Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 022_འབུམ།_ཏ
Văn bản gốc(Tây Tạng)
Trang 7 / 21 (50.000 ký tự/trang)
ིགས་པར་ལྟ་ག་ལ་འགྱུར། འདུ་བྱེད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣ་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེ་ཡོད་པ་འམ་ དམྱིགས་པར་ལྟ་ག་ལ་འགྱུར། ལུས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། གཟུགས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྒྲ་ཡོད་པ་འམ་དམྱིགས་པར་ལྟ་ག་ ལ་འགྱུར། དྲི་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རོ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རེག་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཆོས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་གི་ རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣ་བའི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣའི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེའི་རྣམ་པར་ཤེས་པ་ཡོད་པ་འམ་ དམྱིགས་པར་ལྟ་ག་ལ་འགྱུར། ལུས་ཀྱི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་གི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་ འགྱུར། རྣ་བའི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣའི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེའི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལུས་ཀྱི་འདུས་ ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡིད་ཀྱི་འདུས་ཏེ་རེག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པའམ་དམྱིགས་པར་ལྟ་ག་ལ་འགྱུར། རྣ་བའི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་ པར་ལྟ་ག་ལ་འགྱུར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སའི་ཁམས་ཡོད་པ་འམ་ དམྱིགས་པར་ལྟ་ག་ལ་འགྱུར། ཆུའི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱེའི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རླུང་གི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ནམ་མཁའི་ཁམས་ཡོད་ པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཤེས་པའི་ཁམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མ་རིག་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུ་བྱེད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཤེས་པ་ ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱིང་དང་གཟུགས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྐྱེ་མཆེད་དྲུག་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རེག་པ་ཡོད་པའམ་དམྱིགས་པར་ལྟ་ག་ལ་འགྱུར། ཚོར་བ་ཡོད་ པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྲེད་པ་ཡོད་པ་འམ་དམིགས་པར་ལྟ་ག་ལ་འགྱུར། ལེན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྲིད་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྐྱེ་བ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་ འགྱུར། རྒ་ཤི་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ནང་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཕྱི་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཕྱི་ནང་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ ག་ལ་འགྱུར། སྟོང་པ་ཉིད་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཆེན་པོ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དོན་དམ་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུས་བྱས་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འདུས་མ་བྱས་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མཐའ་ལས་འདས་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཐོག་མ་དང་ཐ་མ་མྱེད་པ་སྟོང་ པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དོར་བ་མྱེད་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རང་བཞིན་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཆོས་ཐམས་ཅད་སྟོང་པ་ཉིད་ཡོད་པ་འམ་ དམྱིགས་པར་ལྟ་ག་ལ་འགྱུར། རང་གི་མཚན་ཉིད་སྟོང་པ་ཉིད་ཡོད་པའམ་དམྱིགས་པར་ལྟ་ག་ལ་འགྱུར། མྱི་དམྱིགས་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ ལྟ་ག་ལ་འགྱུར། ངོ་བོ་ཉིད་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དྲན་པ་ཉེ་བར་གཞག་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ ག་ལ་འགྱུར། ཡང་དག་པར་སྤོང་བ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དབང་པོ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྟོབས་ རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། འཕགས་པའི་བདེན་ པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། བསམ་གཏན་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཚད་མྱེད་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་པ་འམ་ དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཐར་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མངོན་པར་ཤེས་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཏིང་ངེ་འཛིན་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། གཟུངས་ཀྱི་སྒོ་ རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། མྱི་འཇིགས་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སོ་སོ་ཡང་དག་པར་རིག་ པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སྙིང་རྗེ་ཆེན་པོ་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ཐམས་ཅད་ཤེས་པ་ཉིད་ཡོད་ པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་པ་འམ་དམྱིགས་པར་ལྟ་ག་ལ་འགྱུར།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བརྒྱད་པ། རབ་འབྱོར་གཞན་ཡང་སེམས་ཅན་གང་ཇི་སྙེད་ཅིག་གདགས་པས་གདགས་སུ་ཡོད་པ། གཟུགས་ཡོད་པ་འམ་གཟུགས་མྱེད་པའམ་ འདུ་ཤེས་ཡོད་པ་འམ་འདུ་ཤེས་མྱེད་པའམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མྱེད་པ་ཡང་མ་ཡིན་པ་འཇིག་རྟེན་གྱི་ཁམས་འདི་དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་གིས་ཡང་རུང་སྟེ། དེ་དག་ གི་སེམས་བསྡུས་པ་དང་། སྤྲོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་སེམས་བསྡུས་པ་དང་སྤྲོས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་ པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གསོལ་པ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ཆོས་ཉིད་གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཆོས་གང་ལ་ཆོས་ཉིད་ཀྱང་མྱི་དམྱིགས་ ན། སེམས་བསྡུས་པ་དང་སྤྲོས་པ་ལྟ་སྨོས་ཀྱང་མྱི་སྨོས་པའི་ཆོས་ཉིད་དེས། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་མྱི་ཟད་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་མི་ཟད་པའི་རྣམ་པར་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་ཟད་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་ སེམས་བསྡུས་པ་དང་སྤྲོས་པ་ནི་འདོད་ཆགས་དང་བྲལ་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་ དང་སྤྲོས་པ་ནི་འགོག་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་སྤོང་བའི་རྣམ་ པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་ཞི་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་དབེན་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། འདོད་ཆགས་དང་བྲལ་བའི་སེམས་ལ་འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་ པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བྲལ་བའི་སེམས་ལ་ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་བཅས་པའི་སེམས་ཤེས་ བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བྲལ་བའི་སེམས་ལ་གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་པ་ལགས། ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་བཅས་པའི་སེམས་ ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་འདོད་ཆགས་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམྱིགས་སུ་མྱེད་དོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམྱིགས་སུ་མྱེད་ན། འདོད་ཆགས་དང་བཅས་པ་འམ། འདོད་ཆགས་དང་བྲལ་བའི་སེམས་ དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་ཞེ་སྡང་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམྱིགས་སུ་མྱེད་དེ། སེམས་ལས་བྱུང་ བའི་ཆོས་རྣམས་ཀྱང་དམྱིགས་སུ་མྱེད་ན། སེམས་ཞེ་སྡང་དང་བཅས་པ་འམ། ཞེ་སྡང་དང་བྲལ་བའི་སེམས་དམྱིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་གཏི་མུག་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམྱིགས་སུ་མྱེད་དེ། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམྱིགས་སུ་མྱེད་ན། གཏི་མུག་དང་བཅས་པ་འམ། གཏི་མུག་དང་བྲལ་བའི་སེམས་དམྱིགས་པ་ལྟ་ ཅི་ཞིག་སྨོས། དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ་ཞེ་སྡང་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ་གཏི་མུག་དང་བཅས་པའི་སེམས་ཤེས་བྱ་བར་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་ཅེ་ན། རབ་འབྱོར་སེམས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་སེམས་ཀྱི་འདོད་ཆགས་དང་བཅས་པ་ཉིད་མ་ཡིན། འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་ འགྲོགས་ཤིང་ཕྲད་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ། འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་ཞེ་སྡང་དང་བྲལ་བ་ལ་ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཞེ་སྡང་དང་བྲལ་བ་གང་ཡིན་པ་དེ་ནི། སེམས་ ཀྱི་ཞེ་སྡང་དང་བཅས་པ་ཉིད་མ་ཡིན། ཞེ་སྡང་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་འགྲོགས་ཤིང་ཕྲད་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་ཞེ་སྡང་དང་ བྲལ་བ་ལ་ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ་གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་གཏི་མུག་དང་བྲལ་བ་གང་ཡིན་པ་དེ་ནི། སེམས་ཀྱི་གཏི་མུག་དང་བཅས་པ་ཉིད་མ་ཡིན། གཏི་མུག་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་ འགྲོགས་ཤིང་ཕྲད་པ་མྱེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ་གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་ འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་དེ་རྒྱ་ཆེ་བར་མྱི་འགྱུར། སེམས་དེ་རྒྱ་ཆུང་བར་མྱི་འགྱུར། སེམས་དེ་འཕེལ་བར་མྱི་འགྱུར། སེམས་དེ་ འགྲིབ་པར་མྱི་འགྱུར། སེམས་དེ་འོང་བར་མྱི་འགྱུར། སེམས་དེ་འགྲོ་བར་མྱི་འགྱུར་ཏེ། སེམས་དེ་དངོས་པོ་མྱེད་པས་རྒྱ་ཆེ་བར་འགྱུར་བ་མ་ཡིན། རྒྱ་ཆུང་བར་འགྱུར་བ་མ་ཡིན། འཕེལ་བར་འགྱུར་བ་མ་ཡིན། འགྲིབ་པར་འགྱུར་བ་མ་ཡིན། འོང་བར་འགྱུར་བ་མ་ཡིན། འགྲོ་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ལ་གང་གིས་རྒྱ་ཆེན་པོ་ར་འགྱུར་བ་འམ། རྒྱ་ཆུང་ངུར་འགྱུར་བ་འམ། འཕེལ་བར་འགྱུར་བའམ། འགྲིབ་པར་འགྱུར་བ་འམ། འོང་བར་འགྱུར་བ་འམ། འགྲོ་བར་འགྱུར་བའི་ངོ་བོ་ཉིད་མྱེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་ འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་ལ་འོང་བ་མྱི་ གཟིགས་སོ། །འགྲོ་བ་མྱི་གཟིགས་སོ། །སྐྱེ་བ་མྱི་གཟིགས་སོ། །འགག་པ་མྱི་གཟིགས་སོ། །གནས་པ་མྱི་གཟིགས་སོ། །གནས་པ་ལས་གཞན་དུ་འགྱུར་བ་མྱི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་དེ་ལ་གང་འོང་བར་འགྱུར་ བ་འམ། འགྲོ་བར་འགྱུར་བ་འམ། སྐྱེ་བར་འགྱུར་བ་འམ། འགག་པར་འགྱུར་བ་འམ། གནས་པར་འགྱུར་བའམ། གནས་པ་ལས་གཞན་དུ་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་མྱེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་ མྱེད་པ་ལ་སེམས་ཚད་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མྱེད་པ་ལ་སེམས་ཚད་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱིས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་དེ་གནས་པར་ཡང་དག་པར་རྗེས་སུ་མྱི་གཟིགས། རྣམ་པར་གནས་པར་ཡང་དག་པར་རྗེས་སུ་མྱི་གཟིགས། ཡོངས་སུ་གནས་པར་ཡང་དག་པར་རྗེས་སུ་མྱི་གཟིགས། ཉེ་ བར་གནས་པར་ཡང་དག་པར་རྗེས་སུ་མྱི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཀྱི་རྒྱུད་ནི་རྟེན་མྱེད་ཅིང་ཚད་མྱེད་པ་སྟེ། སེམས་ཀྱི་རྒྱུད་དེ་དག་ལ་གང་ལ་གནས་པར་བྱ་བའི་རྟེན་མྱེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མྱེད་པ་ལ་སེམས་ཚད་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་བསྟན་ ཏུ་མྱེད་པ་ལ་སེམས་བསྟན་ཏུ་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་བསྟན་ཏུ་མྱེད་པ་ལ་སེམས་བསྟན་ཏུ་མྱེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱིས་མཚན་ཉིད་མྱེད་པའི་སེམས་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མཚན་ཉིད་མྱེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བསྟན་ཏུ་མྱེད་པ་ལ་བསྟན་ཏུ་མྱེད་པའི་སེམས་ ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་ དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མྱེད་པ་ལ་བལྟར་མྱེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མྱེད་པ་ལ་བལྟར་མྱེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་ གཤེགས་པའི་སྤྱན་ལྔ་ལ་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་དག་སྣང་བར་མྱི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མྱེད་པ་ལ་བལྟར་མྱེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་བ་དང་འདུ་བ་དང་བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་ བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་ པོ་དེ་དག་གི་སེམས་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་པ་གང་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བ་དེ་དག་ཐམས་ཅད་ཀྱང་། གཟུགས་ལ་བརྟེན། ཚོར་བ་ལ་བརྟེན། འདུ་ཤེས་ལ་བརྟེན། འདུ་བྱེད་ལ་བརྟེན། རྣམ་པར་ ཤེས་པ་ལ་བརྟེན་པས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བར་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་དེ་དག་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་དེ་དག་གི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམས་འདི་ལྟར་རབ་ཏུ་མཁྱེན་ཏེ། བདག་ དང་འཇིག་རྟེན་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་མྱི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། ། དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་རྟག་ཀྱང་རྟག་ལ། མྱི་རྟག་ཀྱང་མྱི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པ་འོ། །དེ་ནི་འདུ་ ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་རྟག་པ་ཡང་མ་ཡིན་མྱི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་ དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་མྱི་ ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། ། བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མྱི་ལྡན་པ་ཡང་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་ བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མྱི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་ བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །ལུས་དེ་སྲོག་དང་ལྡན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་ བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་ པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་ དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་གྲོངས་ནས་མྱེད་ཅེས་བྱ་བ་དང་། དེ་བཞིན་ གཤེགས་པ་གྲོངས་ནས་ཡོད་ཀྱང་ཡོད་ལ་མྱེད་ཀྱང་མྱེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པར་འགྱུར་བ་ཡང་མ་ཡིན་མྱེད་པར་འགྱུར་བ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི་གཞན་ནི་དོན་མྱེད་པའོ་ཞེས་བྱ་བ་དེ་ནི། གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ལ་གནས་པའོ། །དེ་ནི་འདུ་ཤེས་ལ་གནས་པའོ། །དེ་ནི་འདུ་བྱེད་ལ་གནས་པའོ། །དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བར་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་ པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། གཟུགས་མཁྱེན་ཏོ། །གཟུགས་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ་མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །ཚོར་བ་མཁྱེན་ཏོ། །ཚོར་བ་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་ བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ་མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །འདུ་ཤེས་མཁྱེན་ཏོ། །འདུ་ཤེས་ཅི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ། མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །འདུ་བྱེད་མཁྱེན་ཏོ། །འདུ་བྱེད་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་ དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་། རྣམ་པར་རྟོག་པ་མྱེད་ལ་མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །རྣམ་པར་ཤེས་པ་མཁྱེན་ཏོ། །རྣམ་པར་ཤེས་པ་ཇི་ལྟར་མཁྱེན་ ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་ལ། མཚན་མ་མྱེད་ཅིང་བྱེད་པ་མྱེད་དེ། སྤྲོས་པ་མྱེད་ཅིང་དམྱིགས་སུ་མྱེད་པ་དེ་ལྟར་མཁྱེན་ཏོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམས་ཀྱང་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །མ་ནོར་བ་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ དུ་མཁྱེན་ཏོ། །འགྱུར་བ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །རྣམ་པར་རྟོག་པ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །མཚན་མ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །བྱེད་པ་མྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །སྤྲོས་པ་མྱེད་པ་ཇི་ལྟ་བ་ དེ་བཞིན་དུ་མཁྱེན་ཏོ། །དམྱིགས་སུ་མྱེད་པ་ཇི་ལྟ་བུ་དེ་བཞིན་དུ་མཁྱེན་ཏོ། །དེ་ལྟར་ན་འཕྲོ་བ་དང་། འདུ་བ་དང་བཀྲམ་པ་དང་། བཅུམ་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོའི་དེ་བཞིན་ཉིད་དོ། །ཕུང་པོའི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི་སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ། །སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཁམས་ཀྱི་དེ་བཞིན་ཉིད་དོ། །ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་ ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི་བསམ་གཏན་བཞིའི་དེ་བཞིན་ཉིད་དོ། །བསམ་གཏན་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཚད་མྱེད་པ་བཞིའི་དེ་བཞིན་ཉིད་དོ། །ཚད་མྱེད་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གཟུགས་མྱེད་པའི་སྙོམས་ པར་འཇུག་པ་བཞིའི་དེ་བཞིན་ཉིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་ལྔའི་དེ་བཞིན་ཉིད་དོ། །མངོན་པར་ཤེས་པ་ལྔའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་ བརྒྱད་ཀྱི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་གང་ཡིན་པ་ དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མྱི་འཇིགས་པ་བཞིའི་དེ་བཞིན་ཉིད་དོ། །མྱི་འཇིགས་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སོ་སོ་ཡང་དག་ པར་རིག་པ་བཞིའི་དེ་བཞིན་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་དོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དོ། ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །མྱི་དགེ་བའི་ཆོས་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འཇིག་རྟེན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འཇིག་རྟེན་ལས་འདས་ པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཟག་པ་མྱེད་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། ། ཟག་པ་མྱེད་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དོ། །རྒྱུན་ཏུ་ ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། ། ཕྱིར་མྱི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་ཉིད་དེ་ཐ་མྱི་དད་པའི་དེ་བཞིན་ཉིད་དོ། །ཐ་མྱི་དད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མྱི་ཟད་པ་སྟེ། མྱི་ཟད་པའི་ཕྱིར་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རབ་འབྱོར་ དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའོ། །རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་ པ་སྐྱེད་པའོ། །འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །དེ་བཞིན་ཉིད་དེ་ས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ ཉིད་དེས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་བརྗོད་ཅིང་སྨོས་སོ། །བཅོམ་ལྡན་འདས་སླར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་རྣམས་དང་ དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་མ་གཏོགས་པར་སུ་ཞིག་འདི་ལ་མོས་པར་འགྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་དེ་དག་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་གསུངས་པ་ནི་ཤིན་ཏུ་ཟབ་བོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་ཉིད་ནི་མྱི་ཟད་པ་སྟེ། ཅིའི་ཕྱིར་མྱི་ཟད་ཅེ་ན། ཆོས་ཐམས་ཅད་མྱི་ཟད་པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་ཉིད་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་གསུངས་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་གཉིས་སོ།། །།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་ གང་ཇི་སྙེད་པ་དེ་དག་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས་མངོན་པར་འཐོར་ཞིང་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་ འཁོད་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་གང་ཇི་སྙེད་པ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་ན། བཅོམ་ལྡན་འདས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ནི་མཚན་མ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སྨོན་པ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི། མངོན་ པར་འདུ་བྱ་བ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སྐྱེ་བ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་འགག་པ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཉོན་མོངས་པ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་རྣམ་པར་བྱང་བ་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དངོས་པོ་མྱེད་པའི་མཚན་ ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ངོ་བོ་ཉིད་མྱེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ནི་མྱི་གནས་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ནམ་མཁའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་མཚན་ཉིད་དེ་ལྟ་བུ་ཡིན་ཡང་དེ་བཞིན་ གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་སྩལ་ཏེ། དོན་དམ་པར་ནི་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གཞན་དུ་བྱ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་ དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་དེར་ཟད་དེ། ལྷའི་བུ་དག་མཚན་ཉིད་ནི་མཚན་ཉིད་གཞན་དུ་མྱི་བྱེད་དོ། །མཚན་ཉིད་ནི་མཚན་ཉིད་ཤེས་པར་མྱི་བྱེད་དོ། །མཚན་ཉིད་ནི་མཚན་ཉིད་མྱེད་པ་ཤེས་ པར་མྱི་བྱེད་དོ། །མཚན་ཉིད་མྱེད་པ་ནི་མཚན་ཉིད་མྱེད་པ་ཤེས་པར་མྱི་བྱེད་དོ། །དེ་ལྟར་མཚན་ཉིད་དང་། མཚན་ཉིད་མྱེད་པ་དང་། མཚན་ཉིད་ཡོད་པ་དང་། མཚན་ཉིད་མྱེད་པ་དེ་གཉིས་ཀ་ལ་ཡང་གང་གིས་ཤེས་པར་བྱ་བ་དང་། གང་ཤེས་ པར་བྱ་བ་དང་། གང་ཤེས་པར་བྱེད་པ་དེ་ལྟ་བུ་མྱི་སྲིད་དོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་གཟུགས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཚོར་བས་འདུས་བྱས་པ་མ་ཡིན་ནོ། །འདུ་ཤེས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །འདུ་བྱེད་ཀྱིས་འདུས་བྱས་ པ་མ་ཡིན་ནོ། །རྣམ་པར་ཤེས་པས་འདུས་བྱས་པ་མ་ཡིན་ནོ། །ཁམས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །སྐྱེ་མཆེད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བས་འདུས་བྱས་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ འདུས་བྱས་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱིས་འདུས་ བྱས་པ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ ནོ། །འདུས་མ་བྱས་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་འདུས་བྱས་པ་ མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ ཀྱིས་འདུས་བྱས་པ་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པས་འདུས་ བྱས་པ་མ་ཡིན་ནོ། །ཡང་དག་པར་སྤོང་བས་འདུས་བྱས་པ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པས་འདུས་བྱས་པ་མ་ཡིན་ནོ། །དབང་པོས་འདུས་བྱས་པ་མ་ཡིན་ནོ། །སྟོབས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་གིས་འདུས་བྱས་པ་མ་ཡིན་ ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པས་འདུས་བྱས་པ་མ་ཡིན་ནོ། །འཕགས་པའི་བདེན་པས་འདུས་བྱས་པ་མ་ཡིན་ནོ། །བསམ་གཏན་གྱིས་འདུས་བྱས་པ་མ་ཡིན་ནོ། །ཚད་མྱེད་པས་འདུས་བྱས་པ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་ པར་འཇུག་པས་འདུས་བྱས་པ་མ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པརེ་འཇུག་པ་དགུས་འདུས་བྱས་པ་མ་ཡིན་ནོ། །སྟོང་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །མཚན་མ་མྱེད་ པས་འདུས་བྱས་པ་མ་ཡིན་ནོ། །སྨོན་པ་མྱེད་པས་འདུས་བྱས་པ་མ་ཡིན་ནོ། །མངོན་པར་ཤེས་པས་འདུས་བྱས་པ་མ་ཡིན་ནོ། །ཏིང་ངེ་འཛིན་གྱིས་འདུས་བྱས་པ་མ་ཡིན་ནོ། །གཟུངས་ཀྱི་སྒོས་འདུས་བྱས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ སྟོབས་བཅུས་འདུས་བྱས་པ་མ་ཡིན་ནོ། །མྱི་འཇིགས་པ་བཞེས་འདུས་བྱས་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པ་བཞེས་འདུས་བྱས་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །རྒྱུན་ཏུ་ ཞུགས་པའི་འབྲས་བུས་འདུས་བྱས་པ་མ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུས་འདུས་བྱས་པ་མ་ཡིན་ནོ། །ཕྱིར་མྱི་འོང་བའི་འབྲས་བུས་འདུས་བྱས་པ་མ་ཡིན་ནོ། །དགྲ་བཅོམ་པའི་འབྲས་བུས་འདུས་བྱས་པ་མ་ཡིན་ནོ། །རང་བྱང་ཆུབ་ཀྱིས་འདུས་བྱས་པ་ མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མྱི་འམ་མྱི་མ་ཡིན་པ་འམ། ཟག་པ་དང་བཅས་པ་འམ། ཟག་པ་མྱེད་པ་འམ། འཇིག་རྟེན་པ་འམ། འཇིག་རྟེན་ལས་འདས་པ་འམ། འདུས་བྱས་སམ། འདུས་མ་བྱས་ཀྱི་མ་ཡིན་ཏེ། ལྷའི་བུ་དག་ལ་ལ་ཞིག་འདི་སྐད་དུ་ནམ་མཁའི་མཚན་ཉིད་གང་ཡིན་ཞེས་ཟེར་ན། ཅི་དེ་ཡང་དག་པར་སྨ་བས་ཡང་དག་པར་སྨྲ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདུས་མ་བགྱིས་པའི་སླད་དུ། ནམ་མཁའ་ལ་ནི་མཚན་ཉིད་གང་ཡང་མ་མཆིས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མྱེད་པའི་དབྱིངས་དེ་ནི་དེ་བཞིན་དུ་གནས་སོ། །མཚན་ཉིད་མྱེད་པའི་དབྱིངས་ཇི་ལྟ་བ་བཞིན་ དུ་གནས་པ་དེ་ནི་དེ་བཞིན་གཤེགས་པས་མ་ནོར་བར་མངོན་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་མཚན་ཉིད་དེ་དག་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པར་འཇུག་ཅིང་མཚན་ཉིད་དེ་དག་ལ་བཞུགས་པས། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཐམས་ཅད་ཀྱི་ཆགས་པ་ལས་འདས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་ རྫོགས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྟན་པས། མཚན་ཉིད་རྣམས་རབ་ཏུ་བསྟན་པ་ནི་དེ་བཞིན་གཤེགས་པས་མཚན་ཉིད་ཟབ་མོ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་དེ་ལྟར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཏེ། དེ་ལ་སྤྱད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མྱེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བ་མཛད་དེ། འདི་ལྟར་གཟུགས་ ཀྱི་མཚན་ཉིད་དང་། ཚོར་བའི་མཚན་ཉིད་དང་། འདུ་ཤེས་ཀྱི་མཚན་ཉིད་དང་། འདུ་བྱེད་ཀྱི་མཚན་ཉིད་དང་། རྣམ་པར་ཤེས་པའི་མཚན་ཉིད་དང་། མྱིག་གི་མཚན་ཉིད་དང་། རྣ་བའི་མཚན་ཉིད་དང་། སྣའི་མཚན་ཉིད་དང་། ལྕེའི་མཚན་ ཉིད་དང་། ལུས་ཀྱི་མཚན་ཉིད་དང་། ཡིད་ཀྱི་མཚན་ཉིད་དང་། གཟུགས་ཀྱི་མཚན་ཉིད་དང་། སྒྲའི་མཚན་ཉིད་དང་། དྲིའི་མཚན་ཉིད་དང་། རོའི་མཚན་ཉིད་དང་། རེག་གི་མཚན་ཉིད་དང་། ཆོས་ཀྱི་མཚན་ཉིད་དང་། མྱིག་གི་རྣམ་པར་ ཤེས་པའི་མཚན་ཉིད་དང་། རྣ་བའི་རྣམ་པར་ཤེས་པའི་མཚན་ཉིད་དང་། སྣའི་རྣམ་པར་ཤེས་པའི་མཚན་ཉིད་དང་། ལྕེའི་རྣམ་པར་ཤེས་པའི་མཚན་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ ཉིད་དང་། མྱིག་གི་འདུས་ཏེ་རེག་པའི་མཚན་ཉིད་དང་། རྣ་བའི་འདུས་ཏེ་རེག་པའི་མཚན་ཉིད་དང་། སྣའི་འདུས་ཏེ་རེག་པའི་མཚན་ཉིད་དང་། ལྕེའི་འདུས་ཏེ་རེག་པའི་མཚན་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པའི་མཚན་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་ པའི་མཚན་ཉིད་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བའི་མཚན་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མཚན་ཉིད་དང་། སའི་ཁམས་ཀྱི་མཚན་ཉིད་དང་། ཆུའི་ཁམས་ཀྱི་མཚན་ཉིད་དང་། མྱེའི་ཁམས་ཀྱི་ མཚན་ཉིད་དང་། རླུང་གི་ཁམས་ཀྱི་མཚན་ཉིད་དང་། ནམ་མཁའི་ཁམས་ཀྱི་མཚན་ཉིད་དང་། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དང་། མ་རིག་པའི་མཚན་ཉིད་དང་། འདུ་བྱེད་ཀྱི་མཚན་ཉིད་དང་། རྣམ་པར་ཤེས་པའི་མཚན་ ཉིད་དང་། མྱིང་དང་གཟུགས་ཀྱི་མཚན་ཉིད་དང་། སྐྱེ་མཆེད་དྲུག་གི་མཚན་ཉིད་དང་། རེག་པའི་མཚན་ཉིད་དང་། ཚོར་བའི་མཚན་ཉིད་དང་། སྲེད་པའི་མཚན་ཉིད་དང་། ལེན་པའི་མཚན་ཉིད་དང་། སྲིད་པའི་མཚན་ཉིད་དང་། སྐྱེ་བའི་མཚན་ཉིད་དང་། རྒ་ཤིའི་མཚན་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་། ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཕྱི་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། སྟོང་པ་ཉིད་ སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། རང་བཞིན་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་ ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་མཚན་ཉིད་དང་། དྲན་པ་ཉེ་བར་གཞག་པའི་མཚན་ཉིད་དང་། ཡང་དག་པར་སྤོང་བའི་མཚན་ཉིད་དང་། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་དང་། དབང་པོའི་མཚན་ཉིད་དང་། སྟོབས་ཀྱི་མཚན་ཉིད་དང་། བྱང་ཆུབ་ ཀྱི་ཡན་ལག་གི་མཚན་ཉིད་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་ཉིད་དང་། འཕགས་པའི་བདེན་པའི་མཚན་ཉིད་དང་། བསམ་གཏན་གྱི་མཚན་ཉིད་དང་། ཚད་མྱེད་པའི་མཚན་ཉིད་དང་། གཟུགས་ མྱེད་པའི་སྙོམས་པར་འཇུག་པའི་མཚན་ཉིད་དང་། རྣམ་པར་ཐར་པ་བརྒྱད་ཀྱི་མཚན་ཉིད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མཚན་ཉིད་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་དང་། མཚན་མ་མྱེད་པའི་མཚན་ཉིད་དང་། སྨོན་པ་མྱེད་པའི་མཚན་ཉིད་དང་། མངོན་པར་ཤེས་པའི་མཚན་ཉིད་དང་། ཏིང་ངེ་འཛིན་གྱི་མཚན་ཉིད་དང་། གཟུངས་ཀྱི་སྒོའི་མཚན་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་མཚན་ཉིད་དང་། མྱི་འཇིགས་པ་བཞིའི་མཚན་ཉིད་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་ མཚན་ཉིད་དང་། བྱམས་པ་ཆེན་པོའི་མཚན་ཉིད་དང་། སྙིང་རྗེ་ཆེན་པོའི་མཚན་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་མཚན་ཉིད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་མཚན་ཉིད་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་ཉིད་དང་། ཕྱིར་མྱི་འོང་བའི་ འབྲས་བུའི་མཚན་ཉིད་དང་། དགྲ་བཅོམ་པའི་འབྲས་བུའི་མཚན་ཉིད་དང་། རང་བྱང་ཆུབ་ཀྱི་མཚན་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་རབ་ཏུ་དབྱེ་བ་མཛད་པ་ངོ་མཚར་ཆེའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གཟུགས་ནི་གཞིག་ཏུ་རུང་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཚོར་བ་ནི་མྱོང་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །འདུ་ཤེས་ནི་འཛིན་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །འདུ་བྱེད་ནི་ མངོན་པར་འདུ་བྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཤེས་པ་ནི་སོ་སོའི་བྱེ་བྲག་ཤེས་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་ རྫོགས་པར་སངས་རྒྱས་སོ། །ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཁམས་རྣམས་ནི་གདུག་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་ གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐྱེ་མཆེད་རྣམས་ནི་འབྱུང་བའི་སྒོའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་ རྫོགས་པར་སངས་རྒྱས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་ བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུང་བ་མྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་ པར་རྫོགས་པར་སངས་རྒྱས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མྱེད་པའི་ མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་མོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་སྡུད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་ པར་སངས་རྒྱས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆགས་པ་མྱེད་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་ སྙོམས་པར་འཇུག་པ་བཞི་དག་ནི་མྱི་འཁྲུགས་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད་དེ། དེ་ དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་ སོ། །རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པ་ནི་ཞི་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ། དེ་ནི་ དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པ་རྣམས་ནི་འགྲེལ་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་གདོན་མྱི་ཟ་བའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །མྱི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་ གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོངས་སུ་མྱི་ཆོད་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་ སོ། །བྱམས་པ་ཆེན་པོ་ནི་ཕན་པ་སྒྲུབ་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྙིང་རྗེ་ཆེན་པོ་ནི་སྐྱོབ་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་ མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དགའ་བ་ཆེན་པོ་ནི་རབ་ཏུ་དགའ་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བཏང་སྙོམས་ཆེན་པོ་ནི་མ་འདྲེས་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མྱི་འཕྲོགས་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་ སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་དེ་ལྟར་དེ་བཞིན་གཤེགས་ པས་ཆོས་ཐམས་ཅད་མཚན་ཉིད་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཆགས་པ་མྱི་མངའ་བའི་ཡེ་ཤེས་ཅན་ཞེས་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། དེ་ན་ས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་འཇིག་རྟེན་སྟོན་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་རྟེན་ཅིང་རྣམ་པར་སྤྱོད་དོ། །ཆོས་དེ་ལ་རིམ་གྲོར་མཛད་ཅིང་། མཆོད་པ་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། དེ་བཞིན་གཤེགས་པས་རིམ་གྲོ་མཛད་པ་དང་། བཀུར་སྟི་མཛད་པ་དང་། ཕུ་དུད་མཛད་པ་དང་། མཆོད་པ་མཛད་པ་དེ་ནི་ཆོས་དང་ལྡན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་སྟེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་མཁྱེན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་དགོངས་པའོ། །རབ་འབྱོར་གང་ལ་ལ་ཞིག་ཡང་དག་པར་སྨྲ་བས་བྱས་པ་ཤེས་ཤིང་། བྱས་པ་དྲན་པའོ། །ཞེས་སྨྲ་ན། དེ་བཞིན་གཤེགས་པ་ལ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པའོ། ། ཞེས་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲའོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པ་ཡིན་ཞེ་ན། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེག་ པ་གང་གིས་བྱོན་པ་དང་། ལམ་གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་ཐེག་པ་དེ་ཉིད་དང་། ལམ་དེ་ཉིད་ལ་དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང་། བཀུར་སྟི་ མཛད་པ་དང་། ཕུ་དུད་མཛད་པ་དང་། མཆོད་པ་མཛད་པ་དང་། ཡོངས་སུ་བསྲུང་བ་མཛད་པའི་ཕྱིར་ཏེ། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པ་བྱས་པ་མཁྱེན་པ་དང་། བྱས་པ་དགོངས་པར་བལྟའོ། །རབ་འབྱོར་གཞན་ཡང་དེ་བཞིན་ གཤེགས་པས། ཆོས་ཐམས་ཅད་མཚན་མ་མྱེད་པ་ལ་བརྟེན་ཏེ། བྱེད་པ་པོ་མྱེད་པའི་ཕྱིར། ཆོས་ཐམས་ཅད་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལུས་མྱེད་པའི་ཕྱིར། མ་བྱས་པ་མངོན་པར་རྫོགས་པར་སངས་རྒྱས་ སོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། ཆོས་ཐམས་ཅད་ལ་བྱ་བ་མྱེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་། བྱས་པ་དགོངས་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བྱས་པ་མྱེད་པ། ཆོས་ཐམས་ཅད་ལ་འཇུག་པ་མྱེད་ པའི་བརྡས་འཇུག་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པའོ། །འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ལ་ ཤེས་པ་པོ་མ་མཆིས་ཤིང་། མཐོང་བ་པོ་མ་མཆིས་ནི་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་། འཇིག་རྟེན་འདི་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་ བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་གསོག་གསོབ་དབང་མྱེད་པ་སྙིང་པོ་མྱེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་ཤེས་པ་པོ་མྱེད་ཅིང་ མཐོང་བ་པོ་མྱེད་པའོ། །རབ་འབྱོར་གཞན་ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པ་སྟེ། རབ་འབྱོར་ཇི་ལྟར་ན། ཆོས་ཐམས་ཅད་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མྱི་གནས་ཤིང་ཁོངས་སུ་ ཆུད་པ་མ་ཡིན་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ཤེས་པ་པོ་མྱེད་ཅིང་མཐོང་བ་པོ་མྱེད་པ་སྟེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །དེ་ཡང་གཟུགས་མཐོང་བ་ མྱེད་པའི་ཕྱིར་སྟོན་པའོ། །ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུ་ཤེས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུ་བྱེད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། རྣ་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལུས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །གཟུགས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྒྲ་ མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དྲི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རོ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རེག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆོས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིག་གི་རྣམ་པར་ཤེས་པ་མཐོང་བ་མྱེད་ པའི་ཕྱིར་སྟོན་པའོ། །རྣ་བའི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣའི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེའི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལུས་ཀྱི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། ཡིད་ཀྱི་རྣམ་པར་ཤེས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིག་གི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣ་བའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣའི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེའི་ འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལུས་ཀྱི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ ཕྱིར་སྟོན་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ ཕྱིར་སྟོན་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། ། ཆུའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱེའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རླུང་གི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནམ་མཁའི་ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣམ་པར་ཤེས་པའི་ ཁམས་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མ་རིག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུ་བྱེད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྣམ་པར་ཤིས་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མྱིང་དང་གཟུགས་མཐོང་བ་མྱེད་པའི་ཕྱིར་ སྟོན་པའོ། །སྐྱེ་མཆེད་དྲུག་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རེག་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཚོར་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྲེད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ལེན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་ པའོ། །སྲིད་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྐྱེ་བ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རྒ་ཤི་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་ པའི་ཕྱིར་སྟོན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ནང་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཕྱི་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཕྱི་ནང་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །སྟོང་པ་ཉིད་སྟོང་ པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆེན་པོ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དོན་དམ་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུས་བྱས་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །འདུས་མ་བྱས་ སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་མཐོང་བ་མྱེད་པའི་ ཕྱིར་སྟོན་པའོ། །རང་བཞིན་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཐོང་བ་མྱེད་པའི་ཕྱིར་སྟོན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་མཐོ