Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 014_འབུམ།_ཀ

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
བ་ལྟ་ཡང་ག་ལ་མཆིས། ཚོར་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་ཚོར་བའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ཚོར་བའི་དེ་བཞིན་

ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྲེད་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་
བ་ལྟ་ག་ལ་མཆིས། སྲེད་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྲེད་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྲེད་པའི་དེ་བཞིན་ཉིད་
མཆིས་པར་ཡང་ག་ལ་འགྱུར། སྲེད་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་ལེན་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ལེན་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། ལེན་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་
དཔའ་ལ་ལེན་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། ལེན་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་སྲིད་པའི་དེ་བཞིན་
ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྲིད་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྲིད་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར།
བྱང་ཆུབ་སེམས་དཔའ་ལ་སྲིད་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྲིད་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན།

དེ་ལ་སྐྱེ་བའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། སྐྱེ་བའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། སྐྱེ་བའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་
ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་སྐྱེ་བའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། སྐྱེ་བའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་
ཤིང་མི་དམིགས་ན། དེ་ལ་རྒ་ཤིའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤིའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྒ་ཤིའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་
དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྒ་ཤིའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྒ་ཤིའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་པ་ལ་དེ་ལྟར་བསླབ་པར་བྱའོ། རབ་འབྱོར་གང་ཡང་འདི་
སྐད་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན་ཞེས་ཟེར་བ་ནི། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་
དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་འདི་གཟུགས་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མི་
རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་རྟག་པའི་ཚིག་བླ་དགས་ཡིན་སྙམ་
མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་
པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདེ་བའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་

ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྡུག་བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་
བ་འདི་རྣམ་པར་ཤེས་པ་བདེ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་སྡུག་
བསྔལ་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདག་ཡོད་པའི་ཆིག་བླ་དགས་

ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ།
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་

དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་བདག་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་བདག་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་
བ་འདི་གཟུགས་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མ་ཞི་བའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ།
བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་

སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
དཔའ་ཞེས་བྱ་བ་འདི་འདུ་བྱེད་མ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་
པར་ཤེས་པ་ཞི་བའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མ་ཞི་བའི་ཚིག་བླ་དགས་
ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་
ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།

བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་
ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་
འདི་འདུ་བྱེད་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་མི་སྟོང་པའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མི་སྟོང་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མཚན་མ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་

ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མཚན་མ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་མཚན་མ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་
འདི་འདུ་བྱེད་མཚན་མ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་མཚན་མ་མེད་
པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མཚན་མ་ཡོད་པའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མཚན་མ་མེད་པའི་ཚིག་བླ་དགས་

ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་ཡོད་པའི་ཚིག་བླ་
དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་
འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་ཤེས་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་
སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་

སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྨོན་པ་མེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་
བ་འདི་རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་
རྣམ་པར་ཤེས་པ་སྨོན་པ་མྱེད་པའི་ཚིག་བླ་དགས་ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་ཇི་ཞིག་ལ་བརྟེན་ནས། འདི་སྐད་དུ། གཟུགས་ཀྱི་
ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། ཚོར་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་ཤེས་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་བྱེད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་
ཡིན་ཞེས་ཟེར། རྣམ་པར་ཤེས་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། དེ་བཞིན་དུ། གཟུགས་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན།
ཚོར་བ་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་
སེམས་དཔའ་མ་ཡིན། །འདུ་བྱེད་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་

ཤེས་པ་མི་རྟག་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་བདེ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་སྡུག་བསྔལ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་
ཡིན། །ཚོར་བ་བདེ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་སྡུག་བསྔལ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་བདེ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་སྡུག་
བསྔལ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་བདེ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་སྡུག་བསྔལ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་བདེ་བའི་
ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་སྡུག་བསྔལ་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་བདག་ཡོད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་བདག་མྱེད་
པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བ་བདག་ཡོད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་བདག་མེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་བདག་ཡོད་པའི་ཚིག་
བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་བདག་མེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་བདག་ཡོད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་བདག་མྱེད་པའི་ཚིག་བླ་དགས་
བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་བདག་ཡོད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་བདག་མྱེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་ཞི་བའི་ཚིག་བླ་དགས་བྱང་ཆུབ་

སེམས་དཔའ་མ་ཡིན། གཟུགས་མ་ཞི་བའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བ་ཞི་བའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མ་ཞི་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་
ཤེས་ཞི་བའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་མ་ཞི་བའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་ཞི་བའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མ་ཞི་བའི་ཚིག་
བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་ཞི་བའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་མ་ཞི་བའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །གཟུགས་སྟོང་པའི་
ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མི་སྟོང་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བ་སྟོང་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མི་སྟོང་པའི་ཚིག་བླ་
དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་སྟོང་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་མི་སྟོང་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་སྟོང་པའི་ཚིག་བླ་དགས།
བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མི་སྟོང་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་སྟོང་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་མི་སྟོང་པའི་
ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མཚན་མ་ཡོད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མཚན་མ་མེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་

མཚན་མ་ཡོད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མཚན་མ་མེད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་མཚན་མ་ཡོད་པའི་ཚིག་བླ་དགས་བྱང་
ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་མཚན་མ་མེད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་མཚན་མ་ཡོད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མཚན་མ་མེད་
པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་མཚན་མ་ཡོད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་མཚན་མ་མེད་པའི་ཚིག་བླ་དགས། བྱང་ཆུབ་སེམས་
དཔའ་མ་ཡིན། །གཟུགས་སྨོན་པ་ཡོད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་སྨོན་པ་མེད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །ཚོར་བ་སྨོན་པ་ཡོད་པའི་ཚིག་བླ་དགས་བྱང་
ཆུབ་སེམས་དཔའ་མ་ཡིན། ཚོར་བ་སྨོན་པ་མེད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་སྨོན་པ་ཡོད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་སྨོན་པ་མེད་པའི་ཚིག་
བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་བྱེད་སྨོན་པ་ཡོད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་སྨོན་པ་མེད་པའི་ཚིག་བླ་དགས་བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་
སྨོན་པ་ཡོད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས། བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཟུགས་

ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས། ཚོར་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བའི་ཚིག་བླ་
དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས། འདུ་ཤེས་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས། འདུ་བྱེད་
ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས། རྣམ་པར་ཤེས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་
པར་ཤེས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་རྟག་པ་
ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་རྟག་པའི་
ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་
ན། བྱང་ཆུབ་སེམས་དཔའ་འདུ་ཤེས་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས།

བཅོམ་ལྡན་འདས་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་
དཔའ་འདུ་བྱེད་མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་
རྟག་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདེ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་བདེ་བའི་
ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྡུག་བསྔལ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་སྡུག་བསྔལ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདེ་བ་ཤིན་ཏུ་མ་
མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་བདེ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྡུག་བསྔལ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་སྡུག་བསྔལ་བའི་ཚིག་བླ་དགས་
སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདེ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་བདེ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྡུག་བསྔལ་བ་ཤིན་ཏུ་མ་མཆིས་ཤིང་མི་དམྱིགས་
ན། བྱང་ཆུབ་སེམས་དཔའ་འདུ་ཤེས་སྡུག་བསྔལ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདེ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་བདེ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་

ལྡན་འདས་སྡུག་བསྔལ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་སྡུག་བསྔལ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདེ་བ་ཤིན་ཏུ་མ་མཆིས་ཤིང་མི་དམྱིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་
ཤེས་པ་བདེ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྡུག་བསྔལ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་སྡུག་བསྔལ་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་
ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་བདག་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་
དཔའ་གཟུགས་བདག་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་བདག་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །
བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་བདག་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་
སེམས་དཔའ་འདུ་ཤེས་བདག་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་བདག་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་
མཆིས། །བཅོམ་ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་བདག་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན།

བྱང་ཆུབ་སེམས་དཔའ་འདུ་བྱེད་བདག་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་བདག་མཆིས་པའི་ཚིག་
བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་བདག་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་ཞི་བ་ཤིན་ཏུ་
མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ཏྲ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མ་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་མ་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་
ག་ལ་མཆིས། །བཅོམ་ལྡན་འདས་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་མ་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་
མ་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམྱིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མ་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་
དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་མ་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །
བཅོམ་ལྡན་འདས་མ་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམྱིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་མ་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་

པ་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མ་ཞི་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་མ་ཞི་བའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྟོང་པ་ཤིན་ཏུ་མ་མཆིས་
ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་མི་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་
ལ་མཆིས། །བཅོམ་ལྡན་འདས་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་
མི་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་
དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་མི་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་
ལྡན་འདས་མི་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་མི་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་སྟོང་པའི་
ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མི་སྟོང་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་མི་སྟོང་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་མ་ཡོད་པ་ཤིན་ཏུ་མ་མཆིས་

ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་མཚན་མ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་མ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་
མཚན་མ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་མ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་མཚན་མ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་
མ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་མཚན་མ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་མ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་
མཚན་མ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་མ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་མཚན་མ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་
མཚན་མ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་མཚན་མ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་མ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་
བྱེད་མཚན་མ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་མཚན་མ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་མཚན་མ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་
ལྡན་འདས་མཚན་མ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་མཚན་མ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་

སེམས་དཔའ་གཟུགས་སྨོན་པ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་སྨོན་པ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་
ལྡན་འདས་སྨོན་པ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་སྨོན་པ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་སྨོན་
པ་མྱེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མྱི་དམྱིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་སྨོན་པ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་མེད་
པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་སྨོན་པ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས།།བཅོམ་ལྡན་འདས་སྨོན་པ་ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་སྨོན་པ་
ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་སྨོན་པ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་
ཡོད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྨོན་པ་མེད་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་
རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་

པའི་ཚེ། གཟུགས་ཀྱི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་ཀྱི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་ཀྱི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པའི་
ཚིག་བླ་དགས་མི་དམིགས་པ་དང་། །གཟུགས་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། །ཚོར་བ་མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་
དང་། །འདུ་ཤེས་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་བྱེད་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། །རྣམ་པར་ཤེས་
པ་རྟག་པའི་ཚིག་བླ་དགས་མི་དམྱིགས་པ་དང་། རྣམ་པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་མི་དམིགས་པ་དང་། །གཟུགས་བདེ་བའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་བདེ་
བའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་བདེ་བའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་བདེ་བའི་ཚིག་བླ་
དགས་མི་དམིགས་པ་དང་། འདུ་བྱེད་སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང་། །རྣམ་པར་ཤེས་པ་བདེ་བའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པ་སྡུག་བསྔལ་བའི་ཚིག་བླ་དགས་མི་དམིགས་པ་དང་། །གཟུགས་བདག་ཡོད་
པའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་བདག་མྱེད་པའི་ཚིག་བླ་དགས་མི་དམྱིགས་པ་དང་། །ཚོར་བ་བདག་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་ཤེས་བདག་ཡོད་

པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་བྱེད་བདག་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །རྣམ་པར་ཤེས་པ་བདག་ཡོད་
པའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པ་བདག་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །གཟུགས་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། །ཚོར་བ་ཞི་བའི་ཚིག་བླ་དགས་
མི་དམིགས་པ་དང་། ཚོར་བ་མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་ཤེས་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་བྱེད་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་མ་ཞི་
བའི་ཚིག་བླ་དགས་མི་དམིགས་པ་དང་། །རྣམ་པར་ཤེས་པ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པ་མ་ཞི་བའི་ཚིག་བླ་དགས་མི་དམིགས་པ་དང་། །གཟུགས་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་མི་སྟོང་པའི་ཚིག་བླ་
དགས་མི་དམིགས་པ་དང་། །ཚོར་བ་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་ཤེས་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་
བྱེད་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། །རྣམ་པར་ཤེས་པ་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པ་མི་སྟོང་པའི་ཚིག་བླ་དགས་མི་དམིགས་པ་དང་། །གཟུགས་མཚན་
མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །ཚོར་བ་མཚན་མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་ཤེས་

མཚན་མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་བྱེད་མཚན་མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་མཚན་མ་མེད་པའི་ཚིག་བླ་དགས་
མི་དམིགས་པ་དང་། །རྣམ་པར་ཤེས་པ་མཚན་མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པ་མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །གཟུགས་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་སྨོན་
པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །ཚོར་བ་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་ཤེས་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་སྨོན་པ་མྱེད་
པའི་ཚིག་བླ་དགས་མི་དམིགས་པ་དང་། །འདུ་བྱེད་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་
པ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་བདག་གིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།།ཞེས་ཟེར་བ་
ནི། རབ་འབྱོར་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་
ཀྱིས་གཟུགས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཚོར་བའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་

དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་འདུ་ཤེས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་འདུ་བྱེད་ཀྱི་དབྱིངས་ཡང་དག་
པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་ཤེས་པའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་
པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་མིག་གི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་རྣ་བའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
སྣའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་སྣའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།།ལྕེའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ལྕེའི་དབྱིངས་
ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ཆོས་ཀྱི་དབྱིངས་ཀྱིས་ལུས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་
མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཡིད་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རབ་འབྱོར་འདུས་བྱས་ཀྱི་དབྱིངས་ཀྱིས། འདུས་མ་བྱས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་ཀྱི་དབྱིངས་ཀྱིས། འདུས་བྱས་ཀྱི་དབྱིངས་ཡང་
དག་པར་རྗེས་སུ་མི་མཐོང་ངོ་། །འདུས་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་། འདུས་མ་བྱས་ཀྱི་དབྱིངས་རབ་ཏུ་གདགས་པར་མི་ནུས་སོ། །འདུས་མ་བྱས་ཀྱི་དབྱིངས་མ་ཡིན་པར་ཡང་། འདུས་བྱས་ཀྱི་དབྱིངས་རབ་ཏུ་གདགས་པར་མྱི་ནུས་ཏེ། རབ་འབྱོར་དེ་ལྟར་

ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་འཇིགས་མྱི་སྔང་སྐྲག་པར་མི་
འགྱུར་ཞིང་། དེའི་སེམས་ཆོས་གང་ལ་ཡང་ཞུམ་པར་མྱི་འགྱུར། ཡིད་འགྱོད་པར་མྱི་འགྱུར་རོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་
རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །
རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྒྲ་
ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲི་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆུའི་
ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱེའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རླུང་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནམ་མཁའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་
ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིང་དང་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་

ངོ་། །སྐྱེ་མཆེད་དྲུག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲེད་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལེན་པ་ཡང་དག་པར་རྗེས་སུ་མི་
མཐོང་ངོ་། །སྲིད་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྒ་ཤི་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདོད་ཆགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེ་སྡང་ཡང་དག་པར་རྗེས་སུ་
མི་མཐོང་ངོ་། །གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སེམས་ཅན་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲོག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འགྲོ་བ་ཡང་དག་པར་
རྗེས་སུ་མི་མཐོང་ངོ་། །གསོ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྐྱེས་བུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་ཟག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེད་ཅན་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེད་
བདག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱེད་པ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱེད་དུ་འཇུག་པ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བར་བྱེད་པ་པོ་ཡང་དག་
པར་རྗེས་སུ་མི་མཐོང་ངོ་། །ཤེས་པ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཐོང་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདོད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་ཁམས་ཡང་དག་པར་རྗེས་སུ་
མི་མཐོང་ངོ་། །གཟུགས་མྱེད་པའི་ཁམས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཉན་ཐོས་ཀྱི་སེམས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རང་སངས་རྒྱས་ཀྱི་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཀྱི་

སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཉན་ཐོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཉན་ཐོས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
རང་སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
སངས་རྒྱས་ཀྱི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བར་དུ། ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཆོས་ཐམས་
ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། མི་འཇིགས། མི་སྡང་། སྐྲག་པར་མི་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། ཆོས་ཐམས་ཅད་ལ་སེམས་ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། །
སེམས་དང་སེམས་ལས་འབྱུང་བའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ལ་
སེམས་ཞུམ་པ་མེད་ཅིང་། ཡོངས་སུ་ཞུམ་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཡིད་ཡོངས་སུ་སྐྲག་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། རབ་འབྱོར་དེ་ནི་འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཡིད་དང་། ཡིད་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཡིད་
ཡོངས་སུ་སྐྲག་པར་མི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཆོས་ཐམས་ཅད་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། རབ་འབྱོར་གལ་ཏེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་དེ་ཡང་མི་དམྱིགས། བྱང་ཆུབ་སེམས་དཔའི་མིང་དེ་ཡང་མི་དམྱིགས། བྱང་
ཆུབ་ཀྱི་སེམས་དེ་ཡང་མི་དམྱིགས་ན། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། གདམས་ངག་ཡིན་ཏེ། དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་
ལས། ལེའུ་གསུམ་མོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ།།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། ཚོར་བ་ཡོངས་སུ་
རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། འདུ་ཤེས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། འདུ་བྱེད་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། རྣམ་པར་ཤེས་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་
རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། མིག་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་
བསླབ་པར་བགྱིའོ། །བཅོམ་ལྡན་འདས། རྣ་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །བཅོམ་
ལྡན་འདས། སྣ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ།།བཅོམ་ལྡན་འདས། ལྕེ་ཡོངས་སུ་རྟོགས་པར་
འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། ལུས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། ཡིད་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ།།བཅོམ་
ལྡན་འདས་སྒྲ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་དྲི་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རོ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རེག་ཡོངས་སུ་
རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཆོས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མིག་གི་རྣམ་པར་ཤེས་པ་ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རྣ་བའི་རྣམ་པར་ཤེས་
པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྣའི་རྣམ་པར་ཤེས་པ་ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་

འདས་ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་
རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་
བགྱིའོ། །བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ།།བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པ་ཡོངས་
སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་
པར་བགྱིའོ། །བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་རྣ་བའི་

འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་
སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་མ་རིག་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །
བཅོམ་ལྡན་འདས་འདུ་བྱེད་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། རྣམ་པར་ཤེས་པ་ཡོངས་སུ་
རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། མིང་དང་གཟུགས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། སྐྱེ་མཆེད་དྲུག་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། རེག་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་བསླབ་པར་བགྱིའོ།།བཅོམ་ལྡན་འདས། ཚོར་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། སྲེད་
པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། ལེན་པ་ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། སྲིད་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། སྐྱེ་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས།
རྒ་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། བཅོམ་ལྡན་འདས། འཆི་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ།།བཅོམ་ལྡན་འདས། མྱ་ངན་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། སྨྲེ་སྔགས་འདོན་པ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་
བགྱིའོ། །བཅོམ་ལྡན་འདས། སྡུག་བསྔལ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། བཅོམ་ལྡན་འདས། ཡིད་
མི་བདེ་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། འཁྲུག་པ་ཡོངས་སུ་རྟོགས་པར་འཚལ་བའི།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། འདོད་ཆགས་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། ཞེ་སྡང་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས། གཏི་
མུག་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །འཇིག་ཚོགས་སུ་ལྟ་བ་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཐེ་ཙོམ་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །
ཚུལ་ཁྲིམས་དང་། བརྟུལ་ཞུགས་བསྙེམས་པ་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ།།འདོད་པའི་འདོད་ཆགས་དང་། གནོད་
སེམས་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །གཟུགས་ཀྱི་འདོད་ཆགས་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་དཔལ་བསླབ་པར་བགྱིའོ། །གཟུགས་མེད་པའི་འདོད་ཆགས་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་
ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །ཀུན་ཏུ་སྦྱོར་བ་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །བག་ལ་ཉལ་བ་
སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །ཀུན་ནས་ལྡང་བ་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །ཟས་བཞི་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྦྱོར་

བ་བཞི་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཆུ་བོ་བཞི་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །མདུད་པ་བཞི་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཉེ་བར་ལེན་པ་བཞི་སྤང་བར་འཚལ་
བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཕྱིན་ཅི་ལོག་བཞི་སྤང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་
པར་བགྱིའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་སྤང་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་
བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །བསམ་གཏན་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་བསླབ་པར་བགྱིའོ། །ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་

པར་བགྱིའོ། །མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བའི། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར