Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 019_འབུམ།_ཆ
Văn bản gốc(Tây Tạng)
Trang 8 / 23 (50.000 ký tự/trang)
། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་ མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་ གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མྱི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་སློབ་པས། དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སེམས་ ཅན་དམྱལ་བ་རྣམས་ཀྱི་རྒྱུན་འཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་རྣམས་ཀྱི་རྒྱུན་འཆད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་རྣམས་ཀྱི་རྒྱུན་འཆད་པར་འགྱུར་རོ། །ལྷ་མ་ཡིན་གྱི་རིས་ཀྱང་ཡོངས་སུ་འགྲིབ་པར་འགྱུར་རོ། །ལྷའི་རིས་ཀྱང་མངོན་ པར་འཕེལ་བར་འགྱུར་རོ། །རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་ ཆེན་བཞིའི་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཚེ་མའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགའ་ལྡན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕྲུལ་ དགེའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་རིས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་ཆེན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྣང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་སྣང་གི་ལྷ་རྣམས་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་སྣང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་སྣང་དང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་དགེའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །ཚད་མྱེད་དགེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་རྒྱས་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་ཆེའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་ མྱེད་ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་ཆེ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་གདུང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། ཤིན་ཏུ་མཐོང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གྱ་ནོམ་སྣང་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འོག་མིན་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། འདུས་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་ རོ། །མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་ བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དབང་པོ་རྣམས་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །སྟོབས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་ པའི་བདེན་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་ རོ། །རྣམ་པར་ཐར་པ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མེད་པ་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །མངོན་པར་ཤེས་པ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཏིང་ངེ་འཛིན་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འཇིག་རྟེན་དུ་འབྱུང་ བར་འགྱུར་རོ། །མྱི་འཇིགས་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ། ཉི་ཤུ་གསུམ་མོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དགུ་པ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གནས་བརྟན་རབ་འབྱོར་ལ་ སྨྲས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ ཅད་དང་ཐུན་མོང་དུ་བྱས་ཏེ། དེ་མྱི་དམྱིགས་པའི་ཚུལ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། ཉན་ཐོས་ཀྱི་ ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི། བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་དག་ལས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་འདི་ཉིད་རབ་ཅེས་བྱའོ། །དམ་པ་ཞེས་བྱའོ། ། གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །མཉམ་པ་མྱེད་པ་ཞེས་བྱའོ། །མྱི་མཉམ་པ་དང་མཉམ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ནི། བདག་གདུལ་བ་དང་། བདག་ཞི་བར་བྱ་བ་དང་། བདག་ཡོངས་སུ་མྱ་ངན་ ལས་བཟླ་བའི་ཕྱིར། ཉེ་བར་གནས་པ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་ བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། རྣམ་ པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་ཤེས་པ་དྲུག་དག་ཀྱང་། བདག་གདུལ་བ་དང་། བདག་ཞི་བར་བྱ་བ་དང་། བདག་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། །ཉེ་བར་གནས་ པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་གདུལ་བ་དང་། ཞི་བར་བྱ་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མྱི་དམྱིགས་པའི་ཚུལ་ གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤར་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་སངས་རྒྱས་བཅོམ་ལྡན་འདས་གྲངས་མྱེད་ཚད་མྱེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ ཚད་མྱེད་དཔག་ཏུ་མྱེད་པ་དག་གི། འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མྱེད་ཚད་མྱེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གི་ འཇིག་རྟེན་གྱི་ཁམས་རེ་རེར་ཡང་སངས་རྒྱས་བཅོམ་ལྡན་འདས་གྲངས་མྱེད་ཚད་མྱེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གི། འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་ བཅོམ་ལྡན་འདས་གྲངས་མྱེད་ཚད་མྱེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་ མྱེད་ཚད་མྱེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གི། འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ ཚད་མྱེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མེད་དཔག་ཏུ་མྱེད་པ་དག་གི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མྱེད་ཚད་མྱེད་པ་ཡོངས་ སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གི། འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མྱེད་ཚད་མྱེད་པ་ཡོངས་ སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གི། འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མྱེད། ཚད་མྱེད་པ་ཡོངས་སུ་ མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མྱེད་ཚད་མྱེད་དཔག་ཏུ་མྱེད་པ་དག་གིས། འཇིག་རྟེན་གྱི་ཁམས་རེ་རེར་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མྱེད་ཚད་མྱེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ པ་དེ་དག་ཐུགས་དང་པོ་བསྐྱེད་པ་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དམ་པའི་ཆོས་མ་ ནུབ་ཀྱི་བར་དུ། དགེ་བའི་རྩ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་གང་ཇི་སྙེད་ཅིག་ཡོད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་དེ་དག་གིས། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། སློབ་པ་དེ་དག་གི་དགེ་བའི་རྩ་བ་ཟག་པ་མྱེད་པ་དག་དང་། མྱི་སློབ་པ་དེ་དག་གི་དགེ་བའི་རྩ་བ་ཟག་པ་མྱེད་པ་དག་དང་། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། ཕན་ པར་བཞེད་པ་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་གྲངས་མྱེད་ཚད་མྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དང་ཆོས་བསྟན་པ་དེ་ལ་བསླབས་ཤིང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ཐོབ་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པ་དང་། དགྲ་བཅོམ་པ་ཉིད་ཐོབ་པ་དང་། རང་བྱང་ཆུབ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་ཞུགས་པ་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། གང་གིས་དེ་བཞིན་གཤེགས་པ་དེ་དག་ བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། དེ་དག་ལ་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་ཡིད་རང་བའི་མཆོག། གཙོ་བོ་དམ་པ་རབ། ཕུལ་གྱ་ནོམ་པ་བླ་ན་མྱེད་པ་གོང་ན་མྱེད་པ། མཉམ་པ་ མྱེད་པ། མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་སྟེ། དེ་ལྟར་རྗེས་སུ་ཡི་རང་ནས། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་གྱུར་ཅིག ། ཅེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་དེས་དེ་སྐད་དུ་སྨྲས་ཏེ་སེམས་ཀྱི་རྣམ་པ་དེ་ལྟ་བུས་ཡོངས་སུ་བསྔོས་ན། དམྱིགས་པ་གང་དང་། དངོས་པོ་གང་དག་གིས། སེམས་ དེ་ལྟ་བུ་སྐྱེས་པར་གྱུར་པའི་དངོས་པོ་དེ་དག་དང་། དམྱིགས་པ་དེ་དག། རིགས་ཀྱི་བུ་དེ་དག་གིས། ཇི་ལྟར་མཚན་མར་བྱས་པ་དེ་བཞིན་དུ་དམྱིགས་སུ་ཡོད་པ་ཡིན་ནམ། །བྱམས་པས་སྨྲས་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་ གིས། ཇི་ལྟར་མཚན་མར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་དངོས་པོ་དེ་དག་དང་། དམིགས་པ་དེ་དག་དམྱིགས་སུ་ཡོད་པ་མ་ཡིན་ནོ། །རབ་འབྱོར་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་དངོས་པོ་ མྱེད་པ་དག་དམྱིགས་པ་མྱེད་པས་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་དེ་དག་དང་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི། དགེ་བའི་རྩ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ ཀྱི་ཐེག་པ་ལ་གནས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། མྱི་སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྩོགས་བསྡུས་ཏེ་ བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཚན་མའི་ཚུལ་གྱིས། ཡོངས་སུ་བསྔོས་ན། ཇི་ལྟར་མི་རྟག་པ་ལ་རྟག་གོ་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། སྡུག་བསྔལ་བ་ལ་ བདེ་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། བདག་མྱེད་པ་ལ་བདག་ཅེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། མི་གཙང་བ་ལ་གཙང་ ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ། དེ་ལྟར་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མ་གྱུར་ཏམ། །དེ་ལྟ་ཡིན་ཡང་ཐམས་ཅད་དངོས་པོ་ཇི་ལྟ་བ་དང་། དམྱིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་ བཞིན། སེམས་ཀྱང་དེ་བཞིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡང་དེ་བཞིན། གཟུགས་དང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དེ་བཞིན། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་དེ་བཞིན། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱང་དེ་བཞིན། ཁམས་དང་སྐྱེ་མཆེད་ དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དེ་བཞིན། ནང་སྟོང་པ་ཉིད་ཀྱང་དེ་བཞིན། ཕྱི་སྟོང་པ་ཉིད་ཀྱང་དེ་བཞིན། ཕྱི་ནང་སྟོང་པ་ཉིད་ཀྱང་དེ་བཞིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དེ་བཞིན། ཆེན་པོ་སྟོང་པ་ཉིད་ཀྱང་དེ་བཞིན། དོན་དམ་པ་སྟོང་པ་ཉིད་ཀྱང་དེ་བཞིན། འདུས་བྱས་ སྟོང་པ་ཉིད་ཀྱང་དེ་བཞིན། འདུས་མ་བྱས་སྟོང་པ་ཉིད་ཀྱང་དེ་བཞིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དེ་བཞིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་དེ་བཞིན། དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་དེ་བཞིན། རང་བཞིན་སྟོང་པ་ཉིད་ཀྱང་དེ་བཞིན། ཆོས་ཐམས་ཅད་སྟོང་པ་ ཉིད་ཀྱང་དེ་བཞིན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དེ་བཞིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དེ་བཞིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དེ་བཞིན། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དེ་བཞིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དེ་བཞིན། དྲན་པ་ཉེ་བར་གཞག་པ་ རྣམས་ཀྱང་དེ་བཞིན། ཡང་དག་པར་སྤོང་བ་རྣམས་ཀྱང་དེ་བཞིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་དེ་བཞིན། དབང་པོ་རྣམས་ཀྱང་དེ་བཞིན། སྟོབས་རྣམས་ཀྱང་དེ་བཞིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་དེ་བཞིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དེ་ བཞིན། འཕགས་པའི་བདེན་པ་རྣམས་ཀྱང་དེ་བཞིན། བསམ་གཏན་རྣམས་ཀྱང་དེ་བཞིན། ཚད་མྱེད་པ་རྣམས་ཀྱང་དེ་བཞིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དེ་བཞིན། རྣམ་པར་ཐར་པ་བརྒྱད་ཀྱང་དེ་བཞིན། མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ཡང་དེ་བཞིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡང་དེ་བཞིན། མངོན་པར་ཤེས་པ་རྣམས་ཀྱང་དེ་བཞིན། ཏིང་ངེ་འཛིན་རྣམས་ཀྱང་དེ་བཞིན། གཟུངས་ཀྱི་སྒོ་རྣམས་ཀྱང་དེ་བཞིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ ཡང་དེ་བཞིན། མྱི་འཇིགས་པ་བཞི་ཡང་དེ་བཞིན། སོ་སོ་ཡང་དག་པར་རིག་པ་བཞི་ཡང་དེ་བཞིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་དེ་བཞིན་ཏེ། གལ་ཏེ་དེ་ལྟར་དངོས་པོ་ཇི་ལྟ་བ་དང་། དམྱིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན། སེམས་ཀྱང་དེ་བཞིན། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན། ནང་སྟོང་པ་ཉིད་ཀྱང་དེ་བཞིན། ཕྱི་སྟོང་པ་ཉིད་ཀྱང་དེ་བཞིན། ཕྱི་ནང་སྟོང་པ་ཉིད་ཀྱང་དེ་བཞིན། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་དེ་བཞིན། ཆེན་པོ་སྟོང་པ་ཉིད་ཀྱང་དེ་བཞིན། དོན་དམ་པ་སྟོང་པ་ཉིད་ཀྱང་དེ་བཞིན། འདུས་བྱས་སྟོང་པ་ཉིད་ཀྱང་དེ་བཞིན། འདུས་མ་བྱས་ སྟོང་པ་ཉིད་ཀྱང་དེ་བཞིན། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་དེ་བཞིན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་དེ་བཞིན། དོར་བ་མེད་པ་སྟོང་པ་ཉིད་ཀྱང་དེ་བཞིན། རང་བཞིན་སྟོང་པ་ཉིད་ཀྱང་དེ་བཞིན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་དེ་བཞིན། རང་གི་མཚན་ཉིད་ སྟོང་པ་ཉིད་ཀྱང་དེ་བཞིན། མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་དེ་བཞིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་དེ་བཞིན། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དེ་བཞིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དེ་བཞིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་དེ་བཞིན། ཡང་དག་པར་སྤོང་ བ་རྣམས་ཀྱང་དེ་བཞིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་དེ་བཞིན། དབང་པོ་རྣམས་ཀྱང་དེ་བཞིན། སྟོབས་རྣམས་ཀྱང་དེ་བཞིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་དེ་བཞིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དེ་བཞིན། འཕགས་ པའི་བདེན་པ་རྣམས་ཀྱང་དེ་བཞིན། བསམ་གཏན་རྣམས་ཀྱང་དེ་བཞིན། ཚད་མྱེད་པ་རྣམས་ཀྱང་དེ་བཞིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་དེ་བཞིན། རྣམ་པར་ཐར་པ་བརྒྱད་ཀྱང་དེ་བཞིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དེ་ བཞིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡང་དེ་བཞིན། མངོན་པར་ཤེས་པ་རྣམས་ཀྱང་དེ་བཞིན། ཏིང་ངེ་འཛིན་རྣམས་ཀྱང་དེ་བཞིན། གཟུངས་ཀྱི་སྒོ་རྣམས་ཀྱང་དེ་བཞིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དེ་ བཞིན། མྱི་འཇིགས་པ་བཞི་ཡང་དེ་བཞིན། སོ་སོ་ཡང་དག་པར་རིག་པ་བཞི་ཡང་དེ་བཞིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་དེ་བཞིན་ན་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དངོས་པོ་དེ་ནི་གང་ཞིག་ཡིན། དམྱིགས་པ་དེ་ནི་གང་ཞིག་ཡིན། བྱང་ཆུབ་དེ་ནི་གང་ཞིག་ཡིན། སེམས་དེ་ནི་གང་ཞིག་ཡིན། དགེ་བའི་རྩ་བ་དེ་དག་ནི་གང་ཞིག་ཡིན། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་ནི་གང་ཞིག་ཡིན། །བྱམས་པས་སྨྲས་པ། གལ་ཏེ་བྱང་ ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ། སངས་རྒྱས་མང་པོ་བསྙེན་བཀུར་ཅིང་། དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དང་། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་ཟིན་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་བསླབས་ པ་དག་ནི། དངོས་པོ་དེ་དག་དང་། དམྱིགས་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་མཚན་མར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡོངས་སུ་མྱི་སྔོའི། །དེ་དག་ནི་འདི་ལྟར་ཡོངས་སུ་སྔོ་སྟེ། གཉིས་ཀྱི་ཚུལ་གྱིས་མ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས་མ་ཡིན་ནོ། །མཚན་མའི་ཚུལ་གྱིས་མ་ཡིན་ནོ། །མཚན་མ་མྱེད་པའི་ཚུལ་གྱིས་མ་ཡིན་ནོ། །དམྱིགས་པའི་ཚུལ་གྱིས་མ་ཡིན་ནོ། །དམྱིགས་ སུ་མྱེད་པའི་ཚུལ་གྱིས་མ་ཡིན་ནོ། །ཉོན་མོངས་པའི་ཚུལ་གྱིས་མ་ཡིན་ནོ། །རྣམ་པར་བྱུང་བའི་ཚུལ་གྱིས་མ་ཡིན་ནོ། །སྐྱེ་བའི་ཚུལ་གྱིས་མ་ཡིན་ནོ། །འགག་པའི་ཚུལ་གྱིས་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་ ཡང་མ་ཡིན། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པ་ཡང་མ་ཡིན། དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་ཡང་མ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡང་མ་ཡིན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་བསླབས་པར་གྱུར་པ་ཡང་མ་ ཡིན་ན། དེ་དག་ནི་དངོས་པོ་དེ་དག་དང་། དམྱིགས་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེ་དག་ལ་མཚན་མར་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་སྔོ་བར་འགྱུར་ཏེ། བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་ པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་ པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་ པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ནང་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཕྱི་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་ པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཕྱི་ནང་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་ བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཆེན་པོ་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དོན་དམ་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་ སེམས་དཔའི་མདུན་དུ་མྱི་བཤད་དོ། །འདུས་བྱས་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །འདུས་མ་བྱས་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་ བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །རང་བཞིན་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་ པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་ པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ངོ་བོ་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཡང་དག་པར་སྤོང་བ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་ གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དབང་པོ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་ པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །སྟོབས་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་ སེམས་དཔའི་མདུན་དུ་མྱི་བཤད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །འཕགས་པའི་བདེན་པ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་ བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །བསམ་གཏན་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཚད་མྱེད་པ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་ དཔའི་མདུན་དུ་མྱི་བཤད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །རྣམ་པར་ཐར་པ་བརྒྱད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་ མྱེད་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །མངོན་པར་ཤེས་པ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཏིང་ངེ་འཛིན་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །གཟུངས་ཀྱི་སྒོ་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་ གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །མྱི་འཇིགས་པ་བཞི་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་ པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ཐམས་ཅད་ཤེས་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མྱི་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལ་དད་པ་ཙམ་མམ། དགའ་བ་ཙམ་ མམ། མོས་པ་ཙམ་མམ། གུས་པ་ཙམ་ཞིག་ཡོད་པ་དེ་ཡང་། མྱེད་པར་གྱུར་པའི་ཕྱིར་ཏེ་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བཤད་ཅིང་བསྟན་ཏོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པའི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་འདི་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་བཤད་པར་བྱའོ། ། བསྟན་པར་བྱའོ། །དེའི་མདུན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་བཤད་པར་བྱའོ་བསྟན་པར་བྱའོ། །དེའི་མདུན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ནང་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ཕྱི་ སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ཕྱི་ནང་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་སྟོང་པ་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། ། དེའི་མདུན་དུ་ཆེན་པོ་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་དོན་དམ་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་འདུས་བྱས་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། ། བསྟན་པར་བྱའོ། །དེའི་མདུན་དུ་འདུས་མ་བྱས་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་ མདུན་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་དོར་བ་མྱེད་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་རང་བཞིན་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། ། བསྟན་པར་བྱའོ། །དེའི་མདུན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་མྱི་དམྱིགས་པ་སྟོང་པ་ཉིད་དེ་ལྟར་བསྟན་ པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ངོ་བོ་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ཡང་དག་པར་སྤོང་བ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་ པར་བྱའོ། །དེའི་མདུན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་དབང་པོ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་སྟོབས་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། ། བསྟན་པར་བྱའོ། །དེའི་མདུན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་འཕགས་པའི་ བདེན་པ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་བསམ་གཏན་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ཚད་མྱེད་པ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། ། དེའི་མདུན་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་རྣམ་པར་ཐར་པ་བརྒྱད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་མངོན་པར་ཤེས་པ་རྣམས་ དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ཏིང་ངེ་འཛིན་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་གཟུངས་ཀྱི་སྒོ་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་དེ་བཞིན་ གཤེགས་པའི་སྟོབས་བཅུ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་མྱི་འཇིགས་པ་བཞི་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་སོ་སོ་ཡང་དག་པར་རིག་པ་བཞི་དེ་ལྟར་བསྟན་པ་བཤད་པར་བྱའོ། ། བསྟན་པར་བྱའོ། །དེའི་མདུན་དུ་སྙིང་རྗེ་ཆེན་པོ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ཐམས་ཅད་ཤེས་པ་ཉིད་ དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་ མདུན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དེས་ནི་དེ་ཐོས་ན་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་ རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །རབ་འབྱོར་ཀྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་སུ་ཡི་རང་ཞིང་། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཟད་ཅིང་འགགས་པ། མྱེད་དེ་རྣམ་པར་གྱུར། དངོས་པོ་དེ་དག་དང་། དམྱིགས་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་ཀྱང་ཟད་ཅིང་འགགས་ལ་མྱེད་དེ། རྣམ་པར་གྱུར་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་ སེམས་ནི་གང་ཞིག། དངོས་པོ་དེ་དག་ནི་གང་ཞིག། དམྱིགས་པ་དེ་དག་ནི་གང་ཞིག། དགེ་བའི་རྩ་བ་དེ་དག་ནི་གང་ཞིག། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོའམ། དེ་ལྟར་སེམས་ཀྱིས་སེམས་ ཡོངས་སུ་བསྔོ་ན་ནི། སེམས་གཉིས་ཕྲད་པར་འགྱུར་བ་མྱེད་དེ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བར་མྱི་ནུས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །ནང་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །ཕྱི་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །དོན་ དམ་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །དོར་ བ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ ཉིད་ནི་དངོས་པོ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དངོས་པོ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ནི་དངོས་པོ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ དངོས་པོ་མྱེད་པའོ། །དབང་པོ་རྣམས་ནི་དངོས་པོ་མྱེད་པའོ། །སྟོབས་རྣམས་ནི་དངོས་པོ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་དངོས་པོ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དངོས་པོ་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ནི་ དངོས་པོ་མྱེད་པའོ། །བསམ་གཏན་རྣམས་ནི་དངོས་པོ་མྱེད་པའོ། །ཚད་མྱེད་པ་རྣམས་ནི་དངོས་པོ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་དངོས་པོ་མྱེད་པའོ། །རྣམ་པར་ཐར་པ་རྣམས་ནི་དངོས་པོ་མྱེད་པའོ། །མཐར་ཀྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་ནི་དངོས་པོ་མྱེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ནི་དངོས་པོ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ནི་དངོས་པོ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ནི་དངོས་པོ་མྱེད་པའོ། །གཟུངས་ ཀྱི་སྒོ་རྣམས་ནི་དངོས་པོ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དངོས་པོ་མྱེད་པའོ། །མྱི་འཇིགས་པ་བཞི་ནི་དངོས་པོ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་དངོས་པོ་མྱེད་པའོ། །སྙིང་རྗེ་ཆེན་པོ་ནི་དངོས་པོ་མྱེད་པའོ། །སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་དངོས་པོ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དངོས་པོ་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་དངོས་པོ་མྱེད་པའོ། །དགྲ་བཅོམ་པ་ཉིད་ནི་ དངོས་པོ་མྱེད་པའོ། །རང་བྱང་ཆུབ་ནི་དངོས་པོ་མྱེད་པའོ། །ཐམས་ཅད་ཤེས་པ་ཉིད་ནི་དངོས་པོ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དངོས་པོ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མྱེད་པའོ། །ཞེས་བྱ་བར་ཤེས་ན། དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །གལ་ཏེ་དེ་ལྟར་ཡོངས་སུ་སྔོ་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་སྨྲས་པ། བཙུན་པ་རབ་འབྱོར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ན། འཇིགས་ཤིང་ སྔང་བའམ། སྐྲག་པར་མྱི་འགྱུར་རམ། བཙུན་པ་རབ་འབྱོར་ཇི་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དགེ་བའི་རྩ་བ་དེ་དག། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། །ཇི་ ལྟར་ན་དེས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བཟུང་ཞིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ དམྱིགས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྡོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་པའི་ ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་ཅིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་ གྱིས་འཛིན་པར་བྱེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་ མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། ནང་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ཕྱི་སྟོང་པ་ཉིད་ལ་སྤྱོད་ཅིང་། ཕྱི་སྟོང་པ་ཉིད་དེ་ཡང་མྱི་ དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། ཕྱི་ནང་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། སྟོང་པ་ཉིད་སྟོང་པ་ ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ཅིང་། ཆེན་པོ་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་ཅིང་དོན་ དམ་པ་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་ཅིང་། འདུས་བྱས་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། འདུས་མ་བྱས་ སྟོང་པ་ཉིད་ལ་སྤྱོད་ཅིང་། འདུས་མ་བྱས་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། མཐའ་ལས་འདས་པ་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། དོར་བ་ མྱེད་པ་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། རང་བཞིན་སྟོང་པ་ཉིད་ལ་སྤྱོད་ཅིང་། རང་བཞིན་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ཆོས་ཐམས་ཅད་ སྟོང་པ་ཉིད་ལ་སྤྱོད་ཅིང་། ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། རང་གི་མཚན་ཉིད་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་ གྱིས་འཛིན་པར་བྱེད། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། མྱི་དམྱིགས་པ་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཅིང་། དངོས་པོ་མྱེད་པ་སྟོང་པ་ཉིད་དེ་ཡང་ མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཅིང་། ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ལ་སྤྱོད་ཅིང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ཅིང་། དྲན་པ་ཉེ་བར་གཞག་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་ དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། །ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་ཅིང་། ཡང་དག་པར་སྤོང་བ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་ཅིང་། རྫུ་འཕྲུལ་གྱི་རྐང་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། དབང་པོ་རྣམས་ལ་སྤྱོད་ཅིང་། དབང་པོ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། སྟོབས་རྣམས་ལ་སྤྱོད་ཅིང་། སྟོབས་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ཅིང་། བྱང་ཆུབ་ཀྱི་ཡན་ལག་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། འཕགས་པའི་བདེན་པ་རྣམས་ལ་སྤྱོད་ཅིང་། འཕགས་པའི་བདེན་པ་དེ་ དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། བསམ་གཏན་རྣམས་ལ་སྤྱོད་ཅིང་། བསམ་གཏན་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ཚད་མྱེད་པ་རྣམས་ལ་སྤྱོད་ཅིང་། ཚད་མྱེད་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་ཅིང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ ཚུལ་གྱིས་འཛིན་པར་བྱེད། རྣམ་པར་ཐར་པ་རྣམས་ལ་སྤྱོད་ཅིང་། རྣམ་པར་ཐར་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་ཅིང་། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་པོ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་སྤྱོད་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། མངོན་པར་ཤེས་པ་རྣམས་ལ་སྤྱོད་ཅིང་། མངོན་པར་ཤེས་པ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་ གྱིས་འཛིན་པར་བྱེད། ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་། ཏིང་ངེ་འཛིན་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཅིང་། གཟུངས་ཀྱི་སྒོ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་ མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། མྱི་འཇིགས་པ་བཞི་ལ་སྤྱོད་ཅིང་། མྱི་འཇིགས་པ་བཞི་པོ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་ཅིང་། སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་ གྱིས་འཛིན་པར་བྱེད། སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་། སྙིང་རྗེ་ཆེན་པོ་དེ་ཡང་། མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ པོ་དེ་དག་ཀྱང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་ཅིང་། ཐམས་ཅད་ཤེས་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། ལམ་གྱི་རྣམ་ པ་ཤེས་པ་ཉིད་ལ་སྤྱོད་ཅིང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ཡང་མྱི་དམྱིགས་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་མྱི་དམྱིགས་པའི་ ཚུལ་དང་། མཚན་མ་མྱེད་པའི་ཚུལ་གྱིས་འཛིན་པར་བྱེད་ན། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བ་དང་། ནང་སྟོང་པ་ཉིད་ལ་མོས་པ་མང་བ་དང་། ཕྱི་སྟོང་པ་ཉིད་ལ་མོས་པ་མང་བ་དང་། ཕྱི་ནང་སྟོང་ པ་ཉིད་ལ་མོས་པ་མང་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་མོས་པ་མང་བ་དང་། ཆེན་པོ་སྟོང་པ་ཉིད་ལ་མོས་པ་མང་བ་དང་། དོན་དམ་པ་སྟོང་པ་ཉིད་ལ་མོས་པ་མང་བ་དང་། འདུས་བྱས་སྟོང་པ་ཉིད་ལ་མོས་པ་མང་བ་དང་། འདུས་མ་བྱས་སྟོང་པ་ཉིད་ ལ་མོས་པ་མང་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མོས་པ་མང་བ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མོས་པ་མང་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་མོས་པ་མང་བ་དང་། རང་བཞིན་སྟོང་པ་ཉིད་ལ་མོས་པ་མང་བ་དང་། ཆོས་ ཐམས་ཅད་སྟོང་པ་ཉིད་ལ་མོས་པ་མང་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མོས་པ་མང་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་མོས་པ་མང་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མོས་པ་མང་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་མོས་པ་མང་བ་དང་། དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མོས་པ་མང་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་མོས་པ་མང་བ་དང་། ཡང་དག་པར་སྤོང་བ་རྣམས་ལ་མོས་པ་མང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མོས་པ་མང་བ་དང་། དབང་པོ་རྣམས་ལ་མོས་པ་མང་བ་དང་། སྟོབས་རྣམས་ལ་མོས་པ་མང་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མོས་པ་མང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མོས་པ་མང་བ་དང་། འཕགས་པའི་བདེན་པ་རྣམས་ལ་མོས་པ་མང་བ་དང་། བསམ་གཏན་ རྣམས་ལ་མོས་པ་མང་བ་དང་། ཚད་མྱེད་པ་རྣམས་ལ་མོས་པ་མང་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མོས་པ་མང་བ་དང་། རྣམ་པར་ཐར་པ་བརྒྱད་ལ་མོས་པ་མང་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ མོས་པ་མང་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མོས་པ་མང་བ་དང་། མངོན་པར་ཤེས་པ་རྣམས་ལ་མོས་པ་མང་བ་དང་། ཏིང་ངེ་འཛིན་རྣམས་ལ་མོས་པ་མང་བ་དང་། གཟུངས་ཀྱི་སྒོ་རྣམས་ལ་མོས་པ་མང་ བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མོས་པ་མང་བ་དང་། མྱི་འཇིགས་པ་བཞི་ལ་མོས་པ་མང་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་མོས་པ་མང་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མོས་པ་མང་བ་དང་། ཐམས་ ཅད་ཤེས་པ་ཉིད་ལ་མོས་པ་མང་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མོས་པ་མང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མོས་པ་མང་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ། །དགེ་བའི་བཤེས་ གཉེན་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་དོན་དང་ལྡན། ཡི་གེ་དང་ལྡན་པར་སྟོན་པར་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་ དུ་ཅི་ནས་ཀྱང་། ནང་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཕྱི་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ་ ཅི་ནས་ཀྱང་། ཕྱི་ནང་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། སྟོང་པ་ཉིད་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་ དུ་ཅི་ནས་ཀྱང་། ཆེན་པོ་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དོན་དམ་པ་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ ཀྱི་བར་དུ་ཅི་ནས་ཀྱང་། འདུས་བྱས་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། འདུས་མ་བྱས་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་ དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། ། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དོར་བ་མྱེད་པ་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། རང་བཞིན་སྟོང་པ་ཉིད་དང་བྲལ་ བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། རང་གི་མཚན་ཉིད་ སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། མྱི་དམྱིགས་པ་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དངོས་ པོ་མྱེད་པ་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ངོ་བོ་ཉིད་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དྲན་པ་ཉེ་བར་གཞག་པ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ ཀྱི་བར་དུ་ཅི་ནས་ཀྱང་། ཡང་དག་པར་སྤོང་བ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་ སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དབང་པོ་ལྔ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། སྟོབས་ལྔ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ ཀྱི་བར་དུ་ཅི་ནས་ཀྱང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་ མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། འཕགས་པའི་བདེན་པ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། བསམ་གཏན་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་ པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཚད་མྱེད་པ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་ དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། རྣམ་པར་ཐར་པ་བརྒྱད་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་བྲལ་བར་མྱི་འགྱུར་པ་དེ་ ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ ཀྱང་། མངོན་པར་ཤེས་པ་ལྔ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། ཏིང་ངེ་འཛིན་རྣམས་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ ཅི་ནས་ཀྱང་། གཟུངས་ཀྱི་སྒོ་རྣམས་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་ མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། མྱི་འཇིགས་པ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། སོ་སོ་ཡང་དག་པར་རིག་པ་བཞི་དང་བྲལ་བར་མྱི་འགྱུར་བ་དེ་ལྟར་ སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། སྙིང་རྗེ་ཆེན་པོ་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ། །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ་ཅི་ནས་ཀྱང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ བྲལ་བར་མྱི་འགྱུར་བ་དེ་ལྟར་སྟོན་ཏོ། །དེ་ལ་བདུད་ཀྱི་ལས་རྣམས་ཀྱང་སྟོན་པར་འགྱུར་ཏེ། དེས་བདུད་ཀྱི་ལས་དེ་དག་ཐོས་ནས། འགྲིབ་པ་འམ། འཕེལ་བ་མྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་ཀྱི་ལས་དེ་དག་ལ་ངོ་བོ་ཉིད་མྱེད་ དོ། །དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཆུད་ཀྱི་བར་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མྱི་འགྱུར་ཏེ། དེ་དག་ལ་ཡང་དགེ་བའི་རྩ་བ་སྐྱེད་པར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་ རིགས་ཡོངས་སུ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་རིགས་དེ་དང་ཡང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་འབྲལ་བར་མྱི་འགྱུར་རོ།། །།ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པས། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་། སྟེང་གི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་ཚད་མྱེད་པ་གྲངས་མྱེད་ པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མྱེད་གྲངས་མྱེད་པ་བཞུགས་ཤིང་། འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་སྤྲོས་པའི་ཚུལ་ཆད་པར་གྱུར་པ། ཚིག་གི་ལམ་ཉམས་པ་མྱི་ མངའ་བ། ཁུར་བོར་བ། གྲོང་གི་ཚེར་མ་རབ་ཏུ་བསྩལ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཆད་པ། ཡང་དག་པར་ཡོངས་སུ་མཁྱེན་པས། ཐུགས་ཤིན་ཏུ་རྣམ་པར་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གི་བསོད་ནམས་ མངོན་པར་འདུ་མཛད་པ་དང་། དེ་དག་ཏུ་རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་འམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་འམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་ཅུ་རྩ་གསུམ་གྱི་ལྷ་འམ། མཚེ་མའམ། དགའ་ལྡན་ནམ། འཕྲུལ་དགའ་ འམ། གཞན་འཕྲུལ་དབང་བྱེད་དམ། ཚངས་རིས་སམ། ཚངས་ལྷ་ཉེ་ཕན་ནམ། ཚངས་པ་ཀུན་འཁོར་རམ། ཚངས་ཆེན་ནམ། སྣང་བའམ། ཆུང་སྣང་ངམ། ཚད་མྱེད་སྣང་བའམ། ཀུན་སྣང་དང་བ་འམ། དགེ་བའམ། ཆུང་དགེ་འམ། ཚད་མྱེད་དགེ་བའམ། དགེ་རྒྱས་སམ། ཆེ་བ་འམ། ཆུང་ཆེ་འམ། ཚད་མྱེད་ཆེ་བ་འམ། འབྲས་བུ་ཆེ་བ་འམ། མྱི་ཆེ་བ་འམ། མྱི་གདུང་བ་འམ། ཤིན་ཏུ་མཐོང་བ་འམ། གྱ་ནོམ་སྣང་བ་འམ། འོག་མྱིན་གྱི་ལྷ་རྣམས་སམ། སུས་ཀྱང་རུང་སྟེ། དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། གཅིག་ཏུ་བརྟུལ་ནས། ཚད་བཟུང་སྟེ། རྗེས་སུ་ཡི་རང་བའི་རབ་དམ་པ། མཆོག་ཕུལ། གཙོ་བོ། །གྱ་ནོམ་པ། བླ་ན་མྱེད་པ། གོང་ན་མྱེད་པ། མཉམ་པ་མྱེད་པ། མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་བར་བྱས་ཏེ། རྗེས་སུ་ཡི་རང་བར་བྱས་ནས་ཀྱང་། སེམས་ཅན་ ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་སེམས་ཤིང་བསམས་ནས། རྗེས་སུ་ཡི་རང་བའི་ རབ་དམ་པ། མཆོག་ཕུལ། གཙོ་བོ། གྱ་ནོམ་པ། བླ་ན་མྱེད་པ། གོང་ན་མྱེད་པ། མཉམ་པ་མྱེད་པ། མྱི་མཉམ་པ་དང་མཉམ་པའི་རྗེས་སུ་ཡི་རང་བས། རྗེས་སུ་ཡི་རང་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ན། ཇི་ལྟར