Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 023_འབུམ།_ཐ

Văn bản gốc(Tây Tạng)

Trang 8 / 22 (50.000 ký tự/trang)
ྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལུས་ཀྱི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སའི་

ཁམས་སམ་སའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆུའི་ཁམས་སམ་ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱེའི་ཁམས་སམ་མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་
ངོ་། །རླུང་གི་ཁམས་སམ་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ནམ་མཁའི་ཁམས་སམ་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་སམ་རྣམ་པར་
ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མ་རིག་པའམ་མ་རིག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་དམ་འདུ་བྱེད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་
ཤེས་པའམ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིང་དང་གཟུགས་སམ་མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྐྱེ་མཆེད་དྲུག་གམ་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཡང་དག་
པར་རྗེས་སུ་མྱི་མཐོང་ངོ་། །རེག་པ་འམ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་འམ་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྲེད་པ་འམ་སྲེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་
མཐོང་ངོ་། །ལེན་པ་འམ་ལེན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྲིད་པའམ་སྲིད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྐྱེ་བ་འམ་སྐྱེ་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྒ་ཤི་
འམ་རྒ་ཤིའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་

བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ནང་སྟོང་པ་ཉིད་དམ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཕྱི་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་
མཐོང་ངོ་། །ཕྱི་ནང་སྟོང་པ་ཉིད་དམ་ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་དམ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆེན་པོ་སྟོང་པ་ཉིད་དམ་ཆེན་པོ་སྟོང་
པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དོན་དམ་པ་སྟོང་པ་ཉིད་དམ་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུས་བྱས་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་
མྱི་མཐོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་དམ་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མཐའ་ལས་འདས་པ་སྟོང་པ་ཉིད་དམ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་
མཐོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དོར་བ་མེད་པ་སྟོང་པ་ཉིད་དམ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

རང་བཞིན་སྟོང་པ་ཉིད་དམ་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་དམ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་དམ།
རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་དམ་མ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་
པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་དམ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་སམ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡང་དག་པར་སྤོང་བ་རྣམས་སམ། ཡང་དག་པར་སྤོང་བ་
རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དབང་པོ་རྣམས་སམ་དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་
རྗེས་སུ་མྱི་མཐོང་ངོ་། །སྟོབས་རྣམས་སམ། སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་
པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འཕགས་པའི་བདེན་པ་རྣམས་སམ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

བསམ་གཏན་རྣམས་སམ། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚད་མྱེད་པ་རྣམས་སམ། ཚད་མྱེད་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་མྱེད་
པའི་སྙོམས་པར་འཇུག་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཐར་བ་རྣམས་སམ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་
ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྟོང་པ་ཉིད་དམ། སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་
སུ་མྱི་མཐོང་ངོ་། །མཚན་མ་མྱེད་པའམ། མཚན་མ་མྱེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྨོན་པ་མྱེད་པའམ། སྨོན་པ་མྱེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མངོན་པར་ཤེས་པ་རྣམས་སམ། མངོན་
པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཏིང་ངེ་འཛིན་རྣམས་སམ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུངས་ཀྱི་སྒོ་རྣམས་སམ། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་
ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་འཇིགས་པ་རྣམས་སམ། མྱི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་
ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱམས་པ་ཆེན་པོ་འམ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་

མྱི་མཐོང་ངོ་། །སྙིང་རྗེ་ཆེན་པོའམ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་
ངོ་། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་
ངོ་། །ཕྱིར་མྱི་འོང་བའི་འབྲས་བུ་འམ་ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དགྲ་བཅོམ་པ་ཉིད་དམ། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་བྱང་ཆུབ་བམ་རང་བྱང་
ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་བམ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་
མཐོང་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་
སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས། འདི་སྐད་དུ་འདི་ནི་འཁོར་བར་སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ཡིན་གྱིས། འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་ཟེར་ཞིང་། བདུད་སྡིག་ཏོ་ཅན་
དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། ལམ་གྱི་གཟུགས་བརྙན་གང་འཁོར་བར་སྤྱོད་པའི་འཇིག་རྟེན་པའི་རྣམ་པས་ལམ་གྱི་གཟུགས་བརྙན་སྟོན་ཏེ། ཡང་ན་རུས་པར་འདུ་ཤེས་པ་སྟོན། ཡང་ན་བསམ་གཏན་དང་པོ་སྟོན། ཡང་

ན་བསམ་གཏན་གཉིས་པ་སྟོན། ཡང་ན་བསམ་གཏན་གསུམ་པ་སྟོན། ཡང་ན་བསམ་གཏན་བཞི་པ་སྟོན། ཡང་ན་བྱམས་པ་སྟོན། ཡང་ན་སྙིང་རྗེ་སྟོན། ཡང་ན་དགའ་བ་སྟོན། ཡང་ན་བཏང་སྙོམས་སྟོན། ཡང་ན་
ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོན། ཡང་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོན། ཡང་ན་ཆུང་ཟད་མྱེད་པའི་སྐྱེ་མཆེད་སྟོན། ཡང་ན་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་སྟོན་ཅིང་། ཚེ་དང་ལྡན་པ་ལམ་དང་ནན་ཏན་གང་གིས། རྒྱུན་
ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བའི་ལམ་དང་ནན་ཏན་ནི་འདི་ཡིན་ནོ། །ཚེ་དང་ལྡན་པ་ལམ་དང་ནན་ཏན་འདིས་འདི་
ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱུངས་ཤིག་དང་། ཕྱིན་ཆད་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བར་མྱི་འགྱུར་རོ། །ཀྱེ་མ་ཁྱོད་ཀྱི་ལུས་འདི་འདི་ཉིད་དུ་མངོན་པར་མ་གྲུབ་ན། ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་
བར་སེམས་ཤེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཁྲུག་མྱི་གཡོ་ཞིང་གོང་དུ་ཡང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་ལམ་གྱི་གཟུགས་བརྙན་སྟོན་པ་ནི། དགེ་སློང་འདི་
བདག་ལ་ཕན་འདོགས་པ་སྟེ། ལམ་གྱི་གཟུགས་བརྙན་དེས་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་ཡང་མྱི་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བར་ཡང་མྱི་འགྱུར། ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བར་ཡང་
མྱི་འགྱུར། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བར་ཡང་མྱི་འགྱུར། རང་བྱང་ཆུབ་མངོན་དུ་བྱ་བར་ཡང་མྱི་འགྱུར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ཏུ་བྱ་བར་ཡང་མྱི་འགྱུར་རོ་སྙམ་སྟེ། དེ་ལས་ཀྱང་གོང་དུ་གང་བདག་ལ་དེ་

ལྟར་ཆགས་པ་སྟོན་པའི་དགེ་སློང་འདི་ནི་བདག་ལ་ཕན་འདོགས་པ་ཡིན་གྱིས་བདག་གིས་ཆགས་པ་དེ་དག་ཤེས་པར་བྱ་སྟེ། ཐེག་པ་གསུམ་པོ་ཀུན་ལ་བསླབ་པར་བྱའོ་ཞེས་དགའ་བ་སྐྱེ་ལ། བདུད་སྡིག་ཏོ་ཅན་དེས་ཀྱང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་དགའ་བར་གྱུར་པར་ཤེས་ནས། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ན་བཟའ་དང་བསོད་སྙོམས་དང་།
གཟིམས་ཆ་དང་སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་ཀྱིས་རིམ་གྲོར་བྱས་པ་དང་། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་རྫོགས་པར་བྱས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ཏེ། ཇི་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་

སྤྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་
པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་
དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་
འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་
ལ་སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་
དགུ་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང་། དེ་
བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང་། མྱི་འཇིགས་པ་བཞི་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང་། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་

བརྒྱད་ལ་སྤྱོད་པ་དང་། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པར་བགྱི་ཞེས། བྱང་ཆུབ་སེམས་
དཔའི་ཐེག་པ་འདི་ཉིད་ཀྱི་དོན་དུ་ཀུན་དྲིས་ཤིང་ཡོངས་སུ་ཞུས་པ་རྣམས་བལྟ་བར་འདོད་དམ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་བཤད་པ་ལ་དེ་བཞིན་དུ་གནས་ཏེ། དེ་བཞིན་དུ་བརྩོན་པར་བྱས་ཀྱང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་གདམས་པ་དང་། དེ་ལྟར་བསྟན་པ་དང་། དེ་ལྟར་གནས་པ་དང་། དེ་ལྟར་སློབ་སློབ་པ་རྣམས་ཀྱིས་
ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཁྱོད་ཀྱིས་ལྟ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རེ་སྐན་ཞེས་བརྗོད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྙིང་བརྙན་བཅུག་ཀྱང་
དེའི་སེམས་གཞན་དུ་མྱི་འགྱུར་ལ། མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཞིང་། གོང་དུ་དགེ་སློང་འདི་ནི་དེ་ལྟར་བདག་ལ་ཆགས་པ་གང་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་ཐོབ་པར་མྱི་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་ཐོབ་པར་
མྱི་འགྱུར། ཕྱིར་མྱི་འོང་བའི་འབྲས་བུ་ཡང་ཐོབ་པར་མྱི་འགྱུར། དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་མྱི་འགྱུར། རང་བྱང་ཆུབ་ཀྱང་ཐོབ་པར་མྱི་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཐོབ་པར་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་
པར་མྱི་འགྱུར་བའི་ཆགས་པ་སྟོན་པ་ནི། བདག་ལ་ཕན་འདོགས་པའོ་ཞེས་དགའ་བ་སྐྱེས་པས། བདུད་སྡིག་ཏོ་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་སེམས་ལ་ཞུམ་པ་མྱེད་པར་རིག་ནས། སའི་ཕྱོགས་དེ་ཉིད་དུ་དགེ་སློང་

མང་པོ་མངོན་པར་སྤྲུལ་ཏེ། དགེ་སློང་འདི་དག་ཀུན་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་འཇུག་པ་ཤ་སྟག་སྟེ། དེ་དག་ཀྱང་དགྲ་བཅོམ་པ་ཉིད་ལ་གནས་པར་གྱུར་ན། ཁྱོད་ལྟས་བླ་ན་མྱེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རེ་སྐན་ཞེས་ཟེར་ཡང་། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། འདི་ནི་བདུད་སྡིག་ཏོ་ཅན་ཏེ། ལམ་གྱི་གཟུགས་བརྙན་སྟོན་པའོ། །
ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་ཅིང་། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡང་མྱི་ལྟུང་ལ། དེ་
ལས་ཀྱང་གོང་དུ་ཡང་འདི་སྙམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་ལྟར་སྤྱོད་པ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་གནས་མྱེད་སྐབས་མྱེད་དེ། དེ་ནི་གནས་མ་ཡིན་ནོ་སྙམ་ན། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་
ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་གལ་ཏེ་དེ་བཞིན་གཤེགས་པས་ཇི་སྐད་དུ་བསྟན་པ་དེ་ལྟར་བསླབས་

ལ་སྤྱོད་པ་དེ་དང་མ་བྲལ་ཞིང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་འདི་དག་གིས་སྤྱོད་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། བཟོད་པའི་ཕ་
རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མྱི་ཉམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམ། ནང་སྟོང་པ་
ཉིད་ལས་ཡོངས་སུ་མྱི་ཉམ། ཕྱི་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཕྱི་ནང་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། སྟོང་པ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཆེན་པོ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དོན་དམ་པ་སྟོང་པ་ཉིད་ལས་
ཡོངས་སུ་མྱི་ཉམ། འདུས་བྱས་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། འདུས་མ་བྱས་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། མཐའ་ལས་འདས་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་
ཉམ། དོར་བ་མྱེད་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། རང་བཞིན་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། མྱི་དམྱིགས་པ་
སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དངོས་པོ་མྱེད་པ་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། ངོ་བོ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མྱི་ཉམ། དྲན་པ་ཉེ་བར་གཞག་པ་རྣམས་
ལས་ཡོངས་སུ་མྱི་ཉམ། ཡང་དག་པར་སྤོང་བ་རྣམས་ལས་ཡོངས་སུ་མྱི་ཉམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་ཡོངས་སུ་མྱི་ཉམ། དབང་པོ་རྣམས་ལས་ཡོངས་སུ་མྱི་ཉམ། སྟོབས་རྣམས་ལས་ཡོངས་སུ་མྱི་ཉམ། བྱང་ཆུབ་ཀྱི་

ཡན་ལག་རྣམས་ལས་ཡོངས་སུ་མྱི་ཉམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཡོངས་སུ་མྱི་ཉམ། འཕགས་པའི་བདེན་པ་རྣམས་ལས་ཡོངས་སུ་མྱི་ཉམ། བསམ་གཏན་རྣམས་ལས་ཡོངས་སུ་མྱི་
ཉམ། ཚད་མྱེད་པ་རྣམས་ལས་ཡོངས་སུ་མྱི་ཉམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་ཡོངས་སུ་མྱི་ཉམ། རྣམ་པར་ཐར་པ་རྣམས་ལས་ཡོངས་སུ་མྱི་ཉམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་
ཡོངས་སུ་མྱི་ཉམ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་ཡོངས་སུ་མྱི་ཉམ། མངོན་པར་ཤེས་པ་རྣམས་ལས་ཡོངས་སུ་མྱི་ཉམ། ཏིང་ངེ་འཛིན་རྣམས་ལས་ཡོངས་སུ་མྱི་ཉམ། གཟུངས་ཀྱི་སྒོ་རྣམས་ལས་ཡོངས་
སུ་མྱི་ཉམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ཡོངས་སུ་མྱི་ཉམ། མྱི་འཇིགས་པ་བཞི་ལས་ཡོངས་སུ་མྱི་ཉམ། སོ་སོ་ཡང་དག་པར་རིག་པ་བཞི་ལས་ཡོངས་སུ་མྱི་ཉམ། བྱམས་པ་ཆེན་པོ་ལས་ཡོངས་སུ་མྱི་ཉམ། སྙིང་རྗེ་ཆེན་
པོ་ལས་ཡོངས་སུ་མྱི་ཉམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལས་ཡོངས་སུ་མྱི་ཉམ། ཐམས་ཅད་ཤེས་པ་ཉིད་ལས་ཡོངས་སུ་མྱི་ཉམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཡོངས་སུ་མྱི་ཉམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་
སུ་མྱི་ཉམ་མོ་སྙམ་ལ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སུས་བདུད་ཀྱི་ལས་རིག་པ་དེ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་མྱི་ཉམ་མོ་སྙམ་ན། རབ་འབྱོར་རྣམ་པ་དེ་
དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་

ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལས་སླར་ལྡོག་པའི་སླད་དུ་ཕྱིར་མྱི་ལྡོག་པ་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་གཟུགས་
ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཚོར་བའི་འདུ་ཤེས་ལས་ཕྱིར་ལྡོག་གོ །འདུ་ཤེས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །འདུ་བྱེད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །རྣམ་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཁམས་ཀྱི་འདུ་ཤེས་ལས་ཕྱིར་
ལྡོག་གོ །སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །འདོད་ཆགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཞེ་སྡང་གི་འདུ་ཤེས་ལས་ཕྱིར་ལྡོག་གོ །གཏི་མུག་གི་འདུ་ཤེས་ལས་ཕྱིར་ལྡོག་གོ །ལྟ་བའི་རྣམ་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཕ་
རོལ་ཏུ་ཕྱིན་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །སྟོང་པ་ཉིད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །དྲན་པ་ཉེ་བར་གཞག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཡང་དག་པར་སྤོང་བའི་འདུ་ཤེས་ལས་ཕྱིར་ལྡོག་གོ །རྫུ་འཕྲུལ་གྱི་རྐང་པའི་འདུ་ཤེས་ལས་ཕྱིར་
ལྡོག་གོ །དབང་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ །སྟོབས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །བྱང་ཆུབ་ཀྱི་ཡན་ལག་གི་འདུ་ཤེས་ལས་ཕྱིར་ལྡོག་གོ །འཕགས་པའི་ལམ་ཡན་ལག་བརྒྱད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །འཕགས་པའི་བདེན་
པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །བསམ་གཏན་གྱི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཚད་མྱེད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །རྣམ་པར་ཐར་པའི་འདུ་ཤེས་ལས་
ཕྱིར་ལྡོག་གོ །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །མངོན་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ །ཏིང་

ངེ་འཛིན་གྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །གཟུངས་ཀྱི་སྒོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །མྱི་འཇིགས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སོ་སོ་ཡང་དག་
པར་རིག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བྱམས་པ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སྙིང་རྗེ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རྒྱུན་ཏུ་ཞུགས་པའི་འབྲས་བུའི་འདུ་
ཤེས་ལས་ཕྱིར་ལྡོག་གོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཕྱིར་མྱི་འོང་བའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དགྲ་བཅོམ་པ་ཉིད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རང་བྱང་ཆུབ་ཀྱི་འདུ་ཤེས་ལས་ཕྱིར་
ལྡོག་གོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཉན་ཐོས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །རང་སངས་རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །བྱང་ཆུབ་སེམས་དཔའི་འདུ་ཤེས་ལས་ཕྱིར་ལྡོག་གོ། །སངས་
རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། དེས་
ཆོས་རྡུལ་ཙམ་ཡང་དམྱིགས་པ་མྱེད་དོ། །དམྱིགས་པ་མྱེད་པས་མངོན་པར་འདུ་མྱི་བྱེད་དོ། །མངོན་པར་འདུ་མྱི་བྱེད་པས་སྐྱེད་པ་མྱེད་དེ། དེ་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱི་སྐྱེ་བ་ལ་བཟོད་པ་ཞེས་བྱ་སྟེ།
རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།

ལེའུ་སུམ་ཅུ་དགུའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་
བར་འོང་སྟེ། མོས་པ་བཟློག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་འདི་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པའོ་ཆོས་འདི་དག་ཀྱང་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ།
རང་གི་མཚན་ཉིད་ཀྱིས་སྟོང་པའོ། །དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་
འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་དག་གང་ཡང་མྱི་དམྱིགས་ཏེ། ཆོས་འདི་དག་ཐམས་ཅད་ནམ་མཁའ་དང་མཚུངས་པ་དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པས་འདི་ལྟ་སྟེ། བླ་
ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་འདི་ནི། ཁྱོད་ཉོན་མོངས་ལ་དོན་མྱེད་པར་འགྱུར་བ་སྟེ། འདི་ནི་བདུད་ཀྱིས་བསྟན་པའོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་
བཤད་པ་མ་ཡིན་ནོ། །རིགས་ཀྱི་བུ་ཡིད་ལ་བྱེད་པ་དེ་དག་ཐོང་ལ། ཁྱོད་ཡུན་རིང་པོར་གནོད་པ་དང་། ཕན་པ་མྱེད་པར་མ་སྤྱོད་ཅིག །སྡུག་བསྔལ་དང་ལོག་པར་ལྟུང་ངོ་ཞེས་ཟེར་ན། དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཚིག་དེ་
དག་ཐོས་ནས། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། དེ་ལྟར་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་དེ་ནི་བདུད་ཀྱི་ལས་ཏེ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་

དེ། རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི། དེ་དག་སེམས་ཅན་རྣམས་ཀྱི་མ་ཤེས་མ་མཐོང་ཁོང་དུ་མ་ཆུད་ཀྱིས། དེའི་ཕྱིར་བདག་གིས་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་
སྟོང་པའི་གོ་ཆ་བགོས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ཅན་ཐམས་ཅད་ལ་འབྱུང་བའི་ཆོས་བསྟན་ཏོ། །སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་དགོད་པར་
བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་དགོང་བར་བྱའོ། །དགྲ་བཅོམ་པ་ཉིད་ལ་རབ་ཏུ་དགོད་པར་བྱའོ། །རང་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །བླ་ན་མྱེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ན་སེམས་བརྟན་པར་བྱའོ། །སེམས་མྱི་གཡོ་
བར་བྱའོ། །སེམས་མྱི་འཕྲོགས་པར་བྱའོ། །དེ་སེམས་བརྟན་པ་དང་། སེམས་མྱི་གཡོ་བ་དང་། སེམས་མྱི་འཕྲོགས་པ་དེ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པར་འགྱུར་རོ། །དེ་
ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས་བཅོམ་ལྡན་འདས་སླར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི་འམ། འོན་ཏམ་སླར་ལྡོག་པའི་བྱང་
ཆུབ་སེམས་དཔའ་ལ་ཕྱིར་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མྱི་ལྡོག་པ་ཞེས་བྱའོ། །

གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སླར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་སླར་ལྡོག་པ་ཞེས་བགྱི། ཅིའི་སླད་དུ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མྱི་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་
སེམས་དཔའ་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་
དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཏོ་
ཅན་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མྱི་ནུས་སོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །བསམ་གཏན་
གཉིས་པ་ལ་སྙོམས་པར་འཇུག་གོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ། །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ། །བྱམས་པ་ལ་སྙོམས་པར་འཇུག་གོ། །སྙིང་རྗེ་ལ་སྙོམས་པར་འཇུག་གོ། །དགའ་བ་ལ་སྙོམས་པར་
འཇུག་གོ། །བཏང་སྙོམས་ལ་སྙོམས་པར་འཇུག་གོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །འདུ་ཤེས་

མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ། །འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
འདོད་ན། དྲན་པ་ཉེ་བར་གཞག་པ་བཞི་ལ་སྙོམས་པར་འཇུག་གོ། །ཡང་དག་པར་སྤོང་བ་བཞི་ལ་སྙོམས་པར་འཇུག་གོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྙོམས་པར་འཇུག་གོ། །དབང་པོ་ལྔ་ལ་སྙོམས་པར་འཇུག་གོ། །སྟོབས་ལྔ་ལ་
སྙོམས་པར་འཇུག་གོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྙོམས་པར་འཇུག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་གོ། །སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྙོམས་
པར་འཇུག་གོ། །མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་བོ། །དེ་བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་དག་གིས་འགོག་པའི་སྙོམས་པར་འཇུག་པ་ལ་འདྲིས་པར་བྱེད།
དྲན་པ་ཉེ་བར་གཞག་པ་བཞི་གོམས་པར་བྱེད། ཡང་དག་པར་སྤོང་བ་བཞི་གོམས་པར་བྱེད། རྫུ་འཕྲུལ་གྱི་རྐང་པ་བཞི་གོམས་པར་བྱེད། དབང་པོ་ལྔ་གོམས་པར་བྱེད། སྟོབས་ལྔ་གོམས་པར་བྱེད། བྱང་ཆུབ་ཀྱི་ཡན་ལག་བདུན་གོམས་
པར་བྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་གོམས་པར་བྱེད། སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ཡང་སྙོམས་པར་འཇུག་སྟེ། བསམ་གཏན་གྱི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ཚད་མྱེད་པའི་འབྲས་
བུ་ཡོངས་སུ་མྱི་འཛིན་ཏོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །འགོག་པའི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ལན་

ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་མྱི་འཛིན་ཏོ། །དགྲ་བཅོམ་པ་ཉིད་ཡོངས་སུ་མྱི་འཛིན་ཏོ། །རང་བྱང་ཆུབ་ཐོབ་པར་མྱི་བྱེད་དོ། །དེ་འདོད་ན་ཆེད་དུ་བསམས་ཤིང་ལུས་ཡོངས་སུ་
འཛིན་ཏེ། ལུས་གང་གིས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མྱི་འབྲལ་ཞིང་གཟུགས་ལྷུར་ལེན་པ་མ་ཡིན། མཚན་མ་ལྷུར་ལེན་པ་མ་
ཡིན། ལུས་ལྷུར་ལེན་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ་མ་ཡིན། ཚུལ་ཁྲིམས་ལྷུར་ལེན་པ་མ་ཡིན། བཟོད་པ་ལྷུར་ལེན་པ་མ་ཡིན། བརྩོན་འགྲུས་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཤེས་རབ་ལྷུར་ལེན་པ་མ་
ཡིན། ནང་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཕྱི་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་
ལྷུར་ལེན་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དོར་
བ་མྱེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དངོས་

པོ་མྱེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་ལྷུར་ལེན་པ་མ་ཡིན། ཡང་དག་པར་སྤོང་བ་
ལྷུར་ལེན་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་ལྷུར་ལེན་པ་མ་ཡིན། དབང་པོ་ལྷུར་ལེན་པ་མ་ཡིན། སྟོབས་ལྷུར་ལེན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་ལྷུར་ལེན་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལྷུར་ལེན་པ་མ་ཡིན། འཕགས་
པའི་བདེན་པ་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཚད་མྱེད་པ་ལྷུར་ལེན་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ལྷུར་ལེན་པ་མ་ཡིན། རྣམ་པར་ཐར་པ་བརྒྱད་ལྷུར་ལེན་པ་མ་ཡིན། མཐར་ཀྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་ལྷུར་ལེན་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལྷུར་ལེན་པ་མ་ཡིན། མངོན་པར་ཤེས་པ་ལྷུར་ལེན་པ་མ་ཡིན། ཏིང་ངེ་འཛིན་ལྷུར་ལེན་པ་མ་ཡིན། གཟུངས་ཀྱི་སྒོ་
ལྷུར་ལེན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལྷུར་ལེན་པ་མ་ཡིན། མྱི་འཇིགས་པ་བཞི་ལྷུར་ལེན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་ལྷུར་ལེན་པ་མ་ཡིན། བྱམས་པ་ཆེན་པོ་ལྷུར་ལེན་པ་མ་ཡིན། སྙིང་རྗེ་ཆེན་པོ་
ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལྷུར་ལེན་པ་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལྷུར་ལེན་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལྷུར་ལེན་པ་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་ལྷུར་ལེན་པ་མ་
ཡིན། དགྲ་བཅོམ་པ་ཉིད་ལྷུར་ལེན་པ་མ་ཡིན། རང་བྱང་ཆུབ་ལྷུར་ལེན་པ་མ་ཡིན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་

ཡོངས་སུ་སྨྱིན་པར་བྱ་བ་ལྷུར་ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་སྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས། སྟོང་
པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་ལྷུར་བླང་བ་བསྐྱེད་པ་དང་། གང་གིས་སྐྱེད་པ་དང་། གང་ལ་བསྐྱེད་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་
ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡིད་ལ་བྱ་བ་དེ་དག་དང་ལྡན་པས་སྤྱོད་ལམ་བཞིར་འགྲོ་
འམ། འོང་ན་ཡང་ནོར་པའི་སེམས་ཀྱིས་མྱི་འགྲོ། ནོར་པའི་སེམས་ཀྱིས་མྱི་འོང་། ནོར་པའི་སེམས་ཀྱིས་མྱི་སྡོད། ནོར་པའི་སེམས་ཀྱིས་མྱི་འཆག །ནོར་པའི་སེམས་ཀྱིས་མྱི་འདུག །ནོར་པའི་སེམས་ཀྱིས་མི་ཉལ་ཏེ། དེ་དྲན་བཞིན་དུ་འགྲོའོ་
དྲན་བཞིན་དུ་འོང་ངོ་། །དྲན་བཞིན་དུ་སྡོད་དོ། །དྲན་བཞིན་དུ་འཆག་གོ། །དྲན་བཞིན་དུ་འདུག་གོ། །དྲན་བཞིན་དུ་ཉལ་ལོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ནི་ཕྱིར་མྱི་ལྡོག་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་ན་གནས་ཀྱང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ། །
དེ་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མལ་ཆ་འདོད་པ་ལ་མལ་ཆ། མེ་ཏོག་འདོད་པ་ལ་མེ་ཏོག །བདུག་པ་འདོད་པ་ལ་

བདུག་པ། སྤོས་འདོད་པ་ལ་སྤོས། ཕྲེང་བ་འདོད་པ་ལ་ཕྲེང་བ། བྱུག་པ་འདོད་པ་ལ་བྱུག་པ། གནས་འདོད་པ་ལ་གནས། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་
དང་། གསེར་དང་། དངུལ་འདོད་པ་ལ། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། འཚོག་ཆས་དང་། ཡོ་བྱད་གཞན་དང་གཞན་དག་ཀྱང་དེ་འདོད་པ་རྣམས་ལ་
ཡོངས་སུ་གཏོང་སྟེ། དེ་བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པའི་ལེགས་པ་རྗོད་དོ། །གཞན་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་བཟོད་པའི་ཕ་རོལ་
ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དཀའ་བར་བྱེད་དོ། །བདག་ཀྱང་བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་

ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །
གཞན་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་དོ། །གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
ཁྱིམ་ན་གནས་ན། འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། སྟོང་གི་འཇིག་རྟེན་གྱི་ཁམས་རིན་པོ་
ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་
བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་འདོད་པ་ལ་ཡོངས་སུ་མྱི་སྤྱོད་དེ། རྟག་ཏུ་རྒྱུན་མི་ཆད་པར་ཚངས་པར་སྤྱོད་པ་ཡིན། གནོད་པ་གང་གིས་གཞན་མྱི་དགའ་བར་འགྱུར་བའི་གནོད་པ་དེ་ལྟ་བུ་གང་ཡང་མྱི་སྐྱེད་དེ། རབ་
འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་། ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོའི་ཕྱི་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོར་མི་ཐོགས་པར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ནི་བླ་ན་མྱེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། བདག་གིས་རྟག་ཏུ་རྒྱུན་མྱི་ཆད་པར་རྗེས་སུ་འབྲང་བར་བྱའོ་ཞེས་ཡོངས་སུ་བསྲུང་བའི་ཕྱིར། གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མྱི་ཆད་པར་རྗེས་སུ་འབྲང་ངོ་། །
ཇི་ཙམ་དུ་ལག་ན་རྡོ་རྗེའི་རིགས་རྣམས་རྟག་ཏུ་རྒྱུན་མྱི་ཆད་པར་རྗེས་སུ་འབྲང་བ་དེ་ཙམ་དུ། དེ་ལ་མྱིའམ་མྱི་མ་ཡིན་པ་དག་གིས་གནོད་པར་མྱི་ནུས་ཏེ། དེ་ལ་འཇིག་རྟེན་ན་ལྷའམ། བདུད་དམ་ཚངས་པ་འམ་གང་སུས་ཀྱང་ཆོས་དང་མཐུན་པར་
ཐུབ་པ་མྱེད་དེ། དེའི་སེམས་བྱང་ཆུབ་ཡིད་ལ་བྱེད་པ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་རྣམ་པར་འཁྲུག་པ་མྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དབང་པོ་འདི་ལྟ་སྟེ།
མྱིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་།
ཤེས་རབ་ཀྱི་དབང་པོ་དག་མ་ཚང་བར་མྱི་འགྱུར་རོ། །དེ་ནི་སྐྱེས་བུ་དམ་པར་འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པར་འགྱུར་ཞིང་སྐྱེས་བུ་
དམའ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་བྱང་ཆུབ་ཀྱི་སེམས་མྱི་འཁྲུག་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པར་འགྱུར་ཏེ། སྐྱེས་བུ་

དམའ་བ་མ་ཡིན་ནོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་ཞིང་། བུད་མྱེད་ཟེ་སློང་བ་དང་། དབང་དུ་འགྱུར་བའི་སྔགས་དང་། ཆོ་ག་གང་ཅི་ཡང་རུང་སྟེ། རྩི་དེ་དག་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མྱི་སྦྱོར་སྦྱོར་དུ་མྱི་འཇུག་སྟེ།
ཟེ་སློང་བའི་བག་གཞན་དང་གཞན་དག་ཀྱང་མྱི་བྱེད་དོ། །བུད་མྱེད་དམ་སྐྱེས་པ་གང་ཡང་རུང་སྟེ། དེ་དག་ལ་ཡོངས་སུ་བསྟན་པའི་ཆོ་འཕྲུལ་མྱི་བྱེད་དོ། །བུ་འམ་བུ་མོའི་རིགས་ཀྱི་ལྷ་ལྟ་བུ་ཡོད་པར་འགྱུར་རོ། །ཞེ་འམ། ཚེ་རིང་བར་འགྱུར་རོ། །
ཞེས་ཡོངས་སུ་སྟོན་པའི་ཆོ་འཕྲུལ་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་མཚན་མ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེས་མཚན་
མ་ཡང་དག་པར་རྗེས་སུ་མྱི་མཐོང་བས་འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་། ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་
འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པར་རིག་པར་བྱ་བའི་རྣམ་པ་དང་། ཚུལ་
དང་། མཚན་མ་དེ་དག་བསྟན་ཀྱིས་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་

སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ཏེ། ཕུང་པོའི་སྦྱོར་བ་ལ་རྗེས་
སུ་བརྩོན་པར་མྱི་གནས། ཁམས་ཀྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། སྐྱེ་མཆེད་ཀྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མྱི་གནས། རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་སོ། །དེ་ཅིའི་ཕྱིར་ཞེ་
ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཕུང་པོ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། ཁམས་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། སྐྱེ་མཆེད་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། རྟེན་ཅིང་འབྲེལ་བར་
འབྱུང་བ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། དེ་འདུ་འཛིའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་
བྱས་པ་ཡིན། དེ་རྒྱལ་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་བཟང་པོ་འམ། ངན་པར་ཡང་དག་པར་རྗེས་སུ་མྱི་མཐོང་
ངོ་། །དེ་རྐུན་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་ཆོས་གང་ལ་ཡང་བླང་བ་འམ། དེ་ཕྲོག་པ་ཡང་དག་པར་རྗེས་སུ་མྱི་
མཐོང་ངོ་། །དེ་གཡུལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཉུང་ངུ་འམ། མང་པོར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །

དམག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་པས་ཆོས་གང་ལ་ཡང་བྱམས་པ་འམ། ཞེ་སྡང་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །
གྲོང་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་ཚོགས་སམ། ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་
མཐོང་ངོ་། །གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་གཟུང་བ་འམ། མྱི་གཟུང་བར་ཡང་དག་
པར་རྗེས་སུ་མྱི་མཐོང་ངོ་། །གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཡང་དག་པའི་མཐའ་ལ་གནས་པས། ཆོས་གང་ཡང་འཕེལ་བ་འམ། འབྲི་བར་ཡང་དག་
པར་རྗེས་སུ་མྱི་མཐོང་ངོ་། །བདག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། སེམས་ཅན་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། སྲོག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་
བརྩོན་པར་མྱི་གནས། འགྲོ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། གསོ་བའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། སྐྱེས་བུའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་
མྱི་གནས། གང་ཟག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། ཤེད་ཅན་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། ཤེད་བདག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་

མྱི་གནས། བྱེད་པ་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། ཚོར་བ་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས། ཤེས་པ་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་
བ་ལ་བརྩོན་པར་མྱི་གནས། མཐོང་བ་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་ཏེ། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པའི་ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེར་སྣའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ངན་པའི་སྦྱོར་བ་དང་
རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འཁྲུག་པའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ལེ་ལོའི་སྦྱོར་བ་དང་རྗེས་སུ་
སྦྱོར་བ་ལ་བརྩོན་པར་མྱི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། གཡེང་བའི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་འཚལ་པའི་སྦྱོར་བ་དང་རྗེས་
སུ་སྦྱོར་བ་ལ་བརྩོན་པར་མྱི་གནས་སོ། །དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ཅིང་། ཆོས་འདོད་པ་ཡིན་གྱི་ཆོས་མྱི་འདོད་པ་མ་ཡིན། དེ་ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་། ཆོས་ཐ་དད་པའི་ལེགས་པ་བརྗོད་པ་ཡིན། དེ་སངས་རྒྱས་བཅོམ་
ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ་སེམས་པ་མ་ཡིན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཇི་སྙེད་པ་དེ་དག་ཀྱང་། བླ་ན་

མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་ཞིང་འགོད་དོ། །འདུལ་ལོ། །རབ་ཏུ་གཞོག་གོ། །དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་ཅིང་། བལྟ་བའི་ཕྱིར་
འཇིག་རྟེན་གྱི་ཁམས་གང་ན་བཞུགས་ཤིང་འཚོ་བ་དང་། སྐྱོང་བ་དེར་སྐྱེ་སྟེ། དེར་སྐྱེ་བར་འདོད་ཅིང་། འདི་ལྟར་སངས་རྒྱས་ཡིད་ལ་བྱ་བས་ཉིན་མཚན་དུ་རྣམ་པར་སྤྱོད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཕལ་ཆེར་འདོད་པའི་ཁམས་དང་ལྡན་པའི་ཡིད་ལ་བྱ་བ་བསྐྱེད་ཅིང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་རོ། །བསམ་གཏན་དང་
པོ་བསྐྱེད། བསམ་གཏན་གཉིས་པ་བསྐྱེད། བསམ་གཏན་གསུམ་པ་བསྐྱེད། བསམ་གཏན་བཞི་པ་བསྐྱེད། བྱམས་པ་བསྐྱེད། སྙིང་རྗེ་བསྐྱེད། དགའ་བ་བསྐྱེད། བཏང་སྙོམས་བསྐྱེད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་
སྙོམས་པར་འཇུག་པ་བསྐྱེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་
བསྐྱེད་ཅིང་། གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པར་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེར་སྐྱེས་དེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་།
མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ།

ནང་སྟོང་པ་ཉིད་ལ་གནས་པ་དང་། ཕྱི་སྟོང་པ་ཉིད་ལ་གནས་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་གནས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པ་དང་། ཆེན་པོ་སྟོང་པ་ཉིད་ལ་གནས་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་གནས་པ་དང་། འདུས་བྱས་སྟོང་པ་ཉིད་
ལ་གནས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་གནས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། རང་བཞིན་སྟོང་པ་ཉིད་ལ་གནས་པ་དང་། ཆོས་
ཐམས་ཅད་སྟོང་པ་ཉིད་ལ་གནས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་
གནས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་གནས་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པ་དང་། དབང་པོ་རྣམས་ལ་གནས་པ་དང་། སྟོབས་རྣམས་ལ་གནས་པ་དང་། བྱང་ཆུབ་ཀྱི་
ཡན་ལག་རྣམས་ལ་གནས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པ་དང་། འཕགས་པའི་བདེན་པ་རྣམས་ལ་གནས་པ་དང་། བསམ་གཏན་རྣམས་ལ་གནས་པ་དང་། ཚད་མྱེད་པ་རྣམས་ལ་གནས་པ་དང་། གཟུགས་མྱེད་
པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པ་དང་། རྣམ་པར་ཐར་པ་བརྒྱད་ལ་གནས་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་
པ་ལ་གནས་པ་དང་། མངོན་པར་ཤེས་པ་རྣམས་ལ་གནས་པ་དང་། ཏིང་ངེ་འཛིན་རྣམས་ལ་གནས་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་གནས་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས་པ་དང་། མྱི་འཇིགས་པ་རྣམས་ལ་གནས་

པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས་པ་དང་། བྱམས་པ་ཆེན་པོ་ལ་གནས་པ་དང་། སྙིང་རྗེ་ཆེན་པོ་ལ་གནས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གནས་པ་ནི་འདི་སྙམ་དུ་བདག་ནི་ཕྱིར་ལྡོག་པའམ། ཕྱིར་
མྱི་ལྡོག་པ་མ་ཡིན་ནོ་སྙམ་ཡང་མྱི་བྱེད་དེ། དེ་ཐེ་ཙོམ་མྱི་སྐྱེ་ཞིང་རང་གི་ས་ལ་ཡིད་གཉིས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཕྱིར་ལྡོག་པ་དང་། ཕྱིར་མྱི་ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །
རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་ཏུ་ཞུགས་པའི་སྐྱེས་བུ། རྒྱུན་ཏུ་ཞུགས་པའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །ལན་ཅིག་ཕྱིར་འོང་བ་ལན་ཅིག་ཕྱིར་འོང་བའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །
ཕྱིར་མྱི་འོང་བའི་ཕྱིར་མི་འོང་བའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །དགྲ་བཅོམ་པ་དགྲ་བཅོམ་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མི་ཟའོ། །རང་སངས་རྒྱས་རང་སངས་རྒྱས་ཀྱི་ས་ལ་
གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མྱི་ཟའོ། །ཡང་དག་པར་རྫོགས་པའི་སངས་རྒྱས། ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་གནས་པ་ཡང་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟ་ཞིང་དེ་ཕྱིར་མྱི་ལྡོག་
པའི་ས་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱོང་ངོ་། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་ཤེས་ཏེ། བདུད་ཀྱི་ལས་ཀྱི་དབང་དུ་ཡང་མྱི་འགྲོའོ། །བདུད་ཀྱི་ལས་དེ་

དག་ཐམས་ཅད་ཀྱང་རྣམ་པར་འཇོམ་ཞིང་སྲབ་མོར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚམས་མྱེད་པ་བྱེད་བྱེད་པའི་སྐྱེས་བུ་ནི་འཆི་ཀའི་བར་དུ་ཡང་མཚམས་མྱེད་པའི་སེམས་དང་མྱི་འབྲལ་ཞིང་། མཚམས་མྱེད་
པའི་སེམས་དེ་རྗེས་སུ་འབྲང་ངོ་། །མཚམས་མྱེད་པའི་སེམས་དེ་ཐབས་ཐམས་ཅད་ཀྱིས་ཀྱང་རྣམ་པར་གཞིལ་བར་མྱི་ནུས་ཏེ། ཀུན་ནས་ལྡང་བ་དེ་འཆི་ཀའི་བར་དུ་ཡང་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི། ཕྱིར་མྱི་ལྡོག་པའི་སེམས་ཀྱང་ཕྱིར་མྱི་ལྡོག་པའི་ས་ལ་གནས་པ་སྟེ། སེམས་དེ་རྣམ་པར་བརྟག་ཏུ་མྱེད་ཅིང་མྱི་སྒུལ་བས། དེ་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ས་ཕྱིར་བཟློག་
པར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་དེས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ། ཡང་དག་པའི་སྐྱོན་མྱེད་པ་ལ་ཞུགས་པས་དེ་རང་གི་ས་ལ་གནས་ཤིང་མངོན་པར་ཤེས་པ་རྣམས་ལ་ཕ་རོལ་
ཏུ་ཕྱིན་པའི་མཆོག་ཐོབ་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བ་དང་། དེ་དག་ལ་ཕྱག་བྱ་བ་དང་། ཆོས་མཉན་པའི་
ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཡང་འགྲོའོ། །སངས་རྒྱས་ཀྱི་ཞིང་དེ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་མང་པོ་ཡང་སྐྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཀུན་འདྲི་ཞིང་ཡོངས་སུ་
ཞུ་བ་བྱེད། བསྙེན་བཀུར་བར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པས་བདུད་ཀྱི་ལས་སྐྱེས་ཤིང་། བྱུང་བ་རྣམས་ཁོང་དུ་ཆུད་དེ། བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་གི་དབང་དུ་ཡང་མྱི་འགྲོའོ། །

བདུད་ཀྱི་ལས་དེ་དག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང་། དེ་རང་གི་ས་ལ་ནེམ་ནུར་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཡང་དག་པའི་མཐའ་ལ་ནེམ་ནུར་མྱེད་པས་ཡང་དག་པའི་མཐའ་ལ་
གཅིག་གམ་གཉིས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ཤེས་པས་དེ་ཚེ་འཕོས་ནས་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མྱི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ནི། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ཆོས་གང་ཡང་སྐྱེ་བ་འམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ཚེ་འཕོས་ནས་ཀྱང་འདི་སྙམ་དུ་བདག་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་འགྱུར་རོ་སྙམ་དུ་མྱི་བྱེད་དེ། གདོན་མྱི་ཟ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་དེ་ལྟར་གནས་པ་ནི། རང་གི་ས་ལ་ཐུབ་པ་མྱེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མྱི་འཕྲོགས་པའི་
ཡེ་ཤེས་དང་ལྡན་པ་ཡིན་ཏེ། རབ་འབྱོར་གལ་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ། བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་འདི་ཉིད་དུ་ཁྱོད་དགྲ་བཅོམ་

པ་ཐོབ་པར་གྱིས་ཤིག །ཁྱོད་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་གང་གིས་ཁྱོད་བླ་ན་མྱེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁྱོད་ཀྱིས་མ་ཐོབ་བོ། །རྣམ་པ་གང་དག་དང་། ཚུལ་གང་དག་དང་། མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་
ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་ཀྱང་ཁྱོད་ལ་མྱེད་དོ། །ཞེས་ཟེར་ཡང་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དེ་ཐོས་ནས།
མྱི་འཇུམ་མྱི་འགོང་ཞིང་དེའི་སེམས་གཞན་དུ་མྱི་འགྱུར་ལ་ཡིད་སྐྲག་པར་མྱི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་
གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཇི་ལྟར་ཆོས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་
པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོད་དོ་ཞེས་བྱ་བར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱི་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་སངས་རྒྱས་ཀྱི་ཆ་
བྱད་དུ་ཉེ་བར་འོངས་ནས། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལུང་བསྟན་ཀྱང་། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་ཡང་དག་པར་སྐུལ་བ་མྱི་མཛད་དེ། ཀྱེ་མ་འདི་ནི་བདུད་སྟིག་ཏོ་ཅན་ནམ། བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་
སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་སོ་སྙམ་དུ་སེམས་པ་དང་། གལ་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཀློག་པ་དང་། ཁ་ཏོན་བྱེད་བྱེད་པ་ལ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་
འོངས་ནས། དེ་ལ་འདི་སྐད་དུ་གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་བཤད་པ་ཡིན་ཏེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཟེར་ན། རབ་འབྱོར་
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཀྱེ་མ་གང་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་བྱེད་པ་འདི་ནི་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུའོ། །ཞེས་བྱ་བར་རིག་
པར་བྱེད་ན། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ཏེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་།
མཚན་མ་དེ་དག་ནི་དེ་ལ་ཡོད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་
སྡོད་ཅིང་ཆོས་དེ་ཡོངས་སུ་མྱི་གཏོང་ངོ་། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་འདི་ལྟར་བརྩོན་པར་བྱེད་དེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་ཞིང་དམ་པའི་ཆོས་ཡོངས་སུ་མྱི་གཏོང་བ་དེ་ལྟར་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། དམ་པའི་ཆོས་ཡོངས་སུ་བཟུང་ན་འདས་པ་དང་། མ་བྱོན་པ་
དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆོད་པར་འགྱུར། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་བར་འགྱུར་རོ་སྙམ་མོ། །དེ་ལ་ཆོས་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་
སུ་གཏོང་ཞིང་། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པའི་ཆོས་དེ་གང་ཞེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་སྟོང་ངོ་ཞེས་ཆོས་སྟོན་ཏེ། དེ་ལ་སྐྱེས་བུ་
བླུན་པོ་ལ་ལ་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་ནོ། །ཞེས་ཕྱིར་རྒོལ་ཞིང་ངན་དུ་རྗོད་དེ། རབ་འབྱོར་ཆོས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང་སྲོག་
ཡོངས་སུ་ཆད་པར་འགྱུར་ཡང་མྱི་གཏོང་ངོ་། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་བསླབ་པར་བྱ་སྟེ། གང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བ་དེ་དག་གི་ནང་དུ་བདག་ཀྱང་

གྲངས་སུ་གཞུག་གོ །བདག་ཀྱང་དེར་ལུང་བསྟན་ཏོ། །ཆོས་གང་གི་ཕྱིར་བདག་ཡོངས་སུ་གཏོང་བ་དང་། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་མྱི་གཏོང་བ་དེ་ཡང་བདག་གི་ཆོས་སོ་ཞེས་བསླབ་བོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་དོན་གྱི་དབང་འདི་མཐོང་བས། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པ་ཡིན་ཡང་སྡོད་པ་ཡིན