Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 019_འབུམ།_ཆ

Văn bản gốc(Tây Tạng)

Trang 10 / 23 (50.000 ký tự/trang)
་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཚུལ་ཁྲིམས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་
པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཏིང་ངེ་འཛིན། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་

མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཤེས་རབ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་
ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །རྣམ་པར་གྲོལ་བ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་
ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་།
གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་
དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །མྱི་ཉམ་པའི་ཆོས་ཉིད་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་
དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །རྟག་ཏུ་བཏང་སྙོམས་སུ་གནས་པ་འདོད་པའི་ཁམས་དང་། གཟུགས་ཀྱི་
ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཁོངས་སུ་མ་ཆུད་པའི་ཕྱིར་ཏེ།

དེ་བཞིན་དུ་ཡོངས་སུ་བསྔོ་བ་ཡང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཆོས་གང་ལ་ཡོངས་སུ་བསྔོ་བའི་ཆོས་དེ་ཡང་
ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་ཡོངས་སུ་བསྔོ་བ་དེ་ཡང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་
པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་
བ་ཡང་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །
ཉན་ཐོས་དེ་དག་ཀྱང་ཁོངས་སུ་ཆུད་པ་མ་ཡིན་ཏེ། དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་ཁོངས་སུ་ཆུད་པ་མ་ཡིན། རང་སངས་རྒྱས་དེ་དག་ཀྱང་ཁོངས་སུ་ཆུད་པ་མ་ཡིན། དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་
དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་གཟུགས་གང་འདོད་པའི་ཁམས་དང་། གཟུགས་
ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་

ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཚོར་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་
མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་
མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི། དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུ་ཤེས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་
ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི།
དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི། དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུ་བྱེད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་
ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི། དངོས་པོ་མྱེད་
པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣམ་པར་ཤེས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་

མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་
བསྔོ་བར་མྱི་ནུས་སོ། །མྱིག་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་
པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣ་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་
དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་
བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྣ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི།
འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་
མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལྕེ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན།

ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་
བར་མྱི་ནུས་སོ། །ལུས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ།
དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡིད་གང་འདོད་པའི་ཁམས་དང་།
གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །
དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི། དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །གཟུགས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་
ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་
ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྒྲ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་

འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་
པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དྲི་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་
ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །
རོ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་
ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རེག་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་།
གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་
མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཆོས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་

པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ།
དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིག་གི་རྣམ་པར་ཤེས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན།
ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་
བར་མྱི་ནུས་སོ། །རྣ་བའི་རྣམ་པར་ཤེས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་
ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྣའི་རྣམ་པར་ཤེས་པ་
གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་
བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལྕེའི་རྣམ་པར་ཤེས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་

མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་
ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལུས་ཀྱི་རྣམ་པར་ཤེས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་
ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་
རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི། དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་
ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་
མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིག་གི་འདུས་ཏེ་རེག་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་
ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་

སྟེ། དངོས་པོ་མྱེད་པ་ནི། དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣ་བའི་འདུས་ཏེ་རེག་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན།
མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་
པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྣའི་འདུས་ཏེ་རེག་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན།
ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་
ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལྕེའི་འདུས་ཏེ་རེག་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་
ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །
ལུས་ཀྱི་འདུས་ཏེ་རེག་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་

པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡིད་ཀྱི་འདུས་ཏེ་
རེག་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་
གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་འདོད་པའི་
ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་
མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་
ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་
བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་

པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་
སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་
འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་
མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་
ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་
བར་མྱི་ནུས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་
ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སའི་ཁམས་

གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ།
དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཆུའི་ཁམས་གང་འདོད་པའི་
ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་
བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱེའི་ཁམས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་།
གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །
གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རླུང་གི་ཁམས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་
པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ།

དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ནམ་མཁའི་ཁམས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་
ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་
ནུས་སོ། །རྣམ་པར་ཤེས་པའི་ཁམས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་
མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མ་རིག་
པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་
ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུ་བྱེད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་
ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་

ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣམ་པར་ཤེས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་།
གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན།
དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱིང་དང་གཟུགས་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་
ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་
ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྐྱེ་མཆེད་དྲུག་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་
ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་
དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རེག་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་

འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་
མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཚོར་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་
མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་
བར་མྱི་ནུས་སོ། །སྲེད་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ།
དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལེན་པ་གང་འདོད་པའི་ཁམས་
དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་
མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྲིད་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་

པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་
བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྐྱེ་བ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་
ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་
པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྒ་ཤི་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་
ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ།
དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་

གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་
སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་འདོད་པའི་ཁམས་དང་། གཟུགས་
ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ་དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་
ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་དོ་གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་
མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་
མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་
སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་

རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་
ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་
རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཉིས་པ། །ནང་སྟོང་པ་ཉིད་
གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་
ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཕྱི་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་
ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །
དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཕྱི་ནང་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་

པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་
མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྟོང་པ་ཉིད་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་
མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་
མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཆེན་པོ་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་
མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ།
དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དོན་དམ་པ་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་
ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་

དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུས་བྱས་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་
ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་
མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འདུས་མ་བྱས་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་
མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མཐའ་
ལས་འདས་པ་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་
པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་འདོད་པའི་
ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །

དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་
ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་
མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རང་བཞིན་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་
ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ་དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་
བསྔོ་བར་མྱི་ནུས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་
ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་གང་
འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་

བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་གང་འདོད་པའི་ཁམས་དང་།
གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །
དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་
པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་
མྱེད་དོ། གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ངོ་བོ་ཉིད་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་
མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་
པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་

འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་
མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དྲན་པ་ཉེ་བར་གཞག་པ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི་འདས་པ་ཡང་མ་
ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མྱེད་པ་དེ་དག་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི།
དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཡང་དག་པར་སྤོང་བ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན།
ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་
ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྫུ་འཕྲུལ་གྱི་རྐང་པ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ།
དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །

དབང་པོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་
མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྟོབས་
གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་
ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །བྱང་ཆུབ་ཀྱི་ཡན་ལག་གང་དག་འདོད་
པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་
ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་དག་
འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་

ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །འཕགས་པའི་བདེན་པ་གང་དག་
འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་
གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །བསམ་གཏན་གང་དག་འདོད་པའི་ཁམས་དང་།
གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །
དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཚད་མྱེད་པ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་
ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མེད་
དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་

སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་
མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྣམ་པར་ཐར་པ་བརྒྱད་པོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་
དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མེད་པ་
སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་
འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་
སུ་བསྔོ་བར་མྱི་ནུས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་
བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །

མངོན་པར་ཤེས་པ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་བ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ།
དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཏིང་ངེ་འཛིན་གང་དག་འདོད་
པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་
བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །གཟུངས་ཀྱི་སྒོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་།
གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་
རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་དག་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་
ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ།

གང་ལ་རང་བཞིན་མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱི་འཇིགས་པ་བཞི་པོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་
སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་
བཞིན་མྱེད་པ་དེ་དག་ནི། དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་པོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་
ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་
མྱེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སྙིང་རྗེ་ཆེན་པོ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་
མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི། དངོས་པོ་མྱེད་པ་སྟེ། དངོས་
པོ་མེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་དག་ནི། འདས་པ་ཡང་མ་ཡིན།

མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་དག་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མེད་པ་དེ་དག་ནི་དངོས་པོ་མྱེད་པ་སྟེ།
དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་
པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་
པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་
ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་
མྱི་ནུས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་
ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དགྲ་བཅོམ་པ་ཉིད་གང་འདོད་

པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་
ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རང་བྱང་ཆུབ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་
མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་
རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་
ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་
ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ།
དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ་གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །མྱི་ཉམ་པའི་ཆོས་ཉིད་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་

དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མེད་དོ། །
གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །རྟག་ཏུ་བཏང་སྙོམས་སུ་གནས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི། འདས་
པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་རང་བཞིན་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ནི་དངོས་པོ་མྱེད་པ་སྟེ། དངོས་པོ་མྱེད་
པ་ནི་དངོས་པོ་མྱེད་པས་ཡོངས་སུ་བསྔོ་བར་མྱི་ནུས་སོ། །ཞེས་དེ་ལྟར་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསྔོ་བ་དུག་མྱེད་པ་ཡིན་ཏེ། བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་
མཚན་མའི་ཚུལ་ལམ། དམྱིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་ན་དེ་ནི། ལོག་པར་ཡོངས་སུ་སྔོ་བ་ཡིན་གྱི། ཡང་དག་པར་ཡང་ཡོངས་སུ་སྔོ་བ་མ་ཡིན་ནོ། །ལོགས་པའི་ཡོངས་སུ་བསྔོ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་མ་ཡིན་ཏེ།
གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མྱི་བསྔགས་པའི་ཡོངས་སུ་བསྔོ་བ་དེས་ནི་དེའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
རྫོགས་པར་མྱི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ནང་སྟོང་པ་ཉིད་ཡོངས་སུ་

རྫོགས་པར་མྱི་འགྱུར་རོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་
པར་མྱི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་
པར་མྱི་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་
པར་མྱི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་
འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་
རྫོགས་པར་མྱི་འགྱུར་རོ། །དབང་པོ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །སྟོབས་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་
པར་མྱི་འགྱུར་རོ། །འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །བསམ་གཏན་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་

རྫོགས་པར་མྱི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་རྫོགས་
པར་མྱི་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །
མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་མི་འགྱུར་རོ། །གང་གིས་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་
དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ཕྱི་ནང་སྟོང་པ་ཉིད་
ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་
འགྱུར་བ་དང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫ