Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 022_འབུམ།_ཏ

Văn bản gốc(Tây Tạng)

Trang 4 / 21 (50.000 ký tự/trang)
པ་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་འདྲི་བ་ལ་དགོངས་པ་མཛད་པ་དང་། ཀློག་ཅིང་སྟོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་ལོ་དགོངས་པ་མཛད་པ་ནི་ཆོས་ཉིད་ཀྱིས་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེས་ཀྱང་བདག་ནི་སངས་རྒྱས་ཀྱི་མཐུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་རྨོ་འདི་འདྲིའོ། །ཀློག་གོ། སྟོན་ཏོ། ཁ་ཏོན་དུ་བྱེད་དོ། །ཚུལ་
བཞིན་དུ་ཡིད་ལ་བྱེད་དོ། །སྒོམ་མོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་རྨོ་འདི་འབྲི་བ་དང་། ཀློག་པ་དང་། སྟོན་པ་དང་། ཁ་ཏོན་
དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། སྒོམ་མོ་འཚལ་ཀུན་ཀྱང་སངས་རྒྱས་ཀྱི་མཐུ་ལགས་སམ། ཀུན་ཀྱང་སངས་རྒྱས་ཀྱིས་བཟུང་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།
ཇི་སྐད་དུ་སྨྲས་པ་བཞིན་ཏེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་ཐམས་ཅད་ཀྱང་སངས་རྒྱས་
ཀྱི་མཐུ་ཡིན་པར་རིག་པར་བྱའོ། །དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་བཟུང་བ་ཡིན་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་

པ་དང་། སྟོན་ཅིང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་པ་དེ་དག་ནི་ཤར་ཕྱོགས་ནས་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཚད་དང་གྲངས་མ་མཆིས་པ།
བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གིས་མཁྱེན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་། ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་སྒོམ་པ་དེ་དག་ནི་སངས་རྒྱས་བཅོམ་
ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །ཐུགས་སུ་ཆུད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་འདྲི་ཞིང་ཀློག་པ་དང་། སྟོན་ཅིང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་སྒོམ་པ་དེ་དག་ནི། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་
མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཚད་མྱེད་གྲངས་མྱེད་པ་དེ་དག་གིས་མཁྱེན་ཏོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཅ་ཤིང་ཐུགས་སུ་ཆུད་
དོ། །ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་
ལ་བྱེད་པ་དང་། སྒོམ་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་གིས་ཀྱང་། འདི་ལྟར་བདག་ཅག་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ། །ཞེས་བྱ་བར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གང་ཡང་བྱང་

ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཆང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་མང་བར་འགྱུར་
ཏེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད་བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་
པར་བྱེད་དོ། །དེ་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་འཆང་བ་དེ་དག་ཀྱང་དོན་ཆེ་བ་དང་། ལེགས་པ་ཆེ་བ་དང་། འབྲས་བུ་ཆེ་བ་དང་། རྣམ་པར་སྨྱིན་པ་ཆེ་བར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཕྱིར་མྱི་ལྡོག་པའི་ས་ཡོངས་སུ་ནོན་གྱི་བར་དུ་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་དུ་སྐྱེ་བར་མྱི་འགྱུར་རོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མྱི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་
ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དགེ་བའི་རྩ་བ་དེ་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་
འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །

སྟོང་པ་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་དང་ནམ་
ཡང་བྲལ་བར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རང་བཞིན་
སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །
དངོས་པོ་མྱེད་པ་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་ནམ་ཡང་བྲལ་
བར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དབང་པོ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སྟོབས་རྣམས་དང་ནམ་ཡང་བྲལ་བར་
མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །བསམ་གཏན་
རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་དང་ནམ་ཡང་བྲལ་བར་མྱི་

འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །མངོན་
པར་ཤེས་པ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །
མྱི་འཇིགས་པ་བཞི་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་དང་ནམ་ཡང་བྲལ་བར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་ནམ་ཡང་བྲལ་
བར་མྱི་འགྱུར་རོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་བཞིན་གཤེགས་པ་འདས་ནས། ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་
བསྙེན་མ་དག་མོས་པ་དམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་
དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ།
དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་རྨྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་

པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། བླ་ན་མྱེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་
ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་བར་ཏ་ནི་ན་སྤྱོད་པར་འགྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་
དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་མོས་པ་དམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར།
ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་
པར་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་
ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་འམ།
བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡུལ་བར་ཏ་ནི་ནས་བྱང་ཕྱོགས་ཀྱི་རྒྱུད་

ན་སྤྱོད་པར་འགྱུར་ཏེ། དེ་ན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་མོས་པ་དམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བར་
འགྱུར། འཛིན་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་
དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་གིས་ལྷ་དང་མྱིའི་ཕུན་སུམ་
ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་།
ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་འམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །ཤ་ར་དྭ་ཏིའི་
བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལྷོ་ཕྱོགས་ཀྱི་རྒྱུད་དང་། བྱང་ཕྱོགས་ཀྱི་རྒྱུད་ན་ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་ཐ་མ་ལ་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་དེ་བཞིན་
གཤེགས་པའི་དགོངས་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་དགོངས་པའོ། །ཤ་ར་དྭ་ཏིའི་བུ་ཆོས་དང་འདུལ་བ་དར་ལ་བབ་པའི་ཚེ། དམ་པའི་ཆོས་

ནུབ་པར་མྱི་འགྱུར་ཏེ། ཆོས་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་།
ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ལ་ནི་ངས་དགོངས་སོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་བྲིས་ནས་ཀྱང་། མེ་ཏོག་
དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པ་དེ་དག་ཀྱང་ངས་དགོངས་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་
བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་དེས་ནམ་ཡང་ངན་སོང་ལོག་པར་ལྟུང་བར་མྱི་འདོང་སྟེ། དེ་དག་ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ཞིང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་འཕགས་པར་འགྱུར་རོ། །དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་
དག་གིས་མངོན་པར་འཕགས་པར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མྱེད་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་གསུམ་པོས་རིམ་གྱིས་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་སྤྱན་
གྱིས་གཟིགས་སོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་བརྗོད་དོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་བསྟེན་ནོ། །བསྔགས་སོ། །ཤ་ར་དྭ་ཏིའི་བུ་

རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་
དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །
བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་
གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་
གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་།
ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་
འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་ནུབ་བྱང་གི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །རིགས་ཀྱི་
བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་
སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སྟེང་གི་ཕྱོགས་ཀྱི་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་
གཟིགས་སོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བརྗོད་དོ། །བསྟོད་དོ། །བསྔགས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སླད་མའི་དུས་སླད་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་ཕྱི་མའི་དུས་ཕྱི་མའི་ཚེ་ན། བྱང་ཕྱོགས་སུ་རྒྱས་པར་འགྱུར་ཏེ། དེ་ལ་ཤ་ར་དྭ་ཏིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཏེ། ཐོས་ནས་
ཀྱང་མོས་པར་འགྱུར་རོ། །མོས་པར་བྱས་ནས་ཀྱང་འདྲི་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པར་འགྱུར་རོ། །ཤ་ར་དྭ་
ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་ཐོས་ནས་མོས་པར་བྱེད་པ་དང་། མོས་པར་བྱས་ནས་འདྲི་ཞིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་
ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བྱེད་པ་དེ་དག་ནི་ཡུན་རིང་པོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པ་དང་། སངས་རྒྱས་མང་པོ་བསྙེན་བཀུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་།
དགེ་བའི་རྩ་བ་བསྐྱེད་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ཉན་ཅིང་། ཐོས་ནས་མོས་པར་བགྱིད་པ་དང་། མོས་པར་བགྱིས་ནས་འདྲི་ཞིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་དུ་བགྱིད་པ་

དེ་ལྟ་བུ་ཇི་སྙེད་ཅིག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན། བྱང་གི་ཕྱོགས་ཆ་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ནི་
མང་དུ་འབྱུང་སྟེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། མྱི་འཇུམ་ཡོངས་སུ་མྱི་འཇུམ། མྱི་འཇིགས་མྱི་སྔང་། སྐྲག་པར་མྱི་འགྱུར་བ་དེ་ལྟ་བུ་
ནི་མྱི་མང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་རྗེས་སུ་འབྲངས་པ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས། དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོ་ལ་ཡོངས་སུ་ཞུས། ཡོངས་སུ་དྲིས་པའི་ཕྱིར་ཏེ། དེ་འང་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་
དང་རིགས་ཀྱི་བུ་མོ་དེ་དག་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཕྱི་

སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་
ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། འདུས་བྱས་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་
པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་
ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་
ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དངོས་པོ་མྱེད་པ་
སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་

ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དྲན་པ་ཉེ་བར་གཞག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཡང་དག་པར་སྤོང་བ་ཡོངས་སུ་རྫོགས་
པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དབང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་སྟོབས་
ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །
རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། འཕགས་པའི་བདེན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། བསམ་གཏན་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཚད་མྱེད་པ་
ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་
འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་
དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་འགྱུར་རོ། །

རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། གཟུངས་ཀྱི་སྒོ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་
ཀྱི་བུ་མོ་དེ་དག་ནི། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི།
སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་
དགེ་བའི་རྩ་བས་ཉེ་བར་བརྟན་པར་འགྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་
དག་ལ་ནི་ངས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དོ། །འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་
འདས་དེ་དག་གིས་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་དེ། དེ་དག་ཚེ་འདས་ནས་ཀྱང་འདི་ལྟ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཀྱི་དོན་དུ་སྤྱོད་པ་ཉིད་དུ་འགྱུར་ཏེ། དེ་དག་གཞན་ལ་ཡང་འདི་ལྟ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་རྣམ་པ་དེ་ལྟ་བུ་ཉིད་བརྗོད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཉམ་

པར་བཞག་པར་འགྱུར་ཏེ། དེ་དག་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མྱི་ནུས་ན། སྡིག་ཏོ་ལ་མོས་པ་དང་། སྡིག་ཏོའི་སྤྱོད་པ་ཅན་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤོང་བ་གཞན་གྱིས་ལྟ་ཅི་སྨོས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས། དགའ་ཞིང་དང་བ་
དང་ཉམས་བདེ་བ་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །འདི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྐྱེ་བོ་མང་པོ་ཡང་དགེ་བའི་ཆོས་ལ་འགོད་པར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མདུན་དུ་འདི་སྐད་
དུ་བཅོམ་ལྡན་འདས་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ཏུ་རབ་ཏུ་དགོད་པར་བགྱིའོ། །ཡང་དག་
པར་བསྟན་པར་བགྱིའོ། །ཡང་དག་པར་བསྐུལ་བར་བགྱིའོ། །ཡང་དག་པར་གཟེང་བསྟོད་པར་བགྱིའོ། །ཡང་དག་པར་དགའ་བར་བགྱིའོ། །ཕྱིར་མྱི་ལྡོག་པར་ལུང་བསྟན་པར་བགྱིའོ་ཞེས་བྱ་བའི་ཚིག་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་
ཏིའི་བུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་ཚིག་ནི་སེམས་ལ་སེམས་ཀྱིས་རྣམ་པར་བལྟས་ཏེ། ངས་རྗེས་སུ་དགྱེས་པར་མཛད་དོ། །ཤ་ར་དྭ་ཏིའི་བུ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམས་ཀྱི་སྤྱན་སྔར་ཡང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་འདི་སྐད་དུ་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་

ཆགས་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་ཏུ་དགོད་པར་བགྱིའོ། །ཡང་དག་པར་བསྟན་པར་བགྱིའོ། །ཡང་དག་པར་བསྐུལ་བར་བགྱིའོ། །ཡང་དག་པར་གཟེང་བསྟོད་པར་བགྱིའོ། །ཡང་དག་པར་དགའ་བར་བགྱིའོ། །ཕྱིར་མྱི་ལྡོག་པར་ལུང་བསྟན་པར་བགྱིའོ། །
ཞེས་བྱ་བའི་ཚིག་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་ཚིག་ནི་སེམས་ལ་ཐུགས་ཀྱིས་རྣམ་པར་གཟིགས་
ཏེ་རྗེས་སུ་དགྱེས་པར་མཛད་དོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བླ་
ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་འགོད་པར་འགྱུར་རོ། །ཡང་དག་པར་སྟོན་པར་འགྱུར། ཡང་དག་པར་སྐུལ་བར་འགྱུར། ཡང་དག་པར་གཟེང་སྟོད་པར་འགྱུར། ཡང་དག་པར་དགའ་བར་བྱེད་པར་འགྱུར། །
ཕྱིར་མྱི་ལྡོག་པར་ལུང་སྟོན་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ལ་མོས་པ་རླབས་པོ་ཆེར་འགྱུར་ཏེ། དེ་དག་སྦྱིན་པ་རླབས་པོ་ཆེ་གཏོང་བར་འགྱུར་
རོ། །སྦྱིན་པ་རླབས་པོ་ཆེ་བཏང་ཞིང་། དགེ་བའི་རྩ་བ་རླབས་པོ་ཆེ་མངོན་པར་འདུ་བྱེད་པར་འགྱུར་རོ། །དེ་དག་དགེ་བའི་རྩ་བ་རླབས་པོ་ཆེ་མངོན་པར་འདུ་བྱས་ནས། རྣམ་པར་སྨྱིན་པ་རླབས་པོ་ཆེ་ཡོངས་སུ་འཛིན་པར་འགྱུར་བ་དེ་དག །རྣམ་པར་
སྨྱིན་པ་རླབས་ཆེན་པོ་ཡོངས་སུ་བཟུང་ནས། སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་རྣམ་པར་སྨྱིན་པ་རླབས་པོ་ཆེ་ལས་དེ་བས་ཀྱང་ཆེས་རླབས་ཆེ་བའི་རྣམ་པར་སྨྱིན་པ་ཡོངས་སུ་འཛིན་པར་འགྱུར་རོ། །འདི་ལྟར་ཕྱི་འམ་ནང་གི་དངོས་པོ་དེ་དག་ཀྱང་།

སེམས་ཅན་དེ་དག་ཉིད་ལ་ཡོངས་སུ་གཏོང་བར་འགྱུར་ཏེ། དེ་དག་དགེ་བའི་རྩ་བ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་གང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་
ཤིང་འཚོ་སྐྱོང་བ་དང་། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཀྱི་ཆོས་སྟོན་པ་མངོན་དུ་གྱུར་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་དགེ་ལ་རྟེན་པར་འགྱུར་རོ། །དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་དེ་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མངོན་སུམ་དུ་ཐོས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་ཡང་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་སྟོང་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་བླ་ན་
མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྟོན་པར་འགྱུར་རོ། །ཡང་དག་པར་སྐུལ་བར་འགྱུར་རོ། །ཡང་དག་པར་གཟེང་སྟོད་པར་འགྱུར་རོ། །ཡང་དག་པར་དགའ་བར་བྱེད་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་
འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལས། ཆོས་གང་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །དེ་བཞིན་ཉིད་དང་
ཆོས་ཉིད་གང་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་སོ། །སེམས་ཅན་རྣམས་ཀྱི་སེམས་ཐུགས་སུ་མ་ཆུད་པ་དེ་ལྟ་བུ་གང་ཡང་མ་མཆིས་པ་ནི་ངོ་མཚར་ཆེ་སྟེ། འདི་ལྟར་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་
མཁྱེན་ཏོ། །འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །མ་བྱོན་པའི་དེ་བཞིན་གཤེགས་

པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་
ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །སངས་རྒྱས་ཀྱི་ཞིང་དང་ཉན་ཐོས་རྣམས་ཀྱང་ཡོངས་སུ་མཁྱེན་ཏོ། །བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་ཡོངས་སུ་ཚོལ་བའི་ཚེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཚོལ་བ་དང་།
ཡོངས་སུ་ཚོལ་བ་ལས། ལ་ལས་ནི་བཙལ་བ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐོབ་པར་འགྱུར། ལ་ལས་ནི་ཐོབ་པར་མྱི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་དེ་ལྟ་མ་ཡིན་ཏེ། རིགས་
ཀྱི་བུ་དང་རིགས་ཀྱི་བུ་མོ་བརྩོན་འགྲུས་མྱི་གཏོང་བ་དེ་དག་ཀུན་གྱིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཕ་རོལ་
ཏུ་ཕྱིན་པ་དྲུག་པོ་འདི་དག་གི་དོན་དུ་བརྩོན་པར་བྱེད་པའི་ཕྱིར་རོ། །གསོལ་པ་ཅི་ལགས། བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་ཀུན་ཀྱང་འགྲུབ་པར་འགྱུར་

རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་མདོ་སྡེ་ཟབ་མོ་ཟབ་མོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་འདི་དག་མྱི་འགྲུབ་པར་འགྱུར་བ་དེ་ལྟ་བུའི་གནས་
མྱེད་སྐབས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཅན་རྣམས་ཡང་དག་པར་སྟོན་ཅིང་། ཡང་དག་པར་སྐུལ་བ་དང་། ཡང་དག་པར་གཟེང་སྟོད་པ་དང་། ཡང་དག་པར་
དགའ་བར་བྱེད་པ་དང་། འགོད་ཅིང་རབ་ཏུ་གཞོག་པ་ལས་ཀྱང་དེ་བཞིན་དུ་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཚེ་འདས་ནས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་འགྲུབ་པར་འགྱུར་རོ། །དེ་དག་ནི་ནམ་སངས་རྒྱས་ཀྱི་ཞིང་
ཡོངས་སུ་དག་པར་མ་བྱས། སེམས་ཅན་ཡོངས་སུ་སྨྱིན་པར་མ་བྱས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ཇི་སྐད་དུ་བསྟན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་
ལས་བརྩོན་འགྲུས་ཉམ་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།
བམ་པོ་ལྔ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཞུགས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ། སེམས་ཅན་ཡོངས་སུ་སྨྱིན་པར་བགྱིད་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པ་དེ་དག་གི་ཡོན་ཏན་ཡོངས་སུ་བརྗོད་པ་ནི་འདི་དག་ལགས་ན། བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་

ཀྱི་བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་དེ་དག་ལ་བར་ཆད་དུ་འགྱུར་བ་ཇི་ལྟ་བུ་དག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བར་འགྱུར། དེ་ནི་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དཀའ་བར་ཡོངས་སུ་རྫོགས་པར་བྱེད་ན། རབ་འབྱོར་རྣམ་གྲངས་དེས་ཤིན་ཏུ་འཕྱི་སྟེ་སྤོབས་པ་སྐྱེ་བར་འགྱུར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤིན་ཏུ་མྱུར་བར་སྤོབས་པ་སྐྱེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤིན་ཏུ་
མྱུར་བར་སྤོབས་པ་སྐྱེ་བར་འགྱུར། དེ་ནི་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མྱི་མཁས་པས་ཧ་ཅང་མྱུར་བར་སྤོབས་པ་སྐྱེ་ལ་དེས་རློམ་སེམས་སུ་བྱེད་ན། རབ་འབྱོར་རྣམ་གྲངས་དེས་ན་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་བ་སྟེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གླལ་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་
རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགོད་ཅིང་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ཕན་ཚུན་སྟེག་ཅིང་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །སེམས་གཡེང་ཞིང་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཡི་གེ་གཞན་ལ་ཆགས་ཤིང་ཚིག་
གི་དོན་མྱི་ཤེས་པར་འདྲི་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །འདིའི་རོ་མ་མྱོང་ནས་སྟན་ལས་ལངས་ཏེ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གླལ་ཞིང་ལུང་འབོག་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གླལ་ཞིང་ཁ་ཏོན་བྱེད་དམ།

འཛིན་ཏམ། འཆང་ངམ། ཀློག་གམ། སྟོན་པ་དང་། གླལ་ཞིང་ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕན་ཚུན་
དགོད་ཅིང་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་
ཕན་ཚུན་སྟེག་ཅིང་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་
གཞན་ཡང་སེམས་གཡེང་པས་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །
རབ་འབྱོར་གཞན་ཡང་ཡི་གེ་གཞན་དང་གཞན་ལ་ཆགས་ཤིང་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་འདིའི་རོ་མ་མྱོང་ནས་སྟན་ལས་
ལངས་ཏེ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཅིའི་སླད་དུ་འདིའི་རོ་མྱི་མྱོང་པར་འགྱུར། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལམ་སྤྱད་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བདག་ཅག་ལུང་མ་
བསྟན་ཏོ་ཞེས། མ་དད་པའི་ཡིད་ཀྱིས་སྟན་ལས་ལངས་ཤིང་འདོང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལས་ལུང་མ་བསྟན་པ་དེ་དག་སྟན་ལས་ལངས་ཤིང་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོན་མྱེད་པར་མ་ཆུད་པ་ནི། བླ་ན་མྱེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ལུང་མྱི་བསྟན་ཏེ། དེ་ལ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་མྱི་འབྱུང་ངོ་། །བདག་གི་རྨྱིང་ཡང་ཡོངས་སུ་མ་བརྗོད་དོ་ཞེས་དད་པར་མ་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་མིང་ཡོངས་སུ་མ་བརྗོད་པ་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུང་མ་བསྟན་པ་རྣམས་ཀྱི་མྱིང་ནི་ཡོངས་སུ་མྱི་རྗོད་དེ། དེ་ལ་བདག་གི་མྱིང་ཡང་འདི་ལས་མྱི་འབྱུང་། བདག་གང་དུ་སྐྱེས་

པའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་གྱི་མྱིང་འདི་ཡང་མྱི་འབྱུང་ངོ་ཞེས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་མཉན་ཏོ་སྙམ་བྱེད་ཅིང་། འཁོར་དེ་ནས་འགྲོ་བར་སེམས་ན། སེམས་བསྐྱེད་པ་དེས་ཇི་ལྟ་ཇི་ལྟར་འགྲོ་བར་སེམས་ཤིང་གོམ་པ་
ཇི་སྙེད་ཅིག་བོར་བ་དེ་སྙེད་ཀྱི་བསྐལ་པ་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་དག་ལ་གཟོད་བརྩོན་པར་བྱ་དགོས་སོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་མདོ་སྡེ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མྱི་སྒྲུབ་
པ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་ཏེ། དེས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་གི་རྩ་བ་སྤངས་ཏེ་དེ་ཉིད་ཡལ་ག་དང་། འདབ་མ་དང་། ལོ་
མ་ལ་འཇུ་བར་སེམས་པར་གྱུར་པ་དག་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་
ཡོངས་སུ་མྱི་སྒྲུབ་པའི་མདོ་སྡེ་ཀུན་ཆུབ་པར་བགྱི་བར་སེམས་པར་འགྱུར་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་གང་ཉན་ཐོས་དང་ལྡན་པ་འམ། རང་སངས་རྒྱས་དང་ལྡན་པ་དེ་དག་སྟེ། འདི་ལྟར་
དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་།
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་ཏེ། དེ་དག་ལ་གནས་ཤིང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་

འབྲས་བུ་ཐོབ་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པ་དང་། དགྲ་བཅོམ་པ་ཉིད་ཐོབ་པ་དང་། རང་བྱང་ཆུབ་ཐོབ་པར་འགྱུར་གྱི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མྱི་འགྱུར་བ་སྟེ།
རབ་འབྱོར་དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བོར་ཞིང་ཀུན་ཆུབ་པར་བྱ་བར་སེམས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་མྱི་སྒྲུབ་པའོ། །དེ་ཅིའི་
ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱིས་འབྱུང་བར་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱི་ལ་ལ་ཞིག་ཇོ་བོའི་ཟན་ནར་མ་བོར་ཏེ་ལས་
མྱི་ལས་ཟན་བཙལ་བར་སེམས་པ་དང་འདྲ་བར་དེ་བཞིན་དུ། རབ་འབྱོར་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སངས་རྒྱས་ཀྱི་ཆོས་ཐམས་
ཅད་ཀྱི་རྩ་བར་གྱུར་པ་འདི་བོར་ཏེ། ཡལ་ག་དང་། ལོ་མ་དང་། འདབ་མ་ལྟ་བུའི་མདོ་སྡེ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་དག་ལ་བརྟན་པར་སེམས་པ་འབྱུང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ནས་ཁེ་དང་

བཀུར་སྟིའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་རྣམས་ཀུན་ཆུབ་པར་བྱ་བར་སེམས་པ་འབྱུང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།
མྱི་ལ་ལ་ཞིག་གླང་པོ་ཆེ་འདོད་ལ་དེས་གླང་པོ་ཆེ་རྙེད་ནས་གླང་པོ་ཆེའི་རྗེས་བཙལ་བར་སེམས་པ་ཡོད་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་མདོ་སྡེ་གང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་དེ་དག་བཅོལ་བར་སེམས་པ་
དེ་དག་ཀྱང་དཔེ་དེ་དང་འདྲ་བར་རིག་པར་བྱ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱི་ཞིག་རྒྱ་མཚོ་ཆེན་པོ་བལྟ་བར་འདོད་ལ། བ་ལང་གི་རྗེས་
བཙལ་བར་སེམས་ཤིང་། དེས་བ་ལ་གླང་གི་རྗེས་མཐོང་ནས་ཀྱང་འདི་སྙམ་དུ་རྒྱ་མཚོ་ཆེན་པོའི་ཚད་འདི་དང་མཉམ་མམ་མྱི་མཉམ་སྙམ་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ།
བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཐོས་ཤིང་རྙེད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་གཟུང་བ་དང་ཀུན་ཆུབ་པར་བྱ་བར་སེམས་པ་དེ་དག་ཀྱང་རྣམ་པ་དེ་

ལྟར་རིག་པར་བྱ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཕྱྭ་མཁན་ནམ་ཕྱྭ་མཁན་གྱི་སློབ་མས་རྣམ་པར་རྒྱལ་བའི་ཁང་པའི་ཚད་དུ་ཁང་པ་
ཞིག་དབུབ་ཅིང་བསླང་བར་འདོད་དེ་ཉི་མ་དང་ཟླ་བའི་གཞལ་མྱེད་ཁང་ཡོངས་སུ་བཙལ་བར་སེམས་ཤིང་། ཉི་མ་དང་ཟླ་བའི་གཞལ་མྱེད་ཁང་ལས་ཚད་བླང་བར་སེམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེས་ཉི་མ་དང་ཟླ་བའི་གཞལ་མྱེད་ཁང་
གི་ཚད་ཀྱིས་རྣམ་པར་རྒྱལ་བའི་ཁང་པའི་ཚད་དང་དཔེ་ཚུལ་བཟུང་སྟེ། དེ་དང་འདྲ་བའི་ཁང་པ་དབུབ་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།
ཕྱྭ་མཁན་ནམ། ཕྱྭ་མཁན་གྱི་སློབ་མ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དེ་ནི་བྱིས་པའི་ངང་ཚུལ་ཅན་དུ་རིག་པར་བགྱི་སྟེ། མཁས་པའི་ངང་ཚུལ་ཅན་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བོར་
ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་འབྱུང་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་
དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་བར་འདོད་ལ། དེས་ཁམས་ཀྱི་རྒྱལ་ཕྲན་མཐོང་ནས། འདི་སྙམ་དུ་འཁོར་ལོས་སྒྱུར་
བའི་རྒྱལ་པོ་དེ་ཁ་དོག་དང་། དབྱིབས་ཀྱིས་ཇི་འདྲ་བ་ཞིག་ཡོད་ཅེས་དེས་ཁམས་ཀྱི་རྒྱལ་ཕྲན་མཐོང་བའི་ཁ་དོག་དང་དབྱིབས་ཀྱི་མཚན་མ་བཟུང་བར་བསམས་ཏེ། འདི་སྐད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་ཁ་དོག་དང་། དབྱིབས་དང་
ཚུལ་དང་མཚན་མ་ཡང་སའི་བདག་པོ་འདི་འདྲ་བ་ཞིག་ཡོད་གྲང་ཞེས་ཟེར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་
མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་
ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཅོལ་བར་སེམས་པ་འབྱུང་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས།
བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཤིན་ཏུ་བཀྲེས་པ་ལ་ལ་ཞིག་གིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་རྙེད་ཀྱང་དྲུག་ཅུ་པའི་ཁ་ཟས་བཙལ་བར་སེམས་ཤིང་། དེས་ཁ་

ཟས་རོ་བརྒྱ་དང་ལྡན་པ་དེ་བོར་ནས། དྲུག་ཅུ་པའི་ཁ་ཟས་ལ་བཟའ་བར་སེམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་འབྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་ནོར་བུ་རིན་པོ་ཆེ་རིན་ཐང་མྱེད་པ་རྙེད་ནས། ནོར་བུ་མཆིང་བུ་དང་བསྒྲུན་པར་བསམས་ན། རབ་འབྱོར་དེ་ཇི་སྙམ་
དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་
པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་སྤངས་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་

དག་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་འབྱུང་ན། རབ་འབྱོར་དེ་ལ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མཁས་པའི་ངང་ཚུལ་ཅན་ཡིན་ནམ།
གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང་
རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། སྤོབས་པ་མང་པོ་གང་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་དཀྲུགས་མར་འགྱུར་བ་དེ་ལྟ་བུ་སྐྱེ་བར་འགྱུར་བ་སྟེ། འདི་ལྟར་གཟུགས་
ཀྱི་སྤོབས་པ་དང་། སྒྲའི་སྤོབས་པ་དང་། དྲིའི་སྤོབས་པ་དང་། རོའི་སྤོབས་པ་དང་། རེག་གི་སྤོབས་བ་དང་། ཆོས་ཀྱི་སྤོབས་པ་དང་། སྦྱིན་པའི་སྤོབས་པ་དང་། ཚུལ་ཁྲིམས་ཀྱི་སྤོབས་པ་དང་། བཟོད་པའི་སྤོབས་པ་དང་།
བརྩོན་འགྲུས་ཀྱི་སྤོབས་པ་དང་། བསམ་གཏན་གྱི་སྤོབས་པ་དང་། ཤེས་རབ་ཀྱི་སྤོབས་པ་དང་། འདོད་པའི་ཁམས་ཀྱི་སྤོབས་པ་དང་། གཟུགས་ཀྱི་ཁམས་ཀྱི་སྤོབས་པ་དང་། གཟུགས་མྱེད་པའི་ཁམས་ཀྱི་སྤོབས་པ་དང་།
ལུང་དཔོག་པ་དང་། ཁ་ཏོན་བྱ་བི་སྤོབས་པ་དང་། རིམ་གྲོར་བྱ་བའི་སྤོབས་པ་དང་། དྲན་པ་ཉེ་བར་གཞག་པའི་སྤོངས་པ་དང་། ཡང་དག་པར་སྤོང་པའི་སྤོབས་པ་དང་། རྫུ་འཕྲུལ་གྱི་རྐང་པའི་སྤོབས་པ་དང་། དབང་པོའི་
སྤོབས་པ་དང་། སྟོབས་ཀྱི་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྤོབས་པ་དང་། ལམ་གྱི་སྟོབས་པ་དང་། བསམ་གཏན་གྱི་སྤོབས་པ་དང་། རྣམ་པར་ཐར་པའི་སྤོབས་པ་དང་། ཏིང་ངེ་འཛིན་གྱི་སྤོབས་པ་དང་། སྙོམས་

པར་འཇུག་པའི་སྤོབས་པ་དང་། ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཕྱི་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་
སྤོབས་པ་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། འདུས་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྤོབས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོབས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་
སྤོབས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། རང་བཞིན་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ཚེས་ཐམས་ཅད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། མི་དམྱིགས་པ་སྟོང་པ་ཉིད་ཀྱི་
སྤོབས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྤོབས་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྤོབས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། ཚུལ་ཁྲིམས་ཀྱི་
ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤོབས་
པ་དང་། སྟོབས་བཅུའི་སྤོབས་པ་དང་། མྱི་འཇིགས་པའི་སྤོབས་པ་དང་། སོ་སོ་ཡང་དག་པར་རིག་པའི་རིག་པའི་སྤོབས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྤོབས་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུའི་སྤོབས་པ་དང་། ལན་ཅིག་ཕྱིར་
འོང་བའི་འབྲས་བུའི་སྤོབས་པ་དང་། ཕྱིར་མི་འོང་བའི་འབྲས་བུའི་སྤོབས་པ་དང་། དགྲ་བཅོམ་པའི་སྤོབས་པ་དང་། རང་བྱང་ཆུབ་ཀྱི་སྤོབས་པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤོབས་པ་སྐྱེ་བར་འགྱུར་རོ། །

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤོབས་པ་མྱེད་པས་རྣམ་པར་བྱང་བའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མྱི་ཁྱབ་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་མྱེད་པའོ། །རབ་འབྱོར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་བ་མྱེད་ཅིང་འགག་པ་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་ནས་ཉོན་མོངས་པ་མྱེད་ཅིང་རྣམ་པར་བྱང་བ་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མྱེད་པའོ། །རབ་
འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་དུ་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་བྱང་བ་མྱེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པ་མྱེད་པའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མྱེད་ཅིང་མྱི་དམྱིགས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཆོས་དེ་དག་གིས་འཁྲུག་པར་གྱུར་ན།
རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་མ་ཡིན་ནོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་
དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་

དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམིགས་མོ། །ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་
དམྱིགས་སོ། །ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་
ཡིན་ཏེ་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །མཐའ་
ལས་འདས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རང་བཞིན་སྟོང་
པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་
ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་
ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་

ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དབང་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སྟོབས་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །
འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །བསམ་གཏན་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཚད་
མྱེད་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རྣམ་པར་ཐར་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །
མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །
མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་
སྟོབས་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །མྱི་འཇིགས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སྙིང་རྗེ་
ཆེན་པོའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ལམ་གྱི་

རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མྱི་དམྱིགས་སོ། །ངོ་བོ་ཉིད་མྱི་དམྱིགས་པ་གང་ཡིན་པ་དེ་ནི་དངོས་པོ་མྱེད་པའོ། །
དངོས་པོ་མྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དངོས་པོ་མྱེད་པས་དངོས་པོ་མེད་པ་བྲི་བར་མྱི་ནུས་སོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་
མོ་འདི་དངོས་པོ་མྱེད་ཅེས་བྱ་བར་འདུ་ཤེས་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་ཡི་གེར་བྲིས