Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 023_འབུམ།_ཐ
Văn bản gốc(Tây Tạng)
Trang 17 / 22 (50.000 ký tự/trang)
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མྱེད་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མེད་པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ཡིན་ནམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲན་པ་ཉེ་བར་གཞག་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲན་པ་ཉེ་བར་གཞག་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲན་པ་ཉེ་བར་གཞག་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲན་པ་ཉེ་བར་གཞག་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་བཞི་ཟད་ པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་བཞི་འགག་པར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་བཞི་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དབང་པོ་ལྔ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དབང་པོ་ལྔ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དབང་པོ་ལྔ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། དབང་པོ་ལྔ་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ལྔ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ལྔ་ འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ལྔ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ལྔ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་འདོད་ཆགས་ དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་མི་སྐྱེ་ བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་ བརྒྱད་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་བཞི་འདོད་ ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་བཞི་མི་སྐྱེ་བར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚད་མྱེད་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚད་མེད་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚད་མྱེད་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚད་མྱེད་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འདོད་ཆགས་དང་བྲལ་བར་བྱ་ བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞི་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པ་ཐར་པ་བརྒྱད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པ་བརྒྱད་ འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པ་བརྒྱད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པ་བརྒྱད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་རྣམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་ འཛིན་རྣམས་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་ རྣམས་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་ གཤེགས་པའི་སྟོབས་བཅུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་བཅུ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མྱི་འཇིགས་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མྱི་འཇིགས་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མྱི་འཇིགས་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མྱི་འཇིགས་པ་བཞི་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྙིང་རྗེ་ཆེན་པོ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྙིང་རྗེ་ཆེན་པོ་འདོད་ཆགས་དང་བྲལ་བར་བྱའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྙིང་རྗེ་ཆེན་པོ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྙིང་རྗེ་ཆེན་པོ་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འགག་པར་བྱ་བའི་ཕྱིར་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཟད་པར་བྱ་ བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་ བུ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། ཕྱིར་མྱི་འོང་བའི་འབྲས་བུ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱིར་མྱི་འོང་བའི་འབྲས་བུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། ཕྱིར་མི་འོང་བའི་འབྲས་བུ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱིར་མྱི་འོང་བའི་འབྲས་བུ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། རང་བྱང་ཆུབ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བྱང་ཆུབ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བྱང་ ཆུབ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བྱུང་ཆུབ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཟད་པར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། ཞེས་སྨྲས་པ་དེ་ནི་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བ་འམ། འགག་པར་འགྱུར་རམ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་ པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། །མིག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣ་བའི་དེ་བཞིན་ཉིད་གང་ཡིན་ པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྣའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལྕེའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་ འམ། འགག་པར་འགྱུར་རམ། ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྒྲའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་པའམ། སྐྱེ་བ་འམ། འགག་པར་འགྱུར་རམ། དྲིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རོའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བ་འམ། འགག་པར་འགྱུར་རམ། རེག་གི་དེ་བཞིན་ཉིད་གང་ ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བའམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྣའི་རྣམ་པར་ཤེས་པའི་ དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལུས་ཀྱི་རྣམ་ པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་ རམ། མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་པ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་ འགྱུར་རམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་ པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སའི་ཁམས་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མྱེའི་ཁམས་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ནམ་མཁའི་ ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་ རམ། མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་པ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བ་འམ། འགག་པར་འགྱུར་ རམ། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་ འགྱུར་རམ། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་པ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་ རམ། ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བའམ། འགག་པར་འགྱུར་རམ། སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྐྱེ་བའི་དེ་བཞིན་ ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བའམ། འགག་པར་འགྱུར་རམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་ འམ། འགག་པར་འགྱུར་རམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྟོང་པ་ཉིད་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དོར་བ་མེད་པ་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་ འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དྲན་པ་ཉེ་བར་གཞག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཡང་དག་པར་སྤོང་བ་ བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྫུ་འཕྲུལ་གྱི་རྐང་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དབང་པོ་ལྔའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྟོབས་ལྔའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་ འམ། སྐྱེ་བ་འམ། འགག་པར་འགྱུར་རམ། འཕགས་པའི་བདེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། བསམ་གཏན་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཚད་མྱེད་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ པ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། མྱི་འཇིགས་པ་བཞིའི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སོ་སོ་ཡང་དག་པར་རིག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ པ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་ འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ལ་སློབ་པ་ཡིན། དེ་བཞིན་ཉིད་ནི་ཟད་པ་འམ། སྤང་བ་འམ། སྐྱེ་བ་འམ། འགག་པར་འགྱུར་བ་མྱེད་དེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ནང་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། ཕྱི་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱི་ནང་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྟོང་ པ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆེན་པོ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དོན་དམ་པ་ སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འདུས་བྱས་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འདུས་མ་ བྱས་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཐོག་མ་ དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དོར་བ་མྱེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི། རང་བཞིན་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱི་དམིགས་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དྲན་པ་ཉེ་བར་གཞག་པ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཡང་དག་པར་སྤོང་བ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དབང་པོ་ལྔ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྟོབས་ལྔ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་ པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འཕགས་པའི་བདེན་པ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བསམ་གཏན་ བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚད་མྱེད་པ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པར་ཐར་པ་བརྒྱད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མངོན་པར་ཤེས་པ་རྣམས་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཏིང་ངེ་འཛིན་ རྣམས་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གཟུངས་ཀྱི་སྒོ་རྣམས་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་ པའི་སྟོབས་བཅུ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱི་འཇིགས་པ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སོ་སོ་ཡང་དག་ པར་རིག་པ་བཞི་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭོ་བརྒྱད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། དགྲ་བཅོམ་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རང་བྱང་ཆུབ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བསླབ་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་འགྱུར་བ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བདུད་དམ་བདུད་ཀྱི་ རིས་ཀྱི་ལྷ་རྣམས་ཀྱིས་ཕམ་པར་མྱི་ནུས་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱུར་དུ་ཕྱིར་མྱི་ལྡོག་པའི་ས་འཐོབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བདག་གི་ཕ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་སྤྱོད་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མགོན་དུ་འགྱུར་བའི་ཆོས་རྣམས་ལ་སློབ་པ་ ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བྱམས་པ་ཆེན་པོ་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། རབ་ འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་ སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཡོངས་སུ་སྨྱིན་པར་བྱའོ་ཞེས་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་བཞིན་གཤེགས་པའི་རིགས་ རྒྱུན་མྱི་གཅད་པའི་ཕྱིར་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཆི་བ་མེད་པའི་སྒོ་དབྱེ་བར་བྱའོ་ཞེས་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི། འདུས་མ་བྱས་ཀྱི་ཁམས་བསྟན་པར་བྱའོ། །ཞེས་སློབ་པ་ཡིན་ཏེ། རབ་འབྱོར་སེམས་ཅན་དམའ་བས་ནི་བསླབ་པ་རྒྱ་ཆེན་པོ་འདི་ལ་བསླབ་པར་མྱི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདིར་སློབ་ པ་དེ་ནི། སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར་འདོད་པ་སྟེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་དམྱལ་བར་མྱི་སྐྱེའོ། །བྱོལ་སོང་གི་སྐྱེ་གནས་སུ་མྱི་སྐྱེའོ། །གཤིན་ རྗེའི་འཇིག་རྟེན་དུ་མྱི་སྐྱེའོ། །ཡུལ་མཐའ་འཁོབ་ཏུ་མྱི་སྐྱེའོ། །ཡུལ་གཅོང་རོང་ཅན་དུ་མི་སྐྱེའོ། །ཕྱག་དར་པ་དང་། གདོལ་བའི་རིགས་སུ་མྱི་སྐྱེའོ། །ཞར་བར་མྱི་འགྱུར་རོ། །སྒུར་པོར་མྱི་འགྱུར་རོ། །ཞ་བོར་མྱི་འགྱུར་རོ། །ཡན་ ལག་སྐྱོན་ཅན་དུ་མྱི་འགྱུར་རོ། །འོན་པར་མྱི་འགྱུར་རོ། །ལག་པ་མེད་པར་མྱི་འགྱུར་རོ། །དབང་པོ་དང་མྱི་ལྡན་པར་མྱི་འགྱུར་ཏེ། དབང་པོ་ཡོངས་སུ་ཚང་ཞིང་དབང་པོ་མ་ཚང་བར་མྱི་འགྱུར་རོ། །སྲོག་གཅོད་པར་མྱི་འགྱུར་རོ། ། མ་བྱིན་པ་ལེན་པར་མྱི་འགྱུར་རོ། །འདོད་པས་ལོག་པར་གཡེམ་པར་མྱི་འགྱུར་རོ། །བརྫུན་དུ་སྨྲ་བར་མི་འགྱུར་རོ། །ཕྲ་མ་ཅན་དུ་མི་འགྱུར་རོ། །ཞེ་གཅོད་པ་སྨྲ་བར་མི་འགྱུར་རོ། །ཚིག་ཀྱལ་པ་ཅན་དུ་མྱི་འགྱུར་རོ། །ཆགས་ སེམས་ཅན་དུ་མྱི་འགྱུར་རོ། །གནོད་སེམས་ཅན་དུ་མྱི་འགྱུར་རོ། །ལོག་པར་ལྟ་བར་མྱི་འགྱུར་རོ། །འཚོ་བ་ལོག་པས་འཚོ་བར་མྱི་འགྱུར་རོ། །ཡང་དག་པ་མ་ཡིན་པས་ཡོངས་སུ་འཛིན་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ངན་པ་ཅན་དུ་ མྱི་འགྱུར་རོ། །ཚུལ་ཁྲིམས་ངན་པ་ཡོངས་སུ་འཛིན་པར་མྱི་འགྱུར་རོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷ་ཚེ་རིངས་པོའི་ནང་དུ་མྱི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་དང་ལྡན་པ་ གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་ཚེ་རིངས་པོར་མྱི་སྐྱེ་བའི་ཐབས་མཁས་པ་དེ་ལྟ་བུ་དེ་ལ་ཡོད་དེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་ ཐབས་མཁས་པ་བསྟན་པ་སྟེ། ཐབས་མཁས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་རྣམས་ལ་ཡང་སྙོམས་པར་འཇུག །ཚད་མྱེད་པ་རྣམས་ལ་ཡང་སྙོམས་པར་འཇུག །གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་ལ་ཡང་སྙོམས་པར་འཇུག་སྟེ། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དབང་གིས་ཀྱང་མྱི་སྐྱེའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བའི་དྲི་མ་ཡོངས་སུ་དག་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་ ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ཞིག་གི་ཡོངས་སུ་དག་པ་འཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་ བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། རབ་འབྱོར་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་དག་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཞུམ་པ་མྱེད་ཅིང་འགོད་པ་མྱེད་པ་དེ་ནི། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་ཆོས་ཉིད་དེ་མྱི་ཤེས་མྱི་མཐོང་བས། སེམས་ཅན་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ནང་སྟོང་པ་ཉིད་ལ་སྤྱོད། ཕྱི་སྟོང་པ་ཉིད་ལ་སྤྱོད། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད། ཆེན་པོ་སྟོང་པ་ཉིད་ལ་སྤྱོད། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད། འདུས་བྱས་སྟོང་པ་ཉིད་ལ་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད། རང་ བཞིན་སྟོང་པ་ཉིད་ལ་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ལ་སྤྱོད། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད། ཡང་དག་པར་སྤོང་བ་བཞི་ལ་སྤྱོད། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱོད། དབང་པོ་ལྔ་ལ་སྤྱོད། སྟོབས་ལྔ་ལ་སྤྱོད། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལ་སྤྱོད། འཕགས་པའི་བདེན་པ་བཞི་ལ་སྤྱོད། བསམ་གཏན་བཞི་ལ་སྤྱོད། ཚད་མྱེད་པ་བཞི་ལ་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད། རྣམ་པར་ཐར་པ་བརྒྱད་ལ་སྤྱོད། མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ལ་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད། མངོན་པར་ཤེས་པ་རྣམས་ལ་སྤྱོད། ཏིང་ངེ་འཛིན་རྣམས་ལ་སྤྱོད། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད། དེ་བཞིན་གཤེགས་པའི་ སྟོབས་བཅུ་ལ་སྤྱོད། མྱི་འཇིགས་པ་བཞི་ལ་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད། སྙིང་རྗེ་ཆེན་པོ་ལ་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྤྱོད། ལན་ ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད། ཕྱིར་མྱི་འོང་བའི་འབྲས་བུ་ལ་སྤྱོད། དགྲ་བཅོམ་པ་ཉིད་ལ་སྤྱོད། རང་བྱང་ཆུབ་ལ་སྤྱོད། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་སྟོབས་དང་། མྱི་འཇིགས་པ་ཉིད་རབ་དུ་ཐོབ་པར་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་མྱི་ལྟུང་ངོ་། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་། གཡོ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ས་ཆེན་པོའི་ཕྱོགས་གང་ན་འཛམ་བུའི་ཆུ་ཀླུང་གི་གསེར་གྱི་ས་ལེ་སྦྲམ་འབྱུང་བ་དེ་ལྟ་བུ་ནི་ ཉུང་ངོ་། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ལ་སློབ་པའི་སེམས་ཅན་དེ་ལྟ་བུ་ཡང་ཉུང་སྟེ། སེམས་ཅན་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ནི་དེ་བས་ ཆེས་མང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་གང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་བུ་ནི་ཉུང་སྟེ། སེམས་ཅན་གང་ཁམས་ཀྱི་རྒྱལ་ཕྲན་དུ་འགྱུར་བའི་ལས་ཡང་དག་པར་བླངས་ཤིང་གནས་པ་ དེ་ལྟ་བུ་ནི་ཆེས་མང་ངོ་། །རབ་འབྱོར་དེ་བཞིན་དུ་སེམས་ཅན་གང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་འདིར་འཇུག་པ་དེ་ལྟ་བུ་ཡང་ཉུང་སྟེ། སེམས་ཅན་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ནི་དེ་བས་ཆེས་ མང་ངོ་། །རབ་འབྱོར་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་པས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་བཞིན་ཉིད་དུ་ནན་ཏན་ བྱེད་པ་དེ་ལྟ་བུ་ཆེས་ཉུང་ངོ་། །དེ་བས་ཀྱང་སེམས་ཅན་གང་ཉན་ཐོས་སམ། རང་སངས་རྒྱས་སུ་གནས་པར་འགྱུར་བ་དེ་ལྟ་བུ་ནི་ཆེས་མང་ངོ་། །རབ་འབྱོར་གང་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་ལ་སྤྱོད་ཅིང་། ཐེ་ཙོམ་མྱེད་པར་ཕྱིར་མྱི་ལྡོག་པའི་ས་གནོན་པ་དེ་དག་པས་ནི། གང་ཕྱིར་མྱི་ལྡོག་པའི་ས་གནོན་པར་འགྱུར་བ་དེ་ལྟ་བུ་ཆེས་མང་ངོ་། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པའི་ས་ འཐོབ་པར་འདོད་པ་དང་། ཕྱིར་མི་ལྡོག་པའི་སར་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ སེར་སྣ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཚུལ་ཁྲིམས་ངན་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །འཁྲུག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལེ་ལོ་དང་ལྡན་པའི་སེམས་མྱི་སྐྱེའོ། །གཡེང་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཤེས་རབ་འཆལ་པ་དང་ ལྡན་པའི་སེམས་མྱི་སྐྱེའོ། །འདོད་ཆགས་དང་ལྡན་པའི་སེམས་མྱི་སྐྱེའོ། །ཞེ་སྡང་དང་ལྡན་པའི་སེམས་མྱི་སྐྱེའོ། །གཏི་མུག་དང་ལྡན་པའི་སེམས་མྱི་སྐྱེའོ། །ཐ་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །གཟུགས་དང་ལྡན་པའི་སེམས་མྱི་སྐྱེའོ། །ཚོར་ བ་དང་ལྡན་པའི་སེམས་མྱི་སྐྱེའོ། །འདུ་ཤེས་དང་ལྡན་པའི་སེམས་མྱི་སྐྱེའོ། །འདུ་བྱེད་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣམ་པར་ཤེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །མྱིག་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣ་བ་དང་ལྡན་པའི་སེམས་མྱི་ སྐྱེའོ། །སྣ་དང་ལྡན་པའི་སེམས་མི་སྐྱེའོ། །ལྕེ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལུས་དང་ལྡན་པའི་སེམས་མྱི་སྐྱེའོ། །ཡིད་དང་ལྡན་པའི་སེམས་མྱི་སྐྱེའོ། །གཟུགས་དང་ལྡན་པའི་སེམས་མྱི་སྐྱེའོ། །སྒྲ་དང་ལྡན་པའི་ སེམས་མྱི་སྐྱེའོ། །དྲི་དང་ལྡན་པའི་སེམས་མྱི་སྐྱེའོ། །རོ་དང་ལྡན་པའི་སེམས་མྱི་སྐྱེའོ། །རེག་དང་ལྡན་པའི་སེམས་མྱི་སྐྱེའོ། །ཆོས་དང་ལྡན་པའི་སེམས་མྱི་སྐྱེའོ། །མྱིག་གི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣ་བའི་རྣམ་པར་ཤེས་ པ་དང་ལྡན་པའི་སེམས་མྱི་སྐྱེའོ། །སྣའི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལྕེའི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལུས་ཀྱི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མྱི་ སྐྱེའོ། །མྱིག་གི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མི་སྐྱེའོ། །རྣ་བའི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །སྣའི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལྕེའི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལུས་ཀྱི་འདུས་ཏེ་རེག་ པ་དང་ལྡན་པའི་སེམས་མི་སྐྱེའོ། །ཡིད་ཀྱི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མི་སྐྱེའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ལྡན་པའི་སེམས་མི་སྐྱེའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །སྣའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་ཀྱིས་ཚོར་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །སའི་ཁམས་དང་ལྡན་པའི་སེམས་མྱི་སྐྱེའོ། །ཆུའི་ཁམས་དང་ལྡན་པའི་སེམས་མྱི་སྐྱེའོ། །མྱེའི་ཁམས་དང་ལྡན་པའི་སེམས་མྱི་སྐྱེའོ། །རླུང་གི་ཁམས་དང་ལྡན་པའི་སེམས་མྱི་སྐྱེའོ། །ནམ་ མཁའི་ཁམས་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣམ་པར་ཤེས་པའི་ཁམས་དང་ལྡན་པའི་སེམས་མི་སྐྱེའོ། །མ་རིག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །འདུ་བྱེད་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣམ་པར་ཤེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། ། མྱིང་དང་གཟུགས་དང་ལྡན་པའི་སེམས་མྱི་སྐྱེའོ། །སྐྱེ་མཆེད་དྲུག་དང་ལྡན་པའི་སེམས་མྱི་སྐྱེའོ། །རེག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཚོར་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །སྲེད་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལེན་པ་དང་ ལྡན་པའི་སེམས་མྱི་སྐྱེའོ། །སྲིད་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །སྐྱེ་བ་དང་ལྡན་པའི་སེམས་མྱི་སྐྱེའོ། །རྒ་ཤི་དང་ལྡན་པའི་སེམས་མི་སྐྱེའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་ལྡན་པའི་སེམས་མྱི་སྐྱེའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ནང་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །ཕྱི་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །ཕྱི་ནང་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །སྟོང་པ་ཉིད་སྟོང་པ་ཉིད་དང་ལྡན་པའི་ སེམས་མྱི་སྐྱེའོ། །ཆེན་པོ་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །དོན་དམ་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །འདུས་བྱས་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །འདུས་མ་བྱས་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། ། མཐའ་ལས་འདས་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །དོར་བ་མྱེད་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །རང་བཞིན་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། ། ཆོས་ཐམས་ཅད་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །མྱི་དམྱིགས་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ དང་ལྡན་པའི་སེམས་མི་སྐྱེའོ། །ངོ་བོ་ཉིད་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །དྲན་པ་ཉེ་བར་གཞག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཡང་དག་པར་སྤོང་བ་ དང་ལྡན་པའི་སེམས་མྱི་སྐྱེའོ། །རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །དབང་པོ་དང་ལྡན་པའི་སེམས་མྱི་སྐྱེའོ། །སྟོབས་དང་ལྡན་པའི་སེམས་མྱི་སྐྱེའོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་སེམས་མྱི་སྐྱེའོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །འཕགས་པའི་བདེན་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །བསམ་གཏན་དང་ལྡན་པའི་སེམས་མྱི་སྐྱེའོ། །ཚད་མེད་པ་དང་ལྡན་པའི་སེམས་མི་སྐྱེའོ། །གཟུགས་མྱེད་པའི་ སྙོམས་པར་འཇུག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣམ་པར་ཐར་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །མངོན་པར་ཤེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཏིང་ངེ་འཛིན་དང་ལྡན་པའི་སེམས་མྱི་སྐྱེའོ། །གཟུངས་ཀྱི་སྒོ་དང་ལྡན་པའི་སེམས་མྱི་སྐྱེའོ། །དེ་བཞིན་གཤེགས་པའི་ སྟོབས་དང་ལྡན་པའི་སེམས་མྱི་སྐྱེའོ། །མྱི་འཇིགས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །སོ་སོ་ཡང་དག་པར་རིག་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །བྱམས་པ་ཆེན་པོ་དང་ལྡན་པའི་སེམས་མྱི་སྐྱེའོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ མྱི་སྐྱེའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པའི་སེམས་མྱི་སྐྱེའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་ལྡན་པའི་སེམས་མྱི་སྐྱེའོ། །ཕྱིར་མྱི་འོང་བའི་འབྲས་བུ་ དང་ལྡན་པའི་སེམས་མྱི་སྐྱེའོ། །དགྲ་བཅོམ་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །རང་བྱང་ཆུབ་དང་ལྡན་པའི་སེམས་མྱི་སྐྱེའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་ལྡན་པའི་སེམས་མྱི་སྐྱེའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་ པའི་སེམས་མྱི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་གང་ཡང་དམྱིགས་པ་མྱེད་དེ། མ་དམྱིགས་པས་ཆོས་གང་ལ་ཡང་སེམས་ བསྐྱེད་པ་མྱེད་དོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་ཟིན་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་འགྱུར་ རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མཐུན་པར་སྤྱོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཇིག་ཚོགས་སུ་ ལྟ་བར་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་འདུས་པ་ཡིན་ཏེ། རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་དུས་བྱས་པར་གྱུར་བའི་འཚོ་ བའི་དབང་པོ་འགགས་པས། དབང་པོ་ཐམས་ཅད་འགགས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཡིན་ ཏེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལ་སློབ་པ་ཡིན་ན། །རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སེམས་ ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱང་མང་བ་ལགས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རེ་རེ་ལ་ཡང་། སྐུ་ཚེའི་མཐར་ཕྱིན་གྱི་བར་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་རྒྱུན་མ་འཆད་པར་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་བསྙེན་བཀུར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆད་པ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ལྟར་དོན་ཆེན་པོར་འགྱུར་བ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ། སེམས་ཅན་ཐམས་ཅད་ཀྱི་བླ་ན་མྱེད་པར་འགྱུར་བར་འདོད་པ་དང་། སེམས་ཅན་མགོན་མྱེད་པ་ཐམས་ཅད་ཀྱི་མགོན་དུ་འགྱུར་བར་འདོད་པ་དང་། སྐྱབས་མྱེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་བར་འདོད་པ་དང་། གནས་མྱེད་པ་རྣམས་ཀྱི་ གནས་སུ་འགྱུར་བར་འདོད་པ་དང་། ལོང་བ་རྣམས་ཀྱི་མྱིག་ཏུ་འགྱུར་བར་འདོད་པ་དང་། མུན་པར་གནས་པ་རྣམས་ཀྱི་སྒྲོན་མར་འགྱུར་བར་འདོད་པ་དང་། སངས་རྒྱས་སུ་འགྱུར་བ་འཐོབ་པར་འདོད་པ་དང་། སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་ པར་འདོད་པ་དང་། སངས་རྒྱས་ཀྱི་རྣམ་པར་རོལ་པས་རྣམ་པར་རྩེ་བར་འདོད་པ་དང་། སངས་རྒྱས་ཀྱི་སེང་གེའི་ང་རོ་བསྒྲག་པར་འདོད་པ་དང་། སངས་རྒྱས་ཀྱི་རྔ་བརྡུང་བར་འདོད་པ་དང་། སངས་རྒྱས་ཀྱི་དུང་འབུད་པར་འདོད་པ་དང་། སངས་རྒྱས་ཀྱི་གཏམ་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕུན་སུམ་ཚོགས་པ་གང་ ཐོབ་པར་བྱ་བ་དེ་དག་ལས་མྱི་འཐོབ་པ་གང་ཡང་མྱེད་དོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་བ་ལགས་སམ། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་ བགྱི་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བྱ་སྟེ། དེ་ལ་གནས་པར་མྱི་བྱ། འདུག་པར་མྱི་བྱའི། ཤེས་པ་དང་། མཐོང་བས་དེ་དག་མཐོང་བར་བྱ་སྟེ། དེ་ལས་འདའ་བར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་པར་བྱའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷ་དང་། མྱི་དང་ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ན། སྦྱིན་པའི་གནས་སུ་འགྱུར་བ་ཡིན་ཏེ། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་མ་ཡིན་པའི་སྦྱིན་པའི་གནས་ཉན་ཐོས་དང་། རང་སངས་རྒྱས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ ཅིང་འགྲོ་བར་འགྱུར་བ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་གཏོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའོ། །རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་ སུ་མྱི་ཉམ་པའི་ཆོས་ཅན་དུ་རིག་པར་བྱ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་རིང་དུ་བྱེད་ཅིང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ནོ། །གལ་ཏེ་ཡང་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པར་བྱའོ་སྙམ་སྟེ། གལ་ཏེ་དེ་ལྟར་ཤེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །གལ་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ན་ཡོད་དོ་ཞེས་བྱ་བར་ཤེས་པ་མྱེད་དེ་གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང་། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ བྱུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་ཡང་མྱི་ཤེས་མྱི་མཐོང་ཞིང་། དེ་འདི་སྙམ་སྟེ། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་གནས་པའི་ཕྱིར། འདི་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ན་ཡོད་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་འབྱུང་བར་འགྱུར་བ་ཡང་མྱེད་དོ་ཞེས། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བདུན་ནོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་སྤྱོད། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་སྤྱོད། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་ བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་སྤྱོད། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་ལ་ཡང་སྤྱོད། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་སྤྱོད་བཞིན་དུ། སེམས་ཅན་ཐམས་ཅད་ཟིལ་གྱིས་ནོན་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ པར་གྱུར་ན་ལྟ་ཅི་སྨོས། སེམས་ཅན་གང་གི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པ་དེ་དག་ཀྱང་ཐོབ་པ་ལེགས་པར་ཐོབ་ཅིང་། དེ་དག་གི་འཚོ་བ་ལེགས་པར་འཚོ་བ་ཡིན་ན། གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་པ་དག་ལྟ་ཅི་སྨོས། སེམས་ཅན་གང་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དེ་དག་ནི། ཀུན་གྱིས་ཡིད་དུ་འོང་བར་བྱ་བ་ཡིན་ནོ་སྙམ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། མེ་ཏོག་ མནྡཱ་ར་བ་མང་པོ་བླངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས། མེ་ཏོག་མནྡཱ་ར་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །དེ་ ལྟར་གཏོར་ཏེ་མངོན་པར་གཏོར་བ་དང་། རབ་ཏུ་གཏོར་བར་བྱས་ནས། ཚིག་འདི་སྐད་དུ་བརྗོད་དོ། །དགེ་བའི་རྩ་བ་འདིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ དམྱིགས་པ་དེ་དག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཡོངས་སུ་རྫོགས་པར་གྱུར་ཅིག །རང་བྱུང་གི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཟག་པ་མྱེད་པའི་ཆོས་རྣམས་ ཡོངས་སུ་རྫོགས་པར་གྱུར་ཅིག །བཅོམ་ལྡན་འདས་བདག་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལས་སླར