Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 019_འབུམ།_ཆ
Văn bản gốc(Tây Tạng)
Trang 15 / 23 (50.000 ký tự/trang)
ོལ་ཏུ་ཕྱིན་པ་ནི། མ་རིག་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །འདུ་བྱེད་འདུ་བར་མྱི་བྱེད་ཡངས་པར་མྱི་ བྱེད་དོ། །རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །མྱིང་དང་གཟུགས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རེག་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཚོར་བ་འདུ་བར་མྱི་ བྱེད་ཡངས་པར་མྱི་བྱེད་དོ། སྲེད་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ལེན་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྲིད་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྐྱེ་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རྒ་ཤི་འདུ་བར་མྱི་བྱེད་ཡངས་པར་མྱི་ བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་འདུ་ བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་ པར་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུ་བར་ མྱི་བྱེད་ཡངས་པར་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་འདུ་བར་མྱི་ བྱེད་ཡངས་པར་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འདུ་བར་མྱི་བྱེད་ ཡངས་པར་མྱི་བྱེད་དོ། །དབང་པོ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྟོབས་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འདུ་བར་མྱི་བྱེད་ ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་པའི་བདེན་པ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །བསམ་གཏན་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཚད་མྱེད་པ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །གཟུགས་ མྱེད་པའི་སྙོམས་པར་འཇུག་པ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་བརྒྱད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདུ་བར་མྱི་བྱེད་ཡངས་པར་མྱི་ བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་པ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་འདུ་ བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་འདུ་བར་མྱི་བྱེད་ཡངས་པར་མི་བྱེད་དོ། །མྱི་འཇིགས་ པ་བཞི་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྙིང་རྗེ་ཆེན་པོ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། ། དགྲ་བཅོམ་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རང་བྱང་ཆུབ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མྱི་ བྱེད་ཡངས་པར་མྱི་བྱེད་དོ། །ཞེས་བགྱི་བར་འདུ་ཤེས་སུ་གྱུར་པ་དང་། བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྟེན། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཚད་ ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཚོར་བ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །འདུ་ཤེས་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །འདུ་བྱེད་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཚད་ ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །རྣ་བ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །སྣ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ལྕེ་ཚད་ ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ལུས་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཡིད་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྒྲ་ཚད་ ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །དྲི་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །རོ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །རེག་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཆོས་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་རྣམ་པར་ཤེས་པ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། ། ལྕེའི་རྣམ་པར་ཤེས་པ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི། མྱིག་གི་འདུས་ཏེ་རེག་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཚད་ཡོད། པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཚད་ཡོད་པར་མྱི་བྱེད། ཚད་མྱེད་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་ཡོད་པར་ མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སའི་ཁམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཆུའི་ཁམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །མྱེའི་ཁམས་ཚད་ ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རླུང་གི་ཁམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ནམ་མཁའི་ཁམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་ དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མ་རིག་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །འདུ་བྱེད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །མྱིང་དང་གཟུགས་ ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རེག་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཚོར་བ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྲེད་པ་ཚད་ཡོད་པར་མྱི་བྱེད་ཚད་ མྱེད་པར་མྱི་བྱེད་དོ། །ལེན་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྲིད་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྐྱེ་བ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྒ་ཤི་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཕྱི་ སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། ། དོན་དམ་པ་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་ མྱེད་པར་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། ། དངོས་པོ་མྱེད་པ་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་ བྱེད་དོ། །དབང་པོ་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྟོབས་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་པའི་བདེན་པ་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །བསམ་གཏན་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཚད་མྱེད་པ་རྣམས་ཚད་ཡོད་ པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་བརྒྱད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་པ་རྣམས་ ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་ བཅུ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །མྱི་འཇིགས་པ་བཞི་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །སྙིང་རྗེ་ཆེན་པོ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་ དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཚད་ཡོད་པར་མྱི་ བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །རང་བྱང་ཆུབ་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་ པ་ཉིད་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཚད་ཡོད་པར་མྱི་བྱེད་ཚད་མྱེད་པར་མྱི་བྱེད་དོ། །ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པ་མ་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། །བཅོམ་ལྡན་འདས་གལ་ཏེ་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཚོར་བ་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །འདུ་ཤེས་རྒྱ་ཆེན་པོར་ མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །འདུ་བྱེད་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །རྣ་བ་རྒྱ་ཆེན་ པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །སྣ་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །ལྕེ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལུས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཡིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྒྲ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །དྲི་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རོ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རེག་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་ དོ། །ཆོས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་རྒྱ་ཆེན་ པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་ མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སའི་ཁམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཆུའི་ཁམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །མྱེའི་ཁམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རླུང་གི་ཁམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ནམ་མཁའི་ཁམས་ རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མ་རིག་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །འདུ་བྱེད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། ། རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །མྱིང་དང་གཟུགས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རེག་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཚོར་བ་རྒྱ་ཆེན་པོར་མྱི་ བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྲེད་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལེན་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྲིད་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མི་བྱེད་དོ། །སྐྱེ་བ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྒ་ཤི་རྒྱ་ཆེན་པོར་ མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་ དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ ངུར་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་རྒྱ་ཆེན་པོར་ མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་ པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། ། ཆོས་ཐམས་ཅད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་ རྒྱ་ཆུང་ངུར་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ ཆུང་ངུར་མྱི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །དབང་པོ་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྟོབས་རྣམས་རྒྱ་ཆེན་པོར་ མྱི་བྱེད། རྒྱ་ཆུང་ངུར་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་པའི་བདེན་པ་ རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །བསམ་གཏན་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཚད་མྱེད་པ་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་བརྒྱད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་ པ་མྱེད་པ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་པ་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་རྒྱ་ཆེན་པོར་མྱི་ བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །མྱི་འཇིགས་པ་བཞི་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། སོ་སོ་ཡང་དག་པར་རིག་པ་བཞི་རྒྱ་ཆེན་པོར་ མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །སྙིང་རྗེ་ཆེན་པོ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱ་ཆེན་ པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། ། རང་བྱང་ཆུབ་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་མྱི་བྱེད་རྒྱ་ཆུང་ངུར་མྱི་བྱེད་དོ། །ཞེས་བགྱི་བར་ འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཚོར་བ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །འདུ་ཤེས་མཐུ་དང་ ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །འདུ་བྱེད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་མཐུ་དང་ལྡན་པར་མྱི་བྱེད་མཐུ་ མྱེད་པར་མྱི་བྱེད་དོ་རྣ་བ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྣ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ལྕེ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ལུས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཡིད་མཐུ་ དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་མྱི་བྱེད་དོ། །སྒྲ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །དྲི་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་ དོ། །རོ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རེག་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཆོས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་ མྱི་བྱེད་མཐུ་མྱེད་པར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་མྱི་བྱེད་ དོ། །ལུས་ཀྱི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མི་བྱེད། མཐུ་མེད་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བྱེད་མཐུ་མེད་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བྱེད་མཐུ་མྱེད་པར་མྱི་བྱེད་དོ། ། ལུས་ཀྱི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བྱེད་མཐུ་མྱེད་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་ མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བྱེད་མཐུ་མྱེད་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བྱེད། མཐུ་ མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སའི་ཁམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཆུའི་ཁམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །མྱེའི་ཁམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་ བྱེད་དོ། །རླུང་གི་ཁམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ནམ་མཁའི་ཁམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་ མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མ་རིག་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །འདུ་བྱེད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། ། མྱིང་དང་གཟུགས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་མཐུ་དང་ལྡན་པར་མི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རེག་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཚོར་བ་མཐུ་དང་ལྡན་པར་མྱི་ བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྲེད་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ལེན་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྲིད་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྐྱེ་ བ་མཐུ་དང་ལྡན་པར་མྱི་བྱེད་མཐུ་མྱེད་པར་མྱི་བྱེད་དོ། །རྒ་ཤི་མཐུ་དང་ལྡན་པར་མྱི་བྱེད་མཐུ་མྱེད་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཕྱི་ནང་སྟོང་ པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་མཐུ་དང་ལྡན་པར་མི་བྱེད། མཐུ་མེད་པར་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་མཐུ་དང་ལྡན་པར་ མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །འདུས་བྱས་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད་མཐུ་མེད་པར་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཐུ་དང་ལྡན་པར་ མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་མཐུ་དང་ལྡན་པར་ མྱི་བྱེད་མཐུ་མྱེད་པར་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མཐུ་དང་ལྡན་ པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་མྱི་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐུ་དང་ ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་མྱི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་ མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །དབང་པོ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྟོབས་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །བྱང་ཆུབ་ཀྱི་ ཡན་ལག་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མེད་པར་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་པའི་བདེན་པ་རྣམས་ མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །བསམ་གཏན་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཚད་མྱེད་པ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་བརྒྱད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐུ་དང་ལྡན་པར་ མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་པ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་ མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །མྱི་འཇིགས་པ་བཞི་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །སྙིང་རྗེ་ཆེན་པོ་མཐུ་དང་ལྡན་པར་ མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མཐུ་དང་ལྡན་པར་མི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མཐུ་དང་ལྡན་པར་མྱི་བྱེད་མཐུ་མྱེད་པར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །རང་བྱང་ཆུབ་མཐུ་ དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མྱི་བྱེད། མཐུ་མྱེད་པར་མྱི་བྱེད་དོ། ཞེས་བགྱི་བར་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་གཟུགས་ཆེ་བར་ བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ སོ། །གང་འདུ་ཤེས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་བྱེད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིག་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་ པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་ཆེ་བར་བགྱིད་ པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུགས་ཆེ་བར་བགྱིད་པ་ འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྒྲ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དྲི་ཆེ་བར་བགྱིད་པ་འམ། ཆུང་བར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རོ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རེག་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆོས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མིག་གི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བའི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། ། གང་སྣའི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེའི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་ཀྱི་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་ཀྱི་རྣམ་པར་ཤེས་པ་ཆེ་བར་ བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིག་གི་འདུས་ཏེ་རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་ མ་ལགས་སོ། །གང་རྣ་བའི་འདུས་ཏེ་རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣའི་འདུས་ཏེ་རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེའི་འདུས་ཏེ་རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ་གང་ལུས་ཀྱི་འདུས་ཏེ་རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་ཀྱི་འདུས་ཏེ་རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིག་ གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་བགྱིད་ པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་བགྱིད་པའམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ མཐུན་པའི་འབྲས་བུ་མ་ལགས་སོ། །གང་སའི་ཁམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆུའི་ཁམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱེའི་ཁམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རླུང་གི་ཁམས་ཆེ་བར་བགྱིད་པ་འམ། ཆུང་བར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ནམ་མཁའི་ཁམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ ཤེས་པའི་ཁམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མ་རིག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་ བུ་མ་ལགས་སོ། །གང་འདུ་བྱེད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། གང་རྣམ་པར་ཤེས་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིང་དང་གཟུགས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྐྱེ་མཆེད་དྲུག་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རེག་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚོར་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྲེད་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལེན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་ དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྲིད་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྐྱེ་བ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྒ་ཤི་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ བའི་འབྲས་བུ་མ་ལགས་སོ། །གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་ བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་ མ་ལགས་སོ། །གང་ནང་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཕྱི་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཕྱི་ནང་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྟོང་པ་ཉིད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆེན་པོ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ དོན་དམ་པ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུས་བྱས་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུས་མ་བྱས་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མཐའ་ལས་འདས་པ་སྟོང་པ་ཉིད་ཆེ་ བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ མཐུན་པའི་འབྲས་བུ་མ་ལགས་སོ། །གང་དོར་བ་མྱེད་པ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རང་བཞིན་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆོས་ཐམས་ཅད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རང་གི་མཚན་ ཉིད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱི་དམྱིགས་པ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ་ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ ལགས་སོ། །གང་དངོས་པོ་མྱེད་པ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དྲན་པ་ཉེ་བར་གཞག་ པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡང་དག་པར་སྤོང་བ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ འབྲས་བུ་མ་ལགས་སོ། །གང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དབང་པོ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྟོབས་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བྱང་ཆུབ་ཀྱི་ཡན་ ལག་སྟོབས་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ མཐུན་པའི་འབྲས་བུ་མ་ལགས་སོ། །གང་འཕགས་པའི་བདེན་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བསམ་གཏན་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་ པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚད་མྱེད་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུགས་མྱེད་པའི་སྙོམས་ པར་འཇུག་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཐར་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ མཐུན་པའི་འབྲས་བུ་མ་ལགས་སོ། །གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མངོན་པར་ཤེས་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཏིང་ངེ་འཛིན་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུངས་ཀྱི་སྒོ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་ དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱི་འཇིགས་པ་ རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སོ་སོ་ཡང་དག་པར་རིག་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་ པའི་འབྲས་བུ་མ་ལགས་སོ། །གང་སྙིང་རྗེ་ཆེན་པོ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཆེ་བར་བགྱིད་པ་འམ། ཆུང་ བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཕྱིར་མྱི་འོང་བའི་འབྲས་བུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དགྲ་བཅོམ་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རང་བྱང་ཆུབ་ཆེ་བར་བགྱིད་པ་འམ། ཆུང་ བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ སོ། །གང་བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུགས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་ དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་ཤེས་འདུ་བར་བགྱིད་ པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་བྱེད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ སོ། །གང་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིག་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། གང་ལུས་འདུ་བར་བགྱིད་པ་འམ། ཡངས་པར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་གཟུགས་འདུ་བར་ བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྒྲ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། ། གང་དྲི་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རོ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ སོ། །གང་རེག་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆོས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ འབྲས་བུ་མ་ལགས་སོ། །གང་མྱིག་གི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བའི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣའི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེའི་ རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་ཀྱི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡིད་ཀྱི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིག་ གི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བའི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྣའི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེའི་འདུས་ཏེ་རེག་པ་འདུ་བར་ བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་ཀྱི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་ བུ་མ་ལགས་སོ། །གང་ཡིད་ཀྱི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་ པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་ སོ། །གང་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་ བུ་མ་ལགས་སོ། །གང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆུའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱེའི་ཁམས་འདུ་བར་ བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རླུང་གི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། ། གང་ནམ་མཁའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མ་རིག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཁྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་བྱེད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱིང་དང་གཟུགས་འདུ་བར་བགྱིད་པ་ འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྐྱེ་མཆེད་དྲུག་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་ མ་ལགས་སོ། །གང་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྲིད་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ལེན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྲིད་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྐྱེ་བ་འདུ་བར་བགྱིད་པ་འམ། ཡངས་པར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྒ་ཤི་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་ པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ ལགས་སོ། །གང་ནང་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཕྱི་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཕྱི་ནང་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སྟོང་པ་ཉིད་སྟོང་པ་ཉིད་འདུ་ བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆེན་པོ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ འབྲས་བུ་མ་ལགས་སོ། །གང་དོན་དམ་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུས་བྱས་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་ བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུས་མ་བྱས་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མཐའ་ ལས་འདས་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དོར་བ་མྱེད་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ རང་བཞིན་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆོས་ཐམས་ཅད་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རང་གི་མཚན་ཉིད་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མྱི་དམྱིགས་པ་སྟོང་པ་ཉིད་འདུ་བར་ བགྱིད་པ་འམ་ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དངོས་པོ་མྱེད་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ་ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་ བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་དྲན་པ་ཉེ་བར་གཞག་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཡང་དག་པར་སྤོང་བ་རྣམས་འདུ་ བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྫུ་འཕྲུལ་གྱི་རྐང་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ འབྲས་བུ་མ་ལགས་སོ། །གང་དབང་པོ་རྣམས་འདུ་བར་