Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 014_འབུམ།_ཀ

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་བསླབ་པར་བགྱིའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བསམ་གཏན་གྱི་ཕ་རོལ་
ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བགྱིའོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བགྱིའོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་
འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མཐའ་
ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་
འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆོས་ཐམས་ཅད་སྟོང་པ་ཉིད་

ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བགྱིའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་
འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཡང་དག་པར་
སྤོང་བ་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །

སྟོབས་ལྔ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བགྱིའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །
འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མི་འཇིགས་པ་བཞི་
ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བགྱིའོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་
བགྱི་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་ཏིང་ངེ་འཛིན་ལ་གནས་ཏེ། བསམ་གཏན་དང་པོ་ལས་ལངས་ནས་འགོག་པ་ལ་མཉམ་པར་གཞག་
པ་དང་། འགོག་པ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་མཉམ་པར་གཞག་པ་དང་། བསམ་གཏན་གཉིས་པ་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་། འགོག་པ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་མཉམ་པར་གཞག་
པ་དང་། བསམ་གཏན་གསུམ་པ་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་། འགོག་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་མཉམ་པར་གཞག་པ་དང་། བསམ་གཏན་བཞི་པ་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་
དང་། འགོག་པ་ལས་ལངས་ནས། བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་དང་། བྱམས་པའི་ཏིང་ངེ་འཛིན་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་། འགོག་པ་ལས་ལངས་ནས། སྙིང་རྗེའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་དང་།
སྙིང་རྗེའི་ཏིང་ངེ་འཛིན་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་། འགོག་པ་ལས་ལངས་ནས། དགའ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་དང་། དགའ་བའི་ཏིང་ངེ་འཛིན་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་།

འགོག་པ་ལས་ལངས་ནས། བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་དང་། བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་། འགོག་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་
མཉམ་པར་གཞག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་། འགོག་པ་ལས་ལངས་ནས། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་མཉམ་པར་གཞག་པ་དང་། ཅུང་ཟད་མེད་པའི་སྐྱེ་
མཆེད་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་། འགོག་པ་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་མཉམ་པར་གཞག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པ་དང་།
འགོག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མཉམ་པར་གཞག་པར་འཚལ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། འགོག་པ་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་
པར་བགྱིའོ། །སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་
ཐོབ་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །
ཟླ་བའི་འོད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཟླ་བའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆོས་ཐམས་ཅད་ཕྱག་རྒྱར་གྱུར་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྤྱན་རས་གཟིགས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆོས་ཀྱི་
དབྱིངས་སུ་ངེས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ངེས་པའི་རྒྱལ་མཚན་དཔལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་
འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆོས་ཐམས་ཅད་ལ་འཇུག་པའི་སྒོའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཏིང་ངེ་འཛིན་གྱི་རྒྱལ་

པོའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རྒྱལ་པོའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དཔུང་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་བསླབ་པར་བགྱིའོ། །ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆོས་ཐམས་ཅད་ཀྱི་ངེས་པའི་ཚིག་ལ་གདོན་མྱི་ཟ་བར་
འཇུག་པའི། ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆོས་ཐམས་ཅད་ཤེས་པར་གནས་པ་ལ་འཇུག་པའི་ཏིང་ངེ་འཛིན་ལ་མཉམ་པར་
གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཕྱོགས་བཅུར་རྣམ་པར་ལྟ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །གཟུངས་ཀྱི་སྒོ་ཐམས་ཅད་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བགྱིའོ། །ཆོས་ཐམས་ཅད་ཉམ་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆོས་ཐམས་ཅད་ཡང་དག་པར་འདུ་

བའི་རང་བཞིན་ཕྱག་རྒྱའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ནམ་མཁའི་གནས་ལ་གནས་པའི་
ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །འཁོར་གསུམ་ཡོངས་སུ་དག་པའི། ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་
བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མངོན་པར་ཤེས་པ་མི་ཉམ་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྣོད་དུ་གྱུར་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །རྒྱལ་མཚན་རྩེ་
མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྲེག་པའི། ཏིང་ངེ་འཛིན་ལ་མཉམ་པར་
གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བདུད་བཞིའི་དཔུང་སེལ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྟོབས་བཅུའི་སྟོབས་ཀྱིས་འཕགས་

པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ནམ་མཁའ་ལྟར་ཆགས་པ་མེད་པའི། རྣམ་པར་གྲོལ་བ་གོས་པ་མེད་པའི་ཏིང་ངེ་འཛིན་ལ།
མཉམ་པར་གཞག་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་ལྟར་དེ་དག་དང་། ཏིང་ངེ་འཛིན་གྱི་སྒོ་གཞན་དག་ཐོབ་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་དགེ་བའི་རྩ་བ་གང་ཡོངས་སུ་རྫོགས་པས། ངན་སོང་རྣམས་སུ་མི་ལྟུང་ཞིང་། རིགས་དམའ་བར་མི་སྐྱེ་བ་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལ་མྱི་གནས་པ་དང་། བྱང་
ཆུབ་སེམས་དཔའི་སྐྱོན་ཆེན་པོར་མྱི་ལྟུང་བ། དེ་ལྟ་བུའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོན་ཆེན་པོར་ལྟུང་བ་ཡིན། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤ་
ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཐབས་མི་མཁས་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་ཐབས་མི་མཁས་པས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།

སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཉན་ཐོས་ཀྱི་སར་ཡང་མི་ལྟུང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་མི་འཇུག་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
སྐྱོན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་དུ་འགྱུར། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ཞེས་བྱ་བ་ནི།
འདི་ལྟ་སྟེ། ཆོས་ལ་སྲེད་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ལ་སྲེད་པ་གང་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་
སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། ཚོར་བ་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་སྟོང་ཞེས་བྱ་
བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ།
སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། ཚོར་བ་མི་རྟག་ཅེས་བྱ་
བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་མི་རྟག་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་མི་རྟག་ཅེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་

མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྡུག་བསྔལ་བའོ། །ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། ཚོར་བ་སྡུག་བསྔལ་བའོ། །ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་
པ་དང་། འདུ་ཤེས་སྡུག་བསྔལ་བའོ། །ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་སྡུག་བསྔལ་བའོ། །ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་སྡུག་བསྔལ་བའོ། །ཞེས་བྱ་བར་མངོན་
པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་བདག་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། ཚོར་བ་བདག་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་བདག་མེད་ཅེས་བྱ་བར་
མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་བདག་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

གཟུགས་ཞི་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། ཚོར་བ་ཞི་ཞེས་བྱ་བར་མངོན་པར་ཆགས་ཤིང་། གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་ཞི་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་
དང་། འདུ་བྱེད་ཞི་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་ཞི་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྟོང་ཞེས་བྱ་བར་མངོན་པར་ཆགས་
ཤིང་གནས་ཏེ་འདུ་ཤེས་པ་དང་། ཚོར་བ་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་
གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མཚན་མ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། ཚོར་བ་མཚན་མ་
མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་མཚན་མ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་མཚན་མ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་།

རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་
ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྨོན་པ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། ཚོར་བ་སྨོན་པ་མེད་ཅེས་བྱ་བར་
མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་ཤེས་སྨོན་པ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། འདུ་བྱེད་སྨོན་པ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་དང་། རྣམ་པར་ཤེས་པ་
སྨོན་པ་མེད་ཅེས་བྱ་བར་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ།
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་འདི་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ། །ཚོར་བ་འདི་སྤང་བར་བྱའོ། །འདིས་ཚོར་བ་སྤང་བར་བྱའོ། །
འདུ་ཤེས་འདི་སྤང་བར་བྱའོ། །འདིས་འདུ་ཤེས་སྤང་བར་བྱའོ། འདུ་བྱེད་འདི་སྤང་བར་བྱའོ། །འདིས་འདུ་བྱེད་སྤང་བར་བྱའོ། །རྣམ་པར་ཤེས་པ་འདི་སྤང་བར་བྱའོ། །འདིས་རྣམ་པར་ཤེས་པ་སྤང་བར་བྱའོ། །སྡུག་བསྔལ་འདི་ཡོངས་སུ་ཤེས་
པར་བྱའོ། འདིས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །ཀུན་འབྱུང་བ་འདི་སྤང་བར་བྱའོ། །འདིས་ཀུན་འབྱུང་བ་སྤང་བར་བྱའོ། །འགོག་པ་འདི་མངོན་དུ་བྱའོ། །འདིས་འགོག་པ་མངོན་དུ་བྱའོ། །ལམ་འདི་བསྒོམ་པར་བྱའོ། །འདིས་

ལམ་བསྒོམ་པར་བྱའོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །ཆོས་འདི་དག་ནི་བསྟེན་པར་བྱའོ། །ཆོས་འདི་དག་ནི་བསྟེན་པར་མི་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
སྤྱད་པར་བྱའོ། །འདི་ལ་སྤྱད་པར་མི་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་མོ། །འདི་ནི་ལམ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པའོ། །འདི་ནི་བསླབ་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །
འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པའོ། །འདི་ནི་ཐབས་མཁས་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་སྐྱོན་མེད་པའོ། །འདི་ནི་སྐྱོན་དུ་འགྱུར་བའོ། །ཞེས་བྱ་བར་ཆོས་དེ་དག་ལ་མངོན་པར་ཆགས་ཤིང་གནས་ཏེ་འདུ་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་དུ་འགྱུར་བའོ། །སྨྲས་པ། ཚེ་དང་ལྡན་པ་

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་གང་ཡིན། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་
ཉིད་ལ། ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་སྟོང་པ་ཉིད་ལ། ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་ནང་སྟོང་པ་ཉིད་ལ། ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་
སུ་མི་མཐོང་། ཕྱི་ནང་སྟོང་པ་ཉིད་ལ། སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ལ། ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ལ། ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་།
ཆེན་པོ་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆེན་པོ་སྟོང་པ་ཉིད་ལ། དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོན་དམ་པ་སྟོང་པ་ཉིད་ལ། ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོན་དམ་པ་སྟོང་པ་
ཉིད་ལ། འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་བྱས་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་བྱས་སྟོང་པ་ཉིད་ལ། འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་མ་བྱས་སྟོང་
པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་མ་བྱས་སྟོང་པ་ཉིད་ལ། མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་
རྗེས་སུ་མི་མཐོང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཐོག་མ་དང་

ཐ་མ་མེད་པ་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོར་བ་མེད་པ་སྟོང་པ་ཉིད་ལ།
རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་བཞིན་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མྱི་མཐོང་། རང་བཞིན་སྟོང་པ་ཉིད་ལ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་
ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་
དག་པར་རྗེས་སུ་མི་མཐོང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་དམིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། མི་དམིགས་པ་སྟོང་པ་ཉིད་ལ། རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། མི་དམིགས་པ་སྟོང་པ་
ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ངོ་བོ་ཉིད་སྟོང་
པ་ཉིད་ལ་དངོས་པོ་མྱེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་འདི་ལྟར་བསླབ་པར་བྱ་སྟེ་སློབ་པའི་ཚེ། ཅི་ནས་ཀྱང་གཟུགས་ཤེས་པར་བྱ་སྟེ། གཟུགས་དེས་རློམ་སེམས་སུ་མི་བྱའོ། །ཚོར་བ་ཤེས་པར་བྱ་སྟེ། ཚོར་བ་དེས་རློམ་སེམས་སུ་མི་བྱའོ། །འདུ་ཤེས་ཤེས་པར་བྱ་སྟེ། འདུ་ཤེས་དེས་རློམ་སེམས་སུ་
མི་བྱའོ། །འདུ་བྱེད་ཤེས་པར་བྱ་སྟེ། འདུ་བྱེད་དེས་རློམ་སེམས་སུ་མི་བྱའོ། །རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། རྣམ་པར་ཤེས་པ་དེས་རློམ་སེམས་སུ་མི་བྱའོ། །མྱིག་ཤེས་པར་བྱ་སྟེ། མྱིག་དེས་རློམ་སེམས་སུ་མི་བྱའོ། །རྣ་བ་ཤེས་པར་བྱ་སྟེ། རྣ་བ་
དེས་རློམ་སེམས་སུ་མྱི་བྱའོ། །སྣ་ཤེས་པར་བྱ་སྟེ། སྣ་དེས་རློམ་སེམས་སུ་མི་བྱའོ། །ལྕེ་ཤེས་པར་བྱ་སྟེ། ལྕེ་དེས་རློམ་སེམས་སུ་མི་བྱའོ། །ལུས་ཤེས་པར་བྱ་སྟེ། ལུས་དེས་རློམ་སེམས་སུ་མྱི་བྱའོ། །ཡིད་ཤེས་པར་བྱ་སྟེ། ཡིད་དེས་རློམ་སེམས་
སུ་མྱི་བྱའོ། །གཟུགས་ཤེས་པར་བྱ་སྟེ། གཟུགས་དེས་རློམ་སེམས་སུ་མྱི་བྱའོ། །སྒྲ་ཤེས་པར་བྱ་སྟེ། སྒྲ་དེས་རློམ་སེམས་སུ་མྱི་བྱའོ། །དྲི་ཤེས་པར་བྱ་སྟེ། དྲི་དེས་རློམ་སེམས་སུ་མི་བྱའོ། །རོ་ཤེས་པར་བྱ་སྟེ། རོ་དེས་རློམ་སེམས་སུ་མྱི་བྱའོ། །
རེག་ཤེས་པར་བྱ་སྟེ། རེག་དེས་རློམ་སེམས་སུ་མྱི་བྱའོ། །ཆོས་ཤེས་པར་བྱ་སྟེ། ཆོས་དེས་རློམ་སེམས་སུ་མྱི་བྱའོ། །མྱིག་གི་རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། མིག་གི་རྣམ་པར་ཤེས་པ་དེས་རློམ་སེམས་སུ་མྱི་བྱའོ། །རྣ་བའི་རྣམ་པར་ཤེས་པ་
ཤེས་པར་བྱ་སྟེ། རྣ་བའི་རྣམ་པར་ཤེས་པ་དེས་རློམ་སེམས་སུ་མི་བྱའོ། །སྣའི་རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། སྣའི་རྣམ་པར་ཤེས་པ་དེས་རློམ་སེམས་སུ་མི་བྱའོ། །ལྕེའི་རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། ལྕེའི་རྣམ་པར་ཤེས་པ་དེས་རློམ་སེམས་
སུ་མི་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། ལུས་ཀྱི་རྣམ་པར་ཤེས་པ་དེས་རློམ་སེམས་སུ་མི་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེས་རློམ་སེམས་སུ་མི་བྱའོ། །མིག་གི་འདུས་ཏེ་རེག་པ་ཤེས་པར་བྱ་སྟེ།

མིག་གི་འདུས་ཏེ་རེག་པ་དེས་རློམ་སེམས་སུ་མི་བྱའོ། །རྣ་བའི་འདུས་ཏེ་རེག་པ་ཤེས་པར་བྱ་སྟེ། རྣ་བའི་འདུས་ཏེ་རེག་པ་དེས་རློམ་སེམས་སུ་མི་བྱའོ། །སྣའི་འདུས་ཏེ་རེག་པ་ཤེས་པར་བྱ་སྟེ། སྣའི་འདུས་ཏེ་རེག་པ་དེས་རློམ་སེམས་
སུ་མི་བྱའོ། །ལྕེའི་འདུས་ཏེ་རེག་པ་ཤེས་པར་བྱ་སྟེ། ལྕེའི་འདུས་ཏེ་རེག་པ་དེས་རློམ་སེམས་སུ་མི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་ཤེས་པར་བྱ་སྟེ། ལུས་ཀྱི་འདུས་ཏེ་རེག་པ་དེས་རློམ་སེམས་སུ་མི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཤེས་པར་བྱ་སྟེ། ཡིད་ཀྱི་
འདུས་ཏེ་རེག་པ་དེས་རློམ་སེམས་སུ་མི་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤེས་པར་བྱ་སྟེ། མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེས་རློམ་སེམས་སུ་མི་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤེས་པར་བྱ་སྟེ། རྣ་བའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེས་རློམ་སེམས་སུ་མི་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤེས་པར་བྱ་སྟེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེས་རློམ་སེམས་སུ་མི་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤེས་པར་བྱ་
སྟེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེས་རློམ་སེམས་སུ་མི་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཤེས་པར་བྱ་སྟེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེས་རློམ་སེམས་སུ་མི་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་ཤེས་པར་བྱ་སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དེས་རློམ་སེམས་སུ་མི་བྱའོ། །སའི་ཁམས་ཤེས་པར་བྱ་སྟེ། སའི་ཁམས་དེས་རློམ་སེམས་སུ་མི་བྱའོ། །ཆུའི་ཁམས་ཤེས་པར་བྱ་སྟེ། ཆུའི་ཁམས་དེས་རློམ་སེམས་སུ་མི་བྱའོ། །
མེའི་ཁམས་ཤེས་པར་བྱ་སྟེ། མྱེའི་ཁམས་དེས་རློམ་སེམས་སུ་མི་བྱའོ། །རླུང་གི་ཁམས་ཤེས་པར་བྱ་སྟེ། རླུང་གི་ཁམས་དེས་རློམ་སེམས་སུ་མི་བྱའོ། །ནམ་མཁའི་ཁམས་ཤེས་པར་བྱ་སྟེ། ནམ་མཁའི་ཁམས་དེས་རློམ་སེམས་སུ་མི་བྱའོ། །རྣམ་

པར་ཤེས་པའི་ཁམས་ཤེས་པར་བྱ་སྟེ། རྣམ་པར་ཤེས་པའི་ཁམས་དེས་རློམ་སེམས་སུ་མི་བྱའོ། །མ་རིག་པ་ཤེས་པར་བྱ་སྟེ། མ་རིག་པ་དེས་རློམ་སེམས་སུ་མི་བྱའོ། །འདུ་བྱེད་ཤེས་པར་བྱ་སྟེ། འདུ་བྱེད་དེས་རློམ་སེམས་སུ་མི་བྱའོ། །རྣམ་པར་ཤེས་པ་ཤེས་
པར་བྱ་སྟེ། རྣམ་པར་ཤེས་པ་དེས་རློམ་སེམས་སུ་མི་བྱའོ། །མིང་དང་གཟུགས་ཤེས་པར་བྱ་སྟེ། མིང་དང་གཟུགས་དེས་རློམ་སེམས་སུ་མི་བྱའོ། །སྐྱེ་མཆེད་དྲུག་ཤེས་པར་བྱ་སྟེ། སྐྱེ་མཆེད་དྲུག་དེས་རློམ་སེམས་སུ་མི་བྱའོ། །རེག་པ་ཤེས་པར་བྱ་སྟེ།
རེག་པ་དེས་རློམ་སེམས་སུ་མི་བྱའོ། །ཚོར་བ་ཤེས་པར་བྱ་སྟེ། ཚོར་བ་དེས་རློམ་སེམས་སུ་མྱི་བྱའོ། །སྲེད་པ་ཤེས་པར་བྱ་སྟེ། སྲེད་པ་དེས་རློམ་སེམས་སུ་མི་བྱའོ། །ལེན་པ་ཤེས་པར་བྱ་སྟེ། ལེན་པ་དེས་རློམ་སེམས་སུ་མི་བྱའོ། །སྲིད་པ་ཤེས་པར་བྱ་སྟེ།
སྲིད་པ་དེས་རློམ་སེམས་སུ་མི་བྱའོ། །སྐྱེ་བ་ཤེས་པར་བྱ་སྟེ། སྐྱེ་བ་དེས་རློམ་སེམས་སུ་མི་བྱའོ། །རྒ་ཤི་ཤེས་པར་བྱ་སྟེ། རྒ་ཤི་དེས་རློམ་སེམས་སུ་མྱི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་མི་
བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་མི་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་མི་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཤེས་པར་བྱ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་མི་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་མི་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་རློམ་སེམས་སུ་མི་བྱའོ། །ནང་སྟོང་པ་ཉིད་ཤེས་པར་བྱ་སྟེ། ནང་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །ཕྱི་སྟོང་པ་ཉིད་ཤེས་པར་བྱ་སྟེ། ཕྱི་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །ཕྱི་ནང་སྟོང་པ་ཉིད་ཤེས་པར་བྱ་སྟེ། ཕྱི་ནང་སྟོང་པ་

ཉིད་དེས་རློམ་སེམས་སུ་མི་བྱའོ། །སྟོང་པ་ཉིད་སྟོང་པ་ཉིད་ཤེས་པར་བྱ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །ཆེན་པོ་སྟོང་པ་ཉིད་ཤེས་པར་བྱ་སྟེ། ཆེན་པོ་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །དོན་དམ་པ་སྟོང་
པ་ཉིད་ཤེས་པར་བྱ་སྟེ། དོན་དམ་པ་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །འདུས་བྱས་སྟོང་པ་ཉིད་ཤེས་པར་བྱ་སྟེ། འདུས་བྱས་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །འདུས་མ་བྱས་སྟོང་པ་ཉིད་ཤེས་པར་བྱ་སྟེ། འདུས་མ་བྱས་སྟོང་པ་ཉིད་དེས་རློམ་སེམས་
སུ་མི་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཤེས་པར་བྱ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཤེས་པར་བྱ་སྟེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །དོར་བ་
མེད་པ་སྟོང་པ་ཉིད་ཤེས་པར་བྱ་སྟེ། དོར་བ་མྱེད་པ་སྟོང་པ་ཉིད་དེས་རློམ་སེམས་སུ་མྱི་བྱའོ། །རང་བཞིན་སྟོང་པ་ཉིད་ཤེས་པར་བྱ་སྟེ། རང་བཞིན་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་སྟོང་
པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཤེས་པར་བྱ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །མི་དམིགས་པ་སྟོང་པ་ཉིད་ཤེས་པར་བྱ་སྟེ། མི་དམིགས་པ་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །དངོས་
པོ་མྱེད་པ་སྟོང་པ་ཉིད་ཤེས་པར་བྱ་སྟེ། །དངོས་པོ་མེད་པ་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །ངོ་བོ་ཉིད་སྟོང་པ་ཉིད་ཤེས་པར་བྱ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་པར་བྱ་སྟེ། དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེས་རློམ་སེམས་སུ་མི་བྱའོ། །བསམ་གཏན་རྣམས་ཤེས་པར་བྱ་སྟེ། བསམ་གཏན་དེ་དག་གིས་རློམ་སེམས་སུ་མི་བྱའོ། །ཚད་མེད་པ་རྣམས་ཤེས་པར་བྱ་སྟེ། ཚད་མེད་པ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །གཟུགས་མེད་

པའི་སྙོམས་པར་འཇུག་པ་རྣམས་ཤེས་པར་བྱ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རློམ་སེམས་སུ་མྱི་བྱའོ། །མངོན་པར་ཤེས་པ་རྣམས་ཤེས་པར་བྱ་སྟེ། མངོན་པར་ཤེས་པ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །མིག་ལྔ་ཤེས་པར་བྱ་སྟེ།
མིག་ལྔ་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཤེས་པར་བྱ་སྟེ། དྲན་པ་ཉེ་བར་གཞག་པ་དེ་དག་གིས་རློམ་སེམས་སུ་མྱི་བྱའོ། །ཡང་དག་པར་སྤོང་བ་རྣམས་ཤེས་པར་བྱ་སྟེ། ཡང་དག་པར་སྤོང་བ་དེ་དག་གིས་རློམ་སེམས་སུ་མི་
བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཤེས་པར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །དབང་པོ་རྣམས་ཤེས་པར་བྱ་སྟེ། དབང་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །སྟོབས་རྣམས་ཤེས་པར་བྱ་སྟེ། སྟོབས་དེ་དག་གིས་རློམ་
སེམས་སུ་མི་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་པར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་དེ་དག་གིས་རློམ་སེམས་སུ་མི་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པར་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །
འཕགས་པའི་བདེན་པ་རྣམས་ཤེས་པར་བྱ་སྟེ། འཕགས་པའི་བདེན་པ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །རྣམ་པར་ཐར་པ་བརྒྱད་ཤེས་པར་བྱ་སྟེ། རྣམ་པར་ཐར་པ་བརྒྱད་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་
འཇུག་པ་དགུ་ཤེས་པར་བྱ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཤེས་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མྱེད་པ་དེ་དག་གིས་རློམ་སེམས་སུ་མྱི་བྱའོ། ཏིང་ངེ་འཛིན་རྣམས་ཤེས་པར་བྱ་སྟེ། ཏིང་ངེ་འཛིན་དེ་དག་གིས་རློམ་སེམས་སུ་མི་བྱའོ། །གཟུངས་ཀྱི་སྒོ་རྣམས་ཤེས་པར་བྱ་སྟེ། གཟུངས་ཀྱི་སྒོ་དེ་དག་གིས་རློམ་སེམས་སུ་མྱི་

བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པར་བྱ་སྟེ། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་གིས་རློམ་སེམས་སུ་མྱི་བྱའོ། །མི་འཇིགས་པ་བཞི་ཤེས་པར་བྱ་སྟེ། མྱི་འཇིགས་པ་བཞི་པོ་དེ་དག་གིས་རློམ་སེམས་སུ་
མི་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པར་བྱ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །བྱམས་པ་ཆེན་པོ་ཤེས་པར་བྱ་སྟེ། བྱམས་པ་ཆེན་པོ་དེས་རློམ་སེམས་སུ་མྱི་བྱའོ། །སྙིང་རྗེ་ཆེན་པོ་ཤེས་པར་བྱ་སྟེ།
སྙིང་རྗེ་ཆེན་པོ་དེས་རློམ་སེམས་སུ་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་དེ་དག་གིས་རློམ་སེམས་སུ་མྱི་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བྱའོ། །མི་མཉམ་པ་དང་མཉམ་པའི་སེམས་ཀྱིས་རློམ་སེམས་སུ་མི་བྱའོ། །རླབས་པོ་ཆེའི་སེམས་ཀྱིས་རློམ་སེམས་སུ་མི་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་
ར་དྭ་ཏིའི་བུ། སེམས་གང་འདོད་ཆགས་དང་ཡང་མི་ལྡན་མ་བྲལ། གཏི་མུག་དང་ཡང་མི་ལྡན་མ་བྲལ། ཞེ་སྡང་དང་ཡང་མི་ལྡན་མ་བྲལ། ཀུན་ནས་ལྡང་བ་དང་ཡང་མི་ལྡན་མ་བྲལ། སྒྲིབ་པ་དང་ཡང་མི་ལྡན་མ་བྲལ། གཅོད་པ་དང་ཡང་མི་ལྡན་
མ་བྲལ། བག་ལ་ཉལ་བ་དང་ཡང་མི་ལྡན་མ་བྲལ། ཀུན་ཏུ་སྦྱོར་བ་དང་ཡང་མི་ལྡན་མ་བྲལ། ལྟ་བའི་རྣམ་པ་དང་ཡང་མི་ལྡན་མ་བྲལ། ཉན་ཐོས་དང་ཡང་མི་ལྡན་མ་བྲལ། རང་སངས་རྒྱས་དང་ཡང་མི་ལྡན་མ་བྲལ་བ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་

ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་གང་ལ་སེམས་མ་ཡིན་ནོ་ཞེས་བྱ་བ་དེ་ཡོད་དམ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་
སེམས་མ་ཡིན་ན། སེམས་མ་ཡིན་པ་དེ་ལ་ཡོད་པའམ་མེད་པ་དམིགས་པ་འམ་ཡོད་པར་འགྱུར་རམ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་མ་ཡིན་ནོ། །རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་དེ་ལྟར་སེམས་མ་ཡིན་པ་དེ་ལ་
ཡོད་པའམ་མེད་པ་ཞེས་བྱ་བ་མྱེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དེ་སྐད་དུ་སེམས་གང་ལ་སེམས་མ་ཡིན་པ་ཞེས་བྱ་བ་དེ་ཡོད་དམ་ཞེས་ཕྱིར་དྲིས་པ་དེ་འཐད་པར་འགྱུར་རམ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་
པ་གང་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ལ་ནི་སེམས་མྱེད་པ་བསམ་གྱིས་མྱི་ཁྱབ་པ་ཞེས་བྱའོ། །སྨྲས་པ། ཚེ་
དང་ལྡན་པ་རབ་འབྱོར་ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཚོར་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ།
དེ་བཞིན་དུ་འདུ་ཤེས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་འདུ་བྱེད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ།
ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། མྱིག་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྣ་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྣ་ལ་ཡང་འགྱུར་བ་མྱེད་

ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལྕེ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལུས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཡིད་ལ་ཡང་
འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྒྲ་ལ་ཡང་འགྱུར་བ་མེད་ཅིང་
རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་དྲི་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རོ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རེག་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་
མེད་པ་ཡིན་ནམ། དེ་བཞིན་དུ་ཆོས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། མིག་གི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་
ནམ། དེ་བཞིན་དུ་གཟུགས་ཀྱི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་མིག་གི་རྣམ་པར་ཤེས་པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྣ་བའི་ཁམས་ལ་ཡང་
འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྒྲའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ།
དེ་བཞིན་དུ་སྣའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་དྲིའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྣའི་རྣམ་པར་ཤེས་པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་

རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལྕེའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རོའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལྕེའི་རྣམ་པར་ཤེས་པའི་
ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལུས་ཀྱི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རེག་གི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ།
དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཡིད་ཀྱི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཆོས་ཀྱི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་
པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། མ་རིག་པ་ལ་ཡང་འགྱུར་བ་མེད་ཅིང་
རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་འདུ་བྱེད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་མྱིང་དང་གཟུགས་ལ་ཡང་འགྱུར་
བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རེག་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་ཚོར་བ་ལ་ཡང་འགྱུར་བ་མེད་
ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྲེད་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལེན་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་སྲིད་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་

པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་སྐྱེ་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྒ་ཤི་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་
རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མེད་
ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། ནང་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་
ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཕྱི་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་
ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་ཆེན་པོ་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་དོན་དམ་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་
བཞིན་དུ་འདུས་བྱས་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་

རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་དོར་བ་མེད་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ལ་
ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ།
དེ་བཞིན་དུ་མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་
པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་
འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་
དུ་དབང་པོ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྟོབས་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་
ཡིན་ནམ། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་བསམ་གཏན་རྣམས་

ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཚད་མེད་པ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་།
འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་
རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་
པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཏིང་ངེ་འཛིན་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་གཟུངས་ཀྱི་སྒོ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་བྱམས་པ་ཆེན་པོ་ལ་ཡང་
འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ།
དེ་བཞིན་དུ་མི་འཇིགས་པ་བཞི་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལན་ཅིག་

ཕྱིར་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་ཡིན་ནམ། དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་
པ་མྱེད་པ་ཡིན་ནམ། དེ་བཞིན་དུ་རང་བྱང་ཆུབ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་
ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ཚོར་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་འདུ་ཤེས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་འདུ་བྱེད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །
དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། མྱིག་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རྣ་བ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་
རྟོག་པ་མྱེད་དོ། །དེ་བཞིན་དུ་སྣ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ལྕེ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ལུས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཡིད་ལ་ཡང་འགྱུར་བ་
མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྒྲ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དྲི་ལ་ཡང་

འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རོ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རེག་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཆོས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་
མྱེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། མྱིག་གི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་མྱིག་གི་རྣམ་པར་
ཤེས་པའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རྣ་བའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྒྲའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་
པའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྣའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དྲིའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྣའི་རྣམ་པར་ཤེས་
པའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ལྕེའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རོའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ལྕེའི་རྣམ་པར་ཤེས་པའི་
ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ལུས་ཀྱི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རེག་བྱའི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་
པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཡིད་ཀྱི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་ཁམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ཡིད་ཀྱི་རྣམ་

པར་ཤེས་པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། མ་རིག་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་འདུ་བྱེད་ལ་ཡང་འགྱུར་བ་མེད་ཅིང་
རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་མྱིང་དང་གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་
རྟོག་པ་མེད་དོ། །དེ་བཞིན་དུ་རེག་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཚོར་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་སྲེད་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ལེན་པ་ལ་ཡང་
འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྲིད་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྐྱེ་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་རྒ་ཤི་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་
ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་
རྟོག་པ་མྱེད་དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། ནང་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །

དེ་བཞིན་དུ་ཕྱི་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཕྱི་ནང་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་
པར་རྟོག་པ་མེད་དོ། །དེ་བཞིན་དུ་ཆེན་པོ་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དོན་དམ་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་འདུས་བྱས་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་
ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་
པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཆོས་ཐམས་
ཅད་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་མྱི་དམིགས་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་
བཞིན་དུ་དངོས་པོ་མེད་པ་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་
པར་རྟོག་པ་མེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་

མྱེད་དོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དབང་པོ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སྟོབས་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །
དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ལ་ཡང་འགྱུར་བ་
མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་བསམ་གཏན་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཚད་མྱེད་པ་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་
འཇུག་པ་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་
པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་
མྱེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། དེ་བཞིན་དུ་གཟུངས་ཀྱི་སྒོ་རྣམས་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་བྱམས་པ་ཆེན་པོ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་
རྟོག་པ་མྱེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་མྱི་འཇིགས་པ་བཞི་ལ་ཡང་འགྱུར་བ་

མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་
རྟོག་པ་མྱེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་པ་དེ་བཞིན་དུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་མེད་ཅིང་
རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རང་བྱང་ཆུབ་ལ་ཡང་འགྱུར་བ་མྱེད་ཅིང་
རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་མྱེད་ཅིང་རྣམ་པར་རྟོག་པ་མྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །ཁྱོད་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་ཞལ་ནས་བྱུང་བ་ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ་པ་ཆོས་ཀྱི་བགོ་སྐལ་བ་
ཟང་ཟིང་གི་བགོ་སྐལ་བ་མ་ཡིན་པ་ཆོས་རྣམས་ལ་མངོན་སུམ་གྱི་མྱིག་དང་ལྡན་པ། ལུས་མངོན་དུ་གྱུར་པ་སྟེ། ཉན་ཐོས་ཉོན་མོངས་པ་མྱེད་པར་རྣམ་པར་སྤྱོད་པ་རྣམས་ཀྱི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསྟན་པ་འདི་ཡང་དེའི་
ཚུལ་དང་འདྲའོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མྱི་ལྡོག་པ་ཡང་འདི་ལས་ཡོངས་

སུ་བརྟག་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ་སྟེ། ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་
ནན་ཏན་དུ་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཡོངས་སུ་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་དུ་
མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །