Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 014_འབུམ།_ཀ

Văn bản gốc(Tây Tạng)

Trang 1 / 23 (50.000 ký tự/trang)
༄༅། །འབུམ་ཀ་པ་བཞུགས་སོ། །

༄༅༅། །རྒྱ་གར་སྐད་དུ། ཤཏ་སཱཧ་སྲི་ཀ་པྲད་ཉཱ་པཱར་མི་ཏཱ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་ཐོག་མ། བམ་པོ་དང་པོ། །འདི་སྐད་
བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི། བྱ་རྒོད་འཕུངས་པོ་ལ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་སྟེ། ཐམས་ཅད་ཀྱང་དགྲ་
བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ།
ཁུར་བོར་བ། རང་གི་དོན་རབ་ཏུ་ཐོབ་པ། སྲིད་བར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་བས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཤ་
སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི། འདི་ལྟར་སློབ་པ་རྒྱུན་ཏུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བོའོ། །དགེ་སློང་མ་གྲགས་འཛིན་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སྩོགས་པ་ལྔ་བརྒྱ་

ཙམ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་ཤིན་ཏུ་མང་བ་ཀུན་ཀྱང་། ཆོས་མཐོང་བ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚད་མེད་གྲངས་མྱེད་པ་ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་རབ་
ཏུ་ཐོབ་པ། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ། མཚན་མ་མྱེད་པའི་སྤྱོད་ཡུལ་ཅན། རྟོག་པ་མྱེད་པའི་སྨོན་ལམ་དང་ལྡན་པ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་རབ་ཏུ་ཐོབ་པ། ཐོགས་པ་མྱེད་བའི་སྤོབས་པ་དང་ལྡན་པ། བསྟན་པ་ཟད་
མི་ཤེས་པ་ལ་སོ་སོ་ཡང་དག་པར་རིག་པའི་ཚུལ་ཁོང་དུ་ཆུད་པ། མངོན་པར་ཤེས་པ་ཆེན་པོས་རྣམ་པར་རྩེ་བ། མངོན་པར་ཤེས་པ་ཤིན་ཏུ་མ་ཉམས་བ། མཉན་པར་འོས་པའི་ཚིག་དང་ལྡན་པ། ལེ་ལོ་མྱེད་ཅིང་བརྩོན་འགྲུས་བརྩམས་པ། ལུས་དང་
སྲོག་ལ་མྱི་ལྟ་བ། ཚུལ་འཆོས་པ་མྱེད་པ། ཁ་གསག་མྱེད་པ། གྲགས་པ་དང་། ཁེ་དང་བཀུར་སྟིའི་སེམས་མྱེད་བ། ཟང་ཟིང་མྱེད་པའི་ཆོས་སྟོན་པ། ཆོས་ཟབ་མོའི་བཟོད་པ་དམ་པ་རྟོགས་པར་ཁོང་དུ་ཆུད་པ། མྱི་འཇིགས་པ་ཆེན་པོ་ཐོབ་པ། ཡིད་ཡོངས་
སུ་ཞུམ་པ་མྱེད་པ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་རྒྱུན་ཆད་བ། ལས་དང་ཉོན་མོངས་པ་དང་། ཕྱིར་རྒོལ་བ་རབ་ཏུ་བཅོམ་བ། ཕ་རོལ་པོའི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། ཉན་ཐོས་དང་རང་སངས་རྒྱས་
ཐམས་ཅད་ཀྱིས་རྟོགས་པར་དཀའ་བ། ཆོས་རབ་ཏུ་རྟོགས་པས་རྣམ་པར་དབྱེ་ཞིང་བསྟན་པ་ལ་མཁས་པ། བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ། བཞིན་འཛུམ་པ་དང་ལྡན་པ། ཐོག་མར་སྨྲ་བ། ཁྲོ་གཉེར་མྱེད་པ།

སྙན་ཅིང་འཇམ་པའི་ཚིག་དང་ལྡན་པ། ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་བརྗོད་པ་ལ་མཁས་པ། སྤོབས་པ་མྱི་ཆོད་པ། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི་མྱི་འཇིགས་པ་དང་ལྡན་པ། བསྐལ་པ་བྱེ་བ་མཐའ་ཡས་པར་བསྟན་
པའི་ཡེ་ཤེས་ཀྱིས་འབྱུང་བ་ལ་མཁས་པ། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨྱི་ལམ་དང་། སྒྲ་བརྙན་དང་། མྱིག་ཡོར་དང་། ནམ་མཁའ་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་དང་། གཟུགས་བརྙན་ལྟ་བུར་ཁོང་དུ་ཆུད་པ།
སེམས་ཡོངས་སུ་ཞུམ་པ་མྱེད་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང་། ཤེས་པ་ཕྲ་བ་དང་། སྤྱོད་པ་དང་། མོས་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ། སེམས་ཅན་ཐམས་ཅད་ལ་སྡང་བ་མྱེད་པའི་སེམས་དང་ལྡན་པ། བཟོད་པ་རླབས་པོ་ཆེ་
དང་ལྡན་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ། ཆོས་ཉིད་ཟབ་མོ་དང་ལྡན་པས་གཏིང་དཔག་དཀའ་བ། རང་གི་སེམས་ལ་དབང་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་དབང་ཤིན་ཏུ་ཐོབ་པ། ལས་དང་། ཉོན་མོངས་པ་དང་།
ལྟ་བའི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། བརྟེན་པ་རྟོགས་པར་བསྟན་པ་ལ་མཁས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཟད་མྱི་ཤེས་པ་ལ་ཞུགས་པ། ལྟ་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ། ཀུན་ཏུ་སྦྱོར་བ་ཐམས་
ཅད་སྤངས་པ། ལས་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ། བདེན་པ་རབ་ཏུ་རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་རྟག་ཏུ་རྒྱུན་མི་ཆད་པར་མོས་པ། ཆོས་ཀྱི་ཚུལ་བསྟན་པ་ཚད་མྱེད་པ་ལ་འཇིགས་པ་
མྱེད་པ། བདག་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྣམ་པར་དགོད་པའི་སྨོན་ལམ་གྱིས་འགྲོ་བ་ཡོངས་སུ་ཟིན་པ། འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་ན་བཞུགས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་

རྟག་ཏུ་རྒྱུན་མྱི་ཆད་པར་མངོན་དུ་གྱུར་པ། སངས་རྒྱས་བྱུང་བ་ཐམས་ཅད་དུ་ཉེ་བར་འགྲོ་བ་ལ་མཁས་པ། སངས་རྒྱས་དཔག་ཏུ་མྱེད་པ་ལ་གསོལ་བ་གདབ་པར་མཁས་པ། སེམས་ཅན་གྱི་ལྟ་བ་སྣ་ཚོགས་ཀྱིས་ཡོངས་སུ་བསྐྱེད་པའི་ཉོན་མོངས་པ་ཞི་
བར་བྱ་བ་ལ་མཁས་པ། ཏིང་ངེ་འཛིན་བརྒྱ་སྟོང་མངོན་པར་བསྒྲུབ་པ་ལ་རྣམ་པར་རྩེ་བའི་ཡེ་ཤེས་རྟོགས་པར་བྱ་བ་ལ་མཁས་པ། ཡོན་ཏན་བརྗོད་པ་བསྐལ་པ་མཐའ་ཡས་པར་མི་ཟད་པ་དང་ལྡན་པ་ཤ་སྟག་དང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་བྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
དེད་དཔོན་དམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱོབ་སྦེད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་བདག་ལྷ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོས་
བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་པོའི་སྟོབས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་དམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་
གྲོས་འཕེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་མཐོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་མེད་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རབ་ཏུ་ཞུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་དམ་པས་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བརྩོན་

པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་སྦྱོར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཏོང་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བའི་སྙིང་
པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་དཔེ་མེད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་
ཆེན་ཕྱག་རྒྱ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ལག་བརྐྱང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེར་སེམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམ་པར་བཀོད་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རི་བོའི་ཟོམ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། གཞན་ཡང་བྱེ་བ་ཁྲག་
ཁྲིག་བརྒྱ་སྟོང་དུ་མ་དག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས། སྐུ་དྲང་པོར་བསྲངས་ཏེ། དགོངས་པ་མངོན་དུ་བཞག་ནས། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེར་བཞུགས་ནས་ཏིང་ངེ་
འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང་། ཁོངས་སུ་ཆུད་པ་དང་། རྗེས་སུ་འབྲང་བ་དང་། འདུ་བར་འགྱུར་བའི་ཏིང་ངེ་འཛིན་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་མཉམ་པར་བཞག་གོ །དེ་ནས་བཅོམ་ལྡན་འདས་དགོངས་ཤིང་ཡང་དག་པར་མཁྱེན་པས་ཏིང་ངེ་འཛིན་

དེ་ལས་བཞེངས་ཏེ། འཕྲུལ་གྱི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་འདི་ལ་རྣམ་པར་གཟིགས་སོ། །དེ་ལྟར་གཟིགས་ནས་སྐུ་ཐམས་ཅད་ནས་འོད་གཟེར་རབ་ཏུ་བཀྱེ་སྟེ། དེའི་ཞབས་ཀྱི་མཐིལ་གཉིས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་
པ་གཉིས་ལས་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཞབས་ཀྱི་སོར་མོ་བཅུ་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཞབས་ཀྱི་ལོང་བུ་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །
ཞབས་བྱིན་པ་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཞབས་པུས་མོ་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཞབས་བརླ་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །སྐུ་
སྟ་ཟུར་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །སྐུ་ལྟེ་བའི་དཀྱིལ་འཁོར་ནས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་ངོ་། །སྐུ་རྩིབ་ལོགས་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཐུགས་ཀའི་
སྐྱེས་བུ་ཆེན་པོའི་མཚན་དཔལ་གྱི་བེའུ་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་ངོ་། །ཕྱག་གི་སོར་མོ་བཅུ་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཕྱག་ལག་ངར་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་
བྱུང་ངོ་། །སྐུ་ཕྲག་པ་གཉིས་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །མགུར་ནས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་ངོ་། །ཚེམས་མཆེ་བ་བཞི་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཚེམས་
བཞི་བཅུ་ལས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །སྤྱན་གཉིས་ནས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །སྙན་གཉིས་ནས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཤངས་ཀྱི་སྦུབས་

གཉིས་ནས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །སྨིན་མཚམས་ཀྱི་མཛོད་སྤུ་ནས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་ངོ་། །སྟེང་གི་སྤྱི་གཙུག་ནས་ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་ངོ་། །ཞལ་གྱི་སྒོ་ནས་
ཀྱང་འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་བྱུང་སྟེ། འོད་གཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་པོ་དེ་དག་ཐམས་ཅད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་
པར་བྱས་སོ། །བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །བྱང་ཤར་གྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ཤར་ལྷོའི་ཕྱོགས་
མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ནུབ་བྱང་གི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་
བྱས་སོ། །སེམས་ཅན་གང་གིས་འོད་དེ་མཐོང་བ་དང་། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བ་སྤུའི་སྒོ་ཐམས་ཅད་ནས་འོད་གཟེར་རབ་ཏུ་དགྱེ་

བ་མཛད་དེ། འོད་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ལྷོ་ཕྱོགས་སུ་འཇིག་
རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །
བྱང་ཤར་གྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ཤར་ལྷོའི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་
རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །ནུབ་བྱང་གི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་
ཆེན་པོས་ཁྱབ་པར་བྱས་སོ། །སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །སེམས་ཅན་གང་གིས་འོད་དེ་མཐོང་བ་དང་། འོད་དེས་གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེནགྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་
སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །བྱང་ཕྱོགས་སུ་འཇིག་

རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །བྱང་ཤར་གྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ཤར་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་
བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གཱང་གའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ནུབ་བྱང་གི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་
དོ། །འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །སེམས་ཅན་གང་གིས་འོད་དེ་མཐོང་བ་དང་། འོད་དེས་
གང་ལ་རེག་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུརཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས། ལྗགས་ཀྱི་དབང་པོ་བཀྲམ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལྗགས་
ཀྱི་དབང་པོས་ཁྱབ་པར་མཛད་ནས། ཞལ་འཛུམ་པ་མཛད་དོ། །ལྗགས་ཀྱི་དབང་པོ་དེ་ལས་ཀྱང་འོད་གཟེར་ཁ་དོག་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འཐོན་ཏེ། འོད་གཟེར་དེ་དག་ཐམས་ཅད་ལ་པད་མོ་མང་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་
མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ། སྣ་ཚོགས་སུ་འདུག་པ། བལྟ་ན་སྡུག་པ། ཡིད་དུ་འོང་བ། ཁ་དོག་བཟང་བ། དྲི་ཞིམ་པ། འཇམ་པ། ཀ་ཙ་ལིན་ཏི་ཀ་ལྟར་རེག་ན་བདེ་བར་འགྱུར་བ་ཤ་སྟག་ཀུན་ནས་གནས་པར་གྱུར་ཏེ། པད་མོ་དེ་དག་ལ་ཡང་དེ་བཞིན་
གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་པར་མཛད་དེ། དེ་དག་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་། དེ་དག་ཏུ་བྱོན་ནས། འདི་ལྟ་སྟེ།

ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་། དེ་དག་ཏུ་བྱོན་ནས། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་
བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་། དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་བྱང་ཕྱོགས་ཀྱི་འཇིག་རྟེན་
གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་། དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་
དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་། དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་
དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་
ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་དེ་དག་ཏུ་བྱོན་ནས། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་འོག་གི་ཕྱོགས་
ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གཤེགས་ཤིང་དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་དག་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་

གཤེགས་ཤིང་དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་གང་གིས་ཆོས་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་
གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ། སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ། རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །རྫུ་འཕྲུལ་དེ་མངོན་པར་འདུ་མཛད་པས།
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་སོ། རབ་ཏུ་གཡོས་སོ། ཀུན་ཏུ་གཡོས་སོ། །འགུལ་ཏོ། རབ་ཏུ་འགུལ་ཏོ། ཀུན་ཏུ་འགུལ་ཏོ། །ལྡེག་གོ །རབ་ཏུ་ལྡེག་གོ །ཀུན་ཏུ་ལྡེག་གོ །ཆེམ་ཆེམ། རབ་ཏུ་ཆེམ་
ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ །མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་སྟེ། དལ་བུས་བགས་ཀྱིས་ཉམས་སུ་བདེ་བར་སེམས་ཅན་ཐམས་ཅད་
ལ་ཕན་པ་དང་བདེ་བ་སྐྱེད་པར་གྱུར་ཏོ། དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་།
ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྷུང་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་མི་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་དང་། མཚོ་མ་དང་། དགའ་ལྡན་
དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་ནས་ལྷ་དེ་དག་དང་། མི་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་།

མོས་པ་དང་ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་བཅོམ་ལྡན་འདས་གང་ན་བདེར་དོང་ཞིང་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་བར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་
ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མི་དང་
ལྷར་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་
རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་
རྟེན་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མི་དང་ལྷར་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་
རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་རང་གི །སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་

བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ནུབ་ཕྱོགས་
ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་
ཐམས་ཅད་ཀྱང་མི་དང་ལྷར་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་
བདེ་བ་ཐོབ་པར་གྱུར་པ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས། ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་
གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མྱི་དང་ལྷར་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མི་དེ་དག་དང་། ལྷ་དེ་དག་དགའ་བ་དང་།
མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་
ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་
རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མྱི་དང་ལྷར་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མྱི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་
གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་
ཕྱིན་ནས། ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེ་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མྱི་དང་ལྷར་
སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མྱི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་

རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས། ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་
ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མྱི་དང་ལྷར་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མྱི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་།
ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་བར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས། ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་
ཡུད་ཙམ་ཐང་ཅིག་ལ། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད།
མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མི་དང་ལྷར་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་མྱི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་

གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་
བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ།
སྟེང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་
གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་མི་དང་ལྷར་སྐལ་བ་མཉམ་བར་སྐྱེས་སོ། །དེ་ནས་མི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་
ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་པ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས།
ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་
གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དམྱལ་བ་ཐམས་ཅད་དང་། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུན་ཆད། མི་ཁོམ་པ་ཐམས་ཅད་ཀྱང་ནུབ་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་

མི་དང་ལྷར་སྐལ་པ་མཉམ་པར་སྐྱེས་སོ། །དེ་ནས་མི་དེ་དག་དང་། ལྷ་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་ཐོབ་པར་གྱུར་
བ་དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་དེ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་གི་དྲུང་དུ་དོང་ཞིང་ཕྱིན་ནས་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་དེ་དག་ལ་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམུས་ལོང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་མིག་གིས་གཟུགས་མཐོང་བར་གྱུར་ཏོ། །འོན་
པ་རྣམས་ཀྱང་རྣ་བས་སྒྲ་ཐོས་པར་གྱུར་ཏོ། །སྨྱོན་པ་རྣམས་ཀྱང་དྲན་པ་ཐོབ་པར་གྱུར་ཏོ། །སེམས་འཁྲུགས་པ་རྣམས་ཀྱང་འཁྲུག་པ་མྱེད་པའི་སེམས་ཐོབ་པར་གྱུར་ཏོ། །གོས་མེད་པ་རྣམས་ཀྱང་གོས་ཐོབ་པར་གྱུར་ཏོ། །དབུལ་པོ་རྣམས་ཀྱང་ནོར་ཐོབ་པར་
གྱུར་ཏོ། །བཀྲེས་པ་རྣམས་ཀྱང་ཟས་ཐོབ་པར་གྱུར་ཏོ། །སྐོམ་པ་རྣམས་ཀྱང་བཏུང་བ་ཐོབ་པར་གྱུར་ཏོ། །ནད་ཀྱིས་བཏབ་པ་རྣམས་ཀྱང་ནད་མྱེད་པར་གྱུར་ཏོ། །ལུས་ཉམས་པ་དང་དབང་པོ་མ་ཚང་བ་རྣམས་ཀྱང་ལུས་དང་དབང་པོ་ཚང་ཞིང་རྒྱས་པར་གྱུར་ཏོ། །ངལ་བ་
རྣམས་ཀྱང་ངལ་སོས་པར་གྱུར་ཏོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་། འཚོ་བ་མི་དགེ་བ་མ་སྤངས་པ་རྣམས་ཀྱང་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་། འཚོ་བ་མི་དགེ་བ་སྤངས་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་
ཐམས་ཅད་ལ་དཔེར་ན། ཕ་དང་མ་དང་ཕུ་ནུ་དང་། སྲིང་མོ་དང་། མཛའ་བ་དང་། གཉེན་པ་དང་། གྲོགས་པོ་དང་མཚུངས་པའི་སེམས་ཀྱིས་སེམས་མཉམ་པ་ཉིད་དུ་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་ཚངས་པར་སྤྱོད་པ་དང་

གཙང་བ་དང་། ཉེས་པའི་དྲི་ང་བ་མེད་དེ་མི་དགེ་བའི་རྟོག་པ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཐམས་ཅད་བདེ་བའི་རྣམ་པ་འདི་ལྟ་བུ་དང་ལྡན་པར་གྱུར་ཏེ། དཔེར་ན་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བདེ་བ་དེ་ལྟ་
བུའི་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཐམས་ཅད་རྣམ་པ་འདི་ལྟ་བུའི་ཤེས་རབ་དང་ལྡན་པར་གྱུར་ཏེ། འདི་ལྟར་སྦྱིན་པ་ནི་དགེ་བའོ། དུལ་བ་ནི་དགེ་བའོ། །སྡོམ་པ་ནི་དགེ་བའོ། །བདེན་པ་ནི་དགེ་བའོ། བག་བྱེད་པ་ནི་དགེ་བའོ། བྱམས་པ་ནི་དགེ་
བའོ། །སྙིང་རྗེ་ནི་དགེ་བའོ། སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་མི་འཚེ་བ་ནི་དགེ་བའོ་ཞེས་བྱ་བར་ཤེས་པར་གྱུར་ཏོ། །དེའི་ཚེ་སངས་རྒྱས་ཀྱི་ཞིང་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་། ཀྱེ་མ་སེམས་ཅན་འདི་དག་འདི་ལྟར་སྦྱིན་པ་ནི་དགེ་བའོ། །
དུལ་བ་ནི་དགེ་བའོ། །ཞི་བ་ནི་དགེ་བའོ་སྡོམ་པ་ནི་དགེ་བའོ། །བདེན་པ་ནི་དགེ་བའོ། བག་བྱེད་པ་ནི་དགེ་བའོ། །བྱམས་པ་ནི་དགེ་བའོ། །སྙིང་རྗེ་ནི་དགེ་བའོ། །ཚངས་པར་སྤྱད་པ་སྤྱོད་པ་ནི་དགེ་བའོ། །སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་མི་འཚེ་བ་ནི་དགེ་བའོ་ཞེས་བྱ་བར་ཤེས་པའི་
ཤེས་རབ་དེ་ལྟ་བུ་དང་ལྡན་པར་གྱུར་པ་ནི་ངོ་མཚར་ཏོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེའི་ཚེ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་པས། འདི་ལྟ་སྟེ་དཔེར་ན། ཉི་མ་བསྒྲིབས་པ་མེད་པ་ནམ་མཁའི་དབྱིངས་ཡོངས་སུ་དག་པ་ལ་འདུག་པའམ། ཟླ་བ་ཉའི་ཟླ་
བའི་དཀྱིལ་འཁོར་ལྟར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་རབ་དང་བཅས་པ། ཁོར་ཡུག་དང་བཅས་པ། ལྷའི་གནས་དང་བཅས་པ། དབང་པོ་དང་བཅས་པ། དབང་བྱེད་དང་བཅས་པ། ལྷ་དང་ལྷ་མ་ཡིན་གྱི་རིས་དང་བཅས་པ། ཚངས་པ་དང་བཅས་པ་གཙང་མའི་
གནས་དང་བཅས་པ་འདི་ཟིལ་གྱིས་མནན་ཏེ་བཞུགས་ན། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཟིལ་གྱིས་མནན་ཏེ། འོད་དང་། སྐུ་

མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་། ལྷམ་མེ་ལྷན་ནེ། ལྷང་ངེར་བཞུགས་པ་དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ་
ལྷན་ནེ། ལྷང་ངེར་བཞུགས་སོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ། ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་ནུབ་ཕྱོགས་ཀྱི་འཇིག་རྟེན་
གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ། ལྷང་ངེར་བཞུགས་སོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་
མདོག་དང་གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་། ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་
ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ། ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་
ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་
གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་མཛེས་

ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་སྐུ་མདོག་དང་གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་
རབ་རི་ནག་པོ་གཞན་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་། ལྷམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན་ཟླ་བའི་དཀྱིལ་འཁོར་སྐར་མའི་གཟུགས་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི། མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །འདི་ལྟ་སྟེ་
དཔེར་ན། ཉི་མའི་དཀྱིལ་འཁོར་འོད་གཞན་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་ལྷ་དང་བཅས་པ། དབང་པོ་དང་བཅས་པ། ཚངས་པ་དང་བཅས་
པ་དང་། གཙང་མའི་གནས་དང་བཅས་པ། ཟིལ་གྱིས་ནོན་པར་བཞུགས་པ་ཡང་། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུ་ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་གཙང་མའི་གནས་ཀྱི་ལྷའི་རིས་དང་། ཀུན་སྣང་དང་བ་དང་། ཚངས་རིས་དང་།
གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང་། དགའ་ལྡན་དང་། མཚེ་མ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་གདན་སེང་གེའི་ཁྲི་ལ་བཞུགས་པ་མཐོང་ནས། དགའ་ཞིང་སྤྲོ་བ་དང་། ཡིད་བདེ་ཞིང་རབ་ཏུ་དགའ་ལ་ཉམས་བདེ་བ་དང་། ཡིད་བདེ་བ་སྐྱེས་ནས། ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་

བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་བྱུག་སྤོས་དང་། ལྷ་རྫས་ཨུ་དཔལ་དང་། པདྨོ་དང་། ཀུ་མུ་ད་དང་། པུན་ད་རི་ཀ་དང་། ན་ལི་ན་དང་། སོའུ་གན་དྷི་དང་། ལྷ་རྫས་ཀྱི་མེ་ཏོག་ཀེ་ས་ར་དང་། ཏ་མ་ལའི་ལོ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་།
ལྷ་རྫས་ཀྱི་རྒྱན་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། བྱུག་སྤོས་
དང་། ཨུ་དཔལ་དང་། པདྨོ་དང་། ཀུ་མུ་ད་དང་། པུན་ད་རི་ཀ་དང་། ན་ལི་ན་དང་། སོའུ་གན་དྷི་དང་། མེ་ཏོག་ཀེ་ས་ར་དང་། ཏ་མ་ལའི་ལོ་མ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དག་གིས་བཅོམ་ལྡན་འདས་ལ་གཏོར་
ཏོ། །མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། འདུལ་བ་དང་། སྣོད་དུ་གྱུར་པའི་མི་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་། མེ་ཏོག་ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པ་མང་པོ་ཁྱེར་ནས།
བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པར་གྱུར་ཏོ། །མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་ལ་སྩོགས་པ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་།
བ་དན་དེ་དག་ཐམས་ཅད་ཀྱང་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས། བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་མེ་ཏོག་ལ་སྩོགས་པའི་ཁང་པ་བརྩེགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་
གནས་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེ་ལས་ཀྱང་། ལྷ་རྫས་ཀྱི་མེ་ཏོག་དང་། དར་གྱི་ལྡ་ལྡི་མང་པོ་འཕྱང་བར་གྱུར་ཏོ། །མངོན་པར་འཕྱང་བར་གྱུར་ཏོ། །རབ་ཏུ་འཕྱང་བར་གྱུར་ཏོ། །མེ་ཏོག་དང་དར་གྱི་ལྡ་ལྡི་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་

པོའི་འཇིག་རྟེན་གྱི་ཁམས་འདི་ཤིན་ཏུ་མཛེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་འོད་སྣང་བ་གསེར་གྱི་ཁ་དོག་ལྟ་བུ་དེས་ཀྱང་། ཤིན་ཏུ་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་
གྱི་ཁམས་འདིར་ཇི་ལྟ་བ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་།
བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་
གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་
གསལ་བར་གྱུར་ཏོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་
སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །འོག་
གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་

བར་གྱུར་ཏོ། །དེ་ལ་འཛམ་བུའི་གླིང་གི་མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །འཛམ་བུའི་
གླིང་གི་མི་རྣམས་ཇི་ལྟར་སེམས་པ་དེ་བཞིན་དུ། ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་
སྟོན་ཏོ་སྙམ་མོ། །ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །
བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་
རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མྱི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས། དེ་བཞིན་
གཤེགས་པའི་སྐུ་བལྟ་བས་ཆོག་མྱི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །མཚེ་མའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་
པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །དགའ་ལྡན་གྱི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་

པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །འཕྲུལ་དགའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ།
དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་
བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་
སྟོན་ཏོ་སྙམ་མོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཚངས་པ་ཀུན་
འཁོར་གྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་
པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །སྣང་བའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས།
འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཆུང་སྣང་གི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ།

དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཚད་མེད་སྣང་བའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་
པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཀུན་སྣང་དང་བའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་
མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །དགེ་བའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་
སྙམ་མོ། །ཆུང་དགེའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཚད་མེད་དགེ་བའི་
ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་དེ་བཞིན་
གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཆེ་བའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་
ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཆུང་ཆེའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས།

འདི་སྙམ་དུ་སེམས་པར་གྱུར་ཏེ། །དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཚད་མེད་ཆེ་བའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས།
འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་
པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །མི་ཆེ་བའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་
པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །མི་གདུང་བའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་
ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་
ཤིང་ཆོས་སྟོན་ཏོ་སྙམ་མོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་
སྙམ་མོ། །འོག་མིན་གྱི་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །

དེ་བཞིན་དུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་མྱི་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་
ཤིང་ཆོས་སྟོན་ཏོ་སྙམ་མོ། །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་
བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མྱི་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མྱི་ཤེས་པ་མཐོང་ནས། འདི་
སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ། འོད་རབ་ཏུ་དགྱེ་བ་མཛད་དེ། ཡང་འོད་
དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་སྣང་བར་གྱུར་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། རབ་ཏུ་སྣང་བར་གྱུར་ཏོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་
རབ་ཏུ་སྣང་བར་གྱུར་ཏོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་རབ་ཏུ་སྣང་བར་གྱུར་ཏོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་རབ་ཏུ་སྣང་བར་གྱུར་ཏོ། །བྱང་ཤར་གྱི་ཕྱོགས་མཚམས་
ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། རབ་ཏུ་སྣང་བར་གྱུར་ཏོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། རབ་ཏུ་སྣང་བར་གྱུར་ཏོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་

གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་རབ་ཏུ་སྣང་བར་གྱུར་ཏོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་རབ་ཏུ་སྣང་བར་གྱུར་ཏོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་
ཀྱང་། རབ་ཏུ་སྣང་བར་གྱུར་ཏོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་རབ་ཏུ་སྣང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་
ཅད་ཀྱིས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་
བར་གྱུར་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་
དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་། སྟོང་གསུམ་གྱི་

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། དགེ་སློང་གི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་
གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་
ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་
ཀྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་
ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་ཤཱཀྱ་ཐུབ་པ། དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི། སྟོང་ཆེན་པོའི་འཇིག་རྟེན་
གྱི་ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་
འཁོད་པ་དེ་དག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། དགེ་སློང་གི་དགེ་འདུན་དང་བཅས་པ་
བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ཤར་ལྷོའི་ཕྱོགས་
མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་
ཏོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་
པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའིཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་
པ་དེ་དག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་
ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ནུབ་བྱང་གི་ཕྱོགས་མཚམས་
ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །ནུབ་
བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་

པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་
གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་
མཐོང་བར་གྱུར་ཏོ། །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན་སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་གང་ཅི་སྙེད་ཅིག་ཡོད་པ་དེ་དག་
ཐམས་ཅད་ཀྱིས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །སྟེང་
གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་ཐབས་གཅིག་ཏུ་བཞུགས་པ་མཐོང་བར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་ཡོད་པ་

ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཤེས་བྱ་བ་བཞུགས་ཤིང་འཚོ་སྐྱོང་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡང་དག་པར་སྟོན་པ་
མཛད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བ་ཞེས་བྱ་བ་འདུག་འདུག་པས། སྣང་བ་ཆེན་པོ་དེ་དང་། ས་ཆེར་གཡོས་པ་དེ་དང་། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་
ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རིན་ཆེན་འབྱུང་གནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འོད་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་བ་དང་། དོག་ས་འདི་ལྟར་ཆེར་གཡོས་པ་དང་། དེ་བཞིན་གཤེགས་པའི་སྐུ་འདི་ལྟ་བུ་གདའ་བ་འདི་ཅིའི་རྒྱུ་ཅིའི་རྐྱེན། དེ་སྐད་
ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
རིགས་ཀྱི་བུ་འདི་ནི། ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་
བྱ་བ་བཞུགས་ཤིང་འཚོ་སྐྱོང་ངོ་། །དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། འདི་ནི་དེའི་མཐུ་ཡིན་ཏེ་དེ་འདྲའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བས།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་དེར། བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་བལྟ་བ་དང་། དེ་ལ་ཕྱག་བགྱི་ཞིང་བསྙེན་བཀུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀུན་ཀྱང་། ཕལ་ཆེར་གཞོན་ནུར་གྱུར་པ་གཟུངས་དང་། སོ་སོ་ཡང་དག་པར་རིག་པ་
བསྒྲུབ་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་རབ་ཏུ་ཐོབ་པ་དེ་དག་བལྟ་བའི་སླད་དུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་དེའི་དུས་ལ་
བབ་པར་ཤེས་ན། འཇིག་རྟེན་གྱི་ཁམས་མི་མཇེད་དེར་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བ་ལ། པདྨོ་
རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་པདྨོ་འདི་དག་གིས་གཏོར་ཅིག །
ངའི་ཚིག་གིས་བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་བདོག་བདེ་འམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ་ཞེས་ཀྱང་ཞུས་ཤིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་དེར་བག་ཡོད་པར་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་
རྟེན་གྱི་ཁམས་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་མགུ་བར་དཀའ་བ་ཡིན་གྱིས། དེར་ཉམས་པར་གྱུར་ཏ་རེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་དེ་ལས། པདྨོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་། བུ་མོའི་གཟུགས་སུ་
འདུག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་འགྲོགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ལ་མེ་ཏོག་དང་། སྤོས་དང་། བདུག་
སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་རིམ་གྲོར་བྱ་བ་དང་། བཀུར་བསྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་རྫུ་
འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་
ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འབྱུང་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས། བཅོམ་ལྡན་འདས་ལ་སྙུན་མི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་བདོག་བདེ་འམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་དགྱེས་པར་སྤྱོད་དམ། ཞེས་འདྲི་སྟེ་པདྨོ་གསེར་གྱི་
མདོག་ཅན་