Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 019_འབུམ།_ཆ

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
ོགས་པར་

མྱི་འགྱུར་བ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་
སུ་རྫོགས་པར་མྱི་འགྱུར་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་
རྫོགས་པར་མྱི་འགྱུར་བ་དང་། ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། དབང་པོ་རྣམས་ཡོངས་སུ་རྫོགས་པར་མི་འགྱུར་བ་དང་། སྟོབས་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། བྱང་
ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། འཕགས་པའི་བདེན་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་།
ཚད་མྱེད་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་
རྫོགས་པར་མི་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། གཟུངས་ཀྱི་
སྒོ་རྣམས་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དང་། སྙིང་རྗེ་ཆེན་པོ་ཡོངས་

སུ་རྫོགས་པར་མྱི་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་མྱི་འགྱུར་བ་དེས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མྱི་འགྱུར། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མྱི་འགྱུར་རོ། །གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་
མ་གྱུར་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་གྱུར་པ་དེ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཡོངས་སུ་བསྔོ་བ་དེ་ནི་དུག་དང་བཅས་པའི་ཕྱིར་རོ། །གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་ཉིད་འདིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བྱ་སྟེ། དེ་ལྟར་ཡོངས་
སུ་བསྔོས་ན། ཡོངས་སུ་བསྔོས་པའི་རབ་ཏུ་འགྱུར་རོ། །ཞེས་བྱ་བར་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ཉིད་དེས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བའི་ཕུང་པོ་མཚན་མ་མྱེད་པའི་ཚུལ་དང་། དམྱིགས་པ་མྱེད་པའི་ཚུལ་དང་། སྐྱེ་བ་མྱེད་པའི་ཚུལ་དང་།
འགག་པ་མྱེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མྱེད་པའི་ཚུལ་དང་། རྣམ་པར་བྱང་བ་མྱེད་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚུལ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང་། དེ་བཞིན་ཉིད་
ཀྱི་ཚུལ་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱི་ཚུལ་གྱིས་སྟོན་པ་ནི། རབ་འབྱོར་ཁྱོད་སྟོན་པའི་བྱ་བ་བྱེད་པ་ཡིན་ནོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་གྱུར། བསམ་

གཏན་བཞི་ཐོབ་པར་གྱུར། ཚད་མྱེད་པ་བཞི་ཐོབ་པར་གྱུར། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པར་གྱུར། མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དེ་དག་གི་བསོད་ནམས་དེའི་རྒྱུས་
མང་དུ་འཕེལ་ལམ། །གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མྱེད་པའི་ཡོངས་སུ་བསྔོ་བས་
ཡོངས་སུ་བསྔོ་བ་དེའི། བསོད་ནམས་ནི། ཆེས་མང་དུ་འཕེལ་ལོ། །རབ་འབྱོར་དེ་ལྟར་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དེ་ནི། རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་བྱའོ། །
མཆོག་ཅེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར། ལན་
ཅིག་ཕྱིར་འོང་བར་གྱུར། ཕྱིར་མྱི་འོང་བར་གྱུར། དགྲ་བཅོམ་པར་གྱུར་ཏེ། དེ་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་རྒྱུན་ཏུ་ཞུགས་པར་གྱུར་པ་དང་། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། ཕྱིར་མྱི་འོང་བར་གྱུར་པ་དང་། དགྲ་བཅོམ་པར་གྱུར་པ་དེ་དག་
ཐམས་ཅད་ལ་ནམ་འཚོའི་བར་དུ་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པ་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་
ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་རྣམས་ཆགས་པ་མྱེད་པར་ཡོངས་སུ་

བསྔོ་བས་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དེ་ནི། རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་བྱའོ། །མཆོག་
ཅེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ཏེ། དེ་ལ་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་
ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དགེ་བའི་རྩ་བ་འདི་ཆགས་
པ་མྱེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དེ་ནི། རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་
བྱའོ། །མཆོག་ཅེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བླ་ན་མྱེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེ་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་

སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་།
ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་
པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་
ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་
ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་སྙོམས་དང་།
མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་
རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་

གི་བྱེ་མ་སྙེད་དུ་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་
ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་
པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་
རེ་ལ་ཡང་། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་
པ་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་
དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་
ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། རིམ་གྲོར་བྱས། བཀུར་སྟིར་

བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རེ་རེ་ལ་ཡང་། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩེ་དང་། ཡོ་བྱད་མང་པོས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ཏེ། བདེ་བའི་
ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་
ཚད་མ་མཆིས་གྲངས་མ་མཆིས། དཔག་ཏུ་མ་མཆིས་ཏེ། བཅོམ་ལྡན་འདས་བསོད་ནམས་བགྱི་བའི་དངོས་པོ་དེའི་དཔེ་བགྱི་བར་ཡང་དག་པའོ། །བཅོམ་ལྡན་འདས་གལ་ཏེ་བསོད་ནམས་བགྱི་བའི་དངོས་པོ་དེ་ལ་གཟུགས་མཆིས་སུ་ལགས་ན་ནི། འཇིག་རྟེན་
གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཤོང་བར་མྱི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དགེ་
བའི་རྩ་བ་འདི་ཆགས་པ་མྱེད་པའི་ཡོངས་སུ་བསྔོ་བས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ནི་བསོད་ནམས་ཆེས་མང་དུ་འཕེལ་ཏེ། རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་འདི་ནི་རབ་
ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་བྱའོ། །མཆོག་ཅེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །རབ་འབྱོར་ཆགས་པ་མྱེད་པའི་ཡོངས་སུ་བསྔོ་བ་འདི་ལ་དགེ་བའི་རྩ་བ་སྔ་མ་དེས་

བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མྱི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་པ་དང་། བསམ་གཏན་བཞི་དང་།
ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པ་དེ་དག་ནི་དམྱིགས་པའི་འདུ་ཤེས་ཅན་ནོ། །དེ་ལྟར་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར་པ་དང་། སེམས་ཅན་ཐམས་ཅད་ལན་ཅིག་
ཕྱིར་འོང་བར་གྱུར་པ་དང་། སེམས་ཅན་ཐམས་ཅད་ཕྱིར་མྱི་འོང་བར་གྱུར་པ་དང་། སེམས་ཅན་ཐམས་ཅད་དགྲ་བཅོམ་པར་གྱུར་པ་དང་། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་དེ་དག་ལ། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་།
ཡོ་བྱད་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཀྱང་དམྱིགས་པའི་འདུ་ཤེས་ཅན་ནོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དང་འགྲོགས་ཏེ།
ཐལ་མོ་སྦྱར་ནས་དགའ་བའི་ཡིད་ཀྱིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས། དམྱིགས་སུ་མ་མཆིས་པའི་ཚུལ་དང་། ཆགས་པ་མ་མཆིས་
པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། ཅི་ནས་ཀྱང་གཉིས་སུ་མྱི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མྱི་འགྱུར་བ་དེ་ལྟར་

ཡོངས་སུ་སྔོ་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཤིན་ཏུ་ཆེའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་
དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ཏེ། ལྷ་རྫས་ཀྱི་རོལ་མོ་བྱེད་ཅིང་། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་
རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དེ་དག་གིས་བཅོམ་ལྡན་འདས་ལ་གཏོར་ཏོ། །རབ་ཏུ་
གཏོར་ཏོ། །མངོན་པར་གཏོར་ཏོ། །འདི་སྐད་ཀྱི་ཚིག་ཀྱང་བརྗོད་དེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས་དམྱིགས་སུ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་
པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་ཅི་ནས་ཀྱང་། གཉིས་སུ་མྱི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྣམས་ཀྱི་ཡོངས་སུ་བསྔོ་བ་ཤིན་ཏུ་ཆེའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །དེ་ནས་ལྷའི་བུ་རབ་མཚེ་མ་མཚེ་མའི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། ལྷ་རྫས་ཀྱི་
མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ཏེ་

ལྷ་རྫས་ཀྱི་རོལ་མོ་བྱེད་ཅིང་། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དེ་
དག་གིས། བཅོམ་ལྡན་འདས་ལ་གཏོར་ཏོ། །རབ་ཏུ་གཏོར་ཏོ། །མངོན་པར་གཏོར་ཏོ། །འདི་སྐད་ཀྱི་ཚིག་ཀྱང་བརྗོད་དེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས། དམྱིགས་སུ་མ་མཆིས་པའི་ཚུལ་དང་། མཚན་མ་
མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། ཅི་ནས་ཀྱང་གཉིས་སུ་མྱི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་བ་དེ་
ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཤིན་ཏུ་ཆེའོ། །དེ་ནས་ལྷའི་བུ་རབ་དགའ་ལྡན་དགའ་ལྡན་གྱི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་
རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ཏེ། ལྷ་རྫས་ཀྱི་རོལ་མོ་བྱེད་ཅིང་། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་ལྷ་རྫས་ཀྱི་ཕྲེང་བ་
དང་ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དེ་དག་གིས། བཅོམ་ལྡན་འདས་ལ་གཏོར་ཏོ། །རབ་ཏུ་གཏོར་ཏོ། །མངོན་པར་གཏོར་ཏོ།
འདི་སྐད་ཀྱི་ཚིག་ཀྱང་བརྗོད་དེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས། དམྱིགས་སུ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་

ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། ཅི་ནས་ཀྱང་གཉིས་སུ་མྱི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་
བསྔོ་བ་ཤིན་ཏུ་ཆེའོ། །དེ་ནས་ལྷའི་བུ་རབ་འཕྲུལ་དགའ་འཕྲུལ་དགའི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་
རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ཏེ། ལྷ་རྫས་ཀྱི་རོལ་མོ་བྱེད་ཅིང་། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་
བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དེ་དག་གིས་བཅོམ་ལྡན་འདས་ལ་གཏོར་ཏོ། རབ་ཏུ་གཏོར་ཏོ། །མངོན་པར་གཏོར་ཏོ། །འདི་སྐད་ཀྱི་ཚིག་ཀྱང་བརྗོད་དེ།
བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས། དམྱིགས་སུ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། ཅི་ནས་ཀྱང་གཉིས་སུ་མྱི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཤིན་ཏུ་ཆེའོ། །དེ་ནས་ལྷའི་བུ་དབང་
བྱེད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་སྟོང་ཕྲག་དུ་མ་དང་འགྲོགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་

གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ཏེ། ལྷ་རྫས་ཀྱི་རོལ་མོ་བྱེད་ཅིང་། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་བདུག་སྤོས་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་
ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དེ་དག་གིས། བཅོམ་ལྡན་འདས་ལ་གཏོར་ཏོ། །རབ་ཏུ་གཏོར་ཏོ། །མངོན་པར་གཏོར་ཏོ། །འདི་སྐད་ཀྱི་ཚིག་ཀྱང་བརྗོད་དེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས། དམྱིགས་སུ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་།
ཅི་ནས་ཀྱང་གཉིས་སུ་མྱི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་བ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྔོ་བ་ཤིན་ཏུ་ཆེའོ། །དེ་ནས་ཚངས་རིས་ཀྱི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཅོམ་ལྡན་
འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་དག་གིས།
རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་སྔ་མ་ཐབས་མཁས་པ་དང་མྱི་ལྡན་པ། དམྱིགས་པའི་སྤྱོད་པ་ཅན་དེ་དག་གི། དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་ཞེས་སྒྲར་བསྒྲགས་ཏེ། དབྱངས་སུ་བརྗོད་དོ། །དེ་ནས་ཚངས་ལྷ་ཉེ་ཕན་གྱི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་
སྟོང་དུ་མ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་

ཡོངས་སུ་བཟུང་བ་དེ་དག་གིས། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་སྔ་མ་ཐབས་མཁས་པ་དང་མྱི་ལྡན་པ། དམྱིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ། །ཞེས་སྒྲར་བསྒྲགས་ཏེ། དབྱངས་
སུ་བརྗོད་དོ། །དེ་ནས་དགེ་རྒྱས་ཀྱི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་དག་གིས། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་སྔ་མ་ཐབས་མཁས་པ་དང་མྱི་ལྡན་པ་དམྱིགས་པའི་སྤྱོད་པ་ཅན་དེ་དག་གི། དགེ་བའི་རྩ་བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ། །
ཞེས་སྒྲར་བསྒྲགས་ཏེ། དབྱངས་སུ་བརྗོད་དོ། །དེ་ནས་འབྲས་བུ་ཆེ་བའི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་དག་གིས། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་སྔ་མ་ཐབས་མཁས་པ་དང་མྱི་ལྡན་པ་དམྱིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་
མནན་པ་ངོ་མཚར་ཆེའོ་ཞེས་སྒྲར་བསྒྲགས་ཏེ། དབྱངས་སུ་བརྗོད་དོ། །དེ་ནས་གནས་གཙང་མའི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་
དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པས་ཡོངས་སུ་བཟུང་བ་དེ་དག་གིས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྔ་མ་ཐབས་མཁས་པ་དང་མྱི་ལྡན་པ་དམྱིགས་པའི་སྤྱོད་པ་ཅན་དེ་དག་གི་དགེ་བའི་རྩ་

བ་དེ་དག་ཟིལ་གྱིས་མནན་པ་ངོ་མཚར་ཆེའོ་ཞེས་སྒྲར་བསྒྲགས་ཏེ། དབྱངས་སུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མའི་ལྷ་རྣམས་དང་། དགའ་ལྡན་གྱི་ལྷ་རྣམས་དང་། འཕྲུལ་
དགའི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། གནས་གཙང་མའི་ལྷ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གལ་ཏེ།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པར་གྱུར་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པ་དང་། མ་
བྱོན་པ་དང་། ད་ལྟར་བྱུང་བ་དེ་དག་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་གིས་སེམས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་དང་། སེམས་ཅན་ཐམས་ཅད་ཀྱི། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། སྦྱིན་པ་འམ། ཚུལ་ཁྲིམས་སམ། བཟོད་པ་འམ།
བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། ཚུལ་ཁྲིམས་ཀྱི་ཕུང་པོ་འམ། ཏིང་ངེ་འཛིན་གྱི་ཕུང་པོ་འམ། ཤེས་རབ་ཀྱི་ཕུང་པོ་འམ། རྣམ་པར་གྲོལ་བའི་ཕུང་པོ་འམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་བོ་འམ། སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་གཞན་
དག་ཀྱང་རུང་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་རྗེས་སུ་ཡི་རང་བར་བྱས་ལ། དེ་ལྟར་རྗེས་སུ་ཡི་རང་ནས་ཀྱང་། དམྱིགས་པའི་ཚུལ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་། བླ་

ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་། རང་སངས་རྒྱས་སུ་བཅས་པ་དག་གི། སེམས་དང་པོ་བསྐྱེད་
པ་ནས། དམ་པའི་ཆོས་གནས་པའི་བར་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འམ། ནང་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་དམ།
ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་
མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འམ།
འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།
སྨོན་པ་མྱེད་པ་འམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུ་འམ། མྱི་འཇིགས་པ་བཞི་འམ། སོ་སོ་ཡང་དག་པར་རིག་པ་བཞི་འམ། བྱམས་པ་ཆེན་པོ་འམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་

ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དམ། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མྱེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། དམྱིགས་སུ་མྱེད་པའི་ཚུལ་དང་། གཉིས་སུ་མྱེད་པའི་ཚུལ་དང་། མཚན་མ་མྱེད་པའི་ཚུལ་དང་། ཆགས་པ་མྱེད་པའི་ཚུལ་དང་། བྱེད་པ་མྱེད་པའི་ཚུལ་དུ། རྗེས་སུ་ཡི་རང་
བའི་རབ་ཀྱིས་རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བའི་གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མྱེད་པ་དང་། གོང་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མྱི་མཉམ་པ་དང་། མཉམ་པས་རྗེས་སུ་ཡི་རང་ནས། རྗེས་སུ་ཡི་རང་བ་
དང་ལྡན་པའི་དགེ་བའི་རྩ་བ་དེ་དམྱིགས་སུ་མྱེད་པའི་ཚུལ་དང་། གཉིས་སུ་མྱེད་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་། ཆགས་པ་མྱེད་པའི་ཚུལ་དང་། བྱེད་པ་མྱེད་པའི་ཚུལ་གྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ན། རིགས་
ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྔ་མ་དེ་དག་པས་བསོད་ནམས་ཆེས་མང་དུ་འཕེལ་ཏེ་དགེ་བའི་རྩ་བ་འདི་ལ་ནི་དགེ་བའི་རྩ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོ། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་བྱེ་བ་སྟོང་གི་ཆ་དང་བྱེ་བ་
བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མྱི་བཟོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་སུ་མྱེད་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་འདི་ནི། མཆོག་ཅེས་
བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །རབ་ཅེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །མཉམ་པ་མྱེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་

འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་དགེ་བའི་རྩ་བ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། གཅིག་ཏུ་བརྟུལ་ནས་ཚད་བཟུང་སྟེ།
རྗེས་སུ་ཡི་རང་བའི་རབ་ཀྱིས་རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བའི་གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མྱེད་པ་དང་། གོང་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་བར་བྱེད་དོ། །
ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། རྗེས་སུ་ཡི་རང་བའི་དམ་པར་འགྱུར། ཇི་ཙམ་གྱིས་ན། རྗེས་སུ་ཡི་རང་བའི་གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་།
མཉམ་པ་མ་མཆིས་པ་དང་། མྱི་མཉམ་པ་དང་མཉམ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་དང་། རང་སངས་རྒྱས་དེ་དག་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་མི་ལེན་མྱི་གཏོང་བ་དང་། མི་རློམ་མྱི་འཇུམ་ཞིང་དམྱིགས་པ་ཡང་མ་ཡིན། མྱི་དམྱིགས་པ་
ཡང་མ་ཡིན་ལ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བ་ཡང་མྱེད། འགག་པ་ཡང་མྱེད། ཉོན་མོངས་པར་འགྱུར་བ་ཡང་མྱེད། རྣམ་པར་བྱང་བར་འགྱུར་བ་ཡང་མྱེད། དེ་ཆོས་དེ་དག་ལ་འགྲིབ་པ་ཡང་མྱེད། འཕེལ་བ་ཡང་མྱེད། འོང་བ་ཡང་མྱེད། འགྲོ་བ་ཡང་མྱེད།
ཕུང་པོར་འགྱུར་བ་ཡང་མྱེད་དོ། །ཞེས་རྣམ་གྲངས་དེ་ལྟ་བུས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་

མྱེད་པ་ཉིད་ཇི་ལྟ་བ་དེ་ལྟར་བདག་གིས་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་དེ་ལྟར་ཡོངས་སུ་སྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དེ་ནི་དམ་པར་འགྱུར་ཏེ།
རྗེས་སུ་ཡི་རང་བ་དེ་དག་ནི། གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མྱེད་པ་དང་། གོང་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མྱི་མཉམ་པ་དང་མཉམ་པར་འགྱུར་རོ། །རབ་འབྱོར་རྗེས་སུ་ཡི་རང་བ་འདི་ལ་ནི་དེ་མ་ཡིན་པའི་རྗེས་སུ་ཡི་
རང་བ་གཞན་ཐམས་ཅད་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོ་སྟེ། རྗེས་སུ་ཡི་རང་བ་འདི་ནི་དེ་
མ་ཡིན་པའི་རྗེས་སུ་ཡི་རང་བ་གཞན་པས་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །མཆོག་ཅེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །མཉམ་པ་མྱེད་པ་ཞེས་བྱའོ། །མྱི་
མཉམ་པ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་
དག་དང་། ཉན་ཐོས་དང་། རང་སངས་རྒྱས་སུ་བཅས་པ་དེ་དག་གི་སེམས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཇི་སྙེད་པ་དང་། གཞན་ཡང་སངས་རྒྱས་

ཀྱི་ཆོས་ཚད་མྱེད་པ་ཇི་སྙེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་འདོད་ན། འདི་ལྟར་རྗེས་སུ་ཡི་རང་བར་བྱའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་གཟུགས་སོ། །རྣམ་པར་གྲོལ་
བ་ཇི་ལྟ་བ་དེ་ལྟ་བུ་ནི་ཚོར་བའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་འདུ་ཤེས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་འདུ་བྱེད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རྣམ་པར་ཤེས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཁམས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་
བུ་ནི་སྐྱེ་མཆེད་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི།
བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ནང་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཕྱི་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཕྱི་ནང་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སྟོང་པ་ཉིད་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་
བ་དེ་ལྟ་བུ་ནི། ཆེན་པོ་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། དོན་དམ་པ་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། འདུས་བྱས་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། འདུས་མ་བྱས་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་
ལྟ་བུ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། དོར་བ་མྱེད་པ་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རང་བཞིན་སྟོང་པ་ཉིད་དོ། །རྣམ་

པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། མྱི་དམྱིགས་པ་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། དངོས་པོ་མྱེད་པ་སྟོང་པ་
ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ངོ་བོ་ཉིད་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། དྲན་པ་ཉེ་བར་གཞག་པ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་
བུ་ནི། ཡང་དག་པར་སྤོང་བ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། དབང་པོ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སྟོབས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། བྱང་
ཆུབ་ཀྱི་ཡན་ལག་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། འཕགས་པའི་བདེན་པ་བཞིའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། བསམ་གཏན་བཞིའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་
ལྟ་བུ་ནི། ཚད་མྱེད་པ་བཞིའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རྣམ་པར་ཐར་པ་བརྒྱད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་
དགུའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། མངོན་པར་ཤེས་པ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི་ཏིང་ངེ་འཛིན་རྣམས་སོ། །རྣམ་པར་གྲོལ་བ་
ཇི་ལྟ་བ་དེ་ལྟ་བུ་ནི། གཟུངས་ཀྱི་སྒོ་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། མྱི་འཇིགས་པ་བཞིའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སོ་སོ་ཡང་དག་པར་རིག་པ་བཞིའོ། །

རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སྙིང་རྗེ་ཆེན་པོའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །རྣམ་པར་
གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། མོས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རྗེས་སུ་ཡི་རང་བའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། འདས་པ་དང་། མ་འོངས་པ་དང་།
ད་ལྟར་བྱུང་བའི་ཆོས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གོ། རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི།
སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཉན་ཐོས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རང་སངས་རྒྱས་རྣམས་སོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། རང་སངས་
རྒྱས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་ནི། ཉན་ཐོས་དང་། རང་སངས་རྒྱས་དེ་དག་གི་ཆོས་ཉིད་དོ། །རྣམ་པར་གྲོལ་བ་ཇི་ལྟ་བ་དེ་ལྟ་བུ་
ནི། ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས། དེ་ལྟར་ཆོས་མ་ཆགས་པ་དང་། མ་བཅིངས་པ་དང་། མ་གྲོལ་བ་དང་། མ་ཞེན་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་པ་དང་། རྣམ་པར་བྱང་བ་མྱེད་པ་རྣམས་ཀྱི་ཆོས་ཉིད་དང་། ཆོས་མ་སྐྱེས་པ་དང་། ཡོངས་སུ་མ་སྐྱེས་པ་དང་།
མ་བྱུང་བ་དང་། མ་འགག་པའི་ཆོས་ཉིད་ཇི་ལྟ་བ་དེ་བཞིན་དུ་འཕོ་བ་མྱེད་པ་དང་། འཇིག་པ་མྱེད་པ་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྗེས་སུ་

ཡི་རང་བའི་རབ་བོ། །རྗེས་སུ་ཡི་རང་བའི་གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མྱེད་པ་དང་། གོང་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་རྗེས་སུ་ཡི་རང་བ་དེ་དང་ལྡན་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་
ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་
བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་།
བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་
ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་
རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་

བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་
སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་།
སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ནམ་འཚོའི་བར་དུ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཅ་དང་། སྙུན་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོ་དང་། བདེ་བ་ཐམས་
ཅད་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། དེ་དག་གི་རིང་བསྲེལ་ལ་ཉིན་མཚན་དུ་མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་
པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བའི་དོན་དུ་ཉམས་སུ་ལེན་ཅིང་། དེ་དམྱིགས་པའི་ཚུལ་གྱིས། སྦྱིན་པ་བྱིན་པ་དང་། དེ་དམྱིགས་པའི་
ཚུལ་གྱིས། ཚུལ་ཁྲིམས་སྲུང་བ་དང་། དེ་དམྱིགས་པའི་ཚུལ་གྱིས། བཟོད་པ་སྒོམ་པ་དང་། དེ་དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་རྩོམ་པ་དང་། དེ་དམྱིགས་པའི་ཚུལ་གྱིས། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། དེ་དམྱིགས་པའི་ཚུལ་གྱིས། ཤེས་རབ་སྒོམ་

བབས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་གང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སྤྱོད་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་དམྱིགས་
པའི་ཚུལ་གྱིས་སྤྱོད་པའི་ཚེ། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་འདི་ལ་ནི། བསོད་ནམས་མངོན་པར་འདུ་བྱ་བ་སྔ་མས་བརྒྱའི་
ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་སྟོང་གི་ཆ་དང་། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མྱི་བཟོད་
དེ། ཡོངས་སུ་བསྔོ་བ་དེ་ཉིད་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །དམ་པ་ཞེས་བྱའོ། །མཆོག་ཅེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མྱེད་པ་ཞེས་བྱའོ། །གོང་ན་མྱེད་པ་ཞེས་བྱའོ། །རབ་འབྱོར་དེ་ལྟར་མྱི་དམྱིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས་དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཡོངས་སུ་བསྔོ་བའི་ལེའུ་སྟེ། ཉི་ཤུ་

བཞིའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་ཕྱག་བགྱི་བར་འོས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཁམས་གསུམ་པ་ཐམས་ཅད་ཀྱི་མ་གོས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི། ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་བསྩལ་བ་ལ་རབ་རིབ་མ་མཆིས་པར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ན། མཆོག་ཏུ་བགྱིད་པའོ། །བཅོམ་ལྡན་འདས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང་། གནོད་པ་དང་། འཚེ་བ་ཐམས་ཅད་རབ་ཏུ་བྱང་བའི་སླད་དུ། བདེ་བར་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱིས། མྱིག་ལྔ་ཡོངས་སུ་ཐོབ་པར་བགྱི་བ་ལ་སྣང་བར་
བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སེམས་ཅན་ཤུལ་གོལ་པར་ཞུགས་པ་རྣམས། མཐའ་ལས་བཟློག་པའི་སླད་དུ་ཤུལ་སྟོན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བག་ཆགས་ཀྱི་མཚམས་སྦྱོར་བའི། ཉོན་མོངས་པ་
ཐམས་ཅད་སྤང་བ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་སྐྱེད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་མ་སྐྱེས་མ་འགག་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མྱི་རྟག་མྱི་འཇིག་པའི་སླད་དུ་འཁོར་བའི་གཉེན་པོའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་རིན་པོ་ཆེ་ཐམས་ཅད་སྟོབས་

པའི་སླད་དུ། སེམས་ཅན་མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཐུབ་པ་མ་མཆིས་པའི་སླད་དུ་སྟོབས་བཅུ་བགྱིད་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འགྲོ་བ་དང་ལྡོག་པ་མ་མཆིས་
པའི་སླད་དུ། རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་འཁོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པའོ། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་འམ། ཉན་ཐོས་སམ། ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་སམ། རང་སངས་རྒྱས་ཀྱི་ཐེག་པ་པས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་
ར་དྭ་ཏིའི་བུ་སྟོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །སྟོན་པ་ལ་ཇི་ལྟར་ཕྱག་བྱ་བ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ། སྟོན་པ་ཡང་
གཞན་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན། སྟོན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོན་པའོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འབྱུང་ངོ་། །རང་སངས་རྒྱས་རྣམས་འབྱུང་ངོ་། །དགྲ་བཅོམ་པ་རྣམས་འབྱུང་ངོ་། །ཕྱིར་མི་འོང་བ་རྣམས་འབྱུང་ངོ་། །ལན་ཅིག་ཕྱིར་འོང་བ་རྣམས་འབྱུང་ངོ་། །རྒྱུན་ཏུ་ཞུགས་པ་རྣམས་འབྱུང་
ངོ་། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འབྱུང་ངོ་། །བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་།

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་
ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་།
དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་
པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་
པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་
པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅྭོ་བརྒྱད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྱུང་ངོ་། །

དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་གྱུར་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུའི་ཞུ་བ་འདི་གང་ལས་སྐྱེས། ཅིའི་རྒྱུ་སྙམ་པ་དང་། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། ཡོངས་སུ་བཟུང་བ་རྣམས་ནི། ཐབས་མཁས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི་སངས་རྒྱས་བཅོམ་
ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། རང་སངས་རྒྱས་དང་བཅས་པ་དེ་དག་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བས་ན། བདག་གི་ཞུ་བ་སྐྱེས་སོ། །ཀཽ་ཤི་
ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་ཏོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། དམུས་ལོང་བརྒྱ་འམ། སྟོང་ངམ། བརྒྱ་ཕྲག་སྟོང་ཡང་རུང་སྟེ། དམྱིགས་བུ་མྱེད་པར་ལམ་དུ་འཇུག་པར་ཡང་མྱི་ནུས་ན། གྲོང་ཁྱེར་དུ་འགྲོ་བར་ལྟ་ག་ལ་ནུས། ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་
པོ་འདི་དག་ནི། དམུས་ལོང་ལྟ་བུར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་ན། དེ་དག་ལ་དམྱིགས་བུ་མྱེད་པས། བྱང་ཆུབ་ཀྱི་ལམ་ཡང་སྐྱེད་མྱི་ནུས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་འཇུག་པར་ལྟ་ག་ལ་ནུས། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་
ལྔ་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས། ཡོངས་སུ་ཟིན་པར་གྱུར་པ་དེའི་ཚེ། མྱིག་དང་ལྡན་པར་གྱུར་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་

ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུས། གང་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །ཞེས་སྨྲས་ན། བཙུན་པ་ཤ་ར་དྭ་
ཏིའི་བུ་དེ་ནི་དེར་ཡང་མ་ཟད་དེ། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །ཕ་རོལ་ཏུ་ཕྱིན་
པ་ལྔ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པས་ཡོངས་སུ་བཟུང་ཡང་། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་བོ། །སྨྲས་པ། དེ་ལྟར་མ་ཡིན་ཏེ། ཀཽ་ཤི་ཀ་དེ་ནི་དེ་ལྟར་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལྔ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་མྱི་འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་མྱི་འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་མྱི་འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་མྱི་འགྱུར། ཕ་རོལ་ཏུ་ཕྱིན་པ་ལྔ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པའི་མྱིང་འཐོབ་པར་མྱི་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་
བའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི། ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་སྟེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་

པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཀཽ་ཤི་ཀ་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱའོ། །
གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མྱེད་པ་དང་། གོང་ན་མྱེད་པ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དེ་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚོར་བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུ་ཤེས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུ་བྱེད་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་
བྱའོ། །རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱིག་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣ་བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྣ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལྕེ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །
ལུས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡིད་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུགས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྒྲ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དྲི་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་
བསྒྲུབ་པར་བྱའོ། །རོ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རེག་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆོས་མངོན་པར་བསྒྲུབ་པ་མྱེད་པའི་
ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱིག་གི་རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྣའི་རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་མངོན་པར་བསྒྲུབ་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་
པར་བསྒྲུབ་པར་བྱའོ། །མྱིག་གི་འདུས་ཏེ་རེག་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་
བྱའོ། །སྣའི་འདུས་ཏེ་རེག་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལྕེའི་འདུས་ཏེ་རེག་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལུས་

ཀྱི་འདུས་ཏེ་རེག་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སའི་ཁམས་མངོན་པར་བསྒྲུབ་
པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཆུའི་ཁམས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱེའི་ཁམས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་
པར་བྱའོ། །རླུང་གི་ཁམས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ནམ་མཁའི་ཁམས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཤེས་པའི་ཁམས་
མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མ་རིག་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུ་བྱེད་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཤེས་པ་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མྱིང་དང་གཟུགས་མངོན་པར་བསྒྲུབ་པ་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་
བྱའོ། །སྐྱེ་མཆེད་དྲུག