Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 023_འབུམ།_ཐ

Văn bản gốc(Tây Tạng)

Trang 7 / 22 (50.000 ký tự/trang)
ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་
བའི་ཚོར་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་
ཡིན་པ་དེ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལས་
བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་
བའི་ཚོར་བ་མ་ཡིན། སའི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། སའི་ཁམས་མ་ཡིན། ཆུའི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཆུའི་ཁམས་མ་ཡིན། མྱེའི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་
ནི་མྱེའི་ཁམས་མ་ཡིན། རླུང་གི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་ཡོངས་སུ་

གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན། མ་རིག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མ་རིག་པ་མ་ཡིན། འདུ་བྱེད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་ཡོངས་
སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན། མྱིང་དང་གཟུགས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱིང་དང་གཟུགས་མ་ཡིན། སྐྱེ་མཆེད་དྲུག་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྐྱེ་མཆེད་དྲུག་མ་ཡིན།
རེག་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རེག་པ་མ་ཡིན། ཚོར་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། སྲེད་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྲེད་པ་མ་ཡིན། ལེན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་
ཡིན་པ་དེ་ནི་ལེན་པ་མ་ཡིན། སྲིད་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྲིད་པ་མ་ཡིན། སྐྱེ་བ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྐྱེ་བ་མ་ཡིན། རྒ་ཤི་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྒ་ཤི་མ་ཡིན། སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་
པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ནང་སྟོང་པ་

ཉིད་མ་ཡིན། ཕྱི་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཕྱི་སྟོང་པ་ཉིད་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཕྱི་ནང་སྟོང་པ་ཉིད་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་
དུ་མྱེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། ཆེན་པོ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཆེན་པོ་སྟོང་པ་ཉིད་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་དོན་དམ་པ་སྟོང་པ་ཉིད་མ་ཡིན།
འདུས་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་འདུས་བྱས་སྟོང་པ་ཉིད་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་འདུས་མ་བྱས་སྟོང་པ་ཉིད་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་
གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་
གང་ཡིན་པ་དེ་ནི་དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན། རང་བཞིན་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རང་བཞིན་སྟོང་པ་ཉིད་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་མ་
ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་
ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་

པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི།
ཡང་དག་པར་སྤོང་བ་རྣམས་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། དབང་པོ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་དབང་པོ་རྣམས་མ་ཡིན། སྟོབས་རྣམས་
ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྟོབས་རྣམས་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་
པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་འཕགས་པའི་བདེན་པ་རྣམས་མ་ཡིན། བསམ་གཏན་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་
བསམ་གཏན་རྣམས་མ་ཡིན། ཚད་མྱེད་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཚད་མྱེད་པ་རྣམས་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། གཟུགས་མྱེད་པའི་སྙོམས་
པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་རྣམས་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མཐར་ཀྱིས་
གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མ་ཡིན། མངོན་

པར་ཤེས་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་མ་ཡིན། ཏིང་ངེ་འཛིན་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་མ་ཡིན། གཟུངས་ཀྱི་སྒོ་རྣམས་
ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། གཟུངས་ཀྱི་སྒོ་རྣམས་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན། མྱི་འཇིགས་པ་རྣམས་ཡོངས་སུ་
གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་མྱི་འཇིགས་པ་རྣམས་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། བྱམས་པ་ཆེན་པོ་ཡོངས་སུ་གཟུང་དུ་མྱེད་པ་གང་
ཡིན་པ་དེ་ནི་བྱམས་པ་ཆེན་པོ་མ་ཡིན། སྙིང་རྗེ་ཆེན་པོ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་
མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན།
ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུ་མ་ཡིན། དགྲ་བཅོམ་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་དགྲ་བཅོམ་པ་ཉིད་མ་ཡིན། རང་བྱང་ཆུབ་ཡོངས་སུ་གཟུང་དུ་མྱེད་པ་གང་
ཡིན་པ་དེ་ནི་རང་བྱང་ཆུབ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་དུ་མྱེད་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་གནས་འདི་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས།
ལེའུ་སུམ་ཅུ་བརྒྱད་དོ།། །།དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་རྣམ་པ་ནི་གང་ལགས། ཚུལ་ནི་གང་ལགས། མཚན་མ་ནི་གང་ལགས། ཇི་ལྟར་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མྱི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། དེ་བཞིན་གཤེགས་པའི་སར་བཤད་པ་དེ་དག་
ཐམས་ཅད་ཀྱང་དེ་བཞིན་ཉིད་ལ་འགྱུར་བ་མྱེད་ཅིང་། རྣམ་པར་རྟོག་པ་མྱེད་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དེ་ནི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་འཇུག་སྟེ། དེ་བཞིན་ཉིད་ལ་རྣམ་པར་མྱི་རྟོག་ཅིང་། དེ་ལྟར་རྣམ་པར་མི་རྟོག་པས་འཇུག་སྟེ། དེ་
ལྟར་ཞུགས་པ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཐོས་ན་ས་དེ་ལས་འདས་ཏེ། དེ་དག་དེ་བཞིན་ཉིད་ལ་རེ་རེ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་ཐེ་ཙོམ་ཟ་བ་གང་ཡང་མྱེད་དོ། །དེ་ནི་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ། དོན་དང་ལྡན་པར་སྨྲའི། དོན་དང་
མྱི་ལྡན་པར་སྨྲ་བ་མ་ཡིན། གཞན་གྱིས་བྱས་པ་དང་། མ་བྱས་པ་ལ་མྱི་ལྟ་ཞིང་ལེགས་པར་བརྗོད་པ་ཚོལ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་

ལྡོག་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་དང་། ཚུལ་གང་དང་། མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པར་རིག་པར་བགྱི། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མྱེད་པ་ཚུལ་མྱེད་པ། མཚན་མ་མྱེད་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ། ཚུལ་མ་མཆིས་པ། མཚན་མ་མ་མཆིས་པ་ལགས་ན།
ཆོས་གང་རྣམས་ལས་སླར་ལྡོག་པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་ཞེས་བསྟན་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་
ལས་ཕྱིར་ལྡོག་པ། ཚོར་བ་ལས་ཕྱིར་ལྡོག་པ། འདུ་ཤེས་ལས་ཕྱིར་ལྡོག་པ། འདུ་བྱེད་ལས་ཕྱིར་ལྡོག་པ། རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། མྱིག་ལས་ཕྱིར་ལྡོག་པ། རྣ་བ་ལས་ཕྱིར་ལྡོག་པ། སྣ་ལས་ཕྱིར་ལྡོག་པ། ལྕེ་ལས་ཕྱིར་ལྡོག་པ། ལུས་
ལས་ཕྱིར་ལྡོག་པ། ཡིད་ལས་ཕྱིར་ལྡོག་པ། གཟུགས་ལས་ཕྱིར་ལྡོག་པ། སྒྲ་ལས་ཕྱིར་ལྡོག་པ། དྲི་ལས་ཕྱིར་ལྡོག་པ། རོ་ལས་ཕྱིར་ལྡོག་པ། རེག་ལས་ཕྱིར་ལྡོག་པ། ཆོས་ལས་ཕྱིར་ལྡོག་པ། མྱིག་གི་རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། རྣ་
བའི་རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། སྣའི་རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། ལྕེའི་རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། ལུས་ཀྱི་རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། ཡིད་ཀྱི་རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། མྱིག་གི་
འདུས་ཏེ་རེག་པ་ལས་ཕྱིར་ལྡོག་པ། རྣ་བའི་འདུས་ཏེ་རེག་པ་ལས་ཕྱིར་ལྡོག་པ། སྣའི་འདུས་ཏེ་རེག་པ་ལས་ཕྱིར་ལྡོག་པ། ལྕེའི་འདུས་ཏེ་རེག་པ་ལས་ཕྱིར་ལྡོག་པ། ལུས་ཀྱི་འདུས་ཏེ་རེག་པ་ལས་ཕྱིར་ལྡོག་པ། ཡིད་ཀྱི་འདུས་ཏེ་རེག་པ་

ལས་ཕྱིར་ལྡོག་པ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལྡོག་པ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལྡོག་པ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལྡོག་པ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་
ལས་ཕྱིར་ལྡོག་པ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལྡོག་པ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཕྱིར་ལྡོག་པ། སའི་ཁམས་ལས་ཕྱིར་ལྡོག་པ། ཆུའི་ཁམས་ལས་ཕྱིར་ལྡོག་པ། མྱེའི་ཁམས་ལས་ཕྱིར་ལྡོག་པ།
རླུང་གི་ཁམས་ལས་ཕྱིར་ལྡོག་པ། ནམ་མཁའི་ཁམས་ལས་ཕྱིར་ལྡོག་པ། རྣམ་པར་ཤེས་པའི་ཁམས་ལས་ཕྱིར་ལྡོག་པ། མ་རིག་པ་ལས་ཕྱིར་ལྡོག་པ། འདུ་བྱེད་ལས་ཕྱིར་ལྡོག་པ། རྣམ་པར་ཤེས་པ་ལས་ཕྱིར་ལྡོག་པ། མྱིང་དང་གཟུགས་ལས་
ཕྱིར་ལྡོག་པ། སྐྱེ་མཆེད་དྲུག་ལས་ཕྱིར་ལྡོག་པ། རེག་པ་ལས་ཕྱིར་ལྡོག་པ། ཚོར་བ་ལས་ཕྱིར་ལྡོག་པ། སྲེད་པ་ལས་ཕྱིར་ལྡོག་པ། ལེན་པ་ལས་ཕྱིར་ལྡོག་པ། སྲིད་པ་ལས་ཕྱིར་ལྡོག་པ། སྐྱེ་བ་ལས་ཕྱིར་ལྡོག་པ། རྒ་ཤི་ལས་ཕྱིར་ལྡོག་པ། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལྡོག་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལྡོག་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལྡོག་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལྡོག་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལྡོག་པ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལྡོག་པ། ནང་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། ཕྱི་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། ཕྱི་ནང་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། སྟོང་པ་ཉིད་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། ཆེན་པོ་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། དོན་
དམ་པ་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། འདུས་བྱས་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། འདུས་མ་བྱས་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། མཐའ་ལས་འདས་པ་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། དོར་བ་མྱེད་པ་

སྟོང་པ་ཉིད་ལས་ཕྱིར་ལྡོག་པ། རང་བཞིན་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། མྱི་དམྱིགས་པ་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། དངོས་
པོ་མྱེད་པ་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། ངོ་བོ་ཉིད་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཕྱིར་ལྡོག་པ། དྲན་པ་ཉེ་བར་གཞག་པ་རྣམས་ལས་ཕྱིར་ལྡོག་པ། ཡང་དག་པར་སྤོང་བ་རྣམས་ལས་ཕྱིར་ལྡོག་པ། རྫུ་འཕྲུལ་
གྱི་རྐང་པ་རྣམས་ལས་ཕྱིར་ལྡོག་པ། དབང་པོ་རྣམས་ལས་ཕྱིར་ལྡོག་པ། སྟོབས་རྣམས་ལས་ཕྱིར་ལྡོག་པ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཕྱིར་ལྡོག་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཕྱིར་ལྡོག་པ། འཕགས་པའི་བདེན་པ་རྣམས་
ལས་ཕྱིར་ལྡོག་པ། བསམ་གཏན་རྣམས་ལས་ཕྱིར་ལྡོག་པ། ཚད་མྱེད་པ་རྣམས་ལས་ཕྱིར་ལྡོག་པ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལས་ཕྱིར་ལྡོག་པ། རྣམ་པར་ཐར་པ་བརྒྱད་ལས་ཕྱིར་ལྡོག་པ། མཐར་ཀྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་ལས་ཕྱིར་ལྡོག་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལས་ཕྱིར་ལྡོག་པ། མངོན་པར་ཤེས་པ་རྣམས་ལས་ཕྱིར་ལྡོག་པ། ཏིང་ངེ་འཛིན་རྣམས་ལས་ཕྱིར་ལྡོག་པ། གཟུངས་
ཀྱི་སྒོ་རྣམས་ལས་ཕྱིར་ལྡོག་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ཕྱིར་ལྡོག་པ། མྱི་འཇིགས་པ་བཞི་ལས་ཕྱིར་ལྡོག་པ། སོ་སོ་ཡང་དག་པར་རིག་པ་བཞི་ལས་ཕྱིར་ལྡོག་པ། བྱམས་པ་ཆེན་པོ་ལས་ཕྱིར་ལྡོག་པ། སྙིང་རྗེ་ཆེན་པོ་ལས་ཕྱིར་
ལྡོག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལས་ཕྱིར་ལྡོག་པ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཕྱིར་ལྡོག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཕྱིར་ལྡོག་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དེ་

ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་རབ་འབྱོར་དེ་ནི་འདི་ལྟར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་
ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུ་ཤེས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུ་བྱེད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིག་གི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་
འགྱུར་བའི་སྣའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་ངོ་བོ་ཉིད་མྱེད་དོ། །
གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྒྲའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དྲིའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་

རོའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རེག་གི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཆོས་ཀྱི་ངོ་བོ་ཉིད་
མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་རྣམ་པར་ཤེས་པའི་ངོ་བོ་
ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་རྣམ་པར་ཤེས་པའི་ངོ་བོ་
ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་
ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་འདུས་ཏེ་རེག་པའི་ངོ་བོ་
ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་འདུས་ཏེ་རེག་པའི་ངོ་བོ་
ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་འདུས་ཏེ་རེག་པའི་

ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་གནས་པར་འགྱུར་བའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཆུའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱེའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་
འགྱུར་བའི་རླུང་གི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་
ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མ་རིག་པའི་ངོ་བོ་ཉིད་མྱེད་དེ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུ་བྱེད་ཀྱི་ངོ་བོ་ཉིད་མྱེད་དོ། །

གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱིང་དང་གཟུགས་ཀྱི་ངོ་བོ་ཉིད་མྱེད་དོ། །
གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རེག་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚོར་བའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྲེད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་
འགྱུར་བའི་ལེན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྲིད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྐྱེ་བའི་ངོ་བོ་ཉིད་མྱེད་དོ། །
གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྒ་ཤིའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གནས་པར་འགྱུར་བའི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་
འགྱུར་བའི་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་
བའི་འདུས་མ་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་
ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་
བའི་རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་

བའི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དབང་པོ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོབས་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚད་མྱེད་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །
གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཐར་བ་བརྒྱད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་
པ་དགུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཚན་མ་མྱེད་པའི་ངོ་བོ་ཉིད་
མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྨོན་པ་མྱེད་པའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་
མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་
མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མི་འཇིགས་པ་བཞིའི་
ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སོ་སོ་ཡང་དག་པར་རིག་པ་བཞིའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བྱམས་པ་ཆེན་

པོའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གནས་པར་འགྱུར་བའི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱིར་མྱི་འོང་བའི་འབྲས་བུའི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རང་བྱང་ཆུབ་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་མྱེད་དོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་སྦྱོང་དང་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ། །ཡང་དག་པར་ལྟ་བ་གདགས་པ་འདོགས་སོ་ཞེས་འདི་ལས་ཕྱི་རོལ་པའི་
དགེ་སྦྱོང་དང་། བྲམ་ཟེ་གཞན་དག་གི་ངོར་མྱི་ལྟ་སྟེ། དེ་ནི་གནས་མྱེད་ཅིང་ཐེ་ཙོམ་མྱི་ཟའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མྱི་སྙེམས། ལྟ་བ་ངན་པར་མྱི་ལྟུང་། བཀྲ་ཤིས་དང་ལྟས་ཀྱིས་གཙང་མར་མྱི་འདོགས་ཏེ། ལྷ་གཞན་

ལ་ཕྱག་མྱི་འཚལ་ཞིང་། མེ་ཏོག་གམ། ཕྲེང་བ་འམ། སྤོས་སམ། བྱུག་པའམ། ཕྱེ་མ་འམ། གོས་སམ། གདུགས་སམ། རྒྱལ་མཚན་ནམ། བ་དན་དག་དེ་ལ་སྦྱིན་ཅིང་། བྱ་བར་མྱི་སེམས་ཏེ་རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་
དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མྱི་སྐྱེ། བྱོལ་སོང་
གི་སྐྱེ་གནས་སུ་མྱི་སྐྱེ། གཤིན་རྗེའི་འཇིག་རྟེན་དུ་མྱི་སྐྱེ། ལྷ་ཚེ་རིང་པོའི་ནང་དུ་མྱི་སྐྱེ། གང་ན་སྐྱེ་བོ་གླེན་ཞིང་ལྐུག་པ་དགེ་བའི་ཆོས་མྱི་སྤྱོད་པའི་ནང་དུ་མྱི་སྐྱེ། ཡུལ་མཐའ་འཁོབ་ཀྱི་སྐྱེ་བོ་མ་རུངས་པ་དང་། ཀླ་ཀློའི་ནང་དུ་མྱི་སྐྱེ།
ལོག་པར་ལྟ་བའི་རིགས་སུ་མྱི་སྐྱེ། གང་ན་སངས་རྒྱས་ཀྱི་སྒྲ་དང་ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་མྱི་གྲག་པ་དེར་མྱི་སྐྱེ་སྟེ། དེ་ལྟར་མྱི་ཁོམ་པ་བརྒྱད་པོ་འདི་དག་གི་ནང་དུ་མྱི་སྐྱེ་ཞིང་། བུད་མྱེད་དུ་འགྱུར་བ་ཡོངས་སུ་མྱི་འཛིན་ཏེ། རབ་
འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ཞིང་སྤྱོད་དེ། བདག་གིས་ཀྱང་སྲོག་གཅོད་པ་སྤངས་ཤིང་། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པ་
ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་ཤིང་། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། མ་བྱིན་

པར་ལེན་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་ཤིང་།
གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་
ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་ཤིང་། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་
དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཕྲ་མ་སྤངས་ཤིང་། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་
ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཞེ་གཅོད་པ་སྤངས་ཤིང་། གཞན་ཡང་ཞེ་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པ་སྤངས་པ་
དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཚིག་ཀྱལ་པ་སྨྲ་བ་སྤངས་ཤིང་། གཞན་ཡང་ཚིག་ཀྱལ་པ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཚིག་ཀྱལ་པ་སྨྲ་བ་སྤང་བའི་ལེགས་པ་རྗོད་པ་ཡིན། གཞན་
གང་གིས་ཚིག་ཀྱལ་པ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་ཤིང་། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཆགས་སེམས་སྤོང་བའི་

ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་ཤིང་། གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན།
གནོད་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་ཤིང་། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་
དག་པར་སྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་
དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྨྱི་ལམ་ན་ཡང་མྱི་དགེ་བ་བཅུའི་ལས་ཀྱི་ལམ་
མྱི་དམྱིགས་ན། སད་པ་ན་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་
ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ནམ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྦྱིན་པ་དེ་ཡོངས་སུ་གཏོང་ངོ་། །ནམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ།
སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཚུལ་ཁྲིམས་དེ་སྲུང་བར་བྱེད་དོ། །ནམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བཟོད་པ་དེ་སྒོམ་པར་བྱེད་དོ། །ནམ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་

ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བརྩོན་འགྲུས་དེ་རྩོམ་པར་བྱེད་དོ། །ནམ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསམ་གཏན་དེ་ལ་མཉམ་པར་གཞོག་གོ། །ནམ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཤེས་རབ་དེ་སྒོམ་པར་བྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་།
གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་དེ་དག་ཆོས་ཀྱི་སྦྱིན་པ་བྱ་བའི་དོན་དུ་ཀུན་ཆུབ་པར་བྱས་ནས། དེ་ཆོས་
ཀྱི་སྦྱིན་པ་དེ་ཡོངས་སུ་གཏོང་བའི་ཚེ། འདི་སྙམ་དུ་ཆོས་ཀྱི་སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བསམས་ནས། དེས་ཆོས་ཀྱི་སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་
ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཕྱིར་མྱི་ལྡོག་པར་རིག་པར་བྱའོ།། །།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཟབ་མོ་ལ་ནེམ་ནུར་མྱེད། ཐེ་ཙོམ་མྱེད་

ཡིད་གཉིས་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཟབ་མོ་ལ་ནེམ་ནུར་མ་མཆིས། ཐེ་ཙོམ་མ་མཆིས། ཡིད་གཉིས་མ་མཆིས་པ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོང་བ་མྱེད་དེ། གང་ལ་ནེམ་ནུར་རམ། ཡིད་གཉིས་སམ། ཐེ་ཙོམ་དུ་འགྱུར་བའི་
གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ། རོ་འམ། རེག་གམ། ཆོས་སམ། མྱིག་གི་
རྣམ་པར་ཤེས་པ་འམ། རྣ་བའི་རྣམ་པར་ཤེས་པ་འམ། སྣའི་རྣམ་པར་ཤེས་པ་འམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འམ། མྱིག་གི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པ་
འམ། སྣའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པ་འམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པའམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སྣའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ།
མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པ་འམ། ཚོར་བ་

འམ། སྲེད་པ་འམ། ལེན་པ་འམ། སྲིད་པ་འམ། སྐྱེ་བ་འམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་
པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་
སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ།
རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ། འཕགས་པའི་བདེན་པ་རྣམས་
སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། སྟོང་པ་ཉིད་དམ།
མཚན་མ་མྱེད་པ་འམ། སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་

པར་རིག་པ་རྣམས་སམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། དགྲ་བཅོམ་
པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལུས་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན། ངག་གི་ལས་འཇམ་པ་
དང་ལྡན་པ་ཡིན། ཡིད་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་
ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། བྱམས་པའི་ངག་གི་ལས་དང་ལྡན་པ་ཡིན། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་
དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་སྟེ། འདོད་པ་ལ་མོས་པ་
དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཙོམ་གྱི་སྒྲིབ་པ་ལྔ་པོ་འདི་དག་དང་ལྷན་ཅིག་ཏུ་མྱི་གནས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། བག་ལ་ཉལ་བ་ཐམས་ཅད་དུ་ཐམས་ཅད་མྱེད་དེ།
རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་
ཞིང་འོང་ཡང་ནོར་པའི་སེམས་ཀྱིས་མྱི་འགྲོ། ནོར་པའི་སེམས་ཀྱིས་མྱི་འོང་སྟེ། དེ་འགྲོ་བ་འམ་འོང་ན་ཡང་དྲན་པ་ཉེ་བར་གཞག་ཅིང་འགྲོ། དྲན་པ་ཉེ་བར་གཞག་ཅིང་འོང་སྟེ། དེ་དྲན་བཞིན་དུ་འགྲོ། དྲན་བཞིན་དུ་འོང་། དྲན་བཞིན་དུ་འཆག །དྲན་
བཞིན་དུ་སྡོད། དྲན་བཞིན་དུ་འདུག །དྲན་བཞིན་དུ་ཉལ་ཏེ། དེ་འཕྲལ་ལ་ས་ལས་རྐང་པ་མྱི་འདེག །འཕྲལ་ལ་ས་ལས་རྐང་པ་མྱི་འཇོག་སྟེ། དྲན་བཞིན་དུ་རྐང་པ་འདེག །དྲན་བཞིན་དུ་རྐང་པ་འཇོག་ཅིང་། དེ་སའི་ཕྱོགས་མཐོང་བཞིན་
དུ་འགྲོ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི་གོས་ཀྱི་ཚགས་ལ་སྨད་དུ་མྱེད་པ་ཡིན། རབ་འབྱོར་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཙང་སྦྲའི་སྤྱོད་པ་དང་ལྡན་ཏེ། གཙང་ཞིང་དྲི་ང་བ་མྱེད་ལ། རྡུལ་དང་དྲི་མ་དང་བྲལ་ཞིང་
ནད་ཉུང་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མྱིར་གྱུར་པ་རྣམས་ཀྱི་ལུས་

ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱ་ཅུ་ལུས་དེ་ཉིད་ལ་ཟ་བ་ཡོད་པ་དེ་དག་ཀྱང་། ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ལ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་
དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེའི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱ་ཅུ་པོ་དེ་དག་མྱེད་དེ། རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །ངག་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །སེམས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་ལགས། ངག་ཡོངས་སུ་དག་པ་ལགས། སེམས་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་གི་ལུས་དང་། ངག་དང་སེམས་མྱི་དྲང་བ་དང་། ལུས་དང་ངག་དང་སེམས་ཀྱི་གྱ་གྱུ་ཡོངས་སུ་བྱང་བར་འགྱུར་ཏེ། དེ་ཡང་དེ་ལྟ་དེ་ལྟར་ལུས་ཀྱི་ལེགས་

པར་སྤྱད་པ་རྣམ་གསུམ་སྤྱོད་དོ། །ངག་གིས་ལེགས་པར་སྤྱད་པ་རྣམ་བཞི་སྤྱོད་དོ། །ཡིད་ཀྱིས་ལེགས་པར་སྤྱད་པ་རྣམ་གསུམ་སྤྱོད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་། ངག་དང་
སེམས་ཡོངས་སུ་དག་པའོ། །དེ་ལུས་དང་ངག་དང་སེམས་ཡོངས་སུ་དག་པ་དེས། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདའ་ཡང་ཡང་དག་པའི་མཐའ་མངོན་དུ་མྱི་བྱེད་དེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ལུས་དང་ངག་དང་སེམས་ཡོངས་སུ་དག་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་
རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལྷུར་ལེན་པ་མ་ཡིན། བསོད་སྙོམས་ལྷུར་ལེན་པ་མ་ཡིན། ཕྱག་དར་
ཁྲོད་པ་ལྷུར་ལེན་པ་མ་ཡིན། སྟན་གཅིག་པ་ལྷུར་ལེན་པ་མ་ཡིན། བསོད་སྙོམས་ཕྱིས་མྱི་ལེན་པ་ལྷུར་ལེན་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལྷུར་ལེན་པ་མ་ཡིན། དགོན་པ་ལྷུར་ལེན་པ་མ་ཡིན། ཤིང་དྲུང་ལྷུར་ལེན་པ་མ་ཡིན།
བླ་གབ་མྱེད་པ་ལྷུར་ལེན་པ་མ་ཡིན། དུར་ཁྲོད་ལྷུར་ལེན་པ་མ་ཡིན། ཅོག་བུ་ལྷུར་ལེན་པ་མ་ཡིན། གནས་ཇི་བཞིན་ལྷུར་ལེན་པ་མ་ཡིན། ཆོས་གོས་གསུམ་པ་ལྷུར་ལེན་པ་མ་ཡིན་ཞིང་། དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་།
ཡང་དག་པར་བླངས་ཏེ་སྤྱོད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མྱི་

མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེར་སྣའི་སེམས་སྐྱེ་བ་མྱེད་དོ། །ཚུལ་ཁྲིམས་ངན་པའི་སེམས་སྐྱེ་བ་མྱེད་དོ། །འཁྲུག་པའི་སེམས་སྐྱེ་བ་མྱེད་དོ། །ལེ་ལོའི་སེམས་སྐྱེ་བ་མྱེད་དོ། །མཉམ་པར་མ་བཞག་
པའི་སེམས་སྐྱེ་བ་མྱེད་དོ། །ཤེས་རབ་འཆལ་པའི་སེམས་སྐྱེ་བ་མྱེད་དོ། །ཕྲག་དོག་གི་སེམས་སྐྱེ་བ་མྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་ནི་བློ་བརྟན་པ་ཡིན། བློ་ཟབ་པ་ཡིན། གུས་པར་གཞན་ལ་ཆོས་ཉན་པ་ཡིན། གཞན་ལས་ཆོས་གང་
ཅི་ཐོས་ཀྱང་། དེ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་སྒྲུབ་པ་ཡིན། འཇིག་རྟེན་པའི་བྱ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། ཆོས་ཉིད་ཀྱིས་ཡང་དག་པར་སྒྲུབ་ཅིང་། ཆོས་
གང་ཆོས་ཀྱི་དབྱིངས་དང་མྱི་འབྱོར་པ་དེ་ལྟ་བུ་གང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྱོར་པ་ཡང་དག་པར་རྗེས་སུ་མཐོང་བ་ཡིན་ཏེ། རབ་འབྱོར་དེ་དག་ནི་ཕྱིར་མྱི་ལྡོག་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མྱི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་དེ་ལ་གལ་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཏོ་ཅན་གྱིས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་
མངོན་དུ་སྤྲུལ་ནས། སེམས་ཅན་དམྱལ་བ་ཆེན་པོ་དེ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་

བྱེ་བ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་
བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བསྲེག་ཅིང་བཙོ་བ་དང་། མྱི་བཟད་པར་སྡུག་བསྔལ་བ་དང་། རྩུབ་པ་དང་། ཚ་བའི་ཚོར་བ་མྱོང་བར་མངོན་དུ་སྤྲུལ་ནས་བསྟན་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་དུ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འདི་དག་ནི་ཕྱིར་མྱི་ལྡོག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་ཡིན་ཏེ། སེམས་ཅན་དམྱལ་བ་ཆེན་པོ་འདིར་སྐྱེས་སོ། །ཁྱོད་ཀྱང་དེ་བཞིན་གཤེགས་པས་ཕྱིར་མྱི་ལྡོག་པར་ལུང་བསྟན་པ་ནི། སེམས་ཅན་དམྱལ་
བ་པར་ལུང་བསྟན་ཏེ། ད་དུང་ཡང་ཁྱོད་ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཐོངས་ཤིག་དང་། ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟར་བྱས་ན་ཁྱོད་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཁྲུག་ཅིང་ནེམ་ནུར་མྱེད་ཐེ་ཙོམ་མྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
དེ་དག་གིས་ཀྱང་ལུང་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མི་ལྡོག་པའི་ཁམས་སུ་གནས་པའོ། །རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་བརྒྱད་པ་སྟེ། ཕྱིར་མྱི་
ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་།

མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མྱི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱད་དུ་འོངས་ཏེ།
འདི་སྐད་དུ་གང་ཁྱོད་ཀྱིས་སྔོན་འདི་ལྟར་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤྱད་པར་བྱའོ། །འདི་ལྟར་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
སྦྱང་བར་བྱའོ། །འདི་ལྟར་བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
སྦྱང་བར་བྱའོ། །འདི་ལྟར་བདག་གིས་ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཕྱི་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྟོང་
པ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཆེན་པོ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་འདུས་བྱས་སྟོང་པ་ཉིད་ཡོངས་སུ་
སྦྱང་བར་བྱའོ། །འདི་ལྟར་བདག་གིས་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་
སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རང་བཞིན་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །

འདི་ལྟར་བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་
སྦྱང་བར་བྱའོ། །འདི་ལྟར་བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་
སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཡང་དག་པར་སྤོང་བ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དབང་པོ་རྣམས་ཡོངས་སུ་སྦྱང་བར་
བྱའོ། །འདི་ལྟར་བདག་གིས་སྟོབས་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་སྦྱང་བར་བྱའོ། །
འདི་ལྟར་བདག་གིས་འཕགས་པའི་བདེན་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བསམ་གཏན་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཚད་མྱེད་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་
གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྣམ་པར་ཐར་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་
སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཚན་མ་མྱེད་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྨོན་པ་མྱེད་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མངོན་པར་

ཤེས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཏིང་ངེ་འཛིན་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྟོབས་
རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མྱི་འཇིགས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བྱམས་པ་ཆེན་པོ་ཡོངས་
སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྙིང་རྗེ་ཆེན་པོ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་
སྦྱང་བར་བྱའོ། །འདི་ལྟར་བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་ནས་ཐོས་པར་གྱུར་པ་དེ་ཤོགས་ཤིག །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་
ཐོས་དང་བཅས་པ་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དེ་དག་ཀྱང་སོ་སོར་ཤོགས་ཤིག་ཐོངས་ཤིག །གང་ཁྱོད་ཀྱིས་
ཐོས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དེ་ནི་རང་བཟོར་བྱས་པའོ། །གང་ངས་བཤད་པ་ནི་སངས་རྒྱས་ཀྱི་བཀའ་སྟེ། དེ་བཞིན་གཤེགས་པས་གསུངས་པའོ། །

ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་ཅིང་ནེམ་ནུར་བྱེད་ལ། ཐེ་ཙོམ་ཟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་མ་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་མ་ངེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མྱི་ལྡོག་པའི་ཁམས་སུ་གནས་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་མི་འཁྲུག་ཅིང་། ནེམ་ནུར་མྱི་བྱེད། ཐེ་ཙོམ་མྱི་ཟ་ལ། ཆོས་ཉིད་ལ་རྟེན་ཅིང་མངོན་པར་འདུ་མ་བྱས་པ་དང་། མ་སྐྱེས་པ་ལ་རྟེན་ཏེ། གཞན་ལ་ཡིད་ཆེས་པར་མྱི་འགྲོ་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་
དྲིང་མྱི་འཇོག །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་
གྱི་དྲིང་མྱི་འཇོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མྱི་འཇོག །ནང་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ཕྱི་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ཕྱི་ནང་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །སྟོང་པ་ཉིད་སྟོང་པ་ཉིད་ལ་གཞན་
གྱི་དྲིང་མྱི་འཇོག །ཆེན་པོ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །དོན་དམ་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །འདུས་བྱས་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །འདུས་མ་བྱས་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །མཐའ་ལས་འདས་
པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །དོར་བ་མྱེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །རང་བཞིན་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ཆོས་ཐམས་ཅད་སྟོང་པ་

པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །རང་གི་མཚན་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །མྱི་དམྱིགས་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །ངོ་བོ་ཉིད་སྟོང་པ་ཉིད་ལ་གཞན་གྱི་
དྲིང་མྱི་འཇོག །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །དྲན་པ་ཉེ་བར་གཞག་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །ཡང་དག་པར་སྤོང་བ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གཞན་
གྱི་དྲིང་མྱི་འཇོག །དབང་པོ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །སྟོབས་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གཞན་གྱི་དྲིང་མི་འཇོག །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གཞན་གྱི་དྲིང་མྱི་འཇོག །
འཕགས་པའི་བདེན་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །བསམ་གཏན་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །ཚད་མྱེད་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །རྣམ་
པར་ཐར་པ་བརྒྱད་ལ་གཞན་གྱི་དྲིང་མྱི་འཇོག །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གཞན་གྱི་དྲིང་མྱི་འཇོག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གཞན་གྱི་དྲིང་མྱི་འཇོག །
མངོན་པར་ཤེས་པ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །ཏིང་ངེ་འཛིན་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །གཟུངས་ཀྱི་སྒོ་རྣམས་ལ་གཞན་གྱི་དྲིང་མྱི་འཇོག །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གཞན་གྱི་དྲིང་མྱི་འཇོག །མྱི་འཇིགས་
པ་བཞི་ལ་གཞན་གྱི་དྲིང་མྱི་འཇོག །སོ་སོ་ཡང་དག་པར་རིག་པ་བཞི་ལ་གཞན་གྱི་དྲིང་མྱི་འཇོག །བྱམས་པ་ཆེན་པོ་ལ་གཞན་གྱི་དྲིང་མྱི་འཇོག །སྙིང་རྗེ་ཆེན་པོ་ལ་གཞན་གྱི་དྲིང་མྱི་འཇོག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་

གཞན་གྱི་དྲིང་མྱི་འཇོག །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གཞན་གྱི་དྲིང་མྱི་འཇོག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་མྱི་འཇོག །ཕྱིར་མྱི་འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་མྱི་འཇོག །དགྲ་བཅོམ་
པ་ཉིད་ལ་གཞན་གྱི་དྲིང་མྱི་འཇོག །རང་བྱང་ཆུབ་ལ་གཞན་གྱི་དྲིང་མྱི་འཇོག །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞན་གྱི་དྲིང་མྱི་འཇོག་པ་དང་། འདི་ལྟར་དཔེར་ན། དགྲ་བཅོམ་པ་ཟག་པ་ཟད་པ་ནི་གཞན་ལ་ཡིད་ཆེས་
བས་མྱི་འགྲོ་ཞིང་ཆོས་ཉིད་མངོན་དུ་གྱུར་པས་བདུད་སྡིག་ཏོ་ཅན་གྱིས་མྱི་འཕྲོགས་པ་ཡིན། རབ་འབྱོར་དེ་བཞིན་དུ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་
རྣམས་ཀྱིས་མྱི་ཐུབ་པ་ཡིན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མྱི་ལྡོག་པའི་ཆོས་ཅན་ཡིན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མྱི་ལྡོག་པའི་ཁམས་སུ་གནས་ཤིང་།
གཞན་གྱི་དྲིང་མྱི་འཇོག་པ་ཡིན། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མྱི་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་
མྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མྱེད་དོ། །བདུད་སྡིག་ཏོ་ཅན་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །མུ་སྟེགས་ཅན་དང་།
ཀུན་ཏུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ་གཟུགས་

ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་འམ་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་སམ་འདུ་ཤེས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་དམ། འདུ་བྱེད་ཀྱི་དེ་བཞིན་
ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པའམ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གམ་མྱིག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བ་འམ་རྣ་བའི་དེ་བཞིན་ཉིད་ཡང་དག་
པར་རྗེས་སུ་མྱི་མཐོང་ངོ་། །སྣ་འམ་སྣའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེ་འམ་ལྕེའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་སམ་ལུས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་དམ་
ཡིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་སམ་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྒྲ་འམ་སྒྲའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དྲི་འམ་དྲིའི་དེ་བཞིན་ཉིད་ཡང་དག་པར་
རྗེས་སུ་མྱི་མཐོང་ངོ་། །རོ་འམ་རོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་གམ་རེག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཆོས་སམ་ཆོས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱིག་གི་རྣམ་
པར་ཤེས་པའམ་མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པའམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་རྣམ་པར་ཤེས་པའམ།
སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པའམ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པའམ། ལུས་ཀྱི་རྣམ་པར་ཤེས་

པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པའམ་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིག་གི་འདུས་ཏེ་རེག་པའམ། མྱིག་གི་འདུས་ཏེ་རེག་
པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའམ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་
མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་
འམ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་
ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མ