Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 023_འབུམ།_ཐ
Văn bản gốc(Tây Tạng)
Trang 18 / 22 (50.000 ký tự/trang)
་ལྡོག་པར་འགྱུར་བར་སེམས་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ སོ། །བཅོམ་ལྡན་འདས་བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལོག་སྟེ། ཉན་ཐོས་དང་། རང་སངས་རྒྱས་སུ་འགྱུར་བར་སེམས་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ཀྱི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་ པ་སྐྱེད་ཅིང་། ཡང་དང་ཡང་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་། འཁོར་བའི་སྡུག་བསྔལ་མང་པོ་འདི་དག་མཐོང་ནས། ལྷ་དང་མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དོན་དུ་མོས། སྨན་པར་མོས། བདེ་བར་མོས་ཤིང་། ལེགས་པར་བགྱི་བར་མོས་ཏེ། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་རྟོག་སྟེ། ཅི་བདག་རྒལ་ནས་སེམས་ ཅན་མ་རྒལ་བ་སྒྲོལ་བར་འགྱུར་རམ། ཅི་བདག་གྲོལ་ནས་སེམས་ཅན་མ་གྲོལ་བ་འགྲོལ་བར་འགྱུར་རམ། ཅི་བདག་དབུགས་ཕྱིན་ནས། སེམས་ཅན་དབུགས་མ་བྱུང་བ་དབུགས་འབྱིན་པར་འགྱུར་རམ། ཅི་བདག་ཡོངས་སུ་མྱ་ངན་ ལས་འདས་ནས། སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ། ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་རམ་ཞེས་རྟོག་པར་བགྱིད་དེ། བཅོམ་ལྡན་འདས་དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཡུན་རིང་པོ་ནས་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། ཕྱིར་མི་ལྡོག་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་ བར་བགྱིད་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་འཕེལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གླིང་ཆེན་པོ་ བཞི་པའི་འཇིག་རྟེན་གྱི་ཁམས་ནི། སྐྲའི་རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་ནི་སྐྲའི་ རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཀཽ་ཤི་ཀ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མྱེད་དོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་ རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་རྣམས་ལ་ཆུའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་ནི། སྐྲའི་རྩེ་མོ་བརྒྱར་གཤེགས་པའི་ཆ་གཅིག་ གིས་ཆུའི་ཐིགས་པ་བླང་བའི་ཚད་གྱིས། ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་ མྱི་བགྱིད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་ཕྱོགས་སུ་གྱུར་པའོ། །བཅོམ་ལྡན་འདས་གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མྱི་བགྱིད་པའི་སེམས་ཅན་དེ་དག་ནི། བདུད་ཀྱི་གནས་ནས་ཤི་འཕོས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ ལྡན་འདས་གང་གིས་སེམས་བསྐྱེད་པ་འདི་བསྒྲུབས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་འཇིག་པར་བགྱིད་པ་སྟེ། གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་པའི་སེམས་དེ་དག་ནི་རྗེས་སུ་ཡི་རང་བར་བགྱི་བ་སྟེ། གང་གིས་སངས་རྒྱས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དེ་དག་གིས་སེམས་བསྐྱེད་པ་དེ་དག་ལ་ རྗེས་སུ་ཡི་རང་བར་བགྱིའོ། །རྗེས་སུ་ཡི་རང་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱི་སྟེ། ཇི་ལྟར་གཉིས་ཀྱི་འདུ་ཤེས་སུ་མྱི་འགྱུར་བ་དང་། གཉིས་སུ་མ་མཆིས་པའི་འདུ་ཤེས་སུ་ཡང་མྱི་འགྱུར་བ་དེ་ལྟར་ཡོངས་ སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཀཽ་ཤི་ཀ་གང་སེམས་བསྐྱེད་པ་འདི་དག་ལ་རྗེས་སུ་ཡི་རང་བར་བྱེད་པ་དེ་དག་ནི། མྱུར་དུ་དེ་ བཞིན་གཤེགས་པ་དེ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་ཏེ། མཉེས་པར་བྱས་ནས་ཀྱང་ཐུགས་བྱུང་བར་མྱི་འགྱུར་རོ། །དེ་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་ དེ་དག་དང་ལྡན་པ་དག་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་རིམ་གྲོར་བྱ་བར་འགྱུར་རོ། །བཀུར་སྟིར་བྱ་བར་འགྱུར་རོ། །ཕུ་དུད་དུ་བྱ་བར་འགྱུར་རོ། །མཆོད་པར་བྱ་བར་འགྱུར་རོ། །དེས་ནམ་ཡང་གཟུགས་ཡིད་དུ་མྱི་འོང་བ་ མཐོང་བར་མྱི་འགྱུར་རོ། །ནམ་ཡང་སྒྲ་ཡིད་དུ་མྱི་འོང་བ་ཐོས་པར་མྱི་འགྱུར་རོ། །ནམ་ཡང་དྲི་ཡིད་དུ་མྱི་འོང་བ་ཚོར་བར་མྱི་འགྱུར་རོ། །ནམ་ཡང་རོ་ཡིད་དུ་མྱི་འོང་བ་མྱོང་བར་མྱི་འགྱུར་རོ། །ནམ་ཡང་རེག་ཡིད་དུ་མྱི་འོང་བ་རེག་པར་མྱི་ འགྱུར་རོ། །ནམ་ཡང་ཆོས་ཡིད་དུ་མི་འོང་བ་ཤེས་པར་མི་འགྱུར་རོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མྱི་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ བསྙེན་བཀུར་བྱེད་པ་དང་། དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་དང་། སྤྱོད་ པ་ལ་ཞུགས་པ་དང་། ཕྱིར་མྱི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱས་པའི་ཕྱིར་ཏེ། དགེ་བའི་རྩ་བ་དེ་དག་གིས་རྣམ་པར་འཕེལ་བས། བླ་ན་ མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཡིན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་ཡོངས་སུ་མྱ་ངན་ལས་ བཟློ་བར་འགྱུར་རོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཅི་ནས་ཀྱང་། སེམས་མྱེད་པ་དང་། སེམས་མ་ཡིན་པ་གཞན་ཡང་མྱེད་པར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །སེམས་མྱེད་པ་དང་། སེམས་མ་ཡིན་པ་གཞན་ཡང་མྱེད་པར་སྤྱད་པ་སྤྱོད་པ་དང་། ཕྱིར་མྱི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ བརྒྱ་པ། བམ་པོ་ཉི་ཤུ་གཉིས་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས། བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་བདག་གིས་སྒྱུ་མ་ཡང་ཡང་དག་པར་རྗེས་སུ་མ་མཐོང་། སྒྱུ་མ་ལྟ་བུའི་སེམས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར་དེ་ཅི་སྙམ་དུ་སེམས། དེ་ལྟར་སྒྱུ་མ་ཡང་མ་མཐོང་། སྒྱུ་མ་ལྟ་བུའི་སེམས་ཀྱང་མ་མཐོང་ན། སེམས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན་ཆོས་གང་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན། ཆོས་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་གཞན་ཡང་དག་པར་རྗེས་སུ་མ་མཐོང་ན། མཆིས་པ་འམ་མ་མཆིས་པའི་ཆོས་གང་ཞིག་བདག་ གིས་བསྟན་པར་བགྱི། ཆོས་གང་ཤིན་ཏུ་དབེན་པ་དེ་ནི་མཆིས་པ་འམ་མ་མཆིས་པར་མི་འགྱུར་རོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། མ་མཆིས་པའི་ཆོས་ཀྱང་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཉོན་མོངས་པར་འགྱུར་བ་འམ། རྣམ་པར་བྱང་བར་འགྱུར་བའི་ཆོས་ཐམས་ཅད་ནི་མ་མཆིས་ཤིང་། ཡོངས་སུ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ དབེན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ནང་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་ནང་སྟོང་པ་ཉིད་ནི་ཤིན་ཏུ་ དབེན་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །འདུས་བྱས་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། ། འདུས་མ་བྱས་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་བཞིན་སྟོང་ པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་ དབེན་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །ཡང་དག་པར་སྤོང་བ་རྣམས་ནི་ཤིན་ཏུ་དབེན་ པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཤིན་ཏུ་དབེན་པའོ། །དབང་པོ་རྣམས་ནི་ཤིན་ཏུ་དབེན་པའོ། །སྟོབས་རྣམས་ནི་ཤིན་ཏུ་དབེན་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་ ལམ་ཡན་ལག་བརྒྱད་པ་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་བདེན་པ་རྣམས་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་རྣམས་ནི་ཤིན་ཏུ་དབེན་པའོ། །ཚད་མྱེད་པ་རྣམས་ནི་ཤིན་ཏུ་དབེན་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་ པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པ་རྣམས་ནི་ཤིན་ཏུ་དབེན་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་ པ་མེད་པ་ནི་ཤིན་ཏུ་དབེན་པའོ། །མངོན་པར་ཤེས་པ་རྣམས་ནི་ཤིན་ཏུ་དབེན་པའོ། །ཏིང་ངེ་འཛིན་རྣམས་ནི་ཤིན་ཏུ་དབེན་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ཤིན་ཏུ་དབེན་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཤིན་ཏུ་དབེན་ པའོ། །མྱི་འཇིགས་པ་བཞི་ནི་ཤིན་ཏུ་དབེན་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཤིན་ཏུ་དབེན་པའོ། །བྱམས་པ་ཆེན་པོ་ནི་ཤིན་ཏུ་དབེན་པའོ། །སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་དབེན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་ཤིན་ཏུ་དབེན་པའོ། ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །ཕྱིར་མི་འོང་བའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །དགྲ་བཅོམ་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་བྱང་ཆུབ་ནི་ཤིན་ཏུ་ དབེན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བསྒོམ་པར་བགྱི་བ་ཡང་མ་ལགས། རྣམ་པར་བསྒོམ་པར་བགྱི་བ་ཡང་མ་ ལགས་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་སླད་དུ་ཆོས་གང་ཡང་བསྒྲུབ་པ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པ་ལགས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟན་ཅིང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤིན་ཏུ་དབེན་པ་ལགས་ན། ཇི་ལྟར་དབེན་པས་ དབེན་པ་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ནང་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་ནང་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཤིན་ཏུ་ དབེན་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །འདུས་བྱས་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཐོག་མ་དང་ཐ་མ་ མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་བཞིན་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་ དབེན་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་ པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །ཡང་དག་པར་སྤོང་བ་རྣམས་ནི་ཤིན་ཏུ་དབེན་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཤིན་ཏུ་དབེན་པའོ། །དབང་པོ་རྣམས་ནི་ཤིན་ཏུ་དབེན་པའོ། །སྟོབས་རྣམས་ནི་ཤིན་ ཏུ་དབེན་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་བདེན་པ་རྣམས་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་རྣམས་ནི་ཤིན་ཏུ་དབེན་པའོ། །ཚད་ མྱེད་པ་རྣམས་ནི་ཤིན་ཏུ་དབེན་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པ་རྣམས་ནི་ཤིན་ཏུ་དབེན་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཤིན་ཏུ་དབེན་པའོ། །མངོན་པར་ཤེས་པ་རྣམས་ནི་ཤིན་ཏུ་དབེན་པའོ། །ཏིང་ངེ་འཛིན་རྣམས་ནི་ཤིན་ཏུ་དབེན་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ཤིན་ཏུ་དབེན་པའོ། ། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཤིན་ཏུ་དབེན་པའོ། །མྱི་འཇིགས་པ་བཞི་ནི་ཤིན་ཏུ་དབེན་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཤིན་ཏུ་དབེན་པའོ། །བྱམས་པ་ཆེན་པོ་ནི་ཤིན་ཏུ་དབེན་པའོ། །སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་དབེན་ པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་ཤིན་ཏུ་དབེན་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། ། དགྲ་བཅོམ་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་བྱང་ཆུབ་ནི་ཤིན་ཏུ་དབེན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཤིན་ཏུ་དབེན་པའོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རབ་འབྱོར་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཤིན་ཏུ་དབེན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ དབེན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཕྱི་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཆེན་པོ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། འདུས་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། རང་བཞིན་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། རང་གི་མཚན་ཉིད་སྟོང་པ་ ཉིད་ཤིན་ཏུ་དབེན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་དབེན་པ་དང་། ཡང་དག་པར་སྤོང་བ་རྣམས་ཤིན་ཏུ་དབེན་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ཏུ་དབེན་པ་དང་། དབང་པོ་རྣམས་ཤིན་ཏུ་དབེན་པ་དང་། སྟོབས་རྣམས་ཤིན་ཏུ་དབེན་པ་ དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤིན་ཏུ་དབེན་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་དབེན་པ་དང་། འཕགས་པའི་བདེན་པ་རྣམས་ཤིན་ཏུ་དབེན་པ་དང་། བསམ་གཏན་རྣམས་ཤིན་ཏུ་དབེན་པ་དང་། ཚད་མྱེད་པ་རྣམས་ཤིན་ཏུ་ དབེན་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་པ་དང་། རྣམ་པར་ཐར་པ་རྣམས་ཤིན་ཏུ་དབེན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ ཤིན་ཏུ་དབེན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤིན་ཏུ་དབེན་པ་དང་། མངོན་པར་ཤེས་པ་རྣམས་ཤིན་ཏུ་དབེན་པ་དང་། ཏིང་ངེ་འཛིན་རྣམས་ཤིན་ཏུ་དབེན་པ་དང་། གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་དབེན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ཤིན་ཏུ་དབེན་པ་དང་། མྱི་འཇིགས་པ་བཞི་ཤིན་ཏུ་དབེན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཤིན་ཏུ་དབེན་པ་དང་། བྱམས་པ་ཆེན་པོ་ ཤིན་ཏུ་དབེན་པ་དང་། སྙིང་རྗེ་ཆེན་པོ་ཤིན་ཏུ་དབེན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཤིན་ཏུ་དབེན་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤིན་ཏུ་དབེན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་ དང་། ཕྱིར་མྱི་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་དང་། དགྲ་བཅོམ་པ་ཉིད་ཤིན་ཏུ་དབེན་པ་དང་། རང་བྱང་ཆུབ་ཤིན་ཏུ་དབེན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཤིན་ཏུ་དབེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་ དབེན་པ་དེ་བཞིན་ཏུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་ཤིན་ཏུ་དབེན་པའོ། །རབ་འབྱོར་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། ནང་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ཕྱི་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ཆེན་ པོ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། འདུས་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། འདུས་མ་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། མཐའ་ལས་འདས་པ་སྟོང་པ་ཉིད་ ཤིན་ཏུ་དབེན་པར་མ་གྱུར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དོར་བ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། རང་བཞིན་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་དབེན་ པར་མ་གྱུར། རང་གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། མྱི་དམྱིགས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དངོས་པོ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། ཡང་དག་པར་སྤོང་བ་རྣམས་ཤིན་ཏུ་དབེན་པར་མ་གྱུར། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། དབང་པོ་ རྣམས་ཤིན་ཏུ་དབེན་པར་མ་གྱུར། སྟོབས་རྣམས་ཤིན་ཏུ་དབེན་པར་མ་གྱུར། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤིན་ཏུ་དབེན་པར་མ་གྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་དབེན་པར་མ་གྱུར། འཕགས་པའི་བདེན་པ་རྣམས་ ཤིན་ཏུ་དབེན་པར་མ་གྱུར། བསམ་གཏན་རྣམས་ཤིན་ཏུ་དབེན་པར་མ་གྱུར། ཚད་མྱེད་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། རྣམ་པར་ཐར་ པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤིན་ཏུ་དབེན་པར་མ་གྱུར། མངོན་པར་ ཤེས་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། ཏིང་ངེ་འཛིན་རྣམས་ཤིན་ཏུ་དབེན་པར་མ་གྱུར། གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་དབེན་པར་མ་གྱུར། དེ་བཞིན་གཤེགས་པའི་སྟོབས་རྣམས་ཤིན་ཏུ་དབེན་པར་མ་གྱུར། མྱི་འཇིགས་པ་རྣམས་ཤིན་ཏུ་ དབེན་པར་མ་གྱུར། སོ་སོ་ཡང་དག་པར་རིག་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། བྱམས་པ་ཆེན་པོ་ཤིན་ཏུ་དབེན་པར་མ་གྱུར། སྙིང་རྗེ་ཆེན་པོ་ཤིན་ཏུ་དབེན་པར་མ་གྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཤིན་ཏུ་དབེན་ པར་མ་གྱུར། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤིན་ཏུ་དབེན་པར་མ་གྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤིན་ཏུ་དབེན་པར་མ་གྱུར། ཕྱིར་མྱི་འོང་བའི་འབྲས་བུ་ཤིན་ཏུ་དབེན་པར་མ་གྱུར། དགྲ་བཅོམ་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། རང་བྱང་ཆུབ་ཤིན་ཏུ་དབེན་པར་མ་གྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་འགྱུར་རོ། །དེ་བས་མ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པར་མྱི་འགྱུར་རོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་འགྱུར་རོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པར་མྱི་འགྱུར་རོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་འགྱུར་རོ། །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མྱི་འགྱུར་རོ། ། དེ་ནང་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་ཕྱི་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་ཕྱི་ནང་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་སྟོང་པ་ཉིད་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཆེན་པོ་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་དོན་དམ་པ་སྟོང་པ་ཉིད་དུ་མྱི་འགྱུར་རོ། ། དེ་འདུས་བྱས་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་འདུས་མ་བྱས་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་མཐའ་ལས་འདས་པ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་དོར་བ་མྱེད་པ་སྟོང་པ་ཉིད་དུ་ མྱི་འགྱུར་རོ། །དེ་རང་བཞིན་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་རང་གི་མཚན་ཉིད་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་མྱི་དམྱིགས་པ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་དངོས་པོ་མྱེད་པ་ སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ངོ་བོ་ཉིད་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་མྱི་འགྱུར་རོ། །དེ་དྲན་པ་ཉེ་བར་གཞག་པ་རྣམས་སུ་མྱི་འགྱུར་རོ། །དེ་ཡང་དག་པར་སྤོང་བ་རྣམས་སུ་མྱི་འགྱུར་རོ། ། དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་མྱི་འགྱུར་རོ། །དེ་དབང་པོ་རྣམས་སུ་མྱི་འགྱུར་རོ། །དེ་སྟོབས་རྣམས་སུ་མྱི་འགྱུར་རོ། །དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་མྱི་འགྱུར་རོ། །དེ་འཕགས་པའི་ལམ་ཡན་ལག་བརྒྱད་པར་མྱི་འགྱུར་རོ། ། དེ་འཕགས་པའི་བདེན་པ་རྣམས་སུ་མྱི་འགྱུར་རོ། །དེ་བསམ་གཏན་རྣམས་སུ་མྱི་འགྱུར་རོ། །དེ་ཚད་མྱེད་པ་རྣམས་སུ་མྱི་འགྱུར་རོ། །དེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་མྱི་འགྱུར་རོ། །དེ་རྣམ་པར་ཐར་པ་རྣམས་སུ་མྱི་ འགྱུར་རོ། །དེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སུ་མྱི་འགྱུར་རོ། །དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་མྱི་འགྱུར་རོ། །དེ་མངོན་པར་ ཤེས་པ་རྣམས་སུ་མྱི་འགྱུར་རོ། །དེ་ཏིང་ངེ་འཛིན་རྣམས་སུ་མྱི་འགྱུར་རོ། །དེ་གཟུངས་ཀྱི་སྒོ་རྣམས་སུ་མྱི་འགྱུར་རོ། །དེ་དེ་བཞིན་གཤེགས་པའི་སྟོབས་བཅུར་མྱི་འགྱུར་རོ། །དེ་མྱི་འཇིགས་ པ་བཞིར་མྱི་འགྱུར་རོ། །དེ་སོ་སོ་ཡང་དག་པར་རིག་པ་བཞིར་མྱི་འགྱུར་རོ། །དེ་བྱམས་པ་ཆེན་པོར་མྱི་འགྱུར་རོ། །དེ་སྙིང་རྗེ་ཆེན་པོར་མྱི་འགྱུར་རོ། །དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་མྱི་འགྱུར་རོ། །དེ་རྒྱུན་ཏུ་ཞུགས་ པའི་འབྲས་བུར་མྱི་འགྱུར་རོ། །དེ་ལན་ཅིག་ཕྱིར་འོང་བའི་འབྲས་བུར་མྱི་འགྱུར་རོ། །དེ་ཕྱིར་མྱི་འོང་བའི་འབྲས་བུར་མྱི་འགྱུར་རོ། །དེ་དགྲ་བཅོམ་པ་ཉིད་དུ་མྱི་འགྱུར་རོ། །དེ་རང་བྱང་ཆུབ་ཏུ་མྱི་འགྱུར་རོ། །དེ་ལམ་གྱི་རྣམ་པ་ཤེས་ པ་ཉིད་དུ་མྱི་འགྱུར་རོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་འགྱུར་རོ། །རབ་འབྱོར་དེ་བས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་ དང་། ཇི་ལྟར་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཕྱི་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་ པ་དང་། ཇི་ལྟར་ཆེན་པོ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་འདུས་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་རང་བཞིན་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་རང་ གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་དངོས་པོ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་དངོས་པོ་མེད་པའི་ངོ་ བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་དབང་པོ་རྣམས་ཤིན་ཏུ་ དབེན་པ་དང་། ཇི་ལྟར་སྟོབས་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་འཕགས་པའི་བདེན་པ་རྣམས་ཤིན་ ཏུ་དབེན་པ་དང་། ཇི་ལྟར་བསམ་གཏན་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཚད་མེད་པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤིན་ ཏུ་དབེན་པ་དང་། ཇི་ལྟར་རྣམ་པར་ཐར་པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤིན་ཏུ་དབེན་པ་དང་། ཇི་ལྟར་མངོན་པར་ ཤེས་པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཏིང་ངེ་འཛིན་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་མྱི་འཇིགས་ པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ཤིན་ཏུ་དབེན་པ་དང་། ཇི་ལྟར་བྱམས་པ་ཆེན་པོ་ཤིན་ཏུ་དབེན་པ་དང་། ཇི་ལྟར་སྙིང་རྗེ་ཆེན་པོ་ཤིན་ཏུ་དབེན་པ་དང་། ཇི་ལྟར་སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅྭོ་བརྒྱད་ཤིན་ཏུ་དབེན་པ་དང་། ཇི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤིན་ཏུ་དབེན་པ་དང་། ཇི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་དང་། ཇི་ལྟར་ཕྱིར་མྱི་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་དང་། ཇི་ལྟར་ དགྲ་བཅོམ་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་རང་བྱང་ཆུབ་ཤིན་ཏུ་དབེན་པ་དང་། ཇི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཤིན་ཏུ་དབེན་པ་དང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་མ་བརྟེན་པར་ཡང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ། དབེན་པས་དབེན་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་ མོ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་ལྟར་དོན་ཟབ་མོ་ལ་སྤྱོད་ཅིང་། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་འགྱུར་བའི་དོན་དེ་མངོན་དུ་མྱི་བྱེད་པ་ནི་དཀའ་བ་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཀྱིས། གསུངས་པའི་དོན། བདག་གིས་འཚལ་བ་ལྟར་ན། དཀའ་བ་ཆུང་ཟད་ཀྱང་མྱི་བགྱིད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་བགྱིད་པ་ལགས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ མངོན་ཏུ་བགྱི་བའི་དོན་དེ་ཡང་མྱི་དམྱིགས་གང་གིས་མངོན་ཏུ་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས། གང་མངོན་ཏུ་བགྱི་བའི་ཆོས་དེ་ཡང་མྱི་དམྱིགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་གང་མངོན་ཏུ་བགྱིས་ པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་མངོན་ཏུ་བགྱི་བ་དེ་ལྟ་བུ་ཡང་གང་ཞིག་མཆིས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གང་ཞིག་གིས་མངོན་ཏུ་བགྱི། ཆོས་མངོན་ཏུ་བགྱི་བ་དེ་ལྟ་བུ་ཡང་གང་ཞིག་མཆིས། བཅོམ་ལྡན་འདས་འདི་ནི་མྱི་དམྱིགས་པའི་སྤྱོད་པ་སྟེ། དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མུན་པ་མ་མཆིས་པ་འཐོབ་པའོ། །བཅོམ་ ལྡན་འདས་གལ་ཏེ་དེ་སྐད་དུ་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཇུམ་ཡོངས་སུ་མྱི་འཇུམ་ཞིང་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ན། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ནི་སྤྱོད་དོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མྱི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བགྱི་བར་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་སྙམ་དུ་བདག་གིས་ཉན་ ཐོས་དང་རང་སངས་རྒྱས་ཀྱིས་ནི་བསྲིང་བར་བྱ་སྟེ། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་ཏོ་སྙམ་ཡང་མྱི་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདི་ལྟར་བདག་ནི་ལ་ལ་དང་ནི་རིང་ངོ་། ། ལ་ལ་དང་ནི་ཉེའོ་ཞེས་བགྱི་བར་མྱི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ནམ་མཁའ་ལ་བྱེ་བྲག་མ་མཆིས་ཤིང་། མྱི་གཡོ་བ་དང་། རྣམ་པར་རྟོག་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་། འདི་ལྟར་བདག་ལས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ནི་རིང་གི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མྱི་སེམས་སོ། །དེ་ཅིའི་སླད་དུ་ ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མྱི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ནི་འདི་ལྟར་བདག་ལས་སྒྱུ་མ་ནི་རིང་ངོ་། །སྒྱུ་མའི་མཁན་པོ་ནི་ཉེའོ། །སྐྱེ་བོའི་ཚོགས་འདི་ ལྟར་འདུས་པ་ནི་བདག་ལས་རིང་ངོ་ཞེ་འམ། ཉེའོ་ཞེས་བགྱི་བར་མྱི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྒྱུ་མའི་སྐྱེས་བུ་ནི་རྣམ་པར་མྱི་རྟོག་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་། འདི་ལྟར་བདག་ལས་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ་། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མྱི་སེམས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མྱི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གཟུགས་བརྙན་ནི་འདི་ལྟར་བདག་ལས་དམྱིགས་པ་གང་གིས་གཟུགས་བརྙན་བྱུང་བ་དེ་ནི་ཉེ། གང་མེ་ལོང་དང་སྣོད་ཆུས་གང་བའི་ནང་དུ་བྱུང་བ་དེ་ནི་བདག་ལས་རིང་ངོ་ཞེས་བགྱི་བར་མྱི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་བརྙན་རྣམ་པར་མྱི་རྟོག་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་ལྟར་བདག་ལས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ་། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མྱི་སེམས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མྱི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སྡུག་པ་དང་མྱི་སྡུག་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་ གིས་འདི་ལ་སྡུག་པ་འམ་མྱི་སྡུག་པར་འགྱུར་བའི་ངོ་བོ་ཉིད་མྱི་དམྱིགས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་སྡུག་པ་འམ་མྱི་སྡུག་པར་འགྱུར་བ་ གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྡུག་པའམ་མྱི་སྡུག་པར་འགྱུར་བ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའོ། །བཅོམ་ལྡན་འདས་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མྱི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་འདི་ལྟར་ང་ལས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱིས་ ནི་རིང་ངོ་། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མྱི་དགོངས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་རྣམ་པར་མྱི་རྟོག་ པའི་སླད་དུ་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་། འདི་ལྟར་བདག་ལས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ་། །བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མྱི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མྱི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། དེ་བཞིན་ གཤེགས་པས་སྤྲུལ་པ་ཞིག་སྤྲུལ་པ་མཛད་ན། དེ་ནི་དོན་གང་གི་སླད་དུ་སྤྲུལ་པ་དེའི་དོན་སྦྱོར་ཏེ། སྤྲུལ་པ་ནི་མྱི་རྟོག་རྣམ་པར་མི་རྟོག་གོ །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་། དོན་གང་གི་སླད་དུ་བརྗོད་ པའི་དོན་དེ་ཡང་བགྱིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མྱི་རྟོག་རྣམ་པར་མྱི་རྟོག་གོ །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཤིང་མཁན་ནམ། ཤིང་མཁན་གྱི་སློབ་མ་མཁས་པ་ཞིག་གིས་བུད་མེད་ཀྱི་གཟུགས་སམ། སྐྱེས་ པའི་གཟུགས་སམ། གླང་པོའི་གཟུགས་སམ། ཆིབས་རྟའི་གཟུགས་སམ། གླང་གི་གཟུགས་ཀྱི་འཁྲུལ་འཁོར་ཞིག་སྦྱར་ན། དེ་དོན་གང་གི་སླད་དུ་བགྱིས་པའི་དོན་དེ་སྒྲུབ་ཀྱང་འཁྲུལ་འཁོར་དེ་ནི་རྣམ་པར་མྱི་རྟོག་གོ། །བཅོམ་ ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་གང་གི་སླད་དུ་བརྗོད་པའི་དོན་དེ་བགྱིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་རྣམ་པར་མྱི་རྟོག་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་ སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཤིག་རྣམ་པར་མྱི་རྟོག་པ་ཡིན་ནམ། འོན་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན། འོན་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡང་རྣམ་པར་མྱི་རྟོག་པ་ཡིན། འོན་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན། འོན་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན། འོན་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ ཡིན། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་ མྱི་རྟོག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅི་གཟུགས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཚོར་བ་ ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། འདུ་ཤེས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། འདུ་བྱེད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྣམ་པར་ཤེས་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། མྱིག་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣ་བ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྣ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལྕེ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལུས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཡིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། གཟུགས་ཀྱང་ རྣམ་པར་མྱི་རྟོག་པ་ཡིན་ནམ། སྒྲ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། དྲི་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། རོ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། རེག་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཆོས་ཀྱང་རྣམ་པར་མྱི་རྟོག་ པ་ཡིན་ནམ། མྱིག་གི་རྣམ་པར་ཤེས་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པ་ཡང་རྣམ་པར་མི་རྟོག་པ་ཡིན་ནམ། སྣའི་རྣམ་པར་ཤེས་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལྕེའི་རྣམ་པར་ ཤེས་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལུས་ཀྱི་རྣམ་པར་ཤེས་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། མྱིག་གི་འདུས་ཏེ་རེག་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པ་ཡང་རྣམ་པར་མྱི་རྟོག་པ་ ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྣམ་པར་མྱི་རྟོག་པ་ ཡིན་ནམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྣམ་པར་ མི་རྟོག་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སའི་ཁམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཆུའི་ཁམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། མྱེའི་ཁམས་ཀྱང་རྣམ་པར་མྱི་ རྟོག་པ་ཡིན་ནམ། རླུང་གི་ཁམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ནམ་མཁའི་ཁམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣམ་པར་ཤེས་པའི་ཁམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། མ་རིག་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ ནམ། འདུ་བྱེད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣམ་པར་ཤེས་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། མྱིང་དང་གཟུགས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྐྱེ་མཆེད་དྲུག་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རེག་པ་ཡང་རྣམ་པར་ མི་རྟོག་པ་ཡིན་ནམ། ཚོར་བ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྲེད་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལེན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྲིད་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྐྱེ་བ་ཡང་རྣམ་པར་མྱི་རྟོག་པ་ ཡིན་ནམ། རྒ་ཤི་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ ཡིན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ནང་ སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཕྱི་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཕྱི་ནང་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་ ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། དོན་དམ་པ་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། འདུས་བྱས་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། འདུས་མ་བྱས་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། མཐའ་ ལས་འདས་པ་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་མྱི་ རྟོག་པ་ཡིན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། དྲན་པ་ཉེ་བར་གཞག་པ་ རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཡང་དག་པར་སྤོང་བ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། དབང་པོ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྟོབས་ རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། འཕགས་པའི་བདེན་པ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། བསམ་གཏན་ རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཚད་མྱེད་པ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣམ་པར་ཐར་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་ཀྱང་རྣམ་པར་ མྱི་རྟོག་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། མྱི་འཇིགས་པ་རྣམས་ཀྱང་ རྣམ་པར་མྱི་རྟོག་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། སྙིང་རྗེ་ཆེན་པོ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྒྱུན་ཏུ་ཞུགས་པའི་ འབྲས་བུ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། ཕྱིར་མྱི་འོང་བའི་འབྲས་བུ་ཡང་རྣམ་པར་མྱི་རྟོག་པ་ཡིན་ནམ། དགྲ་བཅོམ་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རང་བྱང་ཆུབ་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། ལམ་གྱི་རྣམ་པ་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། འདུས་བྱས་ཀྱི་ཁམས་ཀྱང་རྣམ་པར་མྱི་རྟོག་པ་ ཡིན་ནམ། འདུས་མ་བྱས་ཀྱི་ཁམས་ཀྱང་རྣམ་པར་མྱི་རྟོག་པ་ཡིན་ནམ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་རྣམ་པར་མྱི་རྟོག་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མྱིའི་འགྲོ་བ་ལྔར་འཁོར་བ་ཞེས་ཐ་དད་དུ་དབྱེ་བ་ཇི་ལས་འོངས། རྒྱུན་ཏུ་ཞུགས་ པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་བཅོམ་ལྡན་འདས་སུ་བརྗོད་པ་ཡང་ཅི་ལས་གྱུར། རབ་འབྱོར་ཀྱིས་སྨྲས་ པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སེམས་ཅན་གང་ཕྱིན་ཅི་ལོག་ལས་བྱུང་བའི་ལས་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་པ་དེ་དག་འདི་ལྟ་བུའི་སྐྱེ་མཆེད་མངོན་པར་སྒྲུབ་སྟེ། ལས་ཀྱི་རྣམ་པར་སྨྱིན་པ་ ཕུང་པོའི་གཞི་ཅན་རྣམ་པར་རྟོག་པ་ལས་བྱུང་བ་ཡོངས་སུ་བཟུང་ཞིང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་མིའི་འགྲོ་བ་མངོན་པར་སྒྲུབ་བོ། །ཚེ་ དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་ཁྱོད་ཀྱིས་འདི་སྐད་དུ། རྒྱུན་ཏུ་ཞུགས་པར་བརྗོད་པ་ཅི་ལས་གྱུར། ལན་ཅིག་ཕྱིར་འོང་བར་བརྗོད་པ་ཅི་ལས་གྱུར། ཕྱིར་མྱི་འོང་བར་བརྗོད་པ་ཅི་ལས་གྱུར། དགྲ་བཅོམ་པར་བརྗོད་པ་ཅི་ལས་གྱུར། རང་སངས་ རྒྱས་སུ་བརྗོད་པ་ཅི་ལས་གྱུར། བྱང་ཆུབ་སེམས་དཔར་བརྗོད་པ་ཅི་ལས་གྱུར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བརྗོད་པ་ཅི་ལས་གྱུར། ཅེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་མྱི་རྟོག་པ་ལས། རྒྱུན་ཏུ་ཞུགས་པ་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས། རྒྱུན་ཏུ་ཞུགས་པའི་འབྲས་བུར་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས། ལན་ཅིག་ཕྱིར་འོང་བར་བརྗོད་དོ། །རྣམ་པར་མི་རྟོག་པ་ ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུར་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས་ཕྱིར་མྱི་འོང་བར་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས་ཕྱིར་མི་འོང་བའི་འབྲས་བུར་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས་དགྲ་བཅོམ་པར་བརྗོད་དོ། །རྣམ་པར་མི་རྟོག་པ་ ལས་དགྲ་བཅོམ་པ་ཉིད་དུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་རང་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས་རང་བྱང་ཆུབ་ཏུ་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མྱི་རྟོག་པ་ལས་བྱང་ཆུབ་ཏུ་ བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་རྣམ་པར་རྟོག་པ་མྱི་མངའ་ཞིང་རྣམ་པར་རྟོག་པ་ སྤངས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་རྣམ་པར་ རྟོག་པ་མྱི་མངའ་ཞིང་རྣམ་པར་རྟོག་པ་སྤངས་བར་འགྱུར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ད་ལྟར་བྱུང་བའི་དུས་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་གང་ཅི་སྙེད་ཅིག །བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤངས་པ་ཤ་སྟག་གོ། །དེ་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས། ཆོས་ ཐམས་ཅད་རྣམ་པར་རྟོག་པ་མེད་པའི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་བརྩན་པར་བྱས་ཏེ། རྣམ་པར་རྟོག་པ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་སྟེ། རྣམ་པར་མི་རྟོག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་མངོན་པར་རྫོགས་ པར་འཚང་རྒྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བརྒྱད་དོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་ སོ། །ཀྱེ་མ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྙིང་པོ་མྱེད་པ་ལ་སྤྱོད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མྱེད་ པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མྱེད་པའོ། །ནང་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །ཕྱི་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། ། སྟོང་པ་ཉིད་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྙིང་ པོ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །མྱི་དམིགས་པ་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་ བོ་ཉིད་སྟོང་པ་ཉིད་ནི་སྙིང་པོ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་སྙིང་པོ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་སྙིང་པོ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྙིང་པོ་མྱེད་པའོ། །དབང་པོ་རྣམས་ནི་སྙིང་པོ་མྱེད་པའོ། ། སྟོབས་རྣམས་ནི་སྙིང་པོ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྙིང་པོ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྙིང་པོ་མེད་པའོ། །འཕགས་པའི་བདེན་པ་རྣམས་ནི་སྙིང་པོ་མྱེད་པའོ། །བསམ་གཏན་རྣམས་ནི་སྙིང་པོ་མེད་པའོ། ། ཚད་མེད་པ་རྣམས་ནི་སྙིང་པོ་མྱེད་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྙིང་པོ་མྱེད་པའོ། །རྣམ་པར་ཐར་པ་རྣམས་ནི་སྙིང་པོ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྙིང་པོ་མྱེད་པའོ། །རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་སྙིང་པོ་མེད་པའོ། །མངོན་པར་ཤེས་པ་རྣམས་ནི་སྙིང་པོ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ནི་སྙིང་པོ་མེད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་སྙིང་པོ་མྱེད་པའོ། །དེ་ བཞིན་གཤེགས་པའི་སྟོབས་རྣམས་ནི་སྙིང་པོ་མྱེད་པའོ། །མི་འཇིགས་པ་རྣམས་ནི་སྙིང་པོ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྙིང་པོ་མྱེད་པའོ། །སྙིང་རྗེ་ཆེན་པོ་ནི་སྙིང་པོ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ནི་སྙིང་པོ་མྱེད་པའོ། །ཐམས་ཅད་ཤེས་པ་ཉིད་ནི་སྙིང་པོ་མེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྙིང་པོ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྙིང་པོ་མྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི་སྙིང་པོ་མེད་པ་ཉིད་ཀྱང་མྱི་དམྱིགས་ཤིང་། ཡང་དག་པར་རྗེས་སུ་མྱི་མཐོང་ན། སྙིང་པོ་ལ་དམྱིགས་པ་ལྟ་ག་ལ་ཡོད། དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ ཡོད་པ་ན་སྤྱོད་པའི་ལྷའི་བུ་ཤིན་ཏུ་མང་བ་དག་འདི་སྙམ་དུ་གྱུར་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ ལ་སྤྱོད་པ་དང་། དོན་འདི་ལ་སྤྱོད་ཀྱང་ཡང་དག་པའི་མཐའ་གང་མངོན་ཏུ་བྱས་པས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་ཏེ། ཡང་དག་པའི་མཐའ་མངོན་ཏུ་མྱི་བྱེད་པ་དེ་དག་ནི་ཕྱག་བྱ་བའི་ གནས་ཏེ་རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་མཉམ་པ་ཉིད་འདི་མངོན་པར་མྱི་བྱེད་པ་དེ་དག་ནི་ཕྱག་བྱ་བར་འོས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་ བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ནི། ཆོས་ཀྱི་མཉམ་པ་ཉིད་གང་མངོན་དུ་བྱ་བས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་མངོན་དུ་མི་བྱ་བ་དེ་ནི་མྱི་དཀའི། ལྷའི་བུ་དག་སེམས་ ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མེད་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་གོ་ཅ་བགོས་ལ་གང་ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་བའི་སེམས་ཅན་དེ་དག་ཤིན་ཏུ་མྱི་དམྱིགས་པ་ནི་དེ་དག་ལ་དེ་བས་དཀའ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་གདུལ་བར་བྱའོ་ཞེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་ཏེ། གང་སེམས་ཅན་གདུལ་བར་སེམས་པ་དེ་ནི་ནམ་མཁའ་གདུལ་བར་སེམས་པ་དང་འདྲའོ། ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་དབེན་པའི་ཕྱིར། སེམས་ཅན་དབེན་པར་བལྟའོ། །ནམ་མཁའ་སྟོང་པ་ཉིད་ཀྱི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་བལྟའོ། །ནམ་མཁའ་སྙིང་པོ་མེད་པའི་ཕྱིར་སེམས་ཅན་སྙིང་པོ་མེད་པར་བལྟའོ། །ནམ་ མཁའ་གསོག་གི་ཕྱིར་སེམས་ཅན་གསོག་ཏུ་བལྟའོ། །ལྷའི་བུ་དག་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་མྱེད་པ་རྣམས་ཀྱི་དོན་དུ་གོ་ཅ་གྱོན་པ་དེ་དག་ནི་དཀའ་བ་བྱེད་པ་སྟེ། གང་སེམས་ཅན་རྣམས་ ཀྱི་དོན་དུ་གོ་ཅ་གྱོན་པ་དེ་དག་ནི་ནམ་མཁའ་དང་བརྩད་པར་འདོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཅ་དེ་ཡང་བགོས་ལ། སེམས་ཅན་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཅ་བགོས་པའི་ སེམས་ཅན་དེ་དག་ཀྱང་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པའི་ཕྱིར་གོ་ཅ་དབེན་པར་བལྟའོ། །གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པར་མྱི་འགྱུར་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུ་ཤེས་ དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུ་བྱེད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མྱིག་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣ་བ་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །སྣ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལྕེ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཡིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །གཟུགས་ དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྒྲ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དྲི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རོ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རེག་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། ཆོས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མྱིག་གི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣ་བའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྣའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། ལྕེའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མྱིག་གི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། རྣ་བའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྣའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལྕེའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་ཀྱི་འདུས་ཏེ་རེག་པ་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ ཕྱིར་སེམས་ཅན་དབེན་པའོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སའི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཆུའི་ཁམས་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །མྱེའི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རླུང་གི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ནམ་མཁའི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ཤེས་པའི་ཁམས་ དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མ་རིག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུ་བྱེད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མྱིང་དང་གཟུགས་ དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྐྱེ་མཆེད་དྲུག་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྲེད་པ་དབེན་པའི་ཕྱིར་སེམས་ ཅན་དབེན་པའོ། །ལེན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྲིད་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྐྱེ་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྒ་ཤི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ནང་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་ དབེན་པའོ། །ཕྱི་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཕྱི་ནང་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྟོང་པ་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཆེན་པོ་སྟོང་པ་ཉིད་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །དོན་དམ་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུས་བྱས་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུས་མ་བྱས་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མཐའ་ ལས་འདས་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དོར་བ་མེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རང་བཞིན་སྟོང་ པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མི་དམྱིགས་པ་ སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ངོ་བོ་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་ པའི་ཕྱིར་སེམས་ཅན་དབེན་པའོ། །དྲན་པ་ཉེ་བར་གཞག་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཡང་དག་པར་སྤོང་བ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དབེན་པའི་ཕྱིར་སེམས་ ཅན་དབེན་པའོ། །དབང་པོ་ལྔ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྟོབས་ལྔ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འཕགས་པའི་ལམ་ཡན་ ལག་བརྒྱད་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འཕགས་པའི་བདེན་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བསམ་གཏན་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཚད་མྱེད་པ་བཞི་དབེན་ པའི་ཕྱིར། སེམས་ཅན་དབེན་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དབེན་པའི་ཕྱིར། སེམས་ཅན་དབེན་པའོ། །རྣམ་པར་ཐར་པ་བརྒྱད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མཐར་ཀྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མངོན་པར་ཤེས་པ་ རྣམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཏིང་ངེ་འཛིན་རྣམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །གཟུངས་ཀྱི་སྒོ་རྣམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དབེན་པའི་ ཕྱིར་སེམས་ཅན་དབེན་པའོ། །མྱི་འཇིགས་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྙིང་རྗེ་ཆེན་པོ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དབེན་པའི་ཕྱིར། སེམས་ཅན་དབེན་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། ཕྱིར་མྱི་འོང་བའི་འབྲས་བུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དགྲ་བཅོམ་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རང་བྱང་ཆུབ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དབེན་ པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམ་པ། གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཚོར་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འདུ་ཤེས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འདུ་བྱེད་དབེན་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མྱིག་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣ་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྣ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལྕེ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལུས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། ། ཡིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྒྲ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དྲི་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ པའོ། །རོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རེག་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཆོས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མྱིག་གི་རྣམ་པར་ཤེས་པ་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣ་བའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྣའི་ར