Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 022_འབུམ།_ཏ

Văn bản gốc(Tây Tạng)

Trang 5 / 21 (50.000 ký tự/trang)
་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བདག་གིས་བྲིས་སོ་ཞེས་མཆི་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡི་གེར་མངོན་པར་ཆགས་པ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ནི་ཡི་གེ་མི་མཆིས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉི་ཡི་གེ་མ་མཆིས་པའོ། །བཅོམ་ལྡན་འདས་གཟུགས་ནི་ཡི་གེ་མ་མཆིས་པའོ། །ཚོར་བ་ནི་ཡི་གེ་མ་མཆིས་པའོ། །འདུ་ཤེས་ནི་ཡི་གེ་མ་མཆིས་པའོ། །འདུ་བྱེད་
ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །མྱིག་ནི་ཡི་གེ་མ་མཆིས་པའོ། །རྣ་བ་ནི་ཡི་གེ་མ་མཆིས་པའོ། །སྣ་ནི་ཡི་གེ་མ་མཆིས་པའོ། །ལྕེ་ནི་ཡི་གེ་མ་མཆིས་པའོ། །ལུས་ནི་ཡི་གེ་མ་མཆིས་པའོ། །

ཡིད་ནི་ཡི་གེ་མ་མཆིས་པའོ། །གཟུགས་ནི་ཡི་གེ་མ་མཆིས་པའོ། །སྒྲ་ནི་ཡི་གེ་མ་མཆིས་པའོ། །དྲི་ནི་ཡི་གེ་མ་མཆིས་པའོ། །རོ་ནི་ཡི་གེ་མ་མཆིས་པའོ། །རེག་ནི་ཡི་གེ་མ་མཆིས་པའོ། །ཆོས་ནི་ཡི་གེ་མ་མཆིས་པའོ། །མྱིག་གི་རྣམ་པར་
ཤེས་པ་ནི་ཡི་གེ་མ་མཆིས་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །སྣའི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །ལྕེའི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །
ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །མྱིག་གི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །རྣ་བའི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །སྣའི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །ལྕེའི་འདུས་ཏེ་རེག་པ་ནི་
ཡི་གེ་མ་མཆིས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡི་གེ་མ་མཆིས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་ནི་ཡི་གེ་མ་མཆིས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་
མཆིས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡི་གེ་མ་མཆིས་པའོ། །སའི་ཁམས་ནི་ཡི་གེ་མ་མཆིས་པའོ། །ཆུའི་ཁམས་ནི་ཡི་གེ་མ་མཆིས་པའོ། །མྱེའི་ཁམས་ནི་ཡི་གེ་མ་མཆིས་པའོ། །རླུང་གི་ཁམས་ནི་ཡི་
གེ་མ་མཆིས་པའོ། །ནམ་མཁའི་ཁམས་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཤེས་པའི་ཁམས་ནི་ཡི་གེ་མ་མཆིས་པའོ། །མ་རིག་པ་ནི་ཡི་གེ་མ་མཆིས་པའོ། །འདུ་བྱེད་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཤེས་པ་ནི་ཡི་གེ་མ་

མཆིས་པའོ། །མྱིང་དང་གཟུགས་ནི་ཡི་གེ་མ་མཆིས་པའོ། །སྐྱེ་མཆེད་དྲུག་ནི་ཡི་གེ་མ་མཆིས་པའོ། །རེག་པ་ནི་ཡི་གེ་མ་མཆིས་པའོ། །ཚོར་བ་ནི་ཡི་གེ་མ་མཆིས་པའོ། །སྲེད་པ་ནི་ཡི་གེ་མ་མཆིས་པའོ། །
ལེན་པ་ནི་ཡི་གེ་མ་མཆིས་པའོ། །སྲིད་པ་ནི་ཡི་གེ་མ་མཆིས་པའོ། །སྐྱེ་བ་ནི་ཡི་གེ་མ་མཆིས་པའོ། །རྒ་ཤི་ནི་ཡི་གེ་མ་མཆིས་པའོ། །ནང་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཕྱི་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཕྱི་ནང་སྟོང་པ་ཉིད་ནི་ཡི་གེ་
མ་མཆིས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །འདུས་བྱས་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །འདུས་མ་བྱས་
སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །རང་བཞིན་
སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དངོས་པོ་མྱེད་པ་སྟོང་པ་
ཉིད་ནི་ཡི་གེ་མ་མཆིས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །ཡང་དག་པར་སྤོང་བ་རྣམས་
ནི་ཡི་གེ་མ་མཆིས་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །དབང་པོ་རྣམས་ནི་ཡི་གེ་མ་མཆིས་པའོ། །སྟོབས་རྣམས་ནི་ཡི་གེ་མ་མཆིས་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡི་གེ་མ་མཆིས་པའོ། །འཕགས་པའི་

ལམ་ཡན་ལག་བརྒྱད་པ་ནི་ཡི་གེ་མ་མཆིས་པའོ། །འཕགས་པའི་བདེན་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །བསམ་གཏན་རྣམས་ནི་ཡི་གེ་མ་མཆིས་པའོ། །ཚད་མྱེད་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་
པ་རྣམས་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཐར་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་
པ་མྱེད་པ་ནི་ཡི་གེ་མ་མཆིས་པའོ། །མངོན་པར་ཤེས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །ཏིང་ངེ་འཛིན་རྣམས་ནི་ཡི་གེ་མ་མཆིས་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ཡི་གེ་མ་མཆིས་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡི་གེ་མ་
མཆིས་པའོ། །མྱི་འཇིགས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །སོ་སོ་ཡང་དག་པར་རིག་པར་རྣམས་ནི་ཡི་གེ་མ་མཆིས་པའོ། །སྙིང་རྗེ་ཆེན་པོ་ནི་ཡི་གེ་མ་མཆིས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །
ཐམས་ཅད་ཤེས་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡི་གེ་མ་མཆིས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་ལ། ཡི་གེ་མ་མཆིས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་ཅིང་། ཡི་གེ་
མ་མཆིས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཚུལ་ཁྲིམས་ཀྱི་

ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ནང་སྟོང་པ་ཉིད་ལ་མངོན་པར་ཆགས་
པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཕྱི་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་
ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཆེན་པོ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དོན་དམ་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་འདུས་བྱས་སྟོང་
པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་།
ཡི་གེ་མ་མཆིས་པའི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དོར་བ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རང་བཞིན་སྟོང་པ་
ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་
པ་དང་། ཡི་གེ་མ་མཆིས་པའི་མྱི་དམྱིགས་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་

ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་
དང་། ཡི་གེ་མ་མཆིས་པའི་ཡང་དག་པར་སྤོང་བ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དབང་པོ་རྣམས་ལ་
མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སྟོབས་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་
པའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་འཕགས་པའི་བདེན་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་བསམ་གཏན་རྣམས་ལ་
མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཚད་མྱེད་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་།
ཡི་གེ་མ་མཆིས་པའི་རྣམ་པར་ཐར་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མངོན་པར་ཤེས་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་

པའི་ཏིང་ངེ་འཛིན་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་
མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་མྱི་འཇིགས་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་
མཆིས་པའི་སྙིང་རྗེ་ཆེན་པོ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ཐམས་ཅད་ཤེས་པ་ཉིད་ལ་མངོན་པར་
ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཆགས་པར་བགྱིད་ན། དེ་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་
ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཁ་ཏོན་བྱེད་པ་དང་། ཞུ་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་།
སྒོམ་པའི་ཚེ་ཡུལ་གྱི་ཡིད་ལ་བྱ་བ་མང་པོ་སྐྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་

བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཁ་ཏོན་བྱེད་པ་དང་། ཞུ་བ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་སྒོམ་པའི་ཚེ། གྲོང་གི་
ཡིད་ལ་བྱ་བ་དང་། གྲོང་རྡལ་གྱི་ཡིད་ལ་བྱ་བ་དང་། ཁམས་ཀྱི་ཡིད་ལ་བྱ་བ་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་ཡིད་ལ་བྱ་བ་དང་། ཁྱིམ་གྱི་ཡིད་ལ་བྱ་བ་དང་། བླ་མ་དང་། མཁན་པོའི་ཡིད་ལ་བྱ་བ་དང་། མ་དང་ལྡན་པའི་ཡིད་ལ་
བྱ་བ་དང་། ཕ་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཕུ་ནུ་དང་ལྡན་པའི་ཡིད་ལ་བྱ་བ་དང་། སྲིང་མོ་དང་ལྡན་པའི་ཡིད་ལ་བྱ་བ་དང་། གཉེན་བཤེས་དང་ལྡན་པའི་ཡིད་ལ་བྱ་བ་དང་། རྐུན་པོ་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཕྱག་དར་
བ་དང་ལྡན་པའི་ཡིད་ལ་བྱ་བ་དང་། འཇིག་རྟེན་པ་དང་ལྡན་པའི་ཡིད་ལ་བྱ་བ་དང་། སྤྲུལ་འཚོང་མ་དང་ལྡན་པའི་ཡིད་ལ་བྱ་བ་དང་། བུད་མྱེད་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཡིད་ལ་བྱ་བ་གཞན་མང་པོ་སྐྱེན། རབ་འབྱོར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཟབ་མོ་འདི་འདྲི་བ་དང་། འཆང་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། བར་ཆད་བྱ་བའི་ཕྱིར་བདུད་སྡིག་ཏོ་ཅན་འཁྲུག་པར་
འགྱུར་བ་ཉེ་བར་སྦྱོར་ཏེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཁེ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། ཆོས་གོས་དང་ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོ་བྱུང་ལ་བྱང་ཆུབ་སེམས་

དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། དེ་དག་གི་རོ་མྱོང་བར་
བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་
བྱེད་པའི་ཚེ། བར་ཆད་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་།
ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པའི་ཚེ་བདུད་སྡིག་ཏོ་ཅན་དག་མདོ་སྡེ་ཟབ་མོ་ཟབ་མོ་གང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་
རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
མ་མྱེད་པ་དང་། སྨོན་པ་མྱེད་པ་དག་ཉེ་བར་བསྙེན་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཐབས་མཁས་པས་བདུད་ཀྱིས་བསྙེན་པའི་མདོ་སྡེ་ཟབ་མོ་ཟབ་མོ་དེ་དག་ལ་འདོད་པ་མི་སྐྱེད་
དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མ་ཡིན་ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་ཐབས་མྱི་མཁས་པ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་

ནས་སྤང་བར་སེམས་ཏེ། དེ་ལ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཐབས་མཁས་པ་ཡང་རྒྱ་ཆེར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཀྱང་ཐབས་མཁས་པ་རྒྱ་ཆེར་བཙལ་བར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་
སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་ཐབས་མཁས་པ་བཙལ་བར་སེམས་པ་ཡོད་ན།
རབ་འབྱོར་དེ་ལ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་གཅིག་གོ། །།
། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ཉི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་
བྱ་བར་དགའ་ལ་ཆོས་སྨྲ་བ་ནི་ཕྱི་ཤོལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་
བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བར་ཕྱི་ཤོལ་མྱི་བྱེད་ལ། ཆོས་ཉན་པ་ནི་ཡུལ་གཞན་དུ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་
གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བར་འདོད་ལ། ཆོས་སྨྲ་བ་ནི་ཡུལ་གཞན་དུ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཁེ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལྷུར་ལེན་ཅིང་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ལྷུར་ལེན་ལ་
ཆོས་ཉན་པ་ནི་འདོད་པ་ཉུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་ཞིང་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ་མྱི་གཡེང་བ་སེམས་རྩེ་གཅིག་ཏུ་འདུས་པ་ཤེས་རབ་དང་ལྡན་པ་ཞིག་སྟེ། ཁེ་དང་བཀུར་སྟིས་འཇིགས་ན། རབ་འབྱོར་དེ་
ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་
གཞན་ཡང་ཆོས་སྨྲ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་ཞིང་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ་མྱི་གཡེང་བ། སེམས་རྩེ་གཅིག་ཏུ་འདུས་པ། ཤེས་རབ་དང་ལྡན་པ་ཞིག་སྟེ། ཁེ་དང་བཀུར་སྟིས་
འཇིགས་ལ་ཆོས་ཉན་པ་ནི་འདོད་པ་ཆེ་ཞིང་སྡིག་ཏོ་འདོད་ལ། ཁེ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལྷུར་ལེན་ཅིང་། གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ལྷུར་ལེན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་
སྨྲ་བ་ནི་དགོན་པ་པ། བསོད་སྙོམས་པ། ཕྱག་དར་ཁྲོད་པ། ཟས་ཕྱིས་མྱི་ལེན་པ། སྟན་གཅིག་པ། ཅི་ཐོབ་པའི་བསོད་སྙོམས་ལེན་པ། དུར་ཁྲོད་པ། བླ་གབ་མྱེད་པ། ཤིང་དྲུང་པ། ཅོག་པུ་པ། གཞི་ཇི་བཞིན་པ། ཆོས་གོས་

གསུམ་པར་གྱུར་ལ། ཆོས་ཉན་པ་ནི་དགོན་པ་པ་མ་ཡིན། བསོད་སྙོམས་པ་མ་ཡིན། ཕྱག་དར་ཁྲོད་པ་མ་ཡིན། ཟས་ཕྱིས་མི་ལེན་པ་མ་ཡིན། སྟན་གཅིག་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལེན་པ་མ་ཡིན། དུར་ཁྲོད་པ་མ་ཡིན། བླ་གབ་མེད་
པ་མ་ཡིན། ཤིང་དྲུང་པ་མ་ཡིན། ཅོག་པུ་པ་མ་ཡིན། གཞི་ཇི་བཞིན་པ་མ་ཡིན། ཆོས་གོས་གསུམ་པ་མ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་
པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དགོན་པ་པ། བསོད་སྙོམས་པ། ཕྱག་དར་ཁྲོད་པ། ཟས་ཕྱིས་མྱི་ལེན་པ། སྟན་གཅིག་པ།
ཟས་ཅི་ཐོབ་པའི་བསོད་སྙོམས་ལེན་པ། དུར་ཁྲོད་པ། བླ་གབ་མྱེད་པ། ཤིང་དྲུང་པ། ཅོག་པུ་པ། གཞི་ཅི་བཞིན་པ། ཆོས་གོས་གསུམ་པར་གྱུར་ལ། ཆོས་སྨྲ་བ་ནི་དགོན་པ་པ་མ་ཡིན། བསོད་སྙོམས་པ་མ་ཡིན། ཕྱག་དར་
ཁོད་པ་མ་ཡིན། ཟས་ཕྱིས་མྱི་ལེན་པ་མ་ཡིན། སྟན་གཅིག་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལེན་པ་མ་ཡིན། དུར་ཁྲོད་པ་མ་ཡིན། བླ་གབ་མྱེད་པ་མ་ཡིན། ཤིང་དྲུང་པ་མ་ཡིན། ཅོག་པུ་པ་མ་ཡིན། གཞི་ཇི་བཞིན་པ་མ་ཡིན། ཆོས་
གོས་གསུམ་པ་མ་ཡིན། བསོད་སྙོམས་ལེན་པ་མ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་ཅིང་བསམ་པ་དགེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱེད་པར་འདོད་ལ།

ཆོས་སྨྲ་བ་ནི་མ་དད་པ། ཚུལ་ཁྲིམས་ངན་པ་ཅན། སྡིག་ཏོའི་ཆོས་ཅན་ཞིག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱེད་པར་མྱི་འདོད་ན། རབ་འབྱོར་དེ་
ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་
གཞན་ཡང་ཆོས་སྨྲ་བ་ནི་དད་ཅིང་བསམ་པ་དགེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བྲི་བར་འདོད། ལུང་འབོགས་པར་འདོད། ཁ་ཏོན་བྱ་བར་འདོད་ལ། ཆོས་ཉན་པ་ནི་མ་དད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི། བདོག་པ་
ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་ལ་ཆགས་པ་མྱེད་ལ། ཆོས་ཉན་པ་ནི་སེར་སྣ་ཅན་ཆགས་པའི་སེམས་དང་ལྡན་ཞིང་འཇུངས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་
དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་
ལ་ཆགས་པ་མྱེད་ལ། ཆོས་སྨྲ་བ་ནི་སེར་སྣ་ཅན་ཆགས་པའི་སེམས་དང་ལྡན་ཞིང་འཇུངས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་

ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བ་ལ་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་
བྱད་ཡོངས་སུ་གཏོང་བར་འདོད་ལ་ཆོས་སྨྲ་བ་ནི་ལེན་པར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གླེངས་པ་ཙམ་གྱིས་ཤེས་ལ། ཆོས་ཉན་པ་ནི་དཀྲི་དགོས་ཤིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གླེངས་
པ་ཙམ་གྱིས་ཤེས་ལ། ཆོས་སྨྲ་བ་ནི་དཀྲི་དགོས་ཤིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་།
འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་ཤེས་ལ་ཆོས་ཉན་པ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་།

ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་
ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་མྱི་ཤེས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་
པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་ཤེས་ལ། ཆོས་སྨྲ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་
པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་མྱི་ཤེས་ན།
རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །
རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ལ། ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མྱི་ལྡན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་

པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ལ། ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མྱི་ལྡན་ན།
རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་
འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མཁས་ལ། ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ། ཐབས་མྱི་མཁས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་།
ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མཁས་ལ། ཆོས་
སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མྱི་མཁས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་ཉན་པ་ནི་གཟུངས་མ་ཐོབ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་
འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་

སྨྲ་བ་ནི་གཟུངས་མ་ཐོབ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་བྲི་བར་འདོད། ཀླག་པར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱ་བར་འདོད། མཉན་པར་འདོད། བསྒོམ་པར་འདོད་ལ། ཆོས་ཉན་པ་ནི་བྲི་
བར་མྱི་འདོད། ཀླག་པར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱ་བར་མྱི་འདོད། མཉན་པར་མྱི་འདོད། བསྒོམ་པར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་
དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བྲི་བར་འདོད། ཀླག་པར་འདོད། ལུང་འབོག་
པར་འདོད། ཁ་ཏོན་བྱ་བར་འདོད། མཉན་པར་འདོད་ལ་ཆོས་སྨྲ་བ་ནི་བྲི་བར་མྱི་འདོད། ཀླག་པར་མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱ་བར་མྱི་འདོད། བསྒོམ་པར་མྱི་འདོད་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་
བ་ནི་འདོད་པའི་སྲེད་པ་དང་བྲལ། གནོད་སེམས་དང་སྙོམ་པ་དང་། གཉིད་དང་འགྱོད་པ་དང་བྲལ་ཐེ་ཙོམ་དང་བྲལ་ལ། ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང་བཅས། གནོད་སེམས་དང་སྙོམ་པ་དང་། གཉིད་དང་། འགྱོད་པ་དང་བཅས་

ཐེ་ཙོམ་དང་བཅས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་
སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང་བྲལ། གནོད་སེམས་དང་། སྙོམ་པ་དང་། གཉིད་དང་འགྱོད་པ་དང་བྲལ། ཐེ་ཙོམ་དང་བྲལ་ལ། ཆོས་སྨྲ་བ་ནི་འདོད་པའི་སྲེད་པ་དང་བཅས། གནོད་སེམས་དང་།
སྙོམ་པ་དང་། གཉིད་དང་། འགྱོད་པ་དང་བཅས། ཐེ་ཙོམ་དང་བཅས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། འཆད་པ་དང་།
ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། ལ་ལ་ཞིག་དེར་འོངས་ཏེ། སེམས་ཅན་དམྱལ་བའི་མྱི་སྙན་པ་བརྗོད། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་གྱི་མྱི་སྙན་པ་བརྗོད་ཅིང་། སེམས་ཅན་དམྱལ་
བ་ནི་འདི་ལྟར་སྡུག་བསྔལ་ལོ། །བྱོལ་སོང་གི་སྐྱེ་གནས་ནི་འདི་ལྟར་སྡུག་བསྔལ་ལོ། །ཡི་དགས་ཀྱི་ཡུལ་ནི་འདི་ལྟར་སྡུག་བསྔལ་ལོ། །ཁྱོད་ཀྱིས་སྡུག་བསྔལ་འདི་ཉིད་དུ་མཐར་ཕྱིན་པར་གྱིས་ཤིག །གང་ལ་སྡུག་བསྔལ་སྟོང་ཕྲག་
མང་པོ་ཉམས་སུ་མྱོང་བར་འགྱུར་བའི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ། ཁྱོད་ཡུན་རིང་པོར་འཁོར་བ་ནི་འཁོར་བར་གྱུར་ཏ་རེ་ཞེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་
གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། འཆད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། ལ་ལ་ཞིག་དེར་འོངས་ཏེ། རྒྱལ་ཆེན་བཞིའི་
རིས་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད་ཅིང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། མཚེ་མའི་ལྷ་རྣམས་ཀྱི་ལེགས་པ་རྗོད། དགའ་ལྡན་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། འཕྲུལ་དགའི་ལྷ་རྣམས་ཀྱི་ལེགས་པ་རྗོད། གཞན་
འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་རིས་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚངས་ཆེན་གྱི་ལྷ་རྣམས་
ཀྱི་ལེགས་པ་རྗོད། སྣང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆུང་སྣང་གི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚད་མྱེད་སྣང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཀུན་སྣང་དང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། དགེ་བའི་ལྷ་རྣམས་ཀྱི་
ལེགས་པ་རྗོད། ཆུང་དགེའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཚད་མྱེད་དགེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཆུང་ཆེའི་ལྷ་རྣམས་ཀྱི་ལེགས་པ་
རྗོད། ཚད་མྱེད་ཆེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། མྱི་ཆེ་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། མྱི་གདུང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་ལེགས་པ་

རྗོད། གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ལེགས་པ་རྗོད། འོག་མྱིན་གྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པར་རྗོད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད།
ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་རྗོད་ཅིང་། འདོད་པའི་ཁམས་ནི་འདོད་པ་ལ་ལོངས་སྤྱོད་པས་འདི་ལྟར་བདེའོ། །གཟུགས་ཀྱི་ཁམས་
ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེའོ། །གཟུགས་མྱེད་པའི་ཁམས་ནི་སྙོམས་པར་འཇུག་པ་ཞི་བ་རྣམས་ཀྱིས་འདི་ལྟར་བདེ་སྟེ། དེ་དག་ཀྱང་མྱི་རྟག་ཅིང་སྡུག་བསྔལ་ལ་བདག་མྱེད་དོ། །རྣམ་པར་འགྱུར་བའི་
ཆོས་ཅན་ཟད་པའི་ཆོས་ཅན། འཇིག་པའི་ཆོས་ཅན། སྐྱེ་བའི་ཆོས་ཅན། འགག་པའི་ཆོས་ཅན་ཡིན་གྱིས། ཁྱོད་ཀྱིས་འདི་ཉིད་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་
འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག། འདི་ཉིད་དུ་རང་བྱང་ཆུབ་ཐོབ་པར་གྱིས་ཤིག །ཕྱིན་ཆད་འཁོར་བ་ནམ་འཁོར་བར་གྱིས་ཤིག་ཅེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་
མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ་ཆོས་ཉན་པ་ནི་འཁོར་གྱི་ནང་ན་གནས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཅིག་པུ་སྟེ། ཟླ་མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི་འཁོར་གྱི་ནང་ན་གནས་ན། །
རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་
འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་ཚོགས་ཡོངས་སུ་སྡུད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་
རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཅིག་པུ་སྟེ། ཟླ་མྱེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི་ཚོགས་
ཡོངས་སུ་སྡུད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་
སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདི་སྐད་དུ། སུ་ངའི་ཕྱི་བཞིན་འབྲང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདྲིར་སྦྱིན་ནོ་ཞེས་ཟེར་ལ། ཆོས་ཉན་པ་ནི་ཕྱི་བཞིན་མྱི་འབྲང་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་

ཉན་པ་ནི་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་འདོད་ལ་ཆོས་སྨྲ་བ་ནི་དྲུང་དུ་འགྲོ་བའི་སྐབས་མྱི་འབྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཟང་ཟིང་ཆུང་ཟད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིར་གཞུག་པར་འདོད། ཀློག་ཏུ་གཞུག་པར་འདོད། ལུང་
འབོག་པར་འདོད། ཁ་ཏོན་བྱེད་དུ་གཞུག་པར་འདོད་ལ། ཆོས་ཉན་པ་ནི་ཟང་ཟིང་ཆུང་ཟད་ཀྱི་ཕྱིར་དྲུང་དུ་འགྲོ་བར་མ་མོས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་
རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཟང་ཟིང་ཆུང་ཟད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བར་འདོད། ཀློག་པར་
འདོད། ལུང་འབོག་པར་འདོད། ཁ་ཏོན་བྱ་བར་འདོད། སྒོམ་པར་འདོད། ཉན་པར་འདོད་ལ་ཆོས་སྨྲ་བ་ནི་ཟང་ཟིང་ཆུང་ཟད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པར་མྱི་འདོད། འདྲིར་གཞུག་པར་མྱི་འདོད། ཀློག་ཏུ་གཞུག་པར་
མྱི་འདོད། ལུང་འབོག་པར་མྱི་འདོད། ཁ་ཏོན་བྱེད་དུ་གཞུག་པར་མྱི་འདོད། སྒོམ་དུ་གཞུག་པར་མྱི་འདོད། ཉན་དུ་གཞུག་པར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་
དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་དུ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་

དེར་འགྲོ་བར་འདོད་ལ། ཆོས་ཉན་པ་ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་དུ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དེར་འགྲོ་བར་འ་དོད་ལ། ཆོས་སྨྲ་བ་ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་
ཟས་དཀོན་པ་དང་། ཆུ་དཀོན་པའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་འི་རྒྱུ་རྐྱེན་མྱི་ལྡན་
པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་ན་ཟས་དཀོན་པ་དང་། ཆུ་དཀོན་པའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་སྨྲ་བ་
ནི་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་ཟས་མོད་པ་དང་། ཆུ་མོད་པའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་ཡང་རྗེས་སུ་འབྲང་ན། དེས་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཟང་ཟིང་གི་དོན་

ཏུ་སོང་སྟེ་ཇི་རུང་། ལེགས་པར་བསམ་པ་སེམས་པར་གྱིས་ཤིག །ཟས་ཐོབ་མ་ཐོབ་དང་བསོད་མྱི་བསོད་ཀྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ན། དེའི་ཕྱིར་ཆོས་སྟོན་པ་དེས་ཀྱང་། ཐབས་ཕྲ་མོས་ཆོས་ལ་སྤང་བ་བྱས་པར་འགྱུར་ཏེ། དེ་
ཡང་མྱི་དགའ་ཞིང་འདི་སྙམ་དུ་འདུ་ཤེས་ཏེ། འདི་ནི་སྦྱིན་པར་འདོད་པའི་མཚན་མ་མ་ཡིན་གྱི། སྤོང་བའི་མཚན་མ་ཡིན་ནོ་སྙམ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་
པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་གང་ན་རྐུན་པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་
འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྤྲུལ་གྱི་འཇིགས་པ་དང་། འབྲོག་དགོན་པའི་འཇིགས་པ་ཡོད་པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་དག་ཀྱང་ཆོས་ཀྱི་དོན་ཏུ་ཆོས་ཀྱིས་སྐོམ་ཞིང་རྗེས་སུ་འབྲང་ན། དགེ་སློང་
ཆོས་སྨྲ་བས་ཆོས་ཉན་པ་དེ་དག་ལ་འདི་སྐད་སྨྲས་ཏེ། རིགས་ཀྱི་བུ་དག་ཁྱེད་གང་ན་རྐུན་པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྤྲུལ་གྱི་འཇིགས་པ་
དང་། འབྲོག་དགོན་པའི་འཇིགས་པ་ཡོད་པ་དེར་སོང་སྟེ། ཅི་རུང་ཞེས་དེ་ལྟར་དགེ་སློང་ཆོས་སྨྲ་བ་དེས་ཆོས་མྱི་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲིར་གཞུག་པར་མྱི་འདོད། ཀློག་ཏུ་གཞུག་པར་མྱི་འདོད།
ལུང་འབོག་པར་མྱི་འདོད། ཁ་ཏོན་བྱེད་དུ་གཞུག་པར་མྱི་འདོད། ཉན་དུ་གཞུག་པར་མྱི་འདོད་པར་གྱུར་ལ། དེ་དག་གིས་དགེ་སློང་ཆོས་སྨྲ་བའི་ཚིག་དེ་དག་ཐོས་ནས། མྱི་དགའ་ཞིང་མྱི་དགའ་བའི་ཚུལ་ཅན་དུ་གྱུར་ཏེ། དགེ་སློང་

ཆོས་སྨྲ་བ་གང་ན་བ་དེར་འགྲོ་བར་མྱི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་བསོད་སྙོམས་གཏོང་བའི་གྲོང་ཁྱེར་གཙོ་བོར་བྱེད་པར་འགྱུར་ཏེ། དེ་བསོད་སྙོམས་གཏོང་བའི་གྲོང་ཁྱེར་གཙོ་བོར་གྱུར་པས་བསོད་སྙོམས་གཏོང་
བའི་གྲོང་དེ་དག་ཡང་དང་ཡང་བལྟ་བར་སེམས་ཤིང་། དེར་ཡང་དང་ཡང་བལྟ་བས་ཆོས་ཉན་པ་ཕྱིར་ཟློག་ཅིང་། ཚེ་དང་ལྡན་པ་དག་ངས་ནི་བསོད་སྙོམས་གཏོང་བའི་གྲོང་བ་ལྟ་དགོས་ཏེ། བསོད་སྙོམས་གཏོང་བའི་གྲོང་དུ་འགྲོ་དགོས་སོ་ཞེས་
ནས། དེས་ཆོས་ཉན་པ་དེ་དག་ཕྱིར་བཟློག་པའི་ཕྱིར་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མྱི་འགྱུར་བ་
དང་། ལུང་འབོག་པར་མྱི་འགྱུར་བ་དང་། ཁ་ཏོན་བྱེད་པར་མྱི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མྱི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བགྱིས་ཤིང་། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མྱི་འགྱུར་བ་དང་། ལུང་

འབོག་པར་མྱི་འགྱུར་བ་དང་། ཁ་ཏོན་བགྱིད་པར་མྱི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་མྱི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལ་བདུད་སྡིག་ཏོ་ཅན་
དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། འདི་སྐད་དུ་ངེད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡིན་ཏེ། ཇི་སྐད་དུ་ཁྱེད་ཀློག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ་ཞེས་དབྱེན་བྱེད་ཅིང་ཟློག་
ལ་མོས་པ་མྱེད་པར་བྱེད་དོ། །རབ་འབྱོར་དེ་ལ་བདུད་སྡིག་ཏོ་ཅན་གྱིས་དེ་ལྟར་དབྱེན་བྱས་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ལུང་མ་བསྟན་པ་དེ་དག་ནི་ཐེ་ཙོམ་སྐྱེ་བར་འགྱུར་ཏེ། དེ་དག་ཐེ་ཙོམ་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་མྱི་འདྲི་བར་འགྱུར། མྱི་ཀློག་པར་འགྱུར། ལུང་མྱི་འབོག་པར་འགྱུར། ཁ་ཏོན་མྱི་བྱེད་པར་འགྱུར། མྱི་སྒོམ་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མྱི་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་འི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་
ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ཤིང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི་
ཡང་དག་པའི་མཐའ་མངོན་དུ་བྱེད་པར་འགྱུར་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །

དེ་ནི་རང་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་ཟེར་ན། དེས་ཚིག་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་
བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པའི་ཚེ། བར་ཆད་དུ་འགྱུར་བའི་བདུད་ཀྱི་
ལས་མང་དུ་འབྱུང་སྟེ། བདུད་ཀྱི་ལས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ། །རིག་པར་བྱས་ནས་རྣམ་པར་སྤང་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་
ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདུད་ཀྱི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བགྱི་སྟེ། སྤང་བར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་
བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས་ཏེ། དེ་དག་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱ་སྟེ། རྣམ་པར་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་རིག་པར་བྱ་སྟེ་རྣམ་པར་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་
བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་
གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་།
རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་
སྒོམ་ཚན་མ་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པ་གང་གིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་
ཐོབ་པར་འགྱུར་བ་དེ་དག་ཀྱང་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཉེ་བར་བསྙེན་ཏེ། དེ་ཡང་དེ་ལ་དགའ་བ་བསྐྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་

སངས་རྒྱས་ཀྱི་ཆ་བྱད་དུ་ལུས་གསེར་གྱི་ཁ་དོག་དང་། མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། འོད་འདོམ་གང་བ་དང་ལྡན་པར་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ཏེ།
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མོས་པ་བསྐྱེད་དོ། །དེས་མོས་པ་བསྐྱེད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམ་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་
འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་རིགས་
ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་མདུན་དུ་སངས་རྒྱས་ལས་སྩོགས་པ་དགེ་སློང་གི་དགེ་འདུན་ཉེ་བར་སྟོན་ཏེ། དེས་དེ་ལ་འདོད་པ་སྐྱེད་ཅིང་། བདག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་འདི་ལྟ་བུར་ཤོག་ཤིག །ཇི་ལྟར་དེ་བཞིན་གཤེགས་པ་འདིས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ་བདག་གིས་ཀྱང་ཚོགས་ཡོངས་སུ་བསྡུ་བར་བྱའོ། །དེ་བཞིན་གཤེགས་པ་འདིས་ཆོས་ཇི་ལྟར་སྟོན་པ་དེ་བཞིན་དུ་བདག་གིས་
ཀྱང་ཆོས་བསྟན་པར་བྱའོ་ཞེས་དེ་དེ་ལ་འདོད་པ་སྐྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་
བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ། བྱང་ཆུབ་

སེམས་དཔའ་སྟོང་ཕྲག་དུ་མ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལྟ་བུ་དག་ཉེ་བར་སྟོན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ལ་འདོད་པ་སྐྱེད་པར་འགྱུར་རོ། །དེས་
དེ་དག་ལ་འདོད་པ་བསྐྱེད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་
པ་དང་། སྒོམ་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་མྱི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཟབ་མོ་འདི་ལ་གཟུགས་མྱེད་དོ། །ཚོར་བ་མྱེད་དོ། །འདུ་ཤེས་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །མྱིག་མྱེད་དོ། །རྣ་བ་མྱེད་དོ། །སྣ་མྱེད་དོ། །ལྕེ་མྱེད་དོ། །ལུས་མྱེད་དོ། །ཡིད་མྱེད་དོ། །གཟུགས་མྱེད་དོ། །
སྒྲ་མྱེད་དོ། །དྲི་མེད་དོ། །རོ་མྱེད་དོ། །རེག་མྱེད་དོ། །ཆོས་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མྱེད་དོ། །སྣའི་རྣམ་པར་ཤེས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་
པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་མྱེད་དོ། ལྕེའི་འདུས་ཏེ་རེག་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མྱེད་དོ། །ཡིད་

ཀྱི་འདུས་ཏེ་རེག་པ་མྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་
རྐྱེན་ཀྱིས་ཚོར་བ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་དོ། །སའི་ཁམས་མྱེད་དོ། །ཆུའི་ཁམས་མྱེད་དོ། །མྱེའི་ཁམས་མྱེད་དོ། །རླུང་གི་ཁམས་མྱེད་དོ། །ནམ་
མཁའི་ཁམས་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱེད་དོ། །མ་རིག་པ་མྱེད་དོ། །འདུ་བྱེད་མྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །མྱིང་དང་གཟུགས་མྱེད་དོ། །སྐྱེ་མཆེད་དྲུག་མྱེད་དོ། །རེག་པ་མྱེད་དོ། །ཚོར་བ་མྱེད་དོ། །སྲེད་པ་མྱེད་དོ། །
ལེན་པ་མྱེད་དོ། །སྲིད་པ་མྱེད་དོ། །སྐྱེ་བ་མྱེད་དོ། །རྒ་ཤི་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་དོ། །ནང་སྟོང་པ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་མྱེད་དོ། །དོན་
དམ་པ་སྟོང་པ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱེད་དོ། །རང་བཞིན་
སྟོང་པ་ཉིད་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་དོ། །དབང་པོ་རྣམས་མྱེད་དོ། །སྟོབས་རྣམས་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་དོ། །འཕགས་
པའི་ལམ་ཡན་ལག་བརྒྱད་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་མྱེད་དོ། །བསམ་གཏན་རྣམས་མྱེད་དོ། །ཚད་མྱེད་པ་རྣམས་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད་དོ། །རྣམ་པར་ཐར་པ་བརྒྱད་མྱེད་དོ། །
མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་མྱེད་དོ། །ཏིང་ངེ་འཛིན་རྣམས་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་
མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མྱེད་དོ། །མྱི་འཇིགས་པ་བཞི་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མྱེད་དོ། །བྱམས་པ་ཆེན་པོ་མྱེད་དོ། །སྙིང་རྗེ་ཆེན་པོ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱེད་དོ། །
རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མྱེད་དོ། །དགྲ་བཅོམ་པ་ཉིད་མྱེད་དོ། །རང་བྱང་ཆུབ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་མྱེད་དོ། །རབ་འབྱོར་གང་ལ་གཟུགས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་
སྟོང་ངོ་། །གང་ལ་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འདུ་

ཤེས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འདུ་བྱེད་མྱེད་
པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །
བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིག་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་
སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣ་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་
མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྣ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་
འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་
བཞིན་གྱིས་སྟོང་ངོ་། །གང་ལ་ལུས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་

ཡིད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གཟུགས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །
བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྒྲ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་
རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་དྲི་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རོ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་
འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རེག་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་
རང་བཞིན་གྱིས་སྟོང་ངོ་། །གང་ལ་ཆོས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །
གང་ལ་མྱིག་གི་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །

གང་ལ་རྣ་བའི་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། བྱང་ཆུབ་སེམས་དཔའ་མྱེད་དོ། རང་སངས་རྒྱ་ས་མྱེད་དོ། ཉན་ཐོས་མྱེད་དོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་།
གང་ལ་སྣའི་རྣམ་པར་ཤེས་པ་མྱེད་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེའི་རྣམ་པར་
ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལུས་ཀྱི་རྣམ་པར་ཤེས་པ་མྱེད་པ་
དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །
བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིག་གི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་
དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣ་བའི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །
རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྣའི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་

རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེའི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་
མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལུས་ཀྱི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་
ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཡིད་ཀྱི་འདུས་ཏེ་རེག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མེད་དོ། །ཉན་ཐོས་མྱེད་དོ། །དེ་
ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་
ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་
སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་

མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་ལ་སངས་རྒྱས་
མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པ་དེ་
ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་སའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །
བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ཆུའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་
སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མེའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་
དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རླུང་གི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །
རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་ནམ་མཁའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་

རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་རྣམ་པར་ཤེས་པའི་ཁམས་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་
མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མ་རིག་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་
ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་འདུ་བྱེད་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་
སྟོང་ངོ་། །གང་ལ་རྣམ་པར་ཤེས་པ་མྱེད་པ་དེ་ལ་སངས་རྒྱས་མྱེད་དོ། །བྱང་ཆུབ་སེམས་དཔའ་མྱེད་དོ། །རང་སངས་རྒྱས་མྱེད་དོ། །ཉན་ཐོས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །གང་ལ་མྱིང་དང་
གཟུགས་མྱ