Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 019_འབུམ།_ཆ

Văn bản gốc(Tây Tạng)

Trang 14 / 23 (50.000 ký tự/trang)
ུར་རོ། །རབ་འབྱོརད་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་
ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་
ཆེས་པར་འགྱུར་ཏེ། དེ་ལྟར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཡང་དག་པར་སྤོང་བ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ།
དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དབང་པོ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་ཡིད་ཆེས་པས། དབང་པོ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྟོབས་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྟོབས་རྣམས་
ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་
རོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །
རབ་འབྱོར་འཕགས་པའི་བདེན་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འཕགས་པའི་བདེན་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་

བསམ་གཏན་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། བསམ་གཏན་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཚད་མྱེད་པ་རྣམས་སུ་མྱི་དམྱིགས་
པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚད་མྱེད་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་མྱི་དམྱིགས་པས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་སུ་མྱི་དམྱིགས་པས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཐར་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སུ་མྱི་དམྱིགས་པས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་
མྱེད་པ་དང་། སྨོན་པ་མྱེད་པར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡིད་ཆེས་པར་མྱི་
འགྱུར་རོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མངོན་པར་ཤེས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་

འབྱོར་ཏིང་ངེ་འཛིན་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཏིང་ངེ་འཛིན་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་
གཟུངས་ཀྱི་སྒོ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུངས་ཀྱི་སྒོ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དེ་བཞིན་
གཤེགས་པའི་སྟོབས་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་
མྱི་འཇིགས་པ་རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། མྱི་འཇིགས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་
རྣམས་སུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་སྙིང་རྗེ་ཆེན་པོར་མྱི་དམྱིགས་པས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སྙིང་རྗེ་ཆེན་པོ་ལ་ཡིད་ཆེས་པར་མི་འགྱུར་རོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་མྱི་དམྱིགས་པས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུར་མྱི་དམྱིགས་པས། ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ཕྱིར་མི་འོང་བའི་འབྲས་བུར་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་
ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་དགྲ་བཅོམ་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་
ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དགྲ་བཅོམ་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རང་བྱང་ཆུབ་ཏུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
ཡིད་ཆེས་པས། རང་བྱང་ཆུབ་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལམ་
གྱི་རྣམ་པ་ཤེས་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མྱི་དམྱིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་མྱི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒྱུ་

གང་གིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ཡིན། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཆེ་བར་མི་བགྱིད། ཆུང་བར་མྱི་བགྱིད་དོ། །ཚོར་བ་ཆེ་བར་མི་བགྱིད་
ཆུང་བར་མྱི་བགྱིད་དོ། །འདུ་ཤེས་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །འདུ་བྱེད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཤེས་པར་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །མྱིག་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །རྣ་བ་ཆེ་བར་
མི་བགྱིད་ཆུང་བར་མི་བགྱིད་དོ། །སྣ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལྕེ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལུས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཡིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །གཟུགས་ཆེ་བར་མྱི་བགྱིད་ཆུང་བར་མྱི་
བགྱིད་དོ། །སྒྲ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དྲི་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རོ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རེག་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆོས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིག་གི་རྣམ་པར་ཤེས་པ་ཆེ་བར་མྱི་
བགྱིད་ཆུང་བར་མྱི་བགྱིད་དོ། །རྣ་བའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལྕེའི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་
ཆུང་བར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་
བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་

ཆུང་བར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་
བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སའི་ཁམས་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆུའི་ཁམས་ཆེ་བར་མྱི་བགྱིད་
ཆུང་བར་མྱི་བགྱིད་དོ། །མྱེའི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རླུང་གི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ནམ་མཁའི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཤེས་པའི་ཁམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མ་རིག་པ་
ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །འདུ་བྱེད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཤེས་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱིང་དང་གཟུགས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྐྱེ་མཆེད་དྲུག་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རེག་པ་ཆེ་བར་
མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཚོར་བ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྲེད་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ལེན་པ་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །སྲིད་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྐྱེ་བ་ཆེ་བར་མྱི་བགྱིད་ཆུང་བར་
མྱི་བགྱིད་དོ། །རྒ་ཤི་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད། ཆུང་བར་མྱི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་
བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ནང་སྟོང་པ་ཉིད་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་

བགྱིད་དོ། །ཕྱི་ནང་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆེན་པོ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་
ཆུང་བར་མྱི་བགྱིད་དོ། །འདུས་བྱས་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཆེ་
བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་
ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དངོས་པོ་མྱེད་པའི་ངོ་
བོ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །ཡང་དག་པར་སྤོང་བ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་
དོ། །དབང་པོ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སྟོབས་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཆེ་བར་མྱི་བགྱིད་ཆུང་བར་
མྱི་བགྱིད་དོ། །འཕགས་པའི་བདེན་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །བསམ་གཏན་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཚད་མེད་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་

པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །རྣམ་པར་ཐར་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
མ་མྱེད་པ་དང་། སྨོན་པ་མྱེད་པ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །མངོན་པར་ཤེས་པ་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །ཏིང་ངེ་འཛིན་རྣམས་ཆེ་བར་མི་བགྱིད། ཆུང་བར་མྱི་བགྱིད་དོ། །གཟུངས་ཀྱི་སྒོ་རྣམས་ཆེ་བར་མི་བགྱིད། ཆུང་
བར་མི་བགྱིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཆེ་བར་མྱི་བགྱིད། ཆུང་བར་མྱི་བགྱིད་དོ། །མྱི་འཇིགས་པ་བཞི་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །སྙིང་རྗེ་ཆེན་
པོ་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཆེ་བར་མི་བགྱིད་ཆུང་བར་མྱི་བགྱིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཆེ་བར་མྱི་བགྱིད་ཆུང་བར་མྱི་
བགྱིད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །དགྲ་བཅོམ་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མི་བགྱིད་དོ། །རང་བྱང་ཆུབ་ཆེ་བར་མི་བགྱིད་ཆུང་བར་མི་བགྱིད་དོ། །ལམ་གྱི་རྣམ་པར་ཤེས་པ་ཉིད་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །
བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མྱི་བགྱིད་ཆུང་བར་མྱི་བགྱིད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །འདུ་
ཤེས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །འདུ་བྱེད་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །མྱིག་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣ་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་

བགྱིད་དོ། །སྣ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལྕེ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལུས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཟུགས་འདུ་བར་མྱི་བགྱིད་
ཡངས་པར་མྱི་བགྱིད་དོ། །སྒྲ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དྲི་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །རོ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རེག་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆོས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །
མྱིག་གི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣ་བའི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལྕེའི་རྣམ་པར་ཤེས་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །
ལུས་ཀྱི་རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །
སྣའི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །མྱིག་གི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །ལྕེའི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །སའི་ཁམས་འདུ་བར་

མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆུའི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱེའི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རླུང་གི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ནམ་མཁའི་ཁམས་འདུ་བར་མྱི་བགྱིད་ཡངས་
པར་མྱི་བགྱིད་དོ། །རྣམ་པར་ཤེས་པའི་ཁམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མ་རིག་པ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །འདུ་བྱེད་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །རྣམ་པར་ཤེས་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱིང་
དང་གཟུགས་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །སྐྱེ་མཆེད་དྲུག་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །རེག་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཚོར་བ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །སྲེད་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་
དོ། །ལེན་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །སྲིད་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སྐྱེ་བ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྒ་ཤི་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་
བགྱིད་ཡངས་པར་མི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ནང་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །ཕྱི་ནང་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་
དོ། །སྟོང་པ་ཉིད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆེན་པོ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །འདུས་བྱས་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་

མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་
དོ། །དོར་བ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་འདུ་
བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་
དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཡང་དག་པར་སྤོང་བ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྫུ་
འཕྲུལ་གྱི་རྐང་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དབང་པོ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སྟོབས་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འདུ་བར་མི་བགྱིད་ཡངས་པར་མྱི་
བགྱིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །འཕགས་པའི་བདེན་པ་རྣམས་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །བསམ་གཏན་རྣམས་འདུ་བར་མི་བགྱིད་ཡངས་པར་མྱི་བགྱིད་དོ། །ཚད་མྱེད་པ་
རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣམ་པར་ཐར་པ་བརྒྱད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་

འཇུག་པ་དགུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མངོན་པར་ཤེས་པ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཏིང་ངེ་འཛིན་
རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཟུངས་ཀྱི་སྒོ་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །མྱི་འཇིགས་པ་བཞི་འདུ་བར་མྱི་བགྱིད་ཡངས་པར་མྱི་
བགྱིད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སྙིང་རྗེ་ཆེན་པོ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །རྒྱུན་དུ་ཞུགས་པའི་
འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །ཕྱིར་མི་འོང་པའི་འབྲས་བུ་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །དགྲ་བཅོམ་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །
རང་བྱང་ཆུབ་འདུ་བར་མི་བགྱིད་ཡངས་པར་མི་བགྱིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་མྱི་བགྱིད་ཡངས་པར་མྱི་བགྱིད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི། གཟུགས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུ་ཤེས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུ་བྱེད་ཚད་མཆིས་པར་མྱི་བགྱིད་
ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མིག་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣ་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣ་ཚད་

མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལྕེ་ཚད་མཆིས་པར་མྱི་བགྱིད་དོ། །ལུས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་
པར་མྱི་བགྱིད་དོ། །གཟུགས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྒྲ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དྲི་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རོ་ཚད་མཆིས་པར་མྱི་བགྱིད་
ཚད་མ་མཆིས་པར་མྱི་བགྱིད་དོ། །རེག་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆོས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱིག་གི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་
དོ། །རྣ་བའི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལྕེའི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་
མྱི་བགྱིད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད།
ཚད་མ་མཆིས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་
བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་

བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་
མི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་
ཚོར་བ་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆུའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱེའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་
མཆིས་པར་མྱི་བགྱིད་དོ། །རླུང་གི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ནམ་མཁའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པའི་ཁམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་
པར་མྱི་བགྱིད་དོ། །མ་རིག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུ་བྱེད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱིང་དང་
གཟུགས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྐྱེ་མཆེད་དྲུག་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རེག་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཚོར་བ་ཚད་མཆིས་པར་མྱི་བགྱིད་ཚད་
མ་མཆིས་པར་མྱི་བགྱིད་དོ། །སྲེད་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལེན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྲིད་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྐྱེ་བ་ཚད་མཆིས་པར་

མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྒ་ཤི་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་
མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། །ནང་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་
པར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཕྱི་ནང་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆེན་པོ་
སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུས་བྱས་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་
ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དོར་བ་མྱེད་པ་སྟོང་
པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་

ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་
ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཡང་དག་པར་
སྤོང་བ་རྣམས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དབང་པོ་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ། །སྟོབས་རྣམས་ཚད་མཆིས་པར་
མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །འཕགས་པའི་བདེན་
པ་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མི་བགྱིད་དོ། །བསམ་གཏན་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཚད་མྱེད་པ་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །གཟུགས་མྱེད་
པའི་སྙོམས་པར་འཇུག་པ་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཐར་པ་བརྒྱད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཚད་མཆིས་པར་མྱི་
བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མངོན་པར་ཤེས་པ་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་

བགྱིད་དོ། །ཏིང་ངེ་འཛིན་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །གཟུངས་ཀྱི་སྒོ་རྣམས་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཚད་
མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །མྱི་འཇིགས་པ་བཞི་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །སྙིང་རྗེ་ཆེན་པོ་
ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །
ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །དགྲ་བཅོམ་པ་ཉིད་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་
དོ། །རང་བྱང་ཆུབ་ཚད་མཆིས་པར་མྱི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མཆིས་པར་མི་བགྱིད་ཚད་མ་མཆིས་པར་མྱི་བགྱིད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཚད་མཆིས་པར་མྱི་བགྱིད་ཚད་
མ་མཆིས་པར་མྱི་བགྱིད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཚོར་བ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །འདུ་ཤེས་རྒྱ་ཆེན་པོར་མྱི་བགྱིད་རྒྱུ་ཆུང་ངུར་མྱི་བགྱིད་དོ། །འདུ་བྱེད་རྒྱ་
ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མྱིག་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྣ་བ་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྣ་རྒྱ་ཆེན་པོར་མྱི་བགྱིད། རྒྱ་

ཆུང་ངུར་མྱི་བགྱིད་དོ། །ལྕེ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལུས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཡིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །གཟུགས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྒྲ་རྒྱ་
ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དྲི་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རོ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རེག་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཆོས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །
མྱིག་གི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྣ་བའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལྕེའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་
བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལུས་ཀྱི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །
རྣ་བའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བགྱིད་
རྒྱ་ཆུང་ངུར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་
པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་

བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སའི་ཁམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །
ཆུའི་ཁམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མྱེའི་ཁམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རླུང་གི་ཁམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ནམ་མཁའི་ཁམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །
རྣམ་པར་ཤེས་པའི་ཁམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མ་རིག་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །འདུ་བྱེད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྣམ་པར་ཤེས་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །
མྱིང་དང་གཟུགས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྐྱེ་མཆེད་དྲུག་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རེག་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཚོར་བ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྲེད་པ་རྒྱ་ཆེན་པོར་
མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལེན་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྲིད་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྐྱེ་བ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྒ་ཤི་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ནང་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཕྱི་

ནང་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཆེན་པོ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་
དོ། །འདུས་བྱས་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་
པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་
ངུར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ངོ་བོ་ཉིད་
སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཡང་དག་པར་སྤོང་བ་རྣམས་རྒྱ་
ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དབང་པོ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སྟོབས་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །བྱང་ཆུབ་
ཀྱི་ཡན་ལག་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །འཕགས་པའི་བདེན་པ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །བསམ་གཏན་རྣམས་

རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཚད་མྱེད་པ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྣམ་པར་ཐར་པ་
བརྒྱད་རྒྱ་ཆེན་པོར་མྱི་བགྱིད། རྒྱ་ཆུང་ངུར་མྱི་བགྱིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་རྒྱ་ཆེན་པོར་མྱི་བགྱིད་
རྒྱ་ཆུང་ངུར་མྱི་བགྱིད་དོ། །མངོན་པར་ཤེས་པ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཏིང་ངེ་འཛིན་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །གཟུངས་ཀྱི་སྒོ་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དེ་བཞིན་
གཤེགས་པའི་སྟོབས་བཅུ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །མྱི་འཇིགས་པ་བཞི་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མི་བགྱིད་དོ། །སྙིང་རྗེ་ཆེན་པོ་རྒྱ་
ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ལན་ཅིག་ཕྱིར་འོང་བའི་
འབྲས་བུ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །དགྲ་བཅོམ་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །རང་བྱང་ཆུབ་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་
མྱི་བགྱིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་མྱི་བགྱིད་རྒྱ་ཆུང་ངུར་མྱི་བགྱིད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི།

གཟུགས་མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །འདུ་ཤེས་མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །འདུ་བྱེད་མཐུ་དང་ལྡན་པར་
མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མྱིག་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྣ་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་
མྱི་བགྱིད་དོ། །སྣ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལྕེ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལུས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཡིད་མཐུ་དང་ལྡན་པར་མྱི་
བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །གཟུགས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྒྲ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མི་བགྱིད་དོ། །དྲི་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་
དོ། །རོ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རེག་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཆོས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མྱིག་གི་རྣམ་པར་ཤེས་པ་
མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྣ་བའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྣའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལྕེའི་རྣམ་
པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །

མིག་གི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྣའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་
མཆིས་པར་མི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་མྱི་
བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྣའི་
འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་
མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སའི་ཁམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཆུའི་
ཁམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མྱེའི་ཁམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རླུང་གི་ཁམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ནམ་མཁའི་ཁམས་མཐུ་དང་
ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པའི་ཁམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མ་རིག་པ་མཐུ་དང་ལྡན་པར་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །འདུ་བྱེད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་

མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཤེས་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མྱིང་དང་གཟུགས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྐྱེ་མཆེད་དྲུག་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་
པར་མྱི་བགྱིད་དོ། །རེག་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཚོར་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྲེད་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལེན་པ་མཐུ་དང་
ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྲིད་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྐྱེ་བ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྒ་ཤི་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་
མཆིས་པར་མྱི་བགྱིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐུ་
དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །
ནང་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཕྱི་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཕྱི་ནང་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་
པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཆེན་པོ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །དོན་དམ་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །འདུས་བྱས་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་

མ་མཆིས་པར་མྱི་བགྱིད་དོ། །འདུས་མ་བྱས་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཐོག་མ་དང་ཐ་མ་མྱེད་པ་
སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རང་བཞིན་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མི་བགྱིད་དོ། །ཆོས་ཐམས་ཅད་སྟོང་
པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །དངོས་
པོ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་
དོ། །དྲན་པ་ཉེ་བར་གཞག་པ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཡང་དག་པར་སྤོང་བ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་
མཆིས་པར་མྱི་བགྱིད་དོ། །དབང་པོ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྟོབས་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མཐུ་དང་ལྡན་པར་མྱི་བགྱིད་
མཐུ་མ་མཆིས་པར་མྱི་བགྱིད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །འཕགས་པའི་བདེན་པ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །བསམ་གཏན་

རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཚད་མྱེད་པ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་
བགྱིད་དོ། །རྣམ་པར་ཐར་པ་བརྒྱད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་
མ་མྱེད་པ་དང་སྨོན་པ་མྱེད་པ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མངོན་པར་ཤེས་པ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཏིང་ངེ་འཛིན་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །
གཟུངས་ཀྱི་སྒོ་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །མྱི་འཇིགས་པ་བཞི་མཐུ་དང་ལྡན་པར་མི་བགྱིད་མཐུ་མ་མཆིས་པར་མྱི་
བགྱིད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སྙིང་རྗེ་ཆེན་པོ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མཐུ་དང་ལྡན་པར་མྱི་བགྱིད་
མཐུ་མ་མཆིས་པར་མྱི་བགྱིད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མཐུ་
དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །དགྲ་བཅོམ་པ་ཉིད་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །རང་བྱང་ཆུབ་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མཐུ་དང་ལྡན་

པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་མྱི་བགྱིད་མཐུ་མ་མཆིས་པར་མྱི་བགྱིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོའོ། །བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ནི། གཟུགས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཚོར་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །འདུ་ཤེས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །འདུ་བྱེད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྣ་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྣ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལྕེ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལུས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཡིད་ཆེ་བར་
མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྒྲ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །དྲི་ཆེ་བར་མྱི་བྱེད་ཆུང་བར་མི་བྱེད་དོ། །རོ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རེག་ཆེ་བར་མྱི་བྱེད་ཆུང་
བར་མྱི་བྱེད་དོ། །ཆོས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་

ཆུང་བར་མྱི་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་
འདུས་ཏེ་རེག་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཆེ་བར་
མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཆེ་
བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཆེ་བར་མྱི་བྱེད་ཆུང་
བར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཆེ་བར་མྱི་བྱེད་ཆུང་བར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སའི་ཁམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཆུའི་ཁམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །མྱེའི་ཁམས་ཆེ་བར་
མྱི་བྱེད་ཆུང་བར་མྱི་བྱེད་དོ། །རླུང་གི་ཁམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ནམ་མཁའི་ཁམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མ་རིག་པ་ཆེ་བར་མྱི་
བྱེད་ཆུང་བར་མྱི་བྱེད་དོ། །འདུ་བྱེད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྣམ་པར་ཤེས་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །མྱིང་དང་གཟུགས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྐྱེ་མཆེད་དྲུག་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རེག་པ་ཆེ་བར་མྱི་བྱེད་ཆུང་བར་

མྱི་བྱེད་དོ། །ཚོར་བ་ཆེ་བར་མྱི་བྱེད་ཆུང་བར་མི་བྱེད་དོ། །སྲེད་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལེན་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྲིད་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སྐྱེ་བ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྒ་ཤི་ཆེ་བར་མྱི་བྱེད་
ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ནང་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཕྱི་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་
མྱི་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཆེ་བར་མི་བྱེད་ཆུང་བར་མྱི་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །འདུས་བྱས་
སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། འདུས་མ་བྱས་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །དོར་བ་
མྱེད་པ་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རང་བཞིན་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །མྱི་དམྱིགས་
པ་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མི་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །དབང་པོ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་
བྱེད་དོ། །སྟོབས་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཕགས་
པའི་བདེན་པ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །བསམ་གཏན་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཚད་མྱེད་པ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པར་ཐར་པ་བརྒྱད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཆེ་བར་མི་བྱེད་ཆུང་བར་མྱི་བྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་
མྱེད་པ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མངོན་པར་ཤེས་པ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཏིང་ངེ་འཛིན་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་
དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་ཆེ་བར་མྱི་བྱེད། ཆུང་བར་མྱི་བྱེད་དོ། །མྱི་འཇིགས་པ་བཞི་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཆེ་བར་མྱི་བྱེད་ཆུང་བར་
མྱི་བྱེད་དོ། །སྙིང་རྗེ་ཆེན་པོ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལན་ཅིག་

ཕྱིར་འོང་བའི་འབྲས་བུ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །དགྲ་བཅོམ་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །རང་བྱང་ཆུབ་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ལམ་
གྱི་རྣམ་པ་ཤེས་པ་ཉིད་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་མྱི་བྱེད་ཆུང་བར་མྱི་བྱེད་དོ། །ཞེས་བགྱི་བར་འདུ་ཤེས་སུ་གྱུར་པ་དང་། བཅོམ་ལྡན་འདས་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན། ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་བརྟེན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཚོར་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །འདུ་ཤེས་འདུ་བར་མྱི་བྱེད་ཡངས་པར་མྱི་
བྱེད་དོ། །འདུ་བྱེད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རྣ་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །
སྣ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ལྕེ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ལུས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཡིད་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་འདུ་བར་མྱི་བྱེད་
ཡངས་པར་མྱི་བྱེད་དོ། །སྒྲ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །དྲི་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རོ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རེག་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཆོས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་

དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྣའི་རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ལྕེའི་
རྣམ་པར་ཤེས་པ་འདུ་བར་མི་བྱེད་ཡངས་པར་མི་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་
འདུས་ཏེ་རེག་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་འདུ་བར་མི་བྱེད་ཡངས་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་འདུ་བར་མྱི་བྱེད་ཡངས་པར་མི་བྱེད་དོ། །
ལུས་ཀྱི་འདུས་ཏེ་རེག་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་མྱི་བྱེད་ཡངས་པར་མྱི་
བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་མྱི་བྱེད་
ཡངས་པར་མྱི་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། །སའི་ཁམས་
འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཆུའི་ཁམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །མྱེའི་ཁམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །རླུང་གི་ཁམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ནམ་མཁའི་ཁམས་འདུ་བར་མྱི་བྱེད་

ཡངས་པར་མྱི་བྱེད་དོ། །རྣམ་པར་ཤེས་པའི་ཁམས་འདུ་བར་མྱི་བྱེད་ཡངས་པར་མྱི་བྱེད་དོ། །ཤེས་རབ་ཀྱི་ཕ་ར