Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 025_འབུམ།_ན
Văn bản gốc(Tây Tạng)
Trang 15 / 22 (50.000 ký tự/trang)
། སེམས་ཅན་ དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་ འཐབ་ཅིང་འཁོན་པ་དང་། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་ རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་ འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱིས་སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མྱིར་སྐྱེ་ བ་ཡང་ཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ། དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་ སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་པ་ནི་དཀོན་ནོ། །དེ་ལྟ་ཡིན་གྱིས་དལ་བ་འདི་དོན་མེད་པར་མ་བྱ་ཤིག །མྱི་ཁོམ་པར་གྱུར་ཅིང་གསོར་མྱི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་ཡང་བཟོད་པ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་སྐད་དུ་ཁྱེད་ཅིའི་ ཕྱིར་ལེ་ལོ་བྱེད་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ ངས་སྦྱིན་པའི་རྐྱེན་ཏམ་ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས་བརྩོན་འགྲུས་རྩོམས་ཤིག་ཅེས་ནས། སེམས་ཅན་ དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ། སེམས་ཀྱིས་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ ཆོས་དེ་དག་གིས་འཕགས་པ་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་ བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ ལ་མཉམ་པར་མྱི་གཞོག་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཆོས་ལ་ རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས། རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ ལ་སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་ པ་བཞི་ལ་སྙོམས་པར་འཇུག་གོ །དེ་དག་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་ མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་ དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་། ཤེས་རབ་འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ། སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་རྩོམས་ ཤིག། ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག །རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བ་འམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་ གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོ་འམ། ཚོར་བ་པོ་འམ། ཤེས་པ་པོ་འམ། མཐོང་བ་པོ་འམ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་ དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་ མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་ རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་ སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེ་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་གང་ཡང་ཡོད་དམ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་དམྱིགས་པས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མྱེད་པས་ཆོས་གང་ཡང་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་དམྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་ གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་ངན་པ་ཅན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། ། འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ སྟེ། སྦྱིན་པ་ཡོངས་སུ་བཏང་ནས་འདི་སྐད་དུ་རིགས་ཀྱི་བུ་དག་སྦྱིན་པ་ལ་འཛིན་པས་མ་འཛིན་ཅིག །སྦྱིན་པ་ལ་འཛིན་པས་འཛིན་འཛིན་ཅིང་། ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན། སྦྱིན་པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བདག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་དག་ཐམས་ ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་གྱིས་སྟོང་པའི་ཆོས་ནི་འཛིན་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་། དེ་ལ་སྦྱིན་པར་དམྱིགས་པ་མྱེད། སྦྱིན་པའི་བདག་པོར་དམྱིགས་པ་མེད། ལེན་པར་དམྱིགས་པ་མྱེད་དེ། འདི་ལྟ་སྟེ། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམིགས་སུ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་མྱི་དམྱིགས་པས་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། ། ཕྱིར་མྱི་འོང་བའི་འབྲས་བུ་ལ་སྦྱོར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ལ་སྦྱོར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་ གཏན་གྱི། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་ རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་རོ། ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ན་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་བྱ་བ་དང་། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་ སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་ གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་ པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་ མྱེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་ འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བར་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་ གཏོགས་པར། ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་འགྱུར་བའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱིས། དེ་ལྟ་བས་ན་ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ། འཁོར་བ་ལས་བདག་ཅག་ ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་པར་གྱིས་ཤིག །དེ་ལྟར་ན་ཁྱེད་བདག་ཅག་གི་དོན་དུ་ཡང་ཆེར་འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ་ཞེས་ཡང་དག་པར་སྐུལ་བ་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མྱི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་ པར་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར། གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ནས་དེ་འདི་སྐད་ཅེས་ཟེར་ཏེ། གང་སུ་ཅི་འདོད་པ་དེ་ཁྱེད་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ ལའང་དོན་དུ་གཉེར་བ་མྱེད་པ་ན་གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི་བདག་ནི་འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་ བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤེས་དང་མྱིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྤྱོད་པ་དེ་ཡང་སྒྲ་བརྙན་ལྟ་བུར་ རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་ བཏང་བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་པར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། ། རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་བྱད་དོ། ། སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་དོ། །འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མྱེད་པ་ རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། །མྱི་འཇིགས་པ་རྣམས་ ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་དེ་ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་། རིམ་གྱིས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག །རིགས་ཀྱི་བུ་དག་ ཚུལ་ཁྲིམས་སྲུངས་ཤིག །ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱེད་ཀྱང་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་གྲང་ན། ཟས་ དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་ དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་གནོས་ལ། རིམ་གྱིས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་ རྒྱས་ཀྱི་ཐེག་པ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། ། གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཅིང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་གང་ཁྲོ་བ་དང་གནོད་སེམས་སུ་ བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོང་ཤིག། ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྲོ་བ་དང་། གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱིས་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་ པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང་། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་ཁྱེད་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱིགས་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་ གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་ འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་ ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས། མྱིར་སྐྱེ་བ་ཡང་འཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ། དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ནོ། ། མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་པ་ནི་དཀོན་ནོ། །དེ་ལྟ་ཡིན་གྱིས་དལ་བ་འདི་དོན་མྱེད་པར་མ་བྱ་ཤིག །མྱི་ཁོམ་པར་གྱུར་ཅིང་གསོར་མྱི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་པོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་ པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་རྗོད་དོ། །དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱད་ ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་། ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་ བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་བོ། ལན་ཅིག་ཕྱིར་ འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ལེགས་པ་རྗོད་ ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་འདི་ལྟར་བརྩོན་འགྲུས་ལ་རབ་ཏུ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་ སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་ པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མྱི་གཞོག་ཅེས་རྗོད་དོ། །དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་ཁྱེད་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་ གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་ འཇུག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་གོ །དེ་དག་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་ པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་ པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་ རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག །རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བ་འམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོ་འམ། ཚོར་བ་པོ་འམ། ཤེས་པ་པོ་འམ། མཐོང་བ་པོ་འམ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། འདོད་པའི་ཁམས་སམ། གཟུགས་ ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་ པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་ དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་ རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་ འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ་རྟོགས་ཤིག་ཅེས་ འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་དམྱིགས་པས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མྱེད་པས་ཆོས་གང་ཡང་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་དམྱལ་ བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི་ལྷའོ། འདི་ནི་མྱིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་ ངན་པ་ཅན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་ཡོངས་སུ་བཏང་ནས་འདི་སྐད་དུ། རིགས་ཀྱི་བུ་དག་སྦྱིན་པ་དེ་ ལ་འཛིན་པས་མ་འཛིན་ཅིག །སྦྱིན་པ་ལ་འཛིན་པས་འཛིན་འཛིན་ཅིང་། ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་འདི་ལ་དོན་དམ་པར་ན་སྦྱིན་ པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བདག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་གྱིས་སྟོང་པའི་ཆོས་ནི་འཛིན་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་ནི་ གཟུང་དུ་མྱེད་པའོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་པར་ དམྱིགས་པ་མྱེད། སྦྱིན་པའི་བདག་པོར་དམྱིགས་པ་མྱེད། ལེན་པར་དམྱིགས་པ་མྱེད་དེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམྱིགས་སུ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ ཅད་ལ་མྱི་དམྱིགས་པས། སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སྦྱོར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་རོ། །རང་བྱང་ཆུབ་ལ་སྦྱོར་རོ། ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་ དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་ མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ན་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་ བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་བྱ་བ་དང་། དོན་མཐུན་པས་ཡོངས་སུ་སྡུད་དེ། དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། ། བཟོད་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །བསམ་གཏན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་རྣམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྐྱོན་མྱེད་པར་འཇུག་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མྱི་འོང་བའི་ འབྲས་བུ་ཐོབ་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བ་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ ཉིད་ཀྱིས་ཡོད་པ་མྱེད་ཀྱིས་དེ་ལྟ་བས་ན་ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ། འཁོར་བ་ལས་བདག་ཅག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་ན་ཁྱེད་བདག་ཅག་གི་དོན་དུ་ཡང་ཆེར་ འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ་ཞེས་ཡང་དག་པར་སྐུལ་བ་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མྱི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་པར་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་ འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱིས་དོན་དུ་འཁོར་ ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ནས། དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལ་ཡང་དོན་དུ་གཉེར་བ་མྱེད་ན། གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི །བདག་ནི་འཁོར་བ་དོན་དུ་གཉེར་པ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་ བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤེས་དང་མྱིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྤྱོད་པ་དེ་ཡང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་ བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོན་ དམ་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ ནི་ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ངོ་བོ་ཉིད་ སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་ བྱད་དོ། །སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་དོ། །འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། ། ཚད་མྱེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། ། མྱི་འཇིགས་པ་རྣམས་ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་དོ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ ཡོངས་སུ་བསྡུས་ཤིང་། རིམ་གྱིས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་ཆེན་པོ་འམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། །རབ་འབྱོར་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག །རིགས་ཀྱི་བུ་དག་ཚུལ་ཁྲིམས་སྲུངས་ཤིག །ངས་ཁྱེད་ལ་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་ གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱེད་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་གྲང་ན། ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་ དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ ཡང་རུང་སྟེ། རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མྱེད་པར་བྱས། དེ་བས་ན་ཁྱེད་སྡོམ་པའི་ཚུལ་ཁྲིམས་གནོས་ལ་རིམ་གྱིས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་ པ་འམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ ལ་སྐྱར་ཅིང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་གང་ཁྲོ་བ་དང་། གནོད་སེམས་སུ་བྱེད་པ་དག་མཐོང་ན་དེ་དག་ལ་འདི་ སྐད་ཅེས་ཟེར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་། དེ་ང་ལས་ལོང་ཤིག །ངས་ཁྱེད་ལ་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྲོ་བ་དང་། གནོད་སེམས་མྱེད་པར་གྱིས་ཤིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་ཏེ། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ ཚུན་གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་ དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་ རྣམས་དངོས་པོ་མྱེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མྱིར་སྐྱེ་བ་ཡང་འཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་ སངས་རྒྱས་འབྱུང་བ་ནི་དཀོན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟ་ཡིན་གྱིས་དལ་བ་འདི་དོན་མྱེད་པར་མ་བྱ་ཤིག་མྱི་ཁོམ་པར་གྱུར་ཅིང་གསོར་མྱི་ རུང་བར་གྱུར་ཏ་རེ་ཞེས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་ པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་ བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ འཐོབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བརྩོན་ འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མྱི་གཞོག་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་ པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་ བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་ དག་རྣམ་པར་རྟོག་པ་ཆད་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་བ་ལ་ སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་ པར་འཇུག་གོ །དེ་དག་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །དབང་པོ་ལྔ་སྒོམ་མོ། །སྟོབས་ལྔ་སྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མོ། །དེ་དག་ བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག བརྩོན་འགྲུས་རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག །རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ། བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བ་འམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོ་འམ། ཚོར་བ་པོ་འམ། ཤེས་པ་པོ་འམ། མཐོང་བ་པོ་འམ། གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་ བྱེད་དམ། རྣམ་པར་ཤེས་པ་འམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ནམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་ པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་ འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་དམྱིགས་པས་མངོན་པར་ཞེན་པར་འགྱུར་ བ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་ སུ་མ་མཐོང་བས། འདི་ནི་སེམས་ཅན་དམྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ ཁྲིམས་ངན་པ་ཅན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་ སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་ གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་དེ་དག་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་ བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་ པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །རྫུ་འཕྲུལ་ གྱི་རྐང་པ་རྣམས་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མོ། །དབང་པོ་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་ འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་ སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། །སྟོབས་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་པར་གྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མོ། ། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་ བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་ རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་ པ་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་