི་ཕྱིར་མྱི་འོང་བའི་འབྲས་བུར་འགྱུར་རོ། །ལས་འདིས་ནི་དགྲ་བཅོམ་པ་ཉིད་དུ་འགྱུར་
རོ། །ལས་འདིས་ནི་རང་སངས་རྒྱས་སུ་འགྱུར་རོ། །ལས་འདིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ། །ལས་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་
ཞེས་བགྱི་བར་ཐ་དད་དུ་དབྱེ་བ་འམ། རྣམ་པར་དགོད་པ་ཡང་ཇི་ལྟར་འགྱུར། བཅོམ་ལྡན་འདས་དངོས་པོ་མ་མཆིས་པ་ལ་ནི་བགྱི་བ་གང་ཡང་མ་མཆིས་ཏེ། བགྱི་བ་གང་གིས་སེམས་ཅན་དམྱལ་བར་མཆི་བ་འམ། བྱོལ་སོང་

གི་སྐྱེ་གནས་སུ་མཆི་བ་འམ། གཤིན་རྗེའི་འཇིག་རྟེན་དུ་མཆི་བ་འམ། མྱིར་སྐྱེ་བ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་འམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་འམ། མཚེ་མའི་ལྷར་སྐྱེ་བ་འམ། དགའ་ལྡན་གྱི་
ལྷར་སྐྱེ་བ་འམ། འཕྲུལ་དགའི་ལྷར་སྐྱེ་བ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བ་འམ། ཚངས་རིས་ཀྱི་ལྷར་སྐྱེ་བ་འམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བ་འམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བ་འམ། ཚངས་ཆེན་གྱི་
ལྷར་སྐྱེ་བ་འམ། སྣང་བའི་ལྷར་སྐྱེ་བ་འམ། ཆུང་སྣང་གི་ལྷར་སྐྱེ་བ་འམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བ་འམ། ཀུན་སྣང་དང་བའི་ལྷར་སྐྱེ་བ་འམ། དགེ་བའི་ལྷར་སྐྱེ་བ་འམ། ཆུང་དགེའི་ལྷར་སྐྱེ་བ་འམ། ཚད་མྱེད་
དགེ་བའི་ལྷར་སྐྱེ་བ་འམ། དགེ་རྒྱས་ཀྱི་ལྷར་སྐྱེ་བ་འམ། ཆེ་བའི་ལྷར་སྐྱེ་བ་འམ། ཆུང་ཆེའི་ལྷར་སྐྱེ་བ་འམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བ་འམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བ་འམ། མྱི་ཆེ་བའི་ལྷར་སྐྱེ་བ་འམ། མྱི་
གདུང་བའི་ལྷར་སྐྱེ་བ་འམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བ་འམ། གྱ་ནོམ་སྣང་བའི་ལྷར་སྐྱེ་བ་འམ། འོག་མྱིན་གྱི་ལྷར་སྐྱེ་བ་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། རྣམ་ཤེས་མཐའ་ཡས་སྐྱེ་
མཆེད་ཀྱི་ལྷར་སྐྱེ་བ་འམ། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་འམ། ལན་ཅིག་ཕྱིར་འོང་བའི་
འབྲས་བུ་ཐོབ་པར་འགྱུར་བ་འམ། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་འམ། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་འམ། རང་བྱང་ཆུབ་ཐོབ་པར་འགྱུར་བ་འམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

ལམ་ལ་སྤྱོད་པར་འགྱུར་བ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་འམ། ཐོབ་བར་གྱུར་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་གང་ཡང་
མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། རབ་འབྱོར་
དངོས་པོ་མྱེད་པ་ལ་ནི་ལས་ཀྱང་མྱེད། བྱ་བ་ཡང་མྱེད། འབྲས་བུ་ཡང་མྱེད་ན། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ། །འཕགས་པའི་ཆོས་ལ་མྱི་མཁས་པ་རྣམས་ཀྱིས་ཆོས་རྣམས་དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་མྱི་ཤེས་ཏེ།
ཕྱིན་ཅི་ལོག་ལས་བྱུང་བའི་སེམས་ཀྱིས་ལས་སྣ་ཚོགས་མངོན་པར་འདུ་བྱེད་པས། དེ་དག་གི་ལུས་རྣམ་པ་དེ་བཞིན་དུ་མངོན་པར་འགྲུབ་སྟེ། སེམས་ཅན་དམྱལ་བ་འམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་
འཇིག་རྟེན་ནམ། མྱི་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་ཅུ་རྩ་གསུམ་གྱི་ལྷ་འམ། མཚེ་མའི་ལྷ་འམ། དགའ་ལྡན་གྱི་ལྷ་འམ། འཕྲུལ་དགའི་ལྷ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་འམ།
ཚངས་རིས་ཀྱི་ལྷ་འམ། ཚངས་ལྷ་ཉེ་ཕན་གྱི་ལྷ་འམ། ཚངས་པ་ཀུན་འཁོར་གྱི་ལྷ་འམ། ཚངས་ཆེན་གྱི་ལྷ་འམ། སྣང་བའི་ལྷ་འམ། ཆུང་སྣང་གི་ལྷ་འམ། ཚད་མྱེད་སྣང་བའི་ལྷ་འམ། ཀུན་སྣང་དང་
བའི་ལྷ་འམ། དགེ་བའི་ལྷ་འམ། ཆུང་དགེའི་ལྷ་འམ། ཚད་མྱེད་དགེ་བའི་ལྷ་འམ། དགེ་རྒྱས་ཀྱི་ལྷ་འམ། ཆེ་བའི་ལྷ་འམ། ཆུང་ཆེའི་ལྷ་འམ། ཚད་མྱེད་ཆེ་བའི་ལྷ་འམ། འབྲས་བུ་ཆེ་བའི་ལྷ་འམ། མྱི་

ཆེ་བའི་ལྷ་འམ། མྱི་གདུང་བའི་ལྷ་འམ། ཤིན་ཏུ་མཐོང་བའི་ལྷ་འམ། གྱ་ནོམ་སྣང་བའི་ལྷ་འམ། འོག་མྱིན་གྱི་ལྷ་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་འམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་འམ། ཆུང་
ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་འམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷའི་ནང་དུ་ལུས་མངོན་པར་འགྲུབ་སྟེ། དངོས་པོ་མྱེད་པ་ལ་ནི་ལས་སམ། བྱ་བ་འམ། འབྲས་བུ་མྱེད་དེ། དངོས་པོ་མྱེད་པ་གང་ཡིན་པ་དེ་ནི་དངོས་
པོ་མྱེད་པ་ཉིད་དོ། །རབ་འབྱོར་དེ་ལ་འདི་སྐད་དུ་དངོས་པོ་མྱེད་པ་ལ་ནི་བྱ་བ་གང་ཡང་མྱེད་དེ། བྱ་བ་གང་གིས་སེམས་ཅན་དམྱལ་བར་འགྲོ་བ་འམ། བྱོལ་སོང་གི་སྐྱེ་གནས་སུ་འགྲོ་བ་འམ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་འམ།
མྱིར་སྐྱེ་བ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བ་འམ། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་འམ། མཚེ་མའི་ལྷར་སྐྱེ་བ་འམ། དགའ་ལྡན་གྱི་ལྷར་སྐྱེ་བ་འམ། འཕྲུལ་དགའི་ལྷར་སྐྱེ་བ་འམ། གཞན་འཕྲུལ་དབང་བྱེད་
ཀྱི་ལྷར་སྐྱེ་བ་འམ། ཚངས་རིས་ཀྱི་ལྷར་སྐྱེ་བ་འམ། ཚངས་ལྷ་ཉེ་ཕན་གྱི་ལྷར་སྐྱེ་བ་འམ། ཚངས་པ་ཀུན་འཁོར་གྱི་ལྷར་སྐྱེ་བ་འམ། ཚངས་ཆེན་གྱི་ལྷར་སྐྱེ་བ་འམ། སྣང་བའི་ལྷར་སྐྱེ་བ་འམ། ཆུང་སྣང་གི་ལྷར་
སྐྱེ་བ་འམ། ཚད་མྱེད་སྣང་བའི་ལྷར་སྐྱེ་བ་འམ། ཀུན་སྣང་དང་བའི་ལྷར་སྐྱེ་བ་འམ། དགེ་བའི་ལྷར་སྐྱེ་བ་འམ། ཆུང་དགེའི་ལྷར་སྐྱེ་བ་འམ། ཚད་མྱེད་དགེ་བའི་ལྷར་སྐྱེ་བ་འམ། དགེ་རྒྱས་ཀྱི་ལྷར་སྐྱེ་བ་འམ། ཆེ་
བའི་ལྷར་སྐྱེ་བ་འམ། ཆུང་ཆེའི་ལྷར་སྐྱེ་བ་འམ། ཚད་མྱེད་ཆེ་བའི་ལྷར་སྐྱེ་བ་འམ། འབྲས་བུ་ཆེ་བའི་ལྷར་སྐྱེ་བའམ། མྱི་ཆེ་བའི་ལྷར་སྐྱེ་བའམ། མྱི་གདུང་བའི་ལྷར་སྐྱེ་བ་འམ། ཤིན་ཏུ་མཐོང་བའི་ལྷར་སྐྱེ་བ་འམ།

གྱ་ནོམ་སྣང་བའི་ལྷར་སྐྱེ་བ་འམ། འོག་མྱིན་གྱི་ལྷར་སྐྱེ་བ་འམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། ཆུང་ཟད་མྱེད་པའི་སྐྱེ་
མཆེད་ཀྱི་ལྷར་སྐྱེ་བ་འམ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷར་སྐྱེ་བ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་འམ། ཕྱིར་མྱི་འོང་བའི་
འབྲས་བུ་ཐོབ་པར་འགྱུར་བ་འམ། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་འམ། རང་བྱང་ཆུབ་ཐོབ་པར་འགྱུར་བ་འམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་ལ་སྤྱོད་པ་འམ། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཐོབ་པར་འགྱུར་བ་འམ། དེ་ཐོབ་ནས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་འགྱུར་བ་དེ་ལྟ་བུའི་བྱ་བ་གང་ཡང་མྱེད་དོ་ཞེས་ཟེར་བ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། ལམ་དངོས་པོ་མྱེད་པ་མ་
ཡིན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དངོས་པོ་མྱེད་པ་མ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དངོས་པོ་མྱེད་པ་མ་ཡིན་ནམ། ཕྱིར་མྱི་འོང་བའི་འབྲས་བུ་དངོས་པོ་མྱེད་པ་མ་ཡིན་ནམ། དགྲ་བཅོམ་པ་ཉིད་དངོས་
པོ་མྱེད་པ་མ་ཡིན་ནམ། རང་བྱང་ཆུབ་དངོས་པོ་མྱེད་པ་མ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་མྱེད་པ་མ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་མྱེད་པ་མ་ཡིན་ནམ། གསོལ་པ། བཅོམ་
ལྡན་འདས་ལམ་ནི་དངོས་པོ་མ་མཆིས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་དངོས་པོ་མ་མཆིས་

པའོ། །དགྲ་བཅོམ་པ་ཉིད་ནི་དངོས་པོ་མ་མཆིས་པའོ། །རང་བྱང་ཆུབ་ནི་དངོས་པོ་མ་མཆིས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དངོས་པོ་མ་མཆིས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མ་མཆིས་པའོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དངོས་པོ་མྱེད་པའི་ཆོས་ཤིག་དངོས་པོ་མྱེད་པའི་ཆོས་ཐོབ་པར་བྱེད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་དངོས་པོ་མྱེད་པ་གང་ཡིན་པ་དང་། ལམ་གང་ཡིན་པའི་ཆོས་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན་གཟུགས་མྱེད་པ། བསྟན་དུ་མྱེད་པ།
ཐོགས་པ་མྱེད་པ། མཚན་ཉིད་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
ཐབས་མཁས་པས་སེམས་ཅན་ཕྱིན་ཅི་ལོག་བཞིས་ཕུང་པོ་ལྔ་ལ་མངོན་པར་ཞེན་པ་མྱི་རྟག་པ་ལ་རྟག་པའི་འདུ་ཤེས་སུ་གྱུར་པ། སྡུག་བསྔལ་བ་ལ་བདེ་བའི་འདུ་ཤེས་སུ་གྱུར་པ། བདག་མྱེད་པ་ལ་བདག་གི་འདུ་ཤེས་སུ་
གྱུར་པ། མྱི་སྡུག་པ་ལ་སྡུག་པའི་འདུ་ཤེས་སུ་གྱུར་པ། དངོས་པོ་ལ་མངོན་པར་ཞེན་པ་རྣམས་དངོས་པོ་ལས་རྣམ་པར་འགྲེལ་ཏོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱིས་པ་སོ་སོའི་སྐྱེ་
བོ་རྣམས་གང་ལ་དངོས་པོའོ་ཞེས་ནས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་དངོས་པོ་དེ་བཞིན་མ་ནོར་བ་དེ་བཞིན་ཞེས་བགྱི་བ་མ་མཆིས་སམ། དེ་སྟེ་མ་མཆིས་ན་ནི་ལས་མངོན་པར་འདུ་བགྱིད་པར་ཡང་ཇི་ལྟར་འགྱུར།

སུག་ལས་དེས་ཀྱང་ཤུལ་རྒྱུད་ལྔའི་འཁོར་བ་ལས་ཅི་སྟེ་མྱི་འགྲོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་
ལས་མངོན་པར་འདུ་བྱེད་པའི་དངོས་པོ་ནི་ཆུང་ངུ་ན། སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་ཡང་མྱེད་དོ། །རབ་འབྱོར་དེ་ལྟ་བས་ན་ཅི་ནས་ཀྱང་དོན་འདི་གསལ་ཞིང་རྫོགས་པ་དང་། མཁས་པས་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་
བཤད་དོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། རྨྱི་ལམ་དུ་མཐོང་བ་ལ་རྨྱི་ལམ་མཐོང་བ་དེ་གང་ལ་གནས་ཤིང་། འདོད་པའི་ཡོན་ཏན་ལྔས་ཡོངས་སུ་སྤྱོད་པ་དེ་ལྟ་བུའི་དངོས་པོ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་
འདས་རྨྱི་ལམ་ཉིད་ཀྱང་མ་མཆིས་ན། རྨྱི་ལམ་མཐོང་བ་དེ་ལ་གནས་ཤིང་། འདོད་པའི་ཡོན་ཏན་ལྔས་ཡོངས་སུ་སྤྱོད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་དེ་ཇི་སྙམ་དུ་སེམས། འཇིག་རྟེན་པ་འམ། འཇིག་རྟེན་ལས་འདས་པ་འམ། ཟག་པ་དང་བཅས་པ་འམ། ཟག་པ་མྱེད་པ་འམ། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་གང་ལ་རྨྱི་ལམ་དང་འདྲ་བ་མ་ཡིན་
པ་དེ་ལྟ་བུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པ་འམ། འཇི