Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 014_འབུམ།_ཀ
Văn bản gốc(Tây Tạng)
Trang 5 / 23 (50.000 ký tự/trang)
ྱའི། ཚངས་པར་མྱི་སྤྱོད་པས་མྱི་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕ་དང་མ་དང་། མཆིས་བྲང་དང་། བུ་དང་བུ་ མོ་གདོན་མི་འཚལ་བར་འཚལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཕ་དང་མ་གདོན་མྱི་ཟ་བར་དགོས་ཀྱི། བུ་དང་བུ་མོ་དང་། ཆུང་མ་མྱི་དགོས་སོ། །ལ་ལ་ལ་ནི་ ཕ་དང་མ་དང་ཆུང་མ་དང་། བུ་དང་བུ་མོ་དག་ཀྱང་གདོན་མྱི་ཟ་བར་དགོས་སོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་སེམས་དང་པོ་བསྐྱེད་ཕྱིན་ཅད། ཚངས་པའི་སྤྱོད་པ་ཡང་དག་པར་ལེན་ཏེ། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་གཞོན་ནུར་གྱུར་པར་འཁོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ ཏན་ལྔ་ལ་ཡོངས་སུ་སྤྱད་དེ། ཆུང་མའི་འཁོར་གྱི་ནང་ནས་མངོན་པར་བྱུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་ལ་རྣམ་པར་སྤྱོད་པ། འདོད་པའི་ཉོན་མོངས་པ་དང་བྲལ་བ་ལ་ལ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏེ། ཉམས་ཀྱིས་ཡོངས་སུ་སྤྱོད་པ་མྱེད་དོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་ མའི་མཁན་པོ་འམ་སྒྱུ་མའི་མཁན་པོའི་མཆན་བུ་མཁས་པ། སྒྱུ་མའི་སྔགས་དང་། སྦྱོར་ཐབས་ཀྱི་ཚུལ་ལ་ཤིན་ཏུ་བསླབས་པ་དེ་ལྟ་བུ་ཞིག་གིས་འདོད་པའི་ཡོན་ཏན་ལྔ་མངོན་པར་སྤྲུལ་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ལ་བདག་ཉིད་རྩེ་ཞིང་དགའ་བ་དང་ ཡོངས་སུ་སྤྱོད་པར་བསྟན་ན། ཤ་ར་དྭ་ཏིའི་བུ་དེ་ལ་ཇི་སྙམ་དུ་སེམས་སྒྱུ་མའི་མཁན་པོ་དང་། སྒྱུ་མའི་མཁན་པོའི་མཆན་བུ་དེས་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུ་མ་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་སྒྱུ་མ་ལ་ཤིན་ཏུ་བསླབས་པ། ཆོས་ཉིད་སྒྱུ་མ་ལྟ་བུས་རྣམ་པར་སྤྱོད་པ་རབ་ཏུ་ཐོབ་པ། ཉོན་ མོངས་པ་ཐམས་ཅད་དང་བྲལ་བ་དག་ཀྱང་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོའི་དབང་གིས་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་པ་ཡང་སྟོན་ཏེ། དེ་དག་དེ་དང་འགྲོགས་པ་ཡང་མྱེད། དེས་འགོ་བར་འགྱུར་ བ་ཡང་མྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྣམ་གྲངས་དུ་མས་འདོད་པ་རྣམས་ལ་སྐྱོན་དུ་རྗོད་དེ། འདོད་པ་རྣམས་ནི་ཀུན་ནས་འབར་བའོ། །འདོད་པ་རྣམས་ནི་རབ་ཏུ་སྨད་པའོ། །འདོད་པ་རྣམས་ནི་གསོད་ པའོ། །འདོད་པ་རྣམས་ནི་དགྲའོ། །འདོད་པ་རྣམས་ནི་ཕྱིར་རྒོལ་བའོ། །འདོད་པ་རྣམས་ནི་རྩྭའི་སྒྲོན་མ་ལྟ་བུའོ། །འདོད་པ་རྣམས་ནི་ཀིམ་པ་ཀའི་འབྲས་བུ་ལྟ་བུའོ། །འདོད་པ་རྣམས་ནི་རལ་གྱིའི་སོ་ལྟ་བུའོ། །འདོད་པ་རྣམས་ནི་མྱེ་མདག་ སྤུངས་པ་ལྟ་བུའོ། །འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ། །འདོད་པ་རྣམས་ནི་མཆིལ་པ་ལྟ་བུའོ། །འདོད་པ་རྣམས་ནི་མྱི་གཙང་བའི་རླུབས་ལྟ་བུའོ། །ཞེས་དེ་ལྟར་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདོད་པ་ཡོངས་སུ་ ཤེས་ཀྱང་སེམས་ཅན་ཐབས་མཁས་པ་མ་ཡིན་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་འདོད་པའི་ཡོན་ཏན་ལྔ་ལས་སྐྱོ་བར་བྱ་བ་དང་། འདོད་པའི་ཡོན་ཏན་ལྔ་དང་དབྲལ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ཉེ་བར་སྟོན་ཏེ། དེ་དག་གིས་མྱོས་པར་འགྱུར་ བ་ཡང་མྱེད། བག་མྱེད་པར་འགྱུར་བ་ཡང་མྱེད། འདོད་པའི་རྒྱུ་དང་། འདོད་པའི་གཞིས་སྡིག་ཏོའི་ལས་བྱེད་པར་འགྱུར་བ་ཡང་མྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། བྱང་ཆུབ་སེམས་དཔའི་མྱིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །མྱི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་ བ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་ འདི་ལྟར་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའི་མྱིང་ཡང་བྱང་ཆུབ་སེམས་དཔའི་མྱིང་གིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་ཏེ། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས། གཟུགས་ སྟོང་པ་མ་ཡིན། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མྱེད་དེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །སྟོང་པ་ཉིད་ཀྱིས་ཚོར་བ་སྟོང་པ་མ་ཡིན། ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མྱེད་དེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་ དོ། སྟོང་པ་ཉིད་ཀྱང་ཚོར་བའོ། །སྟོང་པ་ཉིད་ཀྱིས་འདུ་ཤེས་སྟོང་པ་མ་ཡིན། འདུ་ཤེས་ལས་གུད་ན་ཡང་སྟོང་པ་ཉིད་མྱེད་དེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །སྟོང་པ་ཉིད་ཀྱིས་འདུ་ བྱེད་སྟོང་པ་མ་ཡིན། འདུ་བྱེད་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་མ་ཡིན། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། རྣམ་པར་ ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ཡང་མྱིང་ཙམ་མོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཡང་མྱིང་ཙམ་མོ། །འདི་ལྟ་སྟེ། །སྟོང་པ་ཉིད་ཅེས་ བྱ་བ་འདི་ཡང་མྱིང་ཙམ་མོ། །འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ཡང་མྱིང་ཙམ་མོ། །འདི་ལྟ་སྟེ། ཚོར་བ་ཞེས་བྱ་བ་འདི་ཡང་མྱིང་ཙམ་མོ། །འདི་ལྟ་སྟེ། འདུ་ཤེས་ཞེས་བྱ་བ་འདི་ཡང་མྱིང་ཙམ་མོ། །འདི་ལྟ་སྟེ། འདུ་བྱེད་ཅེས་བྱ་བ་འདི་ཡང་མྱིང་ཙམ་མོ། ། འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ཡང་མྱིང་ཙམ་མོ། །དེ་ཡང་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུའོ། །ཚོར་བ་ནི་སྒྱུ་མ་ལྟ་བུའོ། །འདུ་ཤེས་ནི་སྒྱུ་མ་ལྟ་བུའོ། །འདུ་བྱེད་ནི་སྒྱུ་མ་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །སྒྱུ་མ་ནི་མིང་ཙམ་ སྟེ། ཕྱོགས་ན་གནས་པ་ཡང་མ་ཡིན། ཡུལ་ན་གནས་པ་ཡང་མ་ཡིན་པས། སྒྱུ་མ་མཐོང་བ་ནི་ཡོད་པ་མ་ཡིན་ཏེ། བྱུང་བ་མ་ཡིན། ལོག་པར་གྱུར་པ། རང་བཞིན་མྱེད་པ། ངོ་བོ་ཉིད་མྱེད་པ། མ་སྐྱེས་པ། མ་འགག་པ། གནས་མྱེད་པ། འཕེལ་བ་མྱེད་པ། འགྲིབ་པ་མྱེད་པ། ཀུན་ནས་ཉོན་མོངས་པ་མྱེད་པ། རྣམ་པར་བྱེད་པ་མྱེད་པ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སྐྱེ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འགག་པ་ཡང་དག་པར་རྗེས་ སུ་མྱི་མཐོང་ངོ་། །གནས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕེལ་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འགྲིབ་པ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཀུན་ནས་ཉོན་མོངས་པ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་བྱང་བ་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །གང་ལ་བྱང་ཆུབ་ཅེས་བྱ་བ་འམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་རྣམས་སོ་སོའི་མྱིང་ནི་སྒྱུ་མ་སྟེ། རྣམ་པར་བརྟགས་པ་དེ་དག་འཕྲལ་ དུ་བྱུང་བའི་མྱིང་ཡང་དག་པ་མ་ཡིན་པ་ལས། ཡོངས་སུ་བརྟགས་པས་ཐ་སྙད་དུ་བརྗོད་དོ། །ཐ་སྙད་ཀྱི་རྒྱུས་མངོན་པར་ཞེན་པར་གྱུར་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དམྱིགས་པ་མྱེད་དོ། །ཡང་དག་པར་རྗེས་སུ་མི་མཐོང་ལ་དམྱིགས་པ་མེད་པས་རློམ་སེམས་མྱེད་དོ། །མངོན་པར་ཞེན་པ་མྱེད་དོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་རྟོག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། བྱང་ཆུབ་ཅེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། སངས་རྒྱས་ཞེས་བྱ་ བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་གཟུགས་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ ལྟ་སྟེ། ཚོར་བ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། འདུ་ཤེས་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། འདུ་བྱེད་ཅེས་བྱ་བ་འདི་ནི་མྱིང་ཙམ་མོ། །འདི་ལྟ་སྟེ། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བདག་བདག་ཅེས་བྱ་བ་ནི། ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །སེམས་ཅན་སེམས་ཅན་ཞེས་བྱ་བ་ནི། ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །སྲོག་སྲོག་ཅེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །གསོ་བ་གསོ་བ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །སྐྱེས་བུ་སྐྱེས་བུ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མེད་དོ། །གང་ཟག་གང་ཟག་ཅེས་བྱ་ བ་ནི། ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །ཤེད་ཅན་ཤེད་ཅན་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །ཤེད་ བདག་ཤེད་བདག་ཅེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མེད་དོ། །བྱེད་པ་པོ་བྱེད་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་ སུ་མྱེད་དོ། །བྱེད་དུ་འཇུག་པ་པོ་བྱེད་དུ་འཇུག་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །ཚོར་བ་པོ་ཚོར་བ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མེད་དོ། །ཚོར་བར་བྱེད་པ་པོ་ཚོར་བར་བྱེད་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མེད་དོ། །སློང་བ་པོ་སློང་བ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི་ དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །ཀུན་ཏུ་སློང་བ་པོ་ཀུན་ཏུ་སློང་བ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མེད་དོ། །ཤེས་པ་པོ་ཤེས་པ་པོ་ཞེས་བྱ་ བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མེད་དོ། །མཐོང་བ་པོ་མཐོང་བ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མྱེད་དོ། །རེག་ པ་པོ་རེག་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་དམྱིགས་སུ་མེད་དོ། །འདི་ལྟ་སྟེ་དཔེར་ན། རྣམ་པར་ཤེས་པ་པོ་རྣམ་པར་ཤེས་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་ བ་བཞིན་དུ་ཡོངས་སུ་བརྟགས་ན་མི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དམྱིགས་སུ་མེད་དེ། མྱིང་དང་བརྡ་ཙམ་དུ་འོལ་སྤྱིར་ཐ་སྙད་དུ་བརྗོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བྱང་ཆུབ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་ པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱིང་གང་གིས་ཐ་སྙད་དུ་བརྗོད་པའི་མྱིང་དེ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར་དེ་མ་ཡིན་པའི་ཤེས་རབ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་བར་དུ་དམྱིགས་སུ་མྱེད་པའི་སྟོང་པ་ཉིད་ཉེ་བར་བཟུང་བས། ཟིལ་གྱིས་གནོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ དེས་གང་གིས་མངོན་པར་ཆགས་པར་འགྱུར་བ་དེ་ཡང་ཉེ་བར་མྱི་དམྱིགས་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་འཛམ་བུའི་གླིང་ འདི་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུའི་ཚལ་ལམ། སྦའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་ མི་འགྲོའོ། བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་ འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མི་འགྲོའོ། །ཆར་ཡང་ཉེ་བར་མི་འགྲོའོ། བགྲང་བར་ཡང་ཉེ་བར་མི་འགྲོའོ། །དཔེར་ཡང་ཉེ་བར་མི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་ དྭ་ཏིའི་བུ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཤ་ར་དྭ་ ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཉིན་གཅིག་ཏུ་ཡོངས་སུ་བསྒོམས་པའི་ཤེས་རབ་ཇི་ཙམ་པ་དེས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་ མནན་ཅིང་གནས་ཏེ། ཤ་ར་དྭ་ཏིའི་བུ་འཛམ་བུའི་གླིང་འདི་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགེ་སློང་ཁྱེད་འདྲ་ བ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། ། བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག །དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། ། སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ་ དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད། དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གིས། ཤ་ར་དྭ་ཏིའི་བུ་ གལ་ཏེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག །དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། ། བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། །རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་ལྷོ་ཕྱོགས་ཀྱི་འཇིག་རྟེན་ཀྱི་ཁམས་གངྒཱའི་ཀླུང་གི་བྱེ་ མ་སྙེད། དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གིས། ཤ་ར་དྭ་ཏིའི་བུ་གལ་ཏེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་ བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་ འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མི་འགྲོའོ། །དཔེར་ཡང་ཉེ་བར་མྱི་ འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད། དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག །དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། ། བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་ འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་ སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག །དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་ གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོ་འོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད། དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤ་ར་དྭ་ཏིའི་ བུ་གལ་ཏེ་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱེ་ཕོད་དོ། །ཤ་ར་དྭ་ཏིའི་བུ་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད། དགེ་སློང་ ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་གལ་ཏེ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག །དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་ གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་ བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་ འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ། ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ ཞོག་གི །ཤ་ར་དྭ་ཏིའི་བུ་གལ་ཏེ་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་ བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་ནུབ་བྱང་གི་ཕྱོགས་ མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད། དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤ་ར་དྭ་ཏིའི་བུ་གལ་ཏེ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ ཅིག་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒ་ལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་ པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་ མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་ བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི ། ཤ་ར་དྭ་ཏིའི་བུ་གལ་ཏེ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག །དགེ་སློང་ཤ་ར་དྭ་ཏིའི་བུ་དང་། མཽངྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་ཀྱིས་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་ འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་འདི་ ཉན་ཐོས་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ཤེས་རབ་དང་། གང་ཡང་རང་སངས་རྒྱས་ཀྱི་ཤེས་རབ་དང་། གང་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་དང་། ཤེས་རབ་དེ་དག་ཐམས་ཅད་ཐ་མྱི་དད་པ་སྟེ། དབྱེར་མ་མཆིས། །སྟོང་པ་དབེན་པ་རང་བཞིན་གྱིས་མ་བྱུང་བ་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། བཅོམ་ལྡན་འདས་དབྱེར་མ་མཆིས་ཤིང་། དབེན་པ་ལ་མ་སྐྱེས་ པ་དང་། རང་བཞིན་གྱིས་སྟོང་པ་ལ་ནི་ཁྱད་པར་རམ། བྱེ་བྲག་ཏུ་བགྱི་བ་མི་དམྱིགས་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གདུགས་གཅིག་ཏུ་བསྒོམས་པའི་ཤེས་ རབ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཏུ་བསྒོམས་པ་བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ལ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་པར་བྱས་ཏེ་སེམས་ཅན་ཐམས་ཅད་ཡོངས་སུ་ མྱ་ངན་ལས་བཟླའོ་ཞེས་དོན་གང་གི་ཕྱིར་སྟ་གོན་དུ་གནས་པ་དེ་ལྟ་བུའི་དོན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་སྟ་གོན་དུ་གནས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཇི་ག་ཉན་ཐོས་དང་། རང་སངས་རྒྱས་རྣམས་འདི་སྙམ་དུ་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་ཐམས་ཅད་ཕུང་པོ་མ་ལུས་ པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་སེམས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་ཀྱང་དེ་ ལྟར་ཁོང་དུ་ཆུད་པར་བྱ་སྟེ། གང་འདི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་དང་། གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ལས། ཤེས་རབ་འདི་ཉེ་བར་བཟུང་ན། གང་འདི་ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་ཀྱི་ཤེས་རབ་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་ མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་ བར་མྱི་འགྲོའོ། །གྲངས་སུ་ཡང་ཉེ་བར་མྱི་འགྲོའོ། །ཆར་ཡང་ཉེ་བར་མྱི་འགྲོའོ། །བགྲང་བར་ཡང་ཉེ་བར་མྱི་འགྲོའོ། །དཔེར་ཡང་ཉེ་བར་མྱི་འགྲོ་སྟེ། རྒྱུར་ཡང་མྱི་ཕོད་དོ། །ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཇི་ག་ཉན་ཐོས་དང་། རང་སངས་རྒྱས་ ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་ པར་བྱས་ལ། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མྱེད་གྲངས་མྱེད་པ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སམ། གསོལ་པ་བཅོམ་ལྡན་འདས་དེ་ལྟར་སེམས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་འདི་ལྟར་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨྱིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་ བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཚད་མྱེད་གྲངས་མྱེད་པ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྲོག་ཆགས་ཀྱི་རིགས་མེ་ཁྱེར་ནི་འདི་ལྟར་བདག་ གི་སྣང་བས་འཛམ་བུའི་གླིང་ཀུན་ཏུ་སྣང་བར་བྱའོ། །བདག་གི་འོད་ཀྱིས་འཛམ་བུའི་གླིང་། རྒྱས་པར་དགང་བར་བྱའོ་སྙམ་དུ་མི་སེམས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འདི་ལྟར་བདག་ཅག་གིས་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་ཡོངས་སུ་སྨྱིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་ བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མྱེད་ གྲངས་མེད་པ་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །སྙམ་དུ་མི་སེམས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འཆར་བ་ནི། འཛམ་བུའི་གླིང་ཐམས་ཅད་སྣང་བས་རྒྱས་པར་བྱེད་དོ། །འཛམ་བུའི་གླིང་ཐམས་ཅད་སྣང་ བས་གསལ་བར་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ཡང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱས་ཤིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ཏེ། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་ བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མྱེད་གྲངས་མྱེད་པ་ཡོངས་སུ་མྱ་ངན་ལས་ཟློའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་འཐོབ་པ་དང་། བྱང་ཆུབ་སེམས་ དཔའི་ལམ་ཡོངས་སུ་སྦྱོང་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་དང་པོ་བསྐྱེད་པ་ཉེ་བར་བཟུང་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའི་ཆོས་ལ་གནས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ནས། ཕྱིར་མྱི་ལྡོག་པའི་བྱང་ཆུབ་ སེམས་དཔའི་ས་འཐོབ་བོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ས་གང་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཐོག་མ་སེམས་བསྐྱེད་ཕྱིན་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་ པའི་གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཤི་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་པས། དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། འདི་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །བསླབ་པ་ལྔ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚད་མྱེད་པ་བཞི་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྗེས་སུ་དྲན་པ་དྲུག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་ དུ་འབྱུང་བར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དོར་བ་མེད་པ་སྟོང་པ་ཉིད་འཇིག་ རྟེན་དུ་འབྱུང་བར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དྲན་པ་ཉེ་བར་ གཞག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དབང་པོ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོབས་ལྔ་འཇིག་རྟེན་ དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་བདེན་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། རྣམ་པར་ཐར་པ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། ཏིང་ངེ་འཛིན་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གཟུངས་ཀྱི་སྒོ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །མྱི་འཇིགས་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། སོ་སོ་ཡང་དག་པར་རིག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱམས་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། ཤ་ར་དྭ་ཏིའི་བུ་དགེ་བའི་ཆོས་དེ་དག་ལ་སྩོགས་པ་མང་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། དགེ་བའི་ཆོས། །དེ་དག་འཇིག་རྟེན་དུ་བྱུང་བས་རྒྱལ་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན། ཁྱིམ་བདག་གི་ རིགས་ཆེ་ཞིང་མཐོ་བ་དག་ཡོད་པ་ཡིན། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་ཡོད་པ་ཡིན། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཡོད་པ་ཡིན། མཚེ་མའི་ལྷ་རྣམས་ཡོད་པ་ཡིན། དགའ་ལྡན་གྱི་ལྷ་རྣམས་ཡོད་པ་ཡིན། འཕྲུལ་དགའི་ལྷ་རྣམས་ཡོད་ པ་ཡིན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་པ་ཡིན། ཚངས་རིས་ཀྱི་ལྷ་རྣམས་ཡོད་པ་ཡིན། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་པ་ཡིན། ཚངས་པ་ཀུན་འཁོར་གྱི་ལྷ་རྣམས་ཡོད་པ་ཡིན། ཚངས་ཆེན་གྱི་ལྷ་རྣམས་ཡོད་པ་ཡིན། སྣང་བའི་ ལྷ་རྣམས་ཡོད་པ་ཡིན། ཆུང་སྣང་གི་ལྷ་རྣམས་ཡོད་པ་ཡིན། ཚད་མེད་སྣང་གི་ལྷ་རྣམས་ཡོད་པ་ཡིན། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་པ་ཡིན། དགེ་བའི་ལྷ་རྣམས་ཡོད་པ་ཡིན། ཆུང་དགེའི་ལྷ་རྣམས་ཡོད་པ་ཡིན། ཚད་མྱེད་དགེ་བའི་ ལྷ་རྣམས་ཡོད་པ་ཡིན། དགེ་རྒྱས་ཀྱི་ལྷ་རྣམས་ཡོད་པ་ཡིན། ཆེ་བའི་ལྷ་རྣམས་ཡོད་པ་ཡིན། ཆུང་ཆེའི་ལྷ་རྣམས་ཡོད་པ་ཡིན། ཚད་མྱེད་ཆེ་བའི་ལྷ་རྣམས་ཡོད་པ་ཡིན། འབྲས་བུ་ཆེ་བའི་ལྟ་རྣམས་ཡོད་པ་ཡིན། མྱི་ཆེ་བའི་ལྷ་རྣམས་ཡོད་ པ་ཡིན། མྱི་གདུང་བའི་ལྷ་རྣམས་ཡོད་པ་ཡིན། ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་པ་ཡིན། གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་པ་ཡིན། འོག་མྱིན་གྱི་ལྷ་རྣམས་ཡོད་པ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། རྣམ་ ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ལན་ཅིག་ཕྱིར་འོང་བ་རྣམས་ཡོད་པ་ཡིན། ཕྱིར་མྱི་འོང་བ་རྣམས་ཡོད་པ་ཡིན། དགྲ་བཅོམ་པ་རྣམས་ཡོད་པ་ཡིན། རང་སངས་རྒྱས་རྣམས་ཡོད་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཡོད་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པ་ཡོངས་སུ་སྦྱོང་བ་ལགས་སམ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྦྱིན་པ་རྣམ་གྲངས་ཀྱིས་ཡོངས་སུ་སྤྱོད་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་སྦྱིན་པ་ཀུན་ཀྱང་ཤིན་ ཏུ་དག་པ་སྟེ། དེ་ཡང་འདི་ལྟར་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་ཡོངས་སུ་གཏོང་བ་སྟེ། ཅིའི་སྦྱིན་པ་ཡོངས་སུ་གཏོང་ཞེ་ན། དགེ་བའི་ཆོས་དུ་མའི་སྦྱིན་པ་ཡོངས་སུ་གཏོང་སྟེ། འདི་ ལྟར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསླབ་པའི་གནས་ལྔ་དང་། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ ཤེས་པ་ལྔ་དང་། རྗེས་སུ་དྲན་པ་དྲུག་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་ པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་སྦྱིན་པ་ཡོངས་སུ་གཏོང་ངོ་། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན། བརྩོན་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཚོར་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུ་ཤེས་སྟོང་པ་ཉིད་ལ་ བརྩོན་ན་བརྩོན་ཞེས་བྱའོ། །འདུ་བྱེད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མིག་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣ་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། ། སྣ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ལྕེ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ལུས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཡིད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་ བྱའོ། །སྒྲ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །དྲི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རོ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རེག་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཆོས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་ བྱའོ། །མིག་གི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །གཟུགས་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣ་བའི་ཁམས་སྟོང་པ་ཉིད་ ལ་བརྩོན་ན་བརྩོན་ཞེས་བྱའོ། །སྒྲའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྣའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། ། དྲིའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྣའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ལྕེའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རོའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། ། ལྕེའི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ལུས་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རེག་གི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ ལ་བརྩོན་ན་བརྩོན་ཞེས་བྱའོ། །ཡིད་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཆོས་ཀྱི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྡུག་བསྔལ་སྟོང་པ་ ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཀུན་འབྱུང་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འགོག་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ལམ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མ་རིག་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུ་ བྱེད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མིང་དང་གཟུགས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྐྱེ་མཆེད་དྲུག་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རེག་པ་སྟོང་པ་ཉིད་ལ་ བརྩོན་ན་བརྩོན་ཞེས་བྱའོ། །ཚོར་བ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྲེད་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ལེན་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྲིད་པ་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྐྱེ་བ་སྟོང་པ་ཉིད་ ལ་བརྩོན་ན་བརྩོན་ཞེས་བྱའོ། །རྒ་ཤི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ཇི་སྙེད་མིང་དུ་གདགས་སུ་ཡོད་པ་དེ་དག་ཐམས་ཅད་སྟོང་པ་ཉིད་ལ་ བརྩོན་ན་བརྩོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་བདུན་པོ་འདི་དག་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་སྟོང་པ་ཉིད་བདུན་པོ་འདི་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ཀྱང་། བརྩོན་ཞེས་བྱ་བ་འམ་མྱི་བརྩོན་ ཞེས་མྱི་བརྗོད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་བརྩོན་ཞེས་བྱ་བ་འམ་མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་བརྩོན་ཞེས་བྱ་བ་འམ་མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་བརྩོན་ ཞེས་བྱ་བ་འམ་མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་བརྩོན་ཞེས་བྱ་བ་འམ་མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་བརྩོན་ཞེས་བྱ་བ་འམ་མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་ མཐོང་ངོ་། །གཟུགས་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ཤེས་སྐྱེ་བའི་ཆོས་ཅན་ནམ། འགོག་ པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཅན་ནམ། འགོག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །འདུ་ཤེས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ་རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་ པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །གཟུགས་ནི་ཚོར་བ་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ནི་གཟུགས་དང་ལྷན་ཅིག་ཀུན་ ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ནི་འདུ་ཤེས་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་ཤེས་ནི་ཚོར་བ་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་ ཤེས་ནི་འདུ་བྱེད་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ནི་འདུ་ཤེས་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། རྣམ་པར་ཤེས་པ་ནི་འདུ་བྱེད་དང་ལྷན་ཅིག་ཀུན་ཏུ་རྒྱུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ཡང་ཆོས་གང་དང་ཡང་ལྷན་ཅིག་ཀུན་ཏུ་རྒྱུ་བ་མྱེད་དེ། རང་བཞིན་གྱིས་ སྟོང་པའི་ཕྱིར་འགྲོ་བ་མྱེད་དོ། །རྣམ་པར་འགྲོ་བ་མྱེད་དོ། །འདུ་བ་མྱེད་དོ། །རྣམ་པར་འདུ་བ་མྱེད་དོ། །ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཏེ། འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཐོགས་པར་བྱེད་པ་ མྱེད་དོ། །ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན་ཏེ། འདི་ལྟར་ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཚོར་བར་མི་བྱེད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་ཞེས་མ་ཡིན་ཏེ། འདི་ལྟར་འདུ་ཤེས་ཀྱི་སྟོང་བ་ཉིད་གང་ཡིན་པ་དེ་འདུ་ཤེས་ སུ་མྱི་བྱེད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་འདུ་བྱེད་རྣམས་མ་ཡིན་ཏེ། འདི་ལྟར་འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་མངོན་པར་འདུ་མྱི་བྱེད་དོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། འདི་ལྟར་ རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། གཟུགས་ཀྱང་གཞན་མ་ཡིན་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་བ་ཉིད་ཀྱང་གཟུགས་སོ། །ཚོར་བ་ཡང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། ཚོར་བ་ཡང་གཞན་མ་ཡིན་ཏེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་བ་ ཉིད་ཀྱང་ཚོར་པའོ། །འདུ་ཤེས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། འདུ་ཤེས་ཀྱང་གཞན་མ་ཡིན་ཏེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་རྣམས་ ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། འདུ་བྱེད་རྣམས་ཀྱང་གཞན་མ་ཡིན་ཏེ། འདུ་བྱེད་རྣམས་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་འདུ་བྱེད་རྣམས་སོ། །རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡི། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ། རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །ཤ་ར་དྭ་ཏིའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ་མི་ འགག་ཅིང་། ཀུན་ནས་ཉོན་མོངས་པར་འགྱུར་བ་མྱེད། རྣམ་པར་བྱང་བ་མྱེད་ལ། འགྲིབ་པ་མྱེད་ཅིང་འཕེལ་བ་མྱེད་པ་སྟེ། དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་མི་སྐྱེ་མི་ འགག་ཅིང་། ཀུན་ནས་ཉོན་མོངས་པར་འགྱུར་བ་མྱེད། རྣམ་པར་བྱང་བ་མྱེད་ལ། མྱི་འགྲིབ་མི་འཕེལ་ཏེ། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མྱེད་དོ། འདུ་ཤེས་མྱེད་ དོ། །འདུ་བྱེད་དོ། །རྣམ་པར་ཤེས་པ་མྱེད་དོ། །དེ་ལ་ནི་མྱིག་མྱེད་དོ། །རྣ་བ་མྱེད་དོ། །སྣ་མེད་དོ། །ལྕེ་མྱེད་དོ། །ལུས་མྱེད་དོ། །ཡིད་མྱེད་དོ། །དེ་ལ་ནི་གཟུགས་མྱེད་དོ། །སྒྲ་མྱེད་དོ། །དྲི་མྱེད་དོ། །རོ་མྱེད་དོ། །རེག་བྱ་མྱེད་དོ། །ཆོས། མྱེད་དོ། །དེ་ལ་ནི་མིག་གི་ ཁམས་མྱེད་དོ། །གཟུགས་ཀྱི་ཁམས་མྱེད་དོ། །མྱིག་གི་རྣམ་པར་ཤེས་པའི་ཁམས་མྱེད་དོ། །དེ་ལ་ནི་རྣ་བའི་ཁམས་མྱེད་དོ། །སྒྲའི་ཁམས་མྱེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་མྱེད་དོ། །དེ་ལ་ནི་སྣའི་ཁམས་མྱེད་དོ། །དྲིའི་ཁམས་མྱེད་དོ། །སྣའི་རྣམ་པར་ ཤེས་པའི་ཁམས་མྱེད་དོ། །དེ་ལ་ནི་ལྕེའི་ཁམས་མྱེད་དོ། །རོའི་ཁམས་མྱེད་དོ། །ལྕེའི་རྣམ་པར་ཤེས་པའི་ཁམས་མྱེད་དོ། །དེ་ལ་ནི་ལུས་ཀྱི་ཁམས་མྱེད་དོ། །རེག་བྱའི་ཁམས་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མྱེད་དོ། །དེ་ལ་ནི་ཡིད་ཀྱི་ཁམས་མྱེད་ དོ། །ཆོས་ཀྱི་ཁམས་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །དེ་ལ་ནི་སའི་ཁམས་མྱེད་དོ། །ཆུའི་ཁམས་མྱེད་དོ། །མྱེའི་ཁམས་མྱེད་དོ། །རླུང་གི་ཁམས་མྱེད་དོ། །ནམ་མཁའི་ཁམས་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱེད་དོ།། །། ཤེས་བར་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་དྲུག་པ། །དེ་ལ་ནི་མ་རིག་པ་མྱེད་དོ། །མ་རིག་པ་འགག་པ་མྱེད་དོ། །དེ་ལ་ནི་འདུ་བྱེད་མྱེད་དོ། །འདུ་བྱེད་འགག་པ་མྱེད་དོ། །དེ་ལ་ནི་ རྣམ་པར་ཤེས་པ་མྱེད་དོ། །རྣམ་པར་ཤེས་པ་འགག་པ་མྱེད་དོ། །དེ་ལ་ནི་མྱིང་དང་གཟུགས་མྱེད་དོ། །མྱིང་དང་གཟུགས་འགག་པ་མྱེད་དོ། །དེ་ལ་ནི་སྐྱེ་མཆེད་དྲུག་མྱེད་དོ། །སྐྱེ་མཆེད་དྲུག་འགག་པ་མྱེད་དོ། །དེ་ལ་ནི་རེག་པ་མྱེད་དོ། །རེག་པ་འགག་པ་ མྱེད་དོ། །དེ་ལ་ནི་ཚོར་བ་མྱེད་དོ། །ཚོར་བ་འགག་པ་མྱེད་དོ། །དེ་ལ་ནི་སྲེད་བ་མྱེད་དོ། །སྲེད་པ་འགག་པ་མྱེད་དོ། །དེ་ལ་ནི་ལེན་པ་མྱེད་དོ། །ལེན་པ་འགག་པ་མྱེད་དོ། །དེ་ལ་ནི་སྲིད་པ་མྱེད་དོ། །སྲིད་པ་འགག་པ་མྱེད་དོ། །དེ་ལ་ནི་སྐྱེ་བ་མྱེད་དོ། །སྐྱེ་བ་འགག་པ་ མྱེད་དོ། །དེ་ལ་ནི་རྒ་ཤི་མྱེད་དོ། །རྒ་ཤི་འགག་པ་མྱེད་དོ། །དེ་ལ་ནི་སྡུག་བསྔལ་མྱེད་དོ། །སྡུག་བསྔལ་ཡོངས་སུ་ཤེས་པ་མྱེད་དོ། །དེ་ལ་ནི་ཀུན་འབྱུང་བ་མྱེད་དོ། །ཀུ་འབྱུང་བ་སྤང་བ་མྱེད་དོ། །དེ་ལ་ནི་འགོག་པ་མྱེད་དོ། །འགོག་པ་མངོན་དུ་བྱ་བ་ མྱེད་དོ། །དེ་ལ་ནི་ལམ་མྱེད་དོ། །ལམ་བསྒོམ་པ་མྱེད་དོ། །དེ་ལ་ནི་ཐོབ་པར་བྱ་བ་མེད་དོ། །མངོན་དུ་ཤེས་པར་བྱ་བ་མྱེད་དོ། །དེ་ལ་ནི་རྒྱུན་ཏུ་ཞུགས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱེད་དོ། །དེ་ལ་ནི་ལན་ཅིག་ཕྱིར་འོང་བ་མྱེད་དོ། །ལན་ ཅིག་ཕྱིར་འོང་བའི་འབྲས་བུ་མྱེད་དོ། །དེ་ལ་ནི་ཕྱིར་མྱི་འོང་བ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་མེད་དོ། །དེ་ལ་ནི་དགྲ་བཅོམ་པ་མེད་དོ། །དགྲ་བཅོམ་པའི་འབྲས་བུ་མེད་དོ། །དེ་ལ་ནི་རང་སངས་རྒྱས་མྱེད་དོ། །རང་བྱང་ཆུབ་མྱེད་དོ། །དེ་ལ་ནི་བྱང་ ཆུབ་སེམས་དཔའ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱེད་དོ། །དེ་ལ་ནི་སངས་རྒྱས་མྱེད་དོ། །བྱང་ཆུབ་མེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱ་སྟེ། དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གཟུགས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཚོར་བ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། ། འདུ་ཤེས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །འདུ་བྱེད་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པ་ལ་བརྩོན་ཞེས་བྱ་བ་ འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། མིག་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་ བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སྣ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས། ལ་བརྩོན་ཞེས་བྱ་བ་འམ། མི་ བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། གཟུགས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་ བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྒྲ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲི་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དེ་ ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། མྱིག་གི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །མིག་གི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། རྣ་བའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་ བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྒྲའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་ མི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། སྣའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲིའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་ སུ་མི་མཐོང་ངོ་། །སྣའི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། ལྕེའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མ་བརྩོན་ཞེས་བྱ་ བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། ལུས་ཀྱི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་བྱའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་ པར་རྗེས་སུ་མྱི་མཐོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། ཡིད་ཀྱི་ཁམས་ལ་བརྩོན་ཞེས་བྱ་བ་ འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་ བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། སའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆུའི་ཁམས་ལ་ བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མེའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རླུང་གི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནམ་མཁའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །དེ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། མ་རིག་པ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་ བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིང་དང་གཟུགས་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ་། །སྐྱེ་མཆེད་དྲུག་ལ་བརྩོན་ཞེས་བྱ་བ་འམ། མྱི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་པ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་ལ་བརྩོན་ཞེས་བྱ་བ་འམ། མི་ བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྲེད་པ་ལ་བརྩོན་ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི