Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 016_འབུམ།_ག
Văn bản gốc(Tây Tạng)
Trang 4 / 23 (50.000 ký tự/trang)
དག་པར་སྤོང་བ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཡང་དག་པར་སྤོང་བ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །རྫུ་ འཕྲུལ་གྱི་རྐང་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དབང་པོ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་ གནས་མེད་དོ། །དབང་པོ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །དབང་པོ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སྟོབས་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། ། སྟོབས་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །སྟོབས་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྟོབས་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སྟོབས་རྣམས་འབྱུང་བ་མེད་པ་ ལ་གནས་མེད་དོ། །སྟོབས་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀུན་ནས་ཉོན་མོངས་པ་ མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མི་དམིགས་པ་ལ་གནས་ མེད་དོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འགག་པ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་ པར་བྱང་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་ པ་ལ་གནས་མེད་དོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་ པ་ལ་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །འཕགས་པའི་བདེན་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བསམ་ གཏན་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་མངོན་པར་འདུ་བྱ་བ་ མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །བསམ་གཏན་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཚད་མེད་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་ འགག་པ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཚད་མེད་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཚད་ མེད་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་འབྱུང་བ་ མེད་པ་ལ་གནས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །རྣམ་པར་ ཐར་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པ་རྣམས་ མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འགག་པ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་ མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འབྱུང་བ་མེད་པ་ ལ་གནས་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་དམྱིགས་པ་ལ་གནས་མེད་དོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་འགག་པ་མེད་ པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་འབྱུང་བ་མེད་པ་ ལ་གནས་མེད་དོ། །མངོན་པར་ཤེས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་ཀུན་ནས་ཉོན་མོངས་པ་ མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཏིང་ངེ་འཛིན་རྣམས་མི་དམིགས་པ་ལ་གནས་ མེད་དོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་ རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །གཟུངས་ཀྱི་སྒོ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། ། དེ་བཞིན་གཤེགས་པའི་སྟོབས་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་ནམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མངོན་པར་འདུ་བྱ་ བ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་མི་འཇིགས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། ། མི་འཇིགས་པ་རྣམས་འགག་པ་མེད་པ་ལ་གནས་མེད་དོ། །མི་འཇིགས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །མི་འཇིགས་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །མི་འཇིགས་ པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །མི་འཇིགས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་འགག་པ་མེད་པ་ལ་ གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ འབྱུང་བ་མེད་པ་ལ་གནས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་བྱམས་པ་ཆེན་པོ་སྐྱེ་བ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་འགག་པ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་ཀུན་ནས་ཉོན་ མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་འབྱུང་བ་མེད་པ་ལ་གནས་མེད་དོ། །བྱམས་པ་ཆེན་པོ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་ སྙིང་རྗེ་ཆེན་པོ་སྐྱེ་བ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་འགག་པ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་ དོ། །སྙིང་རྗེ་ཆེན་པོ་འབྱུང་བ་མེད་པ་ལ་གནས་མེད་དོ། །སྙིང་རྗེ་ཆེན་པོ་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྐྱེ་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འགག་པ་མེད་པ་ ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་རྣམས་འབྱུང་བ་མེད་པ་ལ་གནས་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པ་ལ་གནས་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཚོར་བ་ཤིན་ཏུ་རྣམ་ པར་དག་པ་ལ་མཚན་མའི་གནས་མེད་དོ། །འདུ་ཤེས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །འདུ་བྱེད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་ མེད་དོ། །རྣ་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྣ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལྕེ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལུས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། ། ཡིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྒྲ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །དྲི་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རེག་ཤིན་ ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཆོས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་གི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྣའི་རྣམ་པར་ ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལྕེའི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ཤིན་ཏུ་ རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱིག་གི་ འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྣའི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་ པར་དག་པ་ལ་མཚན་མའི་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣ་བའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ ལ་མཚན་མའི་གནས་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་ མའི་གནས་མེད་དོ། །ཆུའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །མྱེའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རླུང་གི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ནམ་མཁའི་ ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣམ་པར་ཤེས་པའི་ཁམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མ་རིག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །འདུ་བྱེད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་ དག་པ་ལ་མཚན་མའི་གནས་མེད་དོ། །མྱིང་དང་གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྐྱེ་མཆེད་དྲུག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རེག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། ། ཚོར་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྲེད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །ལེན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །སྲིད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་ མེད་དོ། །སྐྱེ་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རྒ་ཤི་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་ དོ། །ཕྱི་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཆེན་པོ་ སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །འདུས་མ་བྱས་ སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་ མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རང་བཞིན་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ གནས་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་ མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དྲན་པ་ཉེ་བར་གཞག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཡང་དག་པར་སྤོང་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ གནས་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །དབང་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སྟོབས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་ཤིན་ཏུ་རྣམ་ པར་དག་པ་ལ་མཚན་མའི་གནས་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕགས་པའི་བདེན་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །བསམ་གཏན་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །ཚད་མྱེད་པ་ཤིན་ཏུ་རྣམ་པར་ དག་པ་ལ་མཚན་མའི་གནས་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རྣམ་པར་ཐར་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཤིན་ ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མངོན་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་ དོ། །ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །གཟུངས་ཀྱི་སྒོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྟོབས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །མྱི་འཇིགས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སོ་སོ་ཡང་དག་ པར་རིག་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སྙིང་རྗེ་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བདག་མྱེད་པའི་ཕྱིར། བདག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་ཅན་མྱེད་པའི་ཕྱིར། སེམས་ཅན་ཤིན་ཏུ་རྣམ་པར་དག་ པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྲོག་ མྱེད་པའི་ཕྱིར། སྲོག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། གསོ་བ་མེད་པའི་ཕྱིར། གསོ་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མྱེད་པའི་ཕྱིར། སྐྱེས་བུ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་ཟག་མྱེད་པའི་ཕྱིར། གང་ཟག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེད་ཅན་མེད་པའི་ཕྱིར། ཤེད་ཅན་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེད་བདག་མེད་པའི་ཕྱིར། ཤེད་བདག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱེད་པ་པོ་མྱེད་པའི་ཕྱིར། བྱེད་པ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་ གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚོར་བ་པོ་མེད་པའི་ཕྱིར། ཚོར་བ་པོ་ཤིན་ཏུ་ རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེས་པ་པོ་མྱེད་ པའི་ཕྱིར། ཤེས་པ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཐོང་བ་པོ་མྱེད་ པའི་ཕྱིར། མཐོང་བ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་ཚེ། མུན་པའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བསྐལ་པའི་མྱེ་འབར་བའི་ཚེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚུལ་ཁྲིམས་ ངན་པའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་འཁྲུག་པའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ལ། ཤེས་རབ་འཆལ་པའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་རྣམ་པར་མ་གྲོལ་བ་འི་གནས་མྱེད་དོ། ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ་རྣམ་པར་མ་གྲོལ་བའི་ཡེ་ཤེས་མ་གཟིགས་པའི་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་ཟླ་བའི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟའ་དང་། སྐར་མ་དང་། ནོར་བུ་རིན་པོ་ཆེ་དང་། གློག་གི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚེ་མའི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕྲུལ་དགའི་ལྷ་རྣམས་ཀྱི་འོད་ལ་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་སྤྱོད་ བའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚངས་ཆེན་གྱི་ལྷ་རྣམས་ཀྱི་འོག་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣང་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ སེམས་དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུང་སྣང་གི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚད་མྱེད་སྣང་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཀུན་སྣང་དག་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་ གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུང་དགེའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་ གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚད་མྱེད་དགེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་ གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུང་ཆེའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚད་མྱེད་ཆེ་བའི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ།། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ ཚིག་གི་དོན་མྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་འོད་ལ་གནས་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན། མྱི་ལྡན་ པ་ཡང་མ་ཡིན་ཏེ། གཟུགས་མྱེད་པ། བསྟན་དུ་མྱེད་པ། ཐོགས་པ་མྱེད་པ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ཀྱི་མྱེད་པ་ཡང་དག་པ་ ཉིད་ལ་བསླབ་པར་བྱའོ། །ཆོས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ མ་མཆིས་པ་ཡང་དག་པ་ཉིད་ལ་ཇི་ལྟར་བསླབ་པར་བགྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནི་ཇི་ལྟར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་། མྱི་དགེ་བ་དང་ ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མྱེད་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དག་སྟེ། རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཆོས་དེ་དག་ཐམས་ཅད་ཀྱི་མྱེད་པ་ཡང་དག་པ་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས། ཤེས་པར་བྱ་བ་ཡང་ཆོས་ཐམས་ཅད་པོ་དེ་དག་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་དགེ་བའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱ་བ་ནི། ཕར་ཤེས་པ། མར་ཤེས་པ། དགེ་སྦྱོང་དུ་ཤེས་པ། བྲམ་ཟེར་ཤེས་པ། རིགས་ཀྱི་ནང་ན་རྒན་པ་ལ་རིམ་གྲོ་བྱེད་པ་དང་། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་ལས་ཀྱི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་ བསོད་ནམས་ཀྱི་ལས་ཀྱི་དངོས་པོ་དང་། ཉམས་སུ་བླང་བ་དང་ལྡན་པའི་དངོས་པོ་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། འཇིག་རྟེན་པའི་འདུ་ཤེས་དགུ་སྟེ། འདི་ལྟར་རྣམ་པར་བམ་པའི་འདུ་ཤེས་དང་། འབུ་ཅན་གྱི་འདུ་ཤེས་དང་། རྣམ་ པར་རྣགས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་དང་། འཇིག་རྟེན་པའི་བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་པའི་རྗེས་སུ་དྲན་པ་བཅུ་སྟེ་འདི་ལྟར་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་ འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པ་དང་། ལུས་ཀྱི་རྣམ་པ་རྗེས་སུ་དྲན་པ་དང་། སྐྱེ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དག་སྟེ། དེ་དག་ནི་འཇིག་རྟེན་པའི་ཆོས་དགེ་བ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་མྱི་དགེ་བ་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མྱི་དགེ་བ་བཅུའི་ལས་ཀྱི་ལམ་དག་སྟེ། འདི་ལྟར་རབ་འབྱོར་སྲོག་གཅོད་པ་ནི། འཇིག་ རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་མ་བྱིན་པར་ལེན་པ་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་འདོད་པས་ལོག་པར་གཡེམ་པ་ནི། འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་བརྫུན་དུ་སྨྲ་བ་ནི། འཇིག་རྟེན་པའི་ཆོས་མྱི་དགེ་བའོ། ། རབ་འབྱོར་ཕྲ་མ་ནི་འཇིག་རྟེན་པའི་ཆོས་མི་དགེ་བའོ། །རབ་འབྱོར་ཞེ་གཅོད་པ་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ཚིག་ཀྱལ་པ་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ཆགས་སེམས་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ གནོད་སེམས་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །རབ་འབྱོར་ལོག་པར་ལྟ་བ་ནི། འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །ཁྲོ་བ་དང་། མདུད་པར་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། འཚེ་བ་དང་། ཕྲག་དོག་དང་། སེར་སྣ་དང་། ང་རྒྱལ་དང་། ལོག་པའི་ང་རྒྱལ་ཏེ། རབ་འབྱོར་དེ་དག་ནི་འཇིག་རྟེན་པའི་ཆོས་མྱི་དགེ་བའོ། །གསོལ་པ། བཅོམ་ལྡན་འདས་ལུང་དུ་མ་བསྟན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །ངག་གི་ལས་ནི་ ལུང་དུ་མ་བསྟན་པའོ། །ཡིད་ཀྱི་ལས་ནི་ལུང་དུ་མ་བསྟན་པའོ། །འབྱུང་བ་ཆེན་པོ་བཞི་ནི་ལུང་དུ་མ་བསྟན་པའོ། །དབང་པོ་ལྔ་ནི་ལུང་དུ་མ་བསྟན་པའོ། །སྐྱེ་མཆེད་དྲུག་ནི་ལུང་དུ་མ་བསྟན་པའོ། །གཟུགས་མྱེད་པ་བཞིར་སྐྱེས་པ་ནི་ལུང་དུ་མ་བསྟན་པའོ་ ཕུང་པོ་རྣམས་ནི་ལུང་དུ་མ་བསྟན་པའོ། །ཁམས་རྣམས་ནི་ལུང་དུ་མ་བསྟན་པའོ། །སྐྱེ་མཆེད་རྣམས་ནི་ལུང་དུ་མ་བསྟན་པའོ། །རྣམ་པར་སྨིན་པ་ཐམས་ཅད་ནི་ལུང་དུ་མ་བསྟན་པ་སྟེ། རབ་འབྱོར་དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་ཞེས་བྱའོ། ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་པའི་ཆོས་ཞེས་བྱ་བ་ནི། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭོ་བརྒྱད་དང་། དགེ་ བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། འཇིག་རྟེན་ལས་འདས་པའི་ཆོས་མ་གཏོགས་པར་དེ་མ་ཡིན་པ། འཇིག་རྟེན་པའི་ཆོས་གང་ ཇི་སྙེད་ཡོད་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཤེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ལས་འདས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཇིག་རྟེན་ལས་འདས་པའི་ཆོས་ཤེས་བྱ་བ་ནི། དྲན་པ་ ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ རྣམ་པར་ཐར་པའི་སྒོ་མཚན་མ་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མྱེད་པ་དང་། མ་ཤེས་པ་ཡོངས་སུ་ཤེས་པར་བྱ་བའི་དབང་པོ་དང་། ཡོངས་སུ་ཤེས་པའི་དབང་པོ་དང་། ཡོངས་སུ་ཤེས་པར་རྟོགས་པའི་དབང་པོ་དང་། རྟོགས་པ་དང་བཅས། དཔྱོད་པ་དང་བཅས་ པའི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། རྟོག་པ་མྱེད་ཅིང་དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་དང་། རིག་པ་དང་། རྣམ་པར་གྲོལ་བ་དང་། དྲན་པ་དང་ཤེས་བཞིན་དང་། ཚུལ་བཞིན་ཡིད་ལ་བྱ་བ་དང་། རྣམ་པར་ཐར་པ་བརྒྱད་དེ། བརྒྱད་ གང་ཞེ་ན། གཟུགས་དང་ལྡན་པས་གཟུགས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མྱེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྤུག་པར་མོས་པར་གྱུར་པ་འདི་ནི། རྣམ་པར་ ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་བའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། ། དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་ མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པའོ། །རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། དགུ་གང་ཞེ་ན། འདི་ལྟ་ སྟེ། དེ་འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་ དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྣམ་པར་རྟོག་པ་མྱེད་པ། རྣམ་པར་དཔྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་ བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་ སྡུག་བསྔལ་ཡང་མྱེད་པ། བཏང་སྙོམས་དང་དྲན་པས། ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་ གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས། ཅུང་ཟད་ མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐམ་མྱེད་བ་སྟོང་པ་ཉིད་ དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་ པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་ ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་དང་བཅས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟག་པ་དང་བཅས་པའི་ཆོས་ཞེས་བྱ་བ་ནི། འདི་ལྟ་སྟེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭོ་བརྒྱད་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཟག་པ་མ་ མཆིས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟག་པ་མྱེད་པའི་ཆོས་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་ཟག་པ་མྱེད་པའི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་བྱས་ཀྱི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ནི། འདོད་པའི་ ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་དང་། གཞན་ཡང་དེ་མ་ཡིན་པ། འདུས་བྱས་ཀྱི་ཁམས་སུ་གཏོགས་པའི་ཆོས་རྣམས་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་ པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྟོང་པ་ ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འདུས་མ་བྱས་ཀྱི་ཆོས་གང་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་ནི། གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མྱེད་པ་སྟེ། འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད། ཆོས་ཀྱི་དབྱིངས། ཆོས་སྐྱོན་མྱེད་པ་ཉིད། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ ཡང་དག་པའི་མཐའ་སྟེ། རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་གི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐུན་མོང་གི་ཆོས་ཞེས་བྱ་བ་ནི། བསམ་གཏན་བཞི་དང་། ཚད་ མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དག་སྟེ། དེ་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། ཐུན་མོང་གི་ཆོས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཐུན་མོང་མ་ལགས་པའི་ཆོས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱ་བ་ནི། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། ཏིང་ངེ་ འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་དག་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་རྟོག་པ་མྱེད་པས་ཆགས་པར་མྱི་བྱའོ། ། ཆོས་ཐམས་ཅད་གཉིས་སུ་མྱེད་པའི་ཚུལ་གྱིས་རྟོག་པ་མྱེད་ཅིང་། རྣམ་པར་རྟོག་པ་མྱེད་པའི་ཕྱིར། ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་བྱེད་པར་འགྱུར་བས་ དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པ་དེ་ལྟ་བུའི་ཕུལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྱིད་པར་འགྱུར་བ་དེ་ལྟ་བུའི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ ངེས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་ནི། རིགས་ཀྱིས་དང་། བརྒྱད་པ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་ དང་། རང་སངས་རྒྱས་དང་། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ནས། ཕྱིར་མྱི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་དག་སྟེ། རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པ་ ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་ཕུལ་དུ་བྱེད་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། འཁོར་བ་དཔག་ཏུ་མྱེད་པར་སེམས་ཅན་ཐམས་ ཅད་ཀྱི་དོན་དུ་བདག་གིས་གོ་ཆ་བགོ་བར་བྱའོ། །བདག་གིས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ཀྱང་། སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་བཟླས་པ་མྱེད་པས། ཆོས་ཐམས་ཅད་སྐྱེ་བ་མྱེད་པ་དང་། འགག་པ་མྱེད་པ་བདག་གིས་ཤེས་པར་ བྱའོ། །བདག་གིས་མ་འདྲེས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །བདག་གིས་ཆོས་རྟོགས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་ཕུན་སུམ་ཚོགས་པ་ལ་བསླབ་པར་བྱའོ། །བདག་གིས་ཆོས་ཀྱི་ཚུལ་ གཅིག་ཏུ་བསྒྲུབ་པ་ཁོང་དུ་ཆུད་པར་བྱའོ། །བདག་གིས་ཆོས་དཔག་ཏུ་མྱེད་པ་ཐམས་ཅད་ཡོངས་སུ་བསྒྲུབ་པར་བསླབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་ བུ་སྟེ། དེ་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམྱིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་སེམས་བསྐྱེད་དེ། སེམས་ཅན་དམྱལ་བ་པ་དང་། བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་པའི། སྡུག་བསྔལ་གྱི་ཚོར་བ་དེ་དག་ཐམས་ཅད་སེམས་ཅན་དེ་དག་གི་དོན་དུ་བདག་གིས་ཉམས་ སུ་མྱོང་བར་བྱའོ། །སྙམ་དུ་སེམས་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོས། གོང་དུ་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར། སེམས་ཅན་གང་ཡང་ ཕུང་པོ་མ་ལུས་པའི་མྱང་ན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླས་ཀྱི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཀྱང་། བདག་གིས་ཉམས་སུ་མྱོང་བར་བྱའོ། །ཞེས་ཐབས་དེ་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སེམས་ཅན་ ཐམས་ཅད་ཕུང་པོ་མ་ལུས་པའི། མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་མ་བཟླས་ཀྱི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་དག་ཐམས་ཅད་ཀྱང་ཉམས་སུ་མྱོང་བར་བྱའོ། །དེ་ནས་གཟོད་བདག་གི་དོན་དུ་དགེ་བའི་རྩ་བ་བསྐྱེད་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས། བྱང་ཆུབ་ཀྱི་ཚོགས་མང་པོ་བསྩགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་སྟེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས། རྟག་ཏུ་རྒྱུན་མི་འཆད་པར་རླབས་པོ་ཆེའི་སེམས་གང་གིས། སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་འགྱུར་བ། དེ་ལྟ་བུའི་སེམས་རླབས་པོ་ཆེ་བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ རླབས་པོ་ཆེ་ནི། སེམས་དང་པོ་བསྐྱེད་ཕྱིན་ཆད་འདོད་ཆགས་ཀྱི་སེམས་མི་སྐྱེད། ཞེ་སྡང་གི་སེམས་མི་སྐྱེད། གཏི་མུག་གི་སེམས་མི་སྐྱེད། གཙེ་བའི་སེམས་མི་སྐྱེད། ཉན་ཐོས་ཀྱི་སེམས་མི་སྐྱེད། རང་སངས་རྒྱས་ཀྱི་སེམས་མི་སྐྱེད་པ་སྟེ། འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རླབས་པོ་ཆེའོ། །དེས་སེམས་ཅན་ཐམས་ཅད་ཀྱི་ཕུལ་བྱེད་ཀྱང་། སེམས་རླབས་པོ་ཆེ་དེས་རློམ་སེམས་སུ་མྱི་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། མི་སྒུལ་ བའི་སེམས་དང་ལྡན་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་སྒུལ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་ཅིང་། དེས་རློམ་སེམས་སུ་མི་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སེམས་མི་སྒུལ་བའོ། །དེས་སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་མྱི་དམྱིགས་པའི་ཚུལ་གྱིས་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་སེམས་ བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་། བདེ་བའི་སེམས་ནི་སེམས་ཅན་ཐམས་ཅད་སྐྱོབ་ཅིང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ལ། དེས་རློམ་སེམས་སུ་འགྱུར་བ་མྱེད་པ་སྟེ། རབ་འབྱོར་ འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང་། བདེ་བའི་སེམས་ཏེ། དེ་ལ་གནས་ཤིང་སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མྱི་དམྱིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས། རྟག་ཏུ་རྒྱུན་མྱི་འཆད་པར་ཆོས་འདོད་པར་བྱའོ། །ཆོས་ལ་དགའ་བར་བྱའོ། །ཆོས་ལ་མོས་པར་བྱའོ། །ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་ཆོས་གང་ཞེ་ན། ཆོས་ཐམས་ཅད་དབྱེར་མྱེད་པ་སྟེ། འདི་ནི་ ཆོས་ཞེས་བྱའོ། །དེ་ལ་ཆོས་འདོད་པ་གང་ཞེ་ན། གང་ཆོས་དེ་ལ་འདོད་ཅིང་མོས་པ་སྟེ། འདི་ནི་ཆོས་འདོད་པ་ཞེས་བྱའོ། །དེ་ལ་ཆོས་ལ་དགའ་བ་གང་ཞེ་ན། གང་ཆོས་དེ་ལ་དགའ་ཞིང་མངོན་པར་དགའ་བ་སྟེ། འདི་ནི་ཆོས་ལ་དགའ་བ་ཞེས་བྱའོ། ། དེ་ལ་ཆོས་ལ་མོས་པ་གང་ཞེ་ན། གང་ཆོས་དེ་ལ་ཡོན་ཏན་དུ་བལྟ་བ་སྟེ། འདི་ནི་ཆོས་ལ་མོས་པ་ཞེས་བྱའོ། །དེ་ལ་ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པ་གང་ཞེ་ན། ཆོས་དེ་ཉིད་ལ་སྒོམ་ཞིང་མང་དུ་བྱེད་པ་སྟེ། འདི་ནི་ཆོས་ལ་མོས་པའི་ རྣལ་འབྱོར་ལ་བརྩོན་པ་ཞེས་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་མི་དམྱིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུ་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་འགྱུར་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དྲན་ པ་ཉེ་བར་གཞག་པ་རྣམས་ལ་གནས། ཡང་དག་པར་སྤོང་བ་རྣམས་ལ་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། དབང་པོ་རྣམས་ལ་གནས། སྟབས་རྣམས་ལ་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། འཕགས་པའི་ལམ་ཡན་ ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། ཚད་མེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་རྣམས་ལ་གནས། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་ སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས། མི་འཇིགས་པ་རྣམས་ལ་གནས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས། བྱམས་པ་ཆེན་པོ་ལ་གནས། སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་ བ་བཅྭོ་བརྒྱད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་ངེས་པའི་ཕུལ་དུ་མི་དམིགས་པའི་ཚུལ་གྱིས་འགྱུར་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་ལ་གནས། ཟླ་བ་བཟང་པོའི་ཏིང་ངེ་འཛིན་ལ་གནས། ཟླ་བའི་རྒྱལ་མཚན་དཔལ་ གྱི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ལས་ཤིན་ཏུ་འཕགས་པའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། སྤྱི་གཙུག་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་གནས། ཆོས་ཀྱི་དབྱིངས་སུ་ངེས་པའི་ ཏིང་ངེ་འཛིན་ལ་གནས། ངེས་པའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་ལ་གནས། རྡོ་རྗེའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པའི་ཏིང་ངེ་ འཛིན་ལ་གནས། རབ་ཏུ་བདེ་བར་གནས་པའི་ཏིང་ངེ་འཛིན་ལ་གནས། ཏིང་ངེ་འཛིན་གྱི་རྒྱལ་པོ་བདེ་བར་འཇུགས་པའི་ཏིང་ངེ་འཛིན་ལ་གནས། འོད་ཟེར་རབ་ཏུ་འགྱེད་པའི་ཏིང་ངེ་འཛིན་ལ་གནས། འཁྲུལ་པ་མེད་པའི་ཏིང་ངེ་འཛིན་ལ་གནས། འོད་ཟེར་ རབ་ཏུ་འགྱེད་པས་འཁྲུལ་པ་མེད་པར་བྱེད་པའི་ཏིང་ངེ་འཛིན་ལ་གནས། བརྩོན་པའི་སྟོབས་ཀྱི་ཏིང་ངེ་འཛིན་ལ་གནས། དཔུང་རྣམ་པར་དགོད་པའི་ཏིང་ངེ་འཛིན་ལ་གནས། ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་ལ་གནས། ངེས་པའི་ཚིག་ལ་གདོན་མི་ཟ་བར་ འཇུག་པའི་ཏིང་ངེ་འཛིན་ལ་གནས། ཚིག་བླ་དགས་ལ་ཡང་དག་པར་འཇུག་པའི་ཏིང་ངེ་འཛིན་ལ་གནས། ཕྱོགས་སུ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་གནས། ཕྱག་རྒྱ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་ལ་གནས། ཉམ་པ་མེད་པའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། རྒྱལ་པོའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་ལ་གནས། རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་གནས། འཁོར་གསུམ་ ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་གནས། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་ལ་གནས། དབང་པོའི་དཔལ་གྱི་ཏིང་ངེ་འཛིན་ལ་གནས། རྒྱུན་གྱི་རྗེས་སུ་སོང་བའི་ཏིང་ངེ་འཛིན་ལ་གནས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་ གནས། སེང་གེ་རྣམ་པར་རྐྱོང་བའི་ཏིང་ངེ་འཛིན་ལ་གནས། སེང་གེ་རྣམ་པར་གླལ་བའི་ཏིང་ངེ་འཛིན་ལ་གནས། སྣེ་ལ་ཞིའི་ཏིང་ངེ་འཛིན་ལ་གནས། ཆགས་པ་དང་ཐོགས་པ་མེད་པའི་ཏིང་ངེ་འཛིན་ལ་གནས། ཉོན་མོངས་པ་སྤོང་བའི་ཏིང་ ངེ་འཛིན་ལ་གནས། རྣམ་པར་སྣང་བའི་ཏིང་ངེ་འཛིན་ལ་གནས། ཚོལ་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། གནས་ལ་རྟེན་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས། སེམས་མྱེད་པའི་ཏིང་ངེ་འཛིན་ལ་གནས། བདུད་བཞི་འདུལ་བའི་ཏིང་ངེ་འཛིན་ལ་གནས། དྲི་མ་མྱེད་པའི་ སྒྲོན་མའི་ཏིང་ངེ་འཛིན་ལ་གནས། འོད་མཐའ་ཡས་པའི་ཏིང་ངེ་འཛིན་ལ་གནས། འོད་བྱེད་པའི་ཏིང་ངེ་འཛིན་ལ་གནས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་གནས། དག་པ་དམ་པའི་ཏིང་ངེ་འཛིན་ལ་གནས། འོད་དྲི་མ་མྱེད་པའི་ཏིང་ངེ་འཛིན་ལ་གནས། དགའ་བ་ བྱེད་པའི་ཏིང་ངེ་འཛིན་ལ་གནས། གློག་གི་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། ཟད་མྱི་ཤེས་པའི་ཏིང་ངེ་འཛིན་ལ་གནས། མྱི་འཕམ་པའི་ཏིང་ངེ་འཛིན་ལ་གནས། གཟི་བརྗིད་ཡོད་པའི་ཏིང་ངེ་འཛིན་ལ་གནས། ཟད་པ་དང་བྲལ་བའི་ཏིང་ངེ་འཛིན་ལ་གནས། མྱི་གཡོ་ བའི་ཏིང་ངེ་འཛིན་ལ་གནས། རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་གནས། འཇིག་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས། ཉི་མའི་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། ཟླ་བ་དྲི་མ་མྱེད་པའི་ཏིང་ངེ་འཛིན་ལ་གནས། མིག་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་གནས། ཤེས་རབ་ སྒྲོན་མའི་ཏིང་ངེ་འཛིན་ལ་གནས། སྣང་བ་གསལ་བའི་ཏིང་ངེ་འཛིན་ལ་གནས། ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། སྣང་བ་བྱེད་པའི་ཏིང་ངེ་འཛིན་ལ་གནས། བྱ་བ་བྱེད་པའི་ཏིང་ངེ་འཛིན་ལ་གནས། ཡེ་ཤེས་དཔལ་གྱི་ཏིང་ངེ་འཛིན་ལ་གནས། རྡོ་རྗེ་ལྟ་བུའི་ཏིང་ངེ་ འཛིན་ལ་གནས། སེམས་གནས་པའི་ཏིང་ངེ་འཛིན་ལ་གནས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་གནས། རབ་ཏུ་གནས་པའི་ཏིང་ངེ་འཛིན་ལ་གནས། རིན་ཆེན་མཐའི་ཏིང་ངེ་འཛིན་ལ་གནས། ཆོས་དམ་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས། དགའ་བ་སྤོང་བའི་ཏིང་ངེ་འཛིན་ལ་གནས། ཆོས་ཀྱིས་འཕགས་པའི་ཏིང་ངེ་འཛིན་ལ་གནས། ཆོས་ཀྱིས་འཕགས་པས་ཡོངས་སུ་རྒྱས་པའི་ཏིང་ངེ་འཛིན་ལ་གནས། རིན་པོ་ཆེ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས། འཁྲུག་པ་སྤོང་བའི་ཏིང་ངེ་འཛིན་ལ་གནས། རྣམ་པར་འཐོར་བའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་ལ་གནས། རྣམ་པར་ངེས་པའི་ཏིང་ངེ་འཛིན་ལ་གནས། དྲི་མ་མེད་པར་སྤྱོད་པའི་ཏིང་ངེ་འཛིན་ལ་གནས། ཡི་གེ་ མཉམ་པར་འགོད་པའི་ཏིང་ངེ་འཛིན་ལ་གནས། ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་ལ་གནས། དམྱིགས་པ་གཅོད་པའི་ཏིང་ངེ་འཛིན་ལ་གནས། འགྱུར་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་མྱེད་པའི་ཏིང་ངེ་འཛིན་ལ་གནས། མིང་དང་མཚན་མ་ལ་ འཇུག་པའི་ཏིང་ངེ་འཛིན་ལ་གནས། བྱ་བ་དང་བྲལ་བའི་ཏིང་ངེ་འཛིན་ལ་གནས། མྱིང་ངེས་པར་འཇུག་པའི་ཏིང་ངེ་འཛིན་ལ་གནས། གནས་མྱེད་པར་སྤྱོད་པའི་ཏིང་ངེ་འཛིན་ལ་གནས། རབ་རིབ་མྱེད་པའི་ཏིང་ངེ་འཛིན་ལ་གནས། སྤྱོད་པ་དང་ལྡན་པའི་ཏིང་ངེ་ འཛིན་ལ་གནས། གཡོ་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། ཡུལ་ལས་རྒལ་བའི་ཏིང་ངེ་འཛིན་ལ་གནས། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པའི་ཏིང་ངེ་འཛིན་ལ་གནས། སེམས་མྱེད་པར་གནས་པའི་ཏིང་ངེ་འཛིན་ལ་གནས། ངེས་པར་གནས་ པའི་ཏིང་ངེ་འཛིན་ལ་གནས། དགེ་བའི་མེ་ཏོག་རྒྱས་ཤིང་གསལ་བའི་ཏིང་ངེ་འཛིན་ལ་གནས། བྱང་ཆུབ་ཀྱི་ཡན་ལག་ཡོད་པའི་ཏིང་ངེ་འཛིན་ལ་གནས། སྤོབས་པ་མཐའ་ཡས་པའི་ཏིང་ངེ་འཛིན་ལ་གནས། མཐའ་ཡས་སྒྲོན་མའི་ཏིང་ངེ་འཛིན་ལ་གནས། མྱི་མཉམ་པ་དང་མཉམ་པའི་ཏིང་ངེ་འཛིན་ལ་གནས། ཆོས་ཐམས་ཅད་ལས་འདའ་བའི་ཏིང་ངེ་འཛིན་ལ་གནས། ཡོངས་སུ་གཅོད་པ་བྱེད་པའི་ཏིང་ངེ་འཛིན་ལ་གནས། ནེམ་ནུར་རྣམ་པར་སེལ་བའི་ཏིང་ངེ་འཛིན་ལ་གནས། གནས་སུ་བྱ་བ་མྱེད་པའི་ཏིང་ ངེ་འཛིན་ལ་གནས། གཅིག་ཏུ་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་མངོན་པར་བསྒྲུབ་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་གཅིག་ཏུ་གྱུར་པའི་ཏིང་ངེ་འཛིན་ལ་གནས། རྣམ་པ་འདོར་བ་མྱེད་པའི་ཏིང་ངེ་འཛིན་ལ་གནས། སྤྱོད་པ་དམ་ པའི་ཏིང་ངེ་འཛིན་ལ་གནས། རྟོགས་པས་སྲིད་པའི་གཞི་ཐམས་ཅད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་ལ་གནས། བརྡ་དང་སྒྲ་ལ་འཇུག་པའ