Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 211

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
པའི་ནད་ཀྱིས་གནོད་པར་གྱུར་པ་ལ་ནི། འབྲས་བུ་གསུམ་བསྐོལ་བའི་ཁུ་བ་ཚ་བ་གསུམ་གྱི་ཕྱེ་
མ་དང་བ་གཅིན་གྱིས་སྦྱར་བའི་བཀྲུ་སྨན་གཏང་བར་བྱའོ། །པི་པི་ལིང་དང་། བཅའ་སྒ་དང་། ཤིང་ཉེ་རོང་དང་། ནས་ཚིག་འཁུས་པའི་ཐལ་བ་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་སྦྱར་བའི་ལྡེ་གུ་འདི་ནི་བད་ཀན་ལས་གྱུར་པའི་ནད་དོ་ཅོག་གི་བཀྲུ་སྨན་གྱི་མཆོག་
ཡིན་ཏེ་བཟའ་བར་བྱའོ། །ཨ་རུ་ར་དང་། རྒྱམ་ཚ་དང་། པི་པི་ལིང་རྣམས་ཀྱི་ཕྱེ་མ་ཆུར་བསྐོལ་བའི་ཁུ་བ་དྲོན་པོ་དང་སྦྱར་བའི་བཀྲུ་སྨན་ལྕགས་མདའ་ཞེས་བྱ་བ་འདི་ནི་ནད་དོ་ཅོག་སེལ་བའི་བཀྲུ་སྨན་གྱི་མཆོག་ཡིན་ཏེ་བཏུང་བར་བྱའོ། །ཧྭགས་སྲང་
གཅིག་དང་། ཤིང་ཉེ་རོང་གི་ཕྱེ་མ་སྲང་གཅིག་དང་། པི་པི་ལིང་གི་ཕྱེ་མ་ཞོ་གཉིས་ཏེ་འདི་རྣམས་སྦྲང་རྩི་དང་སྦྱར་བའི་ལྡེ་གུའི་བཀྲུ་སྨན་ལས་རེན་པར་ཟོས་ན་ཡང་ནད་དོ་ཅོག་སེལ་ཏོ། །ཚ་བ་གསུམ་དང་། དནྡའི་རྩ་བ་དང་། ཤིང་ཉེ་རོང་དང་།

ཨ་རུ་ར་དང་། ཤིང་དོང་རྣམས་ཀྱི་ཕྱེ་མ་དང་། དྲི་སྣ་གསུམ་ཞེས་བྱ་བ་ཤིང་ཆ་དང་། སུག་སྨེལ་དང་། གནྡྷ་བ་ཏྲ་རྣམས་ཀྱི་ཕྱེ་མ་བཏབ་ལ། བུ་མར་དང་སྦྱར་ཏེ། གོང་བུར་བསྒོངས་བའི་བཀྲུ་སྨན་གྱིས་ཀྱང་ནད་དོ་ཅོག་སེལ་ཏོ།
དམུ་རྫིངས་ལ་སོགས་པ་ལ་ནི། ཤིང་ཉེ་རོང་དང་། ཤིང་དོད་ཀྱི་ཕྱེ་མ། ཤིང་སྣུ་ཧའི་ལོ་མས་ལན་མང་དུ་བསྒོས་ལ། བུ་མར་དང་སྦྲང་རྩི་སྦྱར་ཏེ་དྲི་སྣ་གསུམ་གྱིས་བཏབ་པའི་ལྡེ་གུའི་བཀྲུ་སྨན་བཏང་ངོ་། །དེ་ནས་འཁྲུས་པའི་རྗེས་ལ། བད་ཀན་བྱུང་
བ་དང་། བཀྲེས་པར་གྱུར་པ་དང་། ལུས་ཡང་བ་དང་། མདངས་གསལ་བར་གྱུར་ན་བཀྲུ་སྨན་ལེགས་པ་ཡིན་ནོ། །ལུས་གཡའ་བ་དང་། ལུས་ལ་ཐིག་ལེ་ཁྲ་བོར་བྱུང་བ་དང་། ལུས་ལྕི་བར་གྱུར་པ་རྣམས་ནི་བཀྲུ་སྨན་མ་ལེགས་པའི་མཚན་མར་
ཤེས་པར་བྱའོ། །བཀྲུ་སྨན་དྲགས་པའི་མཚན་མ་ནི། ན་བ་དང་། བརྒྱལ་བ་དང་། གཞང་འབྲུམ་འབྱུང་བ་དང་། རླུང་འཇུག་པ་དང་། དྲན་པ་ཉམས་པ་དང་། ཤ་རྗེན་བཀྲུས་པའི་ཁུ་བ་འདྲ་བ་མཐུར་དུ་འབྱུང་བ་རྣམས་ཡིན་ནོ། །དེ་ལ་བཀྲུ་སྨན་ནི།
མཛེ་དང་། གཞང་འབྲུམ་དང་། སྲེན་བུའི་ནད་དང་། མེ་དབལ་དང་། དྲེག་དང་སྐྱ་སྦབ་ཀྱི་ནད་ཡོད་པ་རྣམས་ལ་གཏང་བར་བྱའོ། །ཟད་ཀྱི་ནད་ཡོད་པ་དང་། རིད་བ་དང་། བུད་མེད་སྒྲུམ་མ་རྣམས་ལ་ནི་བཀྲུ་སྨན་བཏང་དུ་མི་རུང་ངོ་། །སྐྱུག་སྨན་བཏང་
བ་ལས་ཧ་ཅང་མང་དུ་སྐྱུག་ཅིང་འཆད་དུ་མི་བཏུབ་པ་ལ་ནི། སྨན་པས་བཀྲུ་སྨན་ཞིམ་ཞིང་ཡིད་གར་འོང་བ་ལས་ཆུང་ཟད་ཙམ་བྱིན་ན་སྐྱུག་པ་འཆད་པར་འགྱུར་རོ། །བཀྲུ་སྨན་བཏང་བ་ལས་ཧ་ཅང་མང་དུ་འཁྲུ་ཞིང་འཆད་དུ་མི་བཏུབ་པ་ལ་ནི་སྐྱུག་སྨན་ཅུང་
ཟད་བཏབ་ན་འཆད་པར་འགྱུར་རོ། །བཀྲུ་སྨན་ཧ་ཅང་དྲགས་པ་ནི། ཤུག་པ་དང་། བུ་ཤེལ་ཙེ་དང་། ནཱག་གེ་སར་དང་། ཙན་དན་རྣམས་ཀྱིས་ལུས་བྱུགས་པ་དང་། ལུས་བླུགས་པ་དང་བཏུང་བ་རྣམས་བྱའོ། །སྨན་སྣར་བླུགས་པ་ཞེས་བྱ་བ་ནི།

མར་དང་། ཏིལ་མར་རམ་སྨན་སྣར་བླུགས་པ་ཡིན་ཏེ། དེ་ཡང་མར་རམ་ཏིལ་མར་ཉི་ཚེ་སྣར་བླུགས་པ་དང་། སྨན་མར་རམ་སྨན་གྱི་ཏིལ་མར་བླུགས་ཤིང་། བད་ཀན་དང་ཆུ་སེར་སྣ་ནས་དྲང་བ་དང་། སྣུམ་གྱིས་སྣའི་ནང་དུ་བསྐུ་བ་དང་། སྨན་གྱི་
ཕུར་མ་སྣ་སྒོར་བཙིར་ཞིང་བླུགས་པ་དང་། སྨན་གྱི་ཕྱེ་མ་ལྕེའི་ནང་དུ་བླུགས་ཏེ། སྣར་བུད་པ་དང་། རྣམ་པ་ལྔ་ཡོད་པར་ཤེས་པར་བྱ་སྟེ། སྨན་སྣར་བླུགས་པའི་རྣམ་གྲངས་དེ་དག་བཏང་བའི་ཐབས་ནི། ནད་ཐང་བའི་ཉིན་པར། ཟན་མ་ཟོས་པའི་སྔ་རོལ་ཏུ་
ལག་པ་གཉིས་དྲག་དུ་དྲུད་པའི་དྲོད་ཀྱིས། ཁ་སྣ་དང་། གདོར་ཐམས་ཅད་ལེགས་པར་མཉེ་ཞིང་བསྲོས་ལ། ཁ་སྣ་དང་མཚུལ་བའི་དྲི་མ་ཐམས་ཅད་དག་པར་བསལ་ནས་མགོ་སྨད་དེ་གཏང་བར་བྱའོ། །སྨན་སྣར་བླུགས་པའི་ཆོ་ག་བྱེད་པ་དེས་མགོ་བཀྲུ་
བ་དང་། ཁྲོ་བ་དང་། ཉལ་པོ་དང་། ཉིན་པར་གཉིད་ལོག་པ་ལ་སོགས་པ་མི་རུང་བ་རྣམས་སྤང་བར་བྱའོ། །དེ་ལ་མར་དང་ཏིལ་མར་སྣར་བླུགས་པའི་ཚོད་ནི་ཐིགས་པ་བརྒྱད་དམ། ཡང་ན་མཛུབ་མོའི་ཚིགས་པ་གཉིས་ཕན་ཆད་ལན་གཅིག་སྨྱུགས་
པ་ལ་ཅི་ཆགས་པ་སྣར་བླུགས་སོ། །ཚད་རྣམ་གཅིག་ནི། སྲང་ཕྱེད་སྣར་བླུགས་པ་ཡིན་ནོ། །ཚད་རྣམ་གཅིག་ནི་ཉམས་སྟོབས་ཆེ་ཆུང་ལས་དཔགས་ཏེ་ཐིགས་པ་བཞི་འམ་དྲུག་གམ་བརྒྱད་བླུགས་པར་བྱ་སྟེ། ཚད་ཀྱི་སྣ་གྲངས་མང་པོ་བསྟན་པ་
འདི་ཀུན་ཀྱང་ནད་པའི་ཉམས་སྟོབས་ཆེ་ཆུང་དང་སྦྱར་ཞིང་གཏང་བར་བྱའོ། །སྨན་མར་རམ། ཏིལ་མར་སྣར་བླུགས་ཤིང་བད་ཀན་དང་ཆུ་སེར་སྣ་ནས་དྲང་བ་ནི་ནམ་ཚོང་ཡན་ཆད་ཀྱི་ནད་རྣམས་ལ་བཏང་བ་ཡིན་ནོ།། །།ད་ནི་སྨན་མར་གྱི་འཇམ་
རྩི་དང་། བཅུད་མས་བཏང་བའི་ཆོ་ག་བཤད་དེ། སྨན་མས་བཏང་བའི་དཔྱད་ནི། ལྕགས་དང་ཟངས་ལ་སོགས་པ་གང་ཡང་རུང་བ་ལས་བྱས་པའི་གཅེའུ་སྲིད་སོར་བཅུ་གཉིས་པ་ལ། གནག་གི་མཇུག་སྙིང་གི་དབྱིབས་བཞིན་དུ་བྱིན་གྱིས་ཕྲ་ཞིང་ཟླུམ་

པར་བྱས་ལ། རྩ་བ་སྦོམས་པ་ནི་ཐེ་བོང་ཤོང་ཙམ་དུ་བྱ། ཐོར་ཏོ་ཕྲ་མོ་ནི་སྲིན་ཤོང་ཙམ་ལ་འཇམ་པོར་བྱས་ཏེ། ཐོར་ཏོ་ཕྲ་མོ་ལོགས་ནས་སོར་གསུམ་གྱི་ཚུ་རོལ་དུ་ཕང་ལོ་ཙམ་ཞིག་གགས་བྱས་ལ། རྩ་བ་སྦོམ་པོ་ལོགས་ཀྱི་ཁར་ཡང་
སྨན་བླུགས་པའི་སྣོད་གནག་གི་ལྒང་པ་བཟང་པོ་དམ་པོར་གདགས་ཤིང་། ལྒང་པ་མི་འབུད་པའི་གགས་ཅི་རན་པ་ཁ་གཉིས་སུ་བཅད་ལ་དེའི་བར་དུ་ལྒང་པའི་ཁ་བཅིང་བར་བྱའོ། །དེ་ནས་སྨན་བཏང་བའི་ཚེ་སྔར་ཁ་ཟས་ཟོས་ནས་གློ་གཡོན་ཕྱོགས་ཀྱིས་
ཉལ་ལ། རྐང་པ་གཡོན་པ་ནི་བརྐྱང་། གཡས་པ་ནི་བསྐུམས་ཏེ། གཞང་ཁ་དང་ལྕེའུ་སྣུམ་གྱིས་བྱུགས་ལ། སྨན་ཤུ་ཏི་དང་། རྒྱམ་ཚའི་ཕྱེ་མ་མར་རམ་ཏིལ་མར་དང་། ཆུ་དང་ལྡན་པར་བསྐོལ་ལ། མར་ཉི་ཚེ་ལུས་པ་བཙགས་པའམ། སྨན་གཞན་
ཡང་རུང་སྟེ། ཚད་སྲང་གཉིས་སམ། སྲང་གསུམ་མམ། སྲང་བཞི་མི་ཉིད་ཀྱི་ཉམས་སྟོབས་དང་སྦྱར་ཞིང་ཚོད་རན་པ་དང་། དྲོན་པོར་མས་བཏང་ཞིང་གཅེའུའི་རྩེ་མོ་ནང་དུ་བཅུག་ལ། གགས་ལ་ཐུག་པར་བྱས་ཏེ། ལག་པ་གཡོན་པས་གཅེའུའི་
སྐེད་པ་ནས་དམ་དུ་བཟུང་ཞིང་ལྒང་པའི་ནང་དུ་རླུང་མ་སོང་བར་བྱས་ཏེ། ཧ་ཅང་མི་དྲག་མི་ངལ་བ་དང་། བར་དུ་མི་གདའ་མི་བཅད་ཅིང་། རྒྱུན་ཆགས་པར་ལན་གཅིག་གིས་རྫོགས་པར་ལག་པ་གཡས་པས་ལྒང་པ་བཙིར་ལ་རླུང་ནང་དུ་མི་འགྲོ་བར་བྱ་བའི་ཕྱིར་
སྨན་གྱི་ལྷག་མ་ཆུང་ཟད་ཙམ་ལུས་པར་བྱའོ། །སྨན་བཏང་ཟིན་ནས་གན་རྐྱལ་དུ་བསྙལ་ཏེ། རྐང་ལག་བཞི་ཆར་གྱེན་དུ་བཏེག་ལ་ལན་གསུམ་གྱི་བར་དུ་དྲག་ཏུ་བརྐྱང་ཞིང་བསྐུམ་པ་བྱས་ནས། ཁ་སྦུབ་ཏུ་ཟློག་སྟེ། བདག་ཉིད་ཀྱི་རྟིང་པས་རྐུབ་ཚོས་ལ་
ལན་གཉིས་གསུམ་དུ་བརྡབས་ལ། དེའི་འོག་ཏུ་མི་གཞན་གྱིས་རྐང་པའི་མཐིལ་དུ་ཁུ་ཚུར་གྱིས་ལན་གཉིས་གསུམ་དུ་བརྡེགས་ནས། རོ་སྨད་སྟོད་དེ་ཉལ་དུ་གཞུག་གོ། སྨན་མར་གྱི་ཆོ་ག་འདི་ནི་ཞག་ལོན་གྱི་བར་དུ་འཁྱིལ་ཏེ་ཕྱིར་མ་བྱུང་ཡང་མི་

རུང་བར་འགྱུར་རོ། །དེ་བས་ཀྱང་ཡུན་རིང་དུ་ཕྱིར་འབྱུང་དུ་མ་བཏུབ་ན། ཕྱི་ས་འགགས་པའི་ཆོ་ག་སྔར་བསྟན་པ་བཞིན་དུ། སྨན་གྱི་རེང་བུ་མས་གཞུག་པའམ། ཡང་ན་བཀྲུ་སྨན་འཇམ་པོས་མྱུར་དུ་དབྱུང་ཞིང་སྦྱང་བར་བྱའོ། །ཇི་སྟེ་ཕྱིར་མ་བྱུང་ཡང་མི་བདེ་
བའམ་ལྕི་བའི་བག་མེད་ཅིང་། ཐ་མལ་བར་འདུག་པ་ལ་ནི་བཀྲུ་སྨན་ལ་སོགས་པ་བཏང་མི་དགོས་ཏེ། ཆུ་བསྐོལ་བའི་དྲོན་པོ་འཐུངས་པས་ཀྱང་འབྱུང་བར་འགྱུར་རོ། །དེ་ལ་མར་དང་ཕྱི་ས་འདྲེས་པར་འབྱུང་བ་ནི་སྨན་ལེགས་པའི་མཚན་མ་ཡིན་ནོ། །ཕྱི་
ས་མ་འདྲེས་པར་མར་ཉི་ཚེ་འབྱུང་བ་དང་ལུས་ཚ་བར་གྱུར་པ་ནི་སྨན་མ་ལེགས་པའི་མཚན་མ་ཡིན་ནོ། །མར་ནི་མ་བྱུང་ལ་ཕྱི་ས་ནི་ཐ་མལ་པར་བྱུང་ལ། ལྟོ་མི་བདེ་བའི་བག་ཏུ་མ་གྱུར་ན་ཡང་མེའི་དྲོད་ཆེ་བས་སྨན་ཁོང་དུ་ཞུ་བར་གྱུར་པ་ཡིན་ཏེ་མི་རུང་བ་མེད་དོ། །
ཁ་ཟས་ནི་སྨན་བཏང་ནས་ནམ་བཀྲེས་པར་གྱུར་ན། གདོད་ཡང་ཞིད་འཕྲོད་པའི་བག་ལས་བཟའོ། སྨན་མས་བཏང་ནས་རིང་པོ་མ་ལོན་པར་ཕྱིར་བྱུང་ན་སྨན་དོན་དུ་མ་གྱུར་བ་ཡིན་ཏེ། ཡང་ན་ཆོ་ག་སྔ་མ་བཞིན་དུ་བཟླས་ཏེ་གཏང་བར་བྱའོ། །དེ་ལ་སྨན་མར་
གྱི་འཇམ་རྩིའི་བཅུད་མས་བཏང་བ་དང་། བཀྲུ་སྨན་དྲག་པོ་མས་བཏང་བ་གཉི་ག་ཡང་རླུང་ནད་ཀྱི་བག་ཡོད་པ་ལ་གཏོང་བར་བྱའོ། །ཟད་བྱེད་ཀྱི་ནད་དང་། མཛེ་ནད་དང་། གཞང་འབྲུམ་དང་། སྐྱུག་པའི་ནད་དང་། གཅིན་སྙི་བའི་ནད་དང་། དམུ་རྫིངས་ཡོད་པ་
ལ་སོགས་པ་ལ་ནི་གཏང་དུ་མི་རུང་ངོ་། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཆོ་ག་ནི་སྔར་ཞག་གཉིས་གསུམ་གྱི་སྔ་རོལ་དུ་སྨན་མར་གྱི་འཇམ་རྩི་མས་བཏང་ལ་བཀྲུ་སྲན་དྲག་པོ་ཉིད་མས་བཏང་བའི་ཉིན་པར་ཉི་མ་དྲོན་པོ་ལ་སྔ་དྲོ་ནས་ལུས་སྣུམ་གྱིས་བྱུག་ཅིང་མཉེ་བ་དང་།
དུགས་སྣ་ཚོགས་ཀྱིས་ལུས་ཤིན་ཏུ་དྲོས་ཤིང་ཤ་གྲོལ་བར་བྱས་ལ། ནང་པར་ནས་ཁ་ཟས་ཀྱི་བག་མི་བཟའ་མི་བཏུང་བར་ཉི་མ་ཕྱེད་ཡོལ་ཙམ་ན་སྨན་མས་གཏང་བར་བྱའོ། །དེ་ལ་བཏང་བའི་ཐབས་ནི་གན་རྐྱལ་དུ་བསྙལ་ལ་སྨན་མར་གྱི་བཅུད་མས་བཏང་བ་བཞིན་དུ་

གཅེའུ་དང་ལྒང་པར་སྦྱར་ནས་སྨན་ཧ་ཅང་མི་ཚ་ཧ་ཅང་མི་གྲང་བར་དྲོན་པོར་བྱས་ཏེ་ལྒང་པ་ལག་བས་བཙིར་ལ། ཧ་ཅང་མི་དྲག་མི་ངལ་བ་དང་། བར་དུ་མི་གདའ་མི་བཅད་པར་རྒྱུན་ཆགས་པར་ལན་གཅིག་གིས་རྫོགས་པར་བཏང་ངོ་། །དྲི་
མ་བྱུང་བའི་སྣོད་དམ། ཁུང་བུ་ཡང་སྔ་ནས་དྲུང་དུ་བསྙེན་ལ། སེམས་གུད་དུ་མི་གཡེང་བར་སྨན་ལྟོ་ན་འདུག་པ་རྣམས་འབྱུང་ལ་ཐུག་གོ་སྙམ་དུ་བསམ་པ་གཏད་པར་བྱའོ། །དེ་ལ་དབྱུང་བའི་ཚོད་ནི། སྨན་མས་བཏང་ནས་ཡི་གེའི་འབྲུ་སུམ་ཅུ་དྲག་དལ་རན་
ཙམ་དུ་བརྗོད་ཅིང་ཟིན་ཙམ་ན་འབྱུང་བའི་རིགས་ཏེ། ཐ་མལ་པ་ཙོག་ཙོག་པོར་འདུག་ལ་དབྱུང་བར་བྱའོ། །དེ་ནས་ནད་མ་ཕྱིན་ཏམ། མ་ཞག་པར་གྱུར་ན་བསྣན་བཟོད་དང་མི་བཟོད་མིའི་ཉམས་སྟོབས་ལས་དཔགས་ཏེ། བཟོད་པ་འདྲ་ན་སྔ་མ་བཞིན་དུ་
ལན་གཉིས་ལན་གསུམ་གྱི་བར་དུ་བསྣན་ཏེ་བཀྲུས་ནས། དེའི་འོག་ཏུ་ཆུ་དྲོན་པོས་ཁྲུས་བྱས་ལ། ཁ་ཟས་ཤ་ཁུ་དང་ལྡན་པ་བཟང་པོ་ཟོས་ནས། དེའི་རྗེས་ལ་ལུས་རླུང་འཇུག་པ་ལྟ་ན། དེའི་མོད་ལ་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ་ཆོ་ག་
སྔར་བཤད་པ་བཞིན་དུ་བྱའོ། །འཕྲལ་དུ་རླུང་འཇུག་པའི་དོགས་པ་མེད་ན། ཞག་གཉིས་སམ་གསུམ་གྱིས་བཅད་དེ། གདོད་མར་གྱི་འཇམ་རྩིའི་བཅུད་མས་བཏང་ངོ་། །བཀྲུ་སྨན་དྲག་པོ་ཁོང་དུ་བཏང་བ་དེས་མ་བྱུང་ན། ཕྱི་ས་འགགས་པའི་ནད་དང་།
ཟུག་ཅིང་ན་བ་དང་། ལྟོ་སྤོ་བ་ལ་སོགས་པའི་ནད་མང་པོར་འགྱུར་ཏེ། ཉེན་ཆེ་བས་ན་དེ་ལ་ནི། དུ་འབྱུང་རན་པའི་དུས་ལས་ཡོལ་མ་ཐག་ཏུ་འཇམ་རྩི་སྣོན་པོ་མས་བཏང་བ་དང་། བཀྲུ་སྨན་བཏུང་བ་དང་། སྐྲག་པར་བྱ་བ་ལ་སོགས་པའི་ཆོ་ག་བྱས་ན་
བཟང་ངོ་། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཆོ་ག་འདི་ནི་ཕན་ཡོན་ཆེ་ཞིང་ཉེན་ཡང་ཆེ་བས་ན་གྱ་ཚོམ་དུ་བཏང་དུ་མི་རུང་སྟེ། ཆོ་ག་དེ་ལ་མཁས་པའི་སྨན་པ་མང་པོ་ཚོགས་པས་ལེགས་པར་དཔྱད་ཅིང་གཏང་བར་བྱའོ། །དེ་ལ་བཀྲུ་སྨན་དྲག་པ་མས་བཏང་

བ་ལ་ནི། སྨན་གྱི་ཁུ་བསྲང་དྲུག་དང་། མར་རམ་ཏིལ་མར་ཆ་གཅིག་དང་། སྨན་གྱི་ཕྱེ་མ་སྲང་གསུམ་དང་། རྒྱམ་ཚ་དང་། སྦྲང་རྩི་ཅི་རན་པ་དང་། འདི་རྣམས་ནི་སྤྱིའི་ཆོ་ག་ཡིན་ཏེ། གཞི་འདི་རྣམས་ཀྱི་སྟེང་དུ། རླུང་དང་། མཁྲིས་པ་དང་། བད་
ཀན་གང་གི་སྨན་དུ་བཏང་བ་ལས། དེ་དག་སོ་སོའི་སྨན་འོག་ནས་འགྱུང་བ་བཞིན་དུ་བསྣན་ཏེ། སྐམ་གཤེར་སྤྱིར་སྲང་ཉི་ཤུ་རྩ་བཞི་བྱུང་བར་གྲངས་བཀང་ཞིང་ཆོ་ག་འོག་ནས་རྒྱས་པར་འབྱུང་བ་བཞིན་དུ་སྦྱར་རོ། །དེ་ལ་རླུང་ནད་བསལ་བའི་བཀྲུ་སྨན་དྲག་པོ་
མས་བཏང་བ་ནི། རླུང་སེལ་བའི་སྨན་གང་ཡིན་པ་རྣམས་བསྐོལ་བའི་ཁུ་བ་དང་། ཤིང་ཉེ་རོང་གི་ཕྱེ་མ་དང་། རྒྱམ་ཚ་བྲོ་བ་ཙམ་དང་། རྩ་བས་སྐྱུར་པོ་རྣམས་ལྷན་ཅིག་ཏུ་སྦྱར་ཏེ་དྲོན་པོར་བཏང་ངོ་། །རྒྱ་ཤུག་ལ་སོགས་པའི་སྡེ་ཚན་དང་། རྩ་བ་བཅུ་དང་།
རྒྱ་སྲན་དང་། ལ་ཕུག་སྐམ་པོ་རྣམས་ལས་སྣ་རེ་རེ་ཡང་སྲང་གཉིས་གཉིས་ལྷན་ཅིག་ཏུ་ཆུ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པ་ཆུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་བསྐོལ་ཏེ། ཆུའི་བརྒྱད་ཆ་གཅིག་ལུས་པ་བཙགས་པ་དང་། ཤུ་དག་དང་། ཨུ་པ་ཀུཉྫི་ཀ་དང་།
པི་པི་ལིང་དང་། ཤུ་ཉི་དང་། རྒྱམ་ཚ་དང་། གླ་སྒང་རྣམས་ཀྱི་ཕྱེ་མ་སྦྲང་རྩི་དང་། རྩ་བས་སྐྱུར་པོ་དང་བ་གཅིན་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་ཡང་རླུང་ནད་སེལ་བར་བྱེད་དོ། །མཁྲིས་པ་བསལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བའི་སྨན་
ནི། ཤིང་ནྱ་གྲོདྷ་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་དང་། བུ་ཚང་རྟོ་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ་དང་། མར་དང་། འོ་མ་དང་། ཁ་ར་རྣམས་སྦྱར་བ་བཏང་ན་མཁྲིས་པ་སེལ་ཏོ། །བད་ཀན་སེལ་བའི་བཀྲུ་སྨན་དྲག་པོ་མས་བཏང་བའི་སྨན་ནི།
དོང་ག་ལ་སོགས་པའི་སྡེ་ཚན་བསྐོལ་བའི་ཁུ་བ་དང་། པི་པི་ལིང་ལ་སོགས་པའི་སྡེ་ཚན་བཏགས་པའི་ཕྱེ་མ་དང་། བ་གཅིན་དང་སྦྲང་རྩི་རྣམས་སྦྱར་ཏེ་བཏང་ན་བད་ཀན་སེལ་ཏོ། །བུ་ཙེ་ཤེལ་དང་། གླ་སྒང་དང་། པུ་ཤེལ་ཙེ་དང་། བཙོད་དང་།

བ་ལ་དང་། ར་སྣ་དང་། བུ་ན་རྣ་བ་དང་། གྲ་ཧ་ཏཱི་དང་། སླེ་ཏྲེས་དང་། ས་ལ་བརྞོ་དང་། པྲིཥྞ་བརྞི་དང་། དོང་ཀ་དང་། བ་རུ་ར་དང་། གཟེ་མ་དང་། པོ་སོན་ཆ་རྣམས་ལས་སྲང་རེ་རེ་ལྷན་ཅིག་ཏུ་ཆུ་ཕུལ་དྲུག་ཅུ་རྩ་བཞིའི་ནང་དུ་
བསྐོལ་ཏེ་ཁུ་བ་བརྒྱད་ཆ་གཅིག་ལུས་པ་བཙགས་ལ། འོ་མ་ཕུལ་བརྒྱད་དང་བསྐོལ་ཏེ། འོ་མ་ཉི་ཚེ་ལུས་པའི་ནང་དུ། གནྡྷ་པྲི་ཡཾ་ཀུ་དང་། ཤིང་མངར་དང་། ཤ་ཏི་དང་། དུག་མོ་ཉུང་གི་ཤུན་ལྤགས་དང་། བ་རུ་ར་རྣམས་ཀྱི་ཕྱེ་མ་ཞོ་གཉིས་གཉིས་དང་། རྒྱམ་
ཚ་དང་། མར་དང་། སྦྲང་རྩི་དང་། སྲོག་ཆགས་སྐམ་ས་ན་གནས་པའི་ཤ་ཁུ་རྣམས་ཅི་རན་པ་དང་། འདི་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་འདི་ནི་རླུང་དང་མཁྲིས་པ་སེལ་བ་ཡིན་ཏེ། རོ་ཙ་བར་བྱེད་ཅིང་མེ་དྲོད་ཤིན་ཏུ་བསྐྱེད་པ་དང་ན་བ་དང་། སྐྲན་
དང་། གློ་རྡོལ་བ་དང་། གཅོང་ཆེན་པོ་ཟ་བྱེད་ཀྱི་ནད་དང་། གཅིན་འགག་པ་དང་། ཕྱི་ས་འགགས་པ་རྣམས་ཀྱང་སེལ་ཏོ། །སྦྲང་རྩི་དང་། ཏིལ་མར་ཆ་བསྙམས་ལ་དེ་གཉིས་བསྡོམས་པའི་ཚད་ཀྱི་ཀྲུ་ཏྲུག་ཏྲེས་བསྐོལ་བའི་ཁུ་བ་དང་། ཤུ་ཏིའི་ཕྱེ་མ་
སྲང་གཅིག་དང་། རྒྱམ་ཚ་ཞོ་གཉིས་འདི་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་འདི་ནི་ཆོ་ག་བསྲུང་མི་དགོས་ཏེ་རོ་ཙ་བར་བྱ་བ་དང་། མེའི་དྲོད་བསྐྱེད་པ་དང་། ཤ་སྐྱེ་བར་བྱ་བ་དང་། ཕྱི་ས་འགག་པ་དང་། སྲིན་བུ་དང་། སྐྲན་རྣམས་བསལ་
བ་ལ་དགེ་བ་ཡིན་ཏེ། གནོད་པའི་ཉེན་དུ་མི་འགྱུར་རོ། །སྦྲང་རྩི་དང་། མར་དང་། འོ་མ་དང་། ཏིལ་མར་རྣམས་ལས་སྲང་གཉིས་གཉིས་དང་། སྤ་མའི་འབྲས་བུ་དང་། རྒྱམ་ཚ་ཞོ་གཉིས་གཉིས་ཏེ་འདི་རྣམས་སྦྱར་བའི་བཀྲུ་སྨན་དྲག་པོ་མས་བཏང་བ་ནི་
བརྟག་པར་བྱེད་པའི་མཆོག་ཡིན་ཏེ། དེ་ལ་མར་གྱི་འཇམ་རྩིའི་བཅུད་མས་བཏང་བའི་ཚད་ནི་སྤྱིར་སྲང་གསུམ་དུ་བྱའོ། །བཀྲུ་སྨན་དྲག་པོ་མས་བཏང་བའི་ཚད་ནི་དེའི་བརྒྱད་དུ་བྱའོ། །ཚོས་པར་བྱེད་པའི་སྨན་དང་། བཀྲུ་སྨན་གཉིས་ལ་ནི་སྨན་གྱི་ཕྱེ་མ་སྲང་

རེ་རེ་བཏང་ངོ་། །ཡང་ཉམས་སྟོབས་ཀྱིས་ཇི་ཙམ་ནུས་པ་དང་སྦྱར་རོ། །ཇི་ལྟར་ཤིང་གི་རྩ་བ་ཆུས་བྲན་ན། ལོ་མ་སྔོ་ཞིང་སྣུམ་པ་སྐྱེ་བ་དེ་བཞིན་དུ་མི་ལ་ཡང་མར་གྱི་འཇམ་རྩིའི་བཅུད་མས་བཏང་བ་དང་། བཀྲུ་སྨན་དྲག་པོ་མས་བཏང་བའི་ཆོ་ག་འདི་དག་ལྟར་
བཏང་ན་མདོག་སྣུམ་ཞིང་ཉམས་སྟོབས་དང་ལྡན་པར་འགྱུར་རོ། །ལས་རྣམ་ལྔའི་ལེའུ་སྟེ་སུམ་ཅུ་པ་རྫོགས་སོ།། །།ད་ནི་ཆོ་གའི་ལེའུ་བཤད་པར་བྱའོ། །སྒོག་སྐྱ་ལ་ནི་རོ་རྣམ་པ་དྲུག་ལས། སྐྱུར་བ་མ་གཏོགས་པར་མང་ར་བ་དང་། ཁ་བ་
དང་། ཚ་བ་དང་། བསྐ་བ་དང་། ལན་ཚྭའི་རོ་འདི་ལྔ་ཡང་ཡོད་དེ། དེ་ནི་ཚིམ་པ་མེད་པར་བྱེད་པ་ཡིན་ནོ། །དེ་སྨན་གཞན་དང་སྦྱར་ན་ནད་གཞི་གསུམ་ཆར་ཡང་སེལ་ཏོ། །དེ་ལ་མི་མི་ན་བ་ཉམས་སྟོབས་སྐྱེ་བར་འདོད་པས་ནི། དཔྱིད་ཟླ་འབྲིང་པོའི་ངོ་ལ་
བཟའ་བར་བྱའོ། །ནད་ཡོད་པ་ལ་ནི་དུས་ཀུན་ཡང་བཟའ་བར་བྱའོ། །སྒོག་སྐྱ་ནར་སོན་ཅིང་རྡོ་གུ་གྲུང་བོར་གྱུར་ལ། སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པ་དེ་ཉིད་ཀྱི་ཁུ་བ་ཆོ་ག་བསྲུང་བཞིན་དུ། གཟར་ཞིང་ཞོ་གཉིས་གཉིས་ཀྱིས་བསྐྱེད་དེ་བཏུང་བར་བྱའོ། །
དེ་ལ་སྲང་གཉིས་སམ་བཞི་འམ། དྲུག་གི་བར་དུ་རབ་འབྲིང་ཐ་མའི་ཚད་ལས་ཉམས་སྟོབས་དང་སྦྱར་ཞིང་བཏང་བར་བཤད་དོ། །དེ་ལ་རླུང་དང་བད་ཀན་གཉིས་ལ་ནི། སྨན་པས་རྩབས་སྐྱུར་པོ་དང་། ཚྭ་དང་ཆང་ལ་སོགས་པས་དབུལ། མཁྲིས་
པ་ལ་ནི་འོ་མ་འམ། ཁུ་བ་མངར་པོ་རྣམས་ཀྱིས་དབུལ་ལོ། །ཁ་ཟས་ནི་གྲོ་ལས་བྱས་པའི་བག །སྐམ་ས་ན་གནས་པའི་བྱ་ཤ་གང་ཡིན་པ་རྣམས་ཀྱི་ཤ་ཁུ་དང་ལྡན་པར་ཟ་ཞིང་། ཁྲོ་བ་དང་། ཉལ་པོ་དང་། མྱ་ངན་ལ་སོགས་པ་དང་། སྨན་
དང་། ཁ་ཟས་མི་འཇུ་བ་རྣམས་སྤང་བར་བྱའོ། །དེའི་ཆོ་ག་ནི་ནད་ལས་དཔག་ཅིང་། ཞག་བདུན་ནམ་བདུན་གཉིས་སམ། ཞག་བདུན་གསུམ་གྱི་བར་དུ་ཚད་རབ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱའོ། །དེ་ལ་སྒོག་སྐྱའི་ཁུ་བ་མར་དང་སྦྱར་བ་ནི་

མཁྲིས་པ་སེལ་ཏོ། །ཏིལ་མར་དང་སྦྱར་བ་ནི་བད་ཀན་དང་རླུང་སེལ་ཏོ། །ཚིལ་ལམ་རྐང་དང་སྦྱར་བ་ནི་གློ་བརྡོལ་བའམ་ཟད་བྱེད་ཀྱི་ནད་ལས་བརྟ་བར་བྱེད་དོ། །སྒོག་སྐྱ་ཞིབ་ཏུ་བརྡུངས་ལ་འོ་མ་དང་བསྐོལ་ཏེ་ཁ་ར་དང་སྦྱར་བ་འཐུང་
ཞིང་། སྨན་ཞུ་བའི་འོག་ཏུ་ཁ་ཟས་འོ་མ་འམ་ཤ་ཁུ་དང་ལྡན་པར་ཟོས་ན། ཁྲག་ལུད་པས་ཉམ་ཐག་པ་དང་། ཟད་བྱེད་ཀྱི་ནད་དང་། རླུང་ནད་དང་། དབུགས་མི་བདེ་བ་དང་། སྨྱོ་བྱེད་དང་། བརྗེད་བྱེད་རྣམས་སེལ་ཞིང་ཆག་གྲུགས་བྱུང་བ་དང་། ཟུག་
ཅིང་ན་བ་དང་། སྲིན་བུའི་ནད་དང་། ཁུ་བ་ཟད་པ་དང་། མོ་གཤམ་རྣམས་ལ་བཟང་ངོ་། །གཞང་འབྲུམ་ཅན་དང་། ཚད་པ་བེའུ་སྣབས་སུ་འབྱུང་བས་ཉམ་ཐག་པ་དང་། འབྲས་ཀྱི་ཕྲེང་བ་ཡོད་པ་དང་། ལུས་ཤིན་ཏུ་རིད་པ་དང་། བུད་མེད་སྦྲུམ་པ་དང་།
བུད་མེད་བུ་ནུ་བཞིན་པ་རྣམས་ཀྱིས་ནི་བཏུང་བར་མི་བྱའོ། །ཀུན་དོང་ནི་སྒོག་སྐྱ་ལས་ཆུང་ཟད་ཙམ་གྱིས་མཐུ་ཆུང་སྟེ་དེ་ཡང་ཆོ་ག་བཞིན་དུ་བཟའ་བར་བྱའོ། །རླུང་ནད་ཙམ་ལ་ནི། ཨེ་རཎྜའི་མར་ཆང་དང་། རྩ་བས་སྐྱུར་པོ་དང་། རྩ་བ་ལྔ་པ་བསྐོལ་བའི་ཁུ་བ་
དང་། སྲོག་ཆགས་སྐམ་ས་ན་གནས་པའི་ཤ་ཁུ་རྣམས་ལས་གང་ཡང་རུང་བ་དང་སྦྱར་ཏེ། བསྲོས་ལ་ཉམས་སྟོབས་དང་སྦྱར་ཞིང་ཚོད་རན་པར་བཏུང་བར་བྱའོ། །ཨེ་རཎྜའི་མར་འབྲས་བུ་གསུམ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བཏང་ན། བད་ཀན་དང་མཁྲིས་
པ་སེལ་ཏོ། །རྩ་བ་བཅུ་པ་བསྐོལ་བའི་ཁུ་བ་དང་སྦྱར་ཏེ་བཏང་ན་རླུང་དང་མཁྲིས་པ་ལས་གྱུར་པའི་ནད་སེལ་ཏོ། །རའི་འོ་མ་འམ། རྒུན་ཆང་གང་ཡང་རུང་བ་དང་སྦྱར་ཏེ་འཐུངས་ན་གཅིན་སྲི་བ་དང་རྡེའུས་འགགས་པ་སེལ་ཏོ། །འོ་མ་དང་སྦྱར་ན་རླུང་སྐྲན་
སེལ་ཏོ། །མིག་སེར་དང་། སྐྱ་རྦབ་དང་། ཚད་པར་འཁྲུ་བ་དང་། སྐྱུགས་པ་དང་། མཛེ་དང་། རིམས་དང་། བད་ཀན་ཉི་ཚེ་དང་། ཁྲག་ལུད་པ་ཉི་ཚེ་བ་རྣམས་ཀྱིས་ནི་བཏུང་བར་མི་བྱའོ། །གོ་བྱིའི་ཆོ་ག་ནི་གོ་བྱིའི་འབྲས་བུ་ལྔ་ཆོ་ག་བཞིན་དུ་

བའི་གཅིན་གྱི་ནང་དུ་བསྐོལ་ཏེ་བཞི་ཆ་ལུས་ནས་མཉེས་ལ་ཚིག་མ་བོར་བའི་ཁུ་བ་གྲང་མོ་མཆུ་དང་རྐན་མར་གྱིས་བསྐུས་ཏེ་བཏུང་ཞིང་ཐབས་དེ་ལྟར་ཉིན་གཅིག་བཞིན་དུ་གོ་བྱིའི་འབྲས་བུ་ལྔ་ལྔས་བསྐྱེད། གོ་བྱིའི་འབྲས་བུ་བདུན་ཅུ་ལ་ཐུག་གི་བར་དུ་སྔ་མ་
བཞིན་དུ་བཏུང་། དེ་ནས་ཉིན་རེ་བཞིན་ལྔ་ལྔས་ཕྲི་སྟེ། འབྲུམ་བུ་ལྔ་ལ་ཐུག་ནས་སླར་ཡང་དེ་བཞིན་དུ་བསྐྱེད་ཅིང་དབྲིའོ། །སྨན་འཐུངས་པ་ཞུ་བར་གྱུར་པའི་འོག་ཏུ་ཁ་ཟས་ནི་འབྲས་ཆན་གྲང་མོ་མར་དང་འོ་མ་བསྐོལ་ཏེ་བསྒྲངས་པ་དང་ལྡན་པར་བཟའ་བྱ་སྟེ།
སྨན་བཅུད་ཀྱི་ལེན་གྱི་ཆོ་ག་འདིས་ནི་ཡིད་གཞུངས་པར་བྱེད་ཅིང་། གཉེར་མ་དང་སྐྲ་དཀར་མེད་པར་བྱེད་ལ། མཛེ་དང་། གཞང་འབྲུམ་དང་། ཁྲག་ཚད་དང་སྲིན་བུའི་ཉེས་པ་རྣམས་སེལ་ཏོ། །ཁུ་ཆུ་ལ་ནད་ཡོད་པར་གྱུར་པ་ཡང་སྦྱོང་བར་བྱེད་དོ། །གོ་བྱིའི་
མར་ཉམས་སྟོབས་དང་སྦྱར་ཞིང་། ཟླ་བ་གཅིག་གི་བར་དུ་རན་པར་འཐུངས་ན་ནད་ཀྱི་གནོད་པ་ཐམས་ཅད་ལས་ཐར་ཏེ། ལུས་བརྟན་པོར་ལོ་བརྒྱའི་བར་དུ་འཚོ་བར་འགྱུར་རོ། །མེ་དང་ཉི་མ་འདེ་བ་དང་། ཉིན་པར་གཉིད་ལོག་པ་དང་། འབྲུ་མར་དང་། ཁ་
ཟས་ལྕི་བ་རྣམས་ནི་སྤང་བར་བྱའོ། །སྨན་གྱི་མཇུག་བཅད་ནས་ཀྱང་ཇི་སྲིད་ཀྱི་བར་དུ་སྨན་བཏང་བའི་དུས་ཀྱི་ཉིས་འགྱུར་གྱི་བར་དུ་ཆོ་ག་བསྲུང་བར་བྱའོ། །མཁྲིས་པ་ཤས་ཆེ་བའི་མི་ལ་ནི། སྨན་འདི་བྱེད་པའི་ཚེ་ཁར་འབྲུམ་པ་འབྱུང་བ་དང་། ལུས་སྐྲངས་པ་
དང་། རིམས་ལ་སོགས་པས་འདེབས་པར་འགྱུར་ཏེ། དེ་ལ་ནི་སྨན་བསིལ་བའི་ལྡེ་གུའམ་ཁུ་བ་གྲང་མོས་ལུས་བྱུག་པ་དང་། སྟེང་དུ་བླུགས་པ་དང་བཏུང་བ་རྣམས་བྱའོ། །པི་པི་ལིང་བསྐྱེད་པའི་ཆོ་ག་ནི། འོ་མ་བསྐོལ་ཏེ་ཕྱེད་དུ་ནས་ཕྱུང་བའི་ནང་དུ། པི་
པི་ལིང་འབྲུམ་བུ་ལྔ་བཏགས་ཏེ་བཏུང་ཞིང་། དེ་ལྟར་ཞག་བཅུའི་བར་དུ་ཉིན་རེ་ཞིང་པི་པི་ལིང་འབྲུམ་བུ་ལྔ་ལྔས་བསྐྱེད་དེ་བཏུང་བར་བྱའོ། །དེ་ནས་ཉིན་རེ་ཞིང་པི་པི་ལིང་ལྔ་ལྔས་ཕྲི་སྟེ། །པི་པི་ལིང་འབྲུ་མ་ལྔ་ལ་ཐུག་ནས། ཡང་སྔ་མ་བཞིན་དུ་བསྐྱེད་ཅིང་ཕྲི་ལ།

ཁ་ཟས་འོ་མ་དང་ལྡན་པར་བཟའ་ཞིང་ཆོ་གས་བསྲུངས་ན། དྲེག་དང་། སྐྱ་རྦབ་དང་། སྐྲན་དང་། གཞང་འབྲུམ་དང་། དབུགས་མི་བདེ་བ་དང་། སྐྲངས་པ་དང་། དམུ་རྫིངས་རྣམས་སིལ་ཞིང་རིམས་ལྡང་དུབ་ཀྱིས་དུས་མི་འདྲ་བ་མེད་པར་
བྱེད་དོ། །རོ་ཙ་བར་འགྱུར་རོ། །བྲག་ཞུན་གསེར་དང་ལྕགས་ལ་སོགས་པ་ལས་འབྱུང་སྟེ། དེ་དག་ནི་མཐུ་དང་ལྡན་ཞིང་། དེ་དག་གི་མདོག་དང་འདྲ་ལ། བ་གཅིན་གྱི་དྲི་བྲོ་བ་དང་། སྣུམ་ཞིང་ལྕི་ལ་རྡོ་མེད་པ་བཟང་སྟེ། ངེས་ཆུ་ཆུས་བཀྲུས་བ་དང་། བ་
གཅིན་གྱི་ནང་དུ་མཉེ་བས་ཆོ་ག་བཞིན་དུ་བཏུལ་ནས། དེའི་ཕྱེ་མས་ནད་གཞི་གསུམ་གང་གི་སྨན་དུ་བཏང་བ་དེའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བས་ལན་མང་དུ་བསྒོ་ཞིང་བསྐམས་ལ། ནད་གཞི་གང་གི་སྨན་དུ་བཏང་བ་དེའི་སྨན་གྱི་སྡེ་ཚན་བསྐོལ་བའི་ཁུ་བ་
དང་སྦྱར་ཏེ་འཐུངས་ན་ནད་དོ་ཅོག་སེལ་ཏོ། །ཆོ་ག་དེ་བཞིན་དུ་དྲུབ་མར་ཆང་གི་ཕྱེ་མ་ཡང་སྨན་བསྐོལ་བའི་ཁུ་བས་བསྒོ་ཞིང་སྦྱར་ཏེ་འཐུངས་ན་ནད་དོ་ཅོག་སེལ་ཏོ། །སྨན་འདི་གཉིས་ཀྱི་ཆོ་ག་བྱེད་པས་ཐི་བའི་ཤ་དང་། རྒྱ་སྲན་བཟའ་བར་མི་བྱའོ། །ཨ་རུ་རའི་
ཆོ་ག་ནི། ཨ་རུ་རའི་ཕྱེ་མ་རྒྱམ་ཚ་དང་སྦྱར་ན་རླུང་སེལ་ཏོ། །མར་དང་སྦྱར་ན་མཁྲིས་པ་སེལ་ཏོ། །བཅའ་སྒ་དང་སྦྱར་ན་བད་ཀན་སེལ་ཏོ། །བུ་རམ་དང་སྦྱར་ན་ནད་དོ་ཅོག་སེལ་ཏོ། །སྐྱུ་རུ་རའི་ཆོ་ག་ནི། སྐྱུ་རུ་རའི་ཁུ་བ་ཕུལ་གང་ལ་སྲང་བརྒྱད་དུ་བརྩིས་པའི་
ཕུལ་བཅུ་དྲུག་བཙགས་ལ། བུམ་པ་སྦྲང་རྩིས་བསྐུས་པའི་ནང་དུ་བླུགས་ཏེ་ཁ་བཅད་ནས་ཡུན་རིང་དུ་བཞག་ལ། དགུན་ནམ། དགུན་སྨད་དམ་དབྱར་བཏུང་བར་བྱ་སྟེ། སྐྱེར་ཁཎྜ་དང་། འོ་མར་སྦྱར་ན་ཁྲག་ལུད་པ་གྱེན་དུ་འབྱུང་བ་དང་མཁྲིས་པ་སེལ་ཏོ། །ཁ་ར་
དང་སྦྱར་ན་སྐྱ་རྦབ་ཀྱི་ནད་སེལ་ཅིང་། མོ་མཚན་གྱི་ཁྲག་མི་ཆོད་པ་ཆོད་པར་བྱེད་དོ། །སྦྲང་རྩིར་སྦྱར་ན་བད་ཀན་གྱི་ནད་སེལ་ཏོ། །ཚ་བ་གསུམ་དང་སྦྱང་ན་དྲོད་ཆུང་བ་ལས་དྲོད་སྐྱེད་པར་བྱེད་དོ། །སྨན་སོ་མ་རཱ་ཛ་དང་སྦྱར་ན་མཛེ་ནད་སེལ་ཏོ། །དུག་

མོ་ཉུང་གི་ཤུན་ལྤགས་དང་སྦྱར་ན་གཞང་འབྲུམ་སེལ་ཏོ། །འདི་ལྟར་བདག་གིས་ཚེའི་རིག་བྱེད་ཀྱི་རྒྱ་མཚོ་དྲང་སྲོང་གཞུང་ལ་སྐྱེས་ཀྱི་བུ་དང་། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་གཞུང་རྣམས་བལྟས་ནས། གསོ་བའི་དཔྱད་ཀྱི་ཟེར་ཙམ་གྱི་རྒྱུད་ལེའུ་སུམ་ཅུ་
རྩ་གཅིག་པོ་འདི་རྣམས་རིམ་བཞིན་ཕབ་ཅིང་སྦྱར་བ་ནི། ཕོ་བོ་ལྷ་བསྲུངས་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པས་བྱེད་དུ་བཅུག་ནས། དེའི་ཕྱེར་སྨན་དཔྱད་འདི་ཉི་མས་བསྲུངས་པས་བྱས་སོ། །ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ།། །།སྨན་དཔྱད་གཅེས་
པ་གྲུབ་པ་ཞེས་བྱ་བ། ནུབ་ཕྱོགས་པ་རྟ་མཁན་བགྲོད་དཀས་བསྲུངས་པའི་བུ་ཉི་མས་བསྲུངས་པས་བྱས་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཨ་ཏི་རྒྱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཙནྡྲས་བསྒྱུར་ཏེ་གཏན་ལ་ཕབ་པའོ། །བདག་གིས་
རིག་མཆོག་གཅེས་གྲུབ་འདི་བྲིས་པས། །རླུང་མཁྲིས་བད་ཀན་ནད་གཞི་དུག་གསུམ་དང་། །འཕྲལ་གྱི་རྐྱེན་གྱུར་ཉོན་མོངས་གསུམ་བརྒྱད་ཀྱིས། །མནར་མེད་སེམས་ཅན་མཐའ་ཡས་ཐམས་ཅད་ཀུན། །སྨན་རྣམས་བདུད་རྩིར་གྱུར་ནས་ཉམ་ཐག་
པའི། །རླུང་མཁྲིས་དུག་གསུམ་ལ་སོགས་གཏན་སྤངས་ཏེ། །ས་རབ་བགྲོད་དཀའ་ལམ་གྱི་ཉེས་བསལ་ནས། །གཡུང་དྲུང་བླ་མེད་ཆེན་པོ་མྱུར་ཐོབ་ཤོག།། །།༄། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་ངག་ཟབ་མོ་བཞུགས། །
༄༅༅། །སྲིད་པ་གསུམ་གྱི་བླ་མ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །བཀོད་པར་གྱུར་པ་རྩ་བའི་མཛོད། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །བདག་གིས་རབ་ཏུ་བརྗོད་པར་བྱ། །ཀ་ན་ཀ་པཉྩ་དྒི་བླངས་ནས་ཨ་ལམ་བུ་ཥ་
དང་། ཆང་གི་ས་བོན་དང་། །སྒེའུ་གཤེར་དང་། པི་པི་ལིང་གི་ས་བོན་དང་། འདི་རྣམས་ཀཉྫི་ཀ་དང་བཏགས་ནས་པྲི་ཥ་ཎ་ལ་བྱུགས་ན། ཀུ་ར་ཎྜ་སེལ་བར་བྱེད་དོ། །མ་ཧེའི་མར་སར་དང་ནས་ཀྱི་ཕྱེ་དང་། ནཱ་ག་བ་ལ་དང་། ཤུ་དག་དང་། ཨ་ཏི་བ་ལཱ་དང་།

བ་ལཱ་དང་། འདི་དག་ཐམས་ཅད་གཅིག་ཏུ་བྱས་ནས་ཉེད་པར་བྱས་ན་སྦོམ་པོར་བྱེད་པའི་མཆོག་གོ། །གཏུན་ཤིང་ལྟ་བུར་འགྱུར་རོ། །མར་སར་དང་། ཤུ་དག་དང་། རུ་རྟ་དང་། བ་ལཱ་དང་། །ནཱ་ག་བ་ལཱ་རྣམས་ཀྱིས་ནུ་མ་མཆོག་ཏུ་མཉེས་ན་
དེ་ཡིས་བཱ་མ་པ་ལྟ་བུར་འགྱུར་རོ། །ནམ༔ས་བ་རཱ་ཎཾ་ཧ་རི་དྲ་སྭཱ་ཧཱ། སོ་རྩི་ལ་ལན་བདུན་བསྔགས་པ་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཚངས་མ་དང་། ཤུ་དག་དང་། བཱ་མ་དང་། པི་པི་ལིང་དང་། སྦྲང་རྩི་དང་། རྒྱམ་ཚ་དང་། སིང་ལྡིང་རྣམས་
མཚན་མོ་བདུན་གྱི་ཉེ་བར་སྦྱོར་བས་ངག་མི་གསལ་བ་དག་པར་འགྱུར་རོ། །བྱི་དང་གའི་སྙིང་པོ་སྲང་གཅིག །ཨ་རུར་སྲང་གཅིག །བ་རུ་ར་སྲང་གཅིག་དང་། བུ་རམ་སྲང་དྲུག་སྟེ་འདི་དག་མཉམ་པ་ཆུ་དང་བཅས་པ་ཟོས། རླུང་ནད་མ་ལུས་པ་སེལ་བར་
ཐེ་ཚོམ་མེད། ཚངས་པའི་དབྱུག་པ་དང་། ཤུ་དག་དང་། རུ་རྟ་དང་། པྲི་ཡང་ཀུ་དང་། ནཱ་ག་གེ་སར་རྣམས། སོ་རྩི་དང་བཅས་པ་བུད་མེད་ལ་བྱིན་ན་གཞན་གྱིས་དབང་དུ་བྱེད་པར་འགྱུར་རོ། །སྐར་མ་རྒྱལ་ལ་མྱོས་བྱེད་ཀྱི་འབྲས་བུ་བླངས་ཏེ། སྐར་མ་
སྐག་ལ་ཤུན་པ་དང་། སྐར་མ་མེ་བཞི་ལ་འདབ་མ་དང་། སྐར་མ་ནག་པ་ལ་མེ་ཏོག་དང་། སྐར་མ་སྣྲུབས་ལ་རྩ་བ་རྣམས་བླངས་ཏེ། འདི་རྣམས་ཕྱེ་མར་བྱས་ནས་སྦྲང་དང་ལྷན་ཅིག་རིལ་བུ་བྱས་ཏེ། རས་ཀྱིས་བཅིངས་བ་སན་ཙོ་ ནས་དྲིལ་ཏེ་བརྡུངས་ནས་ཕྱེ་
མར་བྱས་ཏེ། སོ་རྩི་དང་མཉམ་དུ་གང་ལ་བྱིན་པ་དེ་ཐམས་ཅད་མོད་ལ་དབང་དུ་འགྱུར་རོ། །ཧྲཱིཾ་གྷུཾ་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདི་འདབ་མ་ལ་བྲིས་ནས་གང་ལ་བྱིན་པ་དེའི་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་།
རིམས་མི་བཟད་པ་སེལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨ་རྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཏཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏརྱ་ཐཱ། ཨོཾ་ཀ་རི་ཀརི། བི་ཀ་རེ་སྟ་མ་བྷ་ནི་བི་ཀ་རེ་སྟ་མ་བྷ་ནི། སརྦ་རོ་ག་པྲ་ཤ་མ་ནི་སྭཱ་ཧཱ། སྔགས་འདི་ལན་

ཉི་ཤུ་རྩ་གཅིག་བཟླས་ཏེ། ཁ་ལ་བྱབས་ཤིང་། གོས་ལ་མདུད་པ་བྱས་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་རྒྱལ་བོ་ཁྲོས་པ་རབ་ཏུ་དང་བར་འགྱུར་རོ། །བ་ལང་གི་སོ་དང་བྱ་རོག་གི་བྲུན་མཉམ་པར་བཏགས་ཏེ། གང་གི་མགོ་ལ་གཏོར་བ་དེ་ཐམས་ཅད་དབང་དུ་
འགྱུར་རོ། །ཡུངས་ཀར་དཀར་པོ་དང་། ཤི་བ་ནི་རྨཱ་ལྱ། གང་གི་ཁྱིམ་དུ་བཞག་ན་དེ་སྐྲོད་པར་བྱེད་དོ། །སཱ་ཁོ་ཊ་ཀའི་རྩ་བ་དང་། བ་རུ་རའི་རྩ་བ་གཅིག་ཏུ་བྱས་ནས་གང་གི་ཁྱིམ་དུ་བཞག་ན་དེའི་ཁྱིམ་དུ་རྟག་ཏུ་འཐབ་མོ་འབྱུང་ངོ་། །ལྒ་དང་། པི་པི་ལིང་
དང་། ཕོབ་རིས་དང་། འཇམ་འབྲས་དང་་། ཡུང་བ་དང་། སྐྱེར་པ་དང་། རྒྱམ་ཚ་དང་། རིའི་བི་ལྦ་དང་། རྒྱ་སྤོས་ཀྱི་རྩ་བ་དང་། སཾ་ཁྱ་ནཱ་བྷི་སྟེ། འདི་དག་ཐམས་ཅད་ཆུ་ལ་བཏགས་ཏེ་མིག་སྨན་བྱས་ན། རབ་རིབ་མ་ལུས་པ་སེལ་བར་བྱེད་དོ།
ཝཱ་ཀུ་ཛི་ཀཱ་བྱི་གང་དང་། རྒྱམ་ཚ་དང་། རའི་འོ་མ་ཆ་མཉམ་པ་བྱས་ནས། བ་ལང་གི་ཆུ་དང་མཉམ་པར་སྤྱར་ཏེ་ཟངས་ཀྱི་སྣོད་དུ་བཞག་ནས། དེ་ལུས་ལ་དྲིལ་ཕྱི་བྱས་ན་མཛེ་ནད་མ་ལུས་པ་སེལ་བར་བྱེད་དོ། །ལྕགས་ཀྱི་ཕྱེ་མ་དང་། མཾ་སཱ་ཀ་ཥྚ་དང་། དེ་
བཞིན་དུ་སྐྱུར་རུ་རའི་འབྲས་བུ་དང་། ཁུ་བ་སྲང་བཅུ་དང་། ཁུ་བ་དེས་བསྒོས་ནས་ཉི་མ་ལ་བཞག་སྟེ། སླར་ཡང་ཝཱ་གུ་ཛི་ཀཱའི་ཕྱེ་མ་ཞོ་གང་བྱས་ནས་དཀྲུགས་ཏེ། རྒས་པ་འོ་མའི་བཟའ་བ་དང་ལྷན་ཅིག་ཟོས་ན་ཞག་བདུན་གྱིས་མཛེས་ནད་སེལ་བར་བྱེད་དོ། །དེ་ཡང་
གལ་ཏེ་ལས་ཀྱི་དབང་གིས་ན་མི་འགྲུབ་པོ། །དེ་བཞིན་དུ་སྐྱུ་རུ་ཆ་བཅུ་དང་། བྱི་ཏང་ག་ཆ་ལྔ་དང་། ཨ་རུ་ར་ཆ་བཅུ་དང་། ཙི་ཏྲ་ཀ་ཆ་ལྔ་དང་། ཝཱ་གུ་ཛི་ཆ་བདུན་དང་། ལྕགས་ཕྱེ་ཆ་བརྒྱ་དང། ར་མོ་ཤག་ཆ་དགུ་དང་། ཏིལ་མར་བསྲེས་པ་ཟླ་བ་
གཅིག་གིས་སྐྲ་དཀར་འཇོམས་སོ། །འདི་ནི་བྱུག་པ་མདོར་བསྡུས་བའོ། །བྱེའུ་ཁཉྩ་རཱི་ཊའི་རུས་པ་དང་། སྦྲུལ་གྱི་མགྲིན་པའི་བགས་པ་དང་། ཤིང་གང་ལ་སྦྱིན་པའི་འདུག་པ་དེ་ཤིང་དེའི་དྲུང་དུ་མཉམ་པར་དོར་རོ། །བྱེའུ་ཁཉྩ་རཱི་ཊའི་ཤ་དང་སྦྲང་རྩི་

ལྷན་ཅིག་སྤྱར་ཏེ། པྱ་བའི་དུས་སུ་སྐྱེ་གནས་བྱུགས་ཏེ། བུད་མེད་གང་ལ་སྐྱེས་བུ་མངོན་པར་བསྒྲོད་པར་བྱེད་ན་དེ་དང་པོ་བཞིན་དུ་སྐྱེས་བ་དེའི་བུར་འགྱུར་རོ། །དགོན་པའི་འུག་པ་བཟུང་ནས་དེའི་མིག་དང་པི་པི་ལིང་གིས་བྱུགས་ཏེ།
དེའི་རྔུལ་ལྷུང་བས་མིག་ལ་མིག་སྨན་བྱས་ན། དེ་སྦས་པ་དེ་མི་མཐོང་ངོ་། །སཱ་པཱི་ཏི་ཏ་བྱཱ་དྷ་ཏྲ་རོ་པཎྣཾ་པྲ་ཡ་ཙྪ་ཏི། ནས་ཀྱི་ཕྱེ་མ་དང་། ཡུང་བའི་ཕྱེ་མ་དང་། བའི་ཆུ་དང་། མར་དང་། སྤོས་དཀར་དང་། ཤིང་མངར་རྣམས་མཉམ་པར་སྦྱར་ཏེ། གདོང་
ལ་དྲིལ་ཕྱི་བྱས་ན། གདོང་པདྨ་ལྟ་བུར་འགྱུར་རོ། །རྐང་པ་དག་པདྨའི་འདབ་མ་ལྟ་བུར་འགྱུར་རོ། །བུད་མེད་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་མཛེས་ཤིང་སྡུག་པར་འགྱུར་རོ། །ཡང་ཤིང་མངར་དང་བཏགས་ཏེ་རིལ་བུ་སྦྱར་ནས་ཆུའི་བུམ་པར་བཅུག་ན།
བསིལ་བར་འགྱུར་རོ། །ཨོཾ་མ་ཧཱ་བ་ལི་ཛ་ཡེ་སྭཱ་ཧཱ། གོས་ལ་ཡོངས་སུ་བཟླས་ཏེ་བསྒོས་ན་སྐལ་བ་བཟང་པོར་འགྱུར་རོ། །རིག་པ་འཛིན་པས་སྤྲེའུའི་འཇུག་མ་བླངས་ཏེ་སྦྲང་དང་བཏགས་ནས་ལྟེ་བའི་ཕྱོགས་སུ་བྱུགས་ན་ལིང་ག་གྱེན་དུ་འགྱུར་བར།
ཐེ་ཚོམ་མེད་དོ། །ཏཱུརྦ་དཀར་པོ་དང་། ཤུ་དག་དང་། རུ་རྟ་དང་། པཎྜི་ཏ་ག་རའི་རྩ་བ་དང་། སྲིན་ལག་གི་ཁྲག་རྣམས་མཉམ་པར་སྦྱར་ཏེ། དུར་ཁྲོད་ཀྱི་ཐལ་བ་དང་འདི་དག་སྦྱར་བས་སྐྱེས་པ་དང་བུད་མེད་དབང་དུ་བྱེད་དོ། །ཐང་ཕྲོམ་པ་དང་།
ཤུ་དག་དང་། རུ་རྟ་དང་། ཀཎྜ་ཀ་རི་དང་། ས་ཏཱ་བ་རི་དང་། འདི་དག་ཆ་མཉམ་པར་བྱས་ནས་ཏིལ་མར་གྱིས་སྨིན་པར་བྱས་པའི་ཏིལ་མར་དེས། ལིངྒ་ཉེད་པར་བྱས་ན་སྦོམ་པར་བྱེད་པའི་མཆོག་ཏུ་འགྱུར་རོ། །ལྕེའི་དྲི་མ་དང་། ཤུ་དག་དང་། རུ་
རྟ་དང་། ནི་རྨ་ལ་ཆ་མཉམ་པར་ཕྱེ་མར་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཨ་ག་རུ་དང་། གུ་གུལ་དང་། ཤེང་ཤུ་ཥྐ་དང་། ཨུཏྤལ་སྔོན་པོ་དང་། བུ་རམ་སྦྱར་བས་བདུག་པ་བྱས་ནས་བདག་ཉིད་རྒྱལ་པོའི་ཕོ་བྲང་དུ་སོང་ན་མཆོད་པ་ཆེན་པོ་ཐོབ་

ཅིང་བཙུན་མོ་རྣམས་ཀྱིས་དྲི་སྣོམ་པར་བྱེད་དོ། །བྱེའུ་ཁ་ཉྩ་རཱི་ཊའི་བྲུན་བླངས་ཏེ། སི་རི་སའི་ས་བོན་བྱུགས་པས་འཆི་བ་སེལ་ཏོ། །བྱ་རོག་གི་ལྕེ་དང་། ཤུ་དག་དང་། རུ་རྟ་དང་། པི་པི་ལིང་དང་། འབྲས་བུ་ཐུག་པོ་ཆེ་བདུན་དང་། བདག་ཉིད་ཀྱི་ཁུ་སྦྱར་ཏེ་གང་
ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཤུ་དག་དཀར་པོའི་རྩ་བ་དང་། གི་ཝང་ལྷན་ཅིག་བཏགས་ཏེ་དེའི་ཐིག་ལེ་བྱས་ནས་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། དཎྜོ་ཏྤ་ལའི་རྩ་བ་དང་། སྦྲང་རྩི་ལྷན་ཅིག་བཏགས་ཏེ་རིལ་བུ་བྱས་ནས་གང་ལ་བྱིན་ནས་གང་ལས་རྩི་དང་ལྷན་ཅིག་བྱིན་པ་དེ་
དབང་དུ་འགྱུར་རོ། །ཨོཾ་བཱ་ར་སྱ་མུ་ཁམ་དྲི་ཥྚཱ་བཱ་ལ་རྐས་མ་ཏེ་ཛ་སཱ། ཙ་ཏུ་རྠ་ཀ་མྨ་ཧཱ་གྷོར་མ་ཀྵི་པྲ་མེ་བ་བྲ་ཏ་སྱ་ཏི། སྔགས་འདི་གྲོ་གའི་འདབ་མ་ལ་བྲིས་ཏེ་ལག་པ་ལ་བཏགས་ན་རིམས་ཉིན་བཞི་པ་ཕྲལ་དུ་ཉམས་པར་བྱེད་དོ། །བཱ་གུ་ཛི་ཀའི་འབྲས་བུའི་ཕྱེ་མ་
དར་བ་དང་ལྷན་ཅིག་བཏགས་ནས་དེ་དྲིལ་ཏེ། དར་བའི་ཟན་དང་། སྐྱུར་བ་ཐམས་ཅད་དང་ལྷན་ཅིག་ཟོས་ན་གཞང་འབྲུམ་དང་། རྐང་འབམ་དང་། འབྲུམ་ཕྲན་དང་། མཛེ་དང་། མཚན་བར་རྡོལ་བ་དང་དུག་རྣམས་སེལ་བར་བྱེད་དོ། །བཱ་གུ་ཛི་ཀའི་འབྲས་
བུ་དར་བ་དང་ལྷན་ཅིག་བཏགས་ནས་དེ་དྲིལ་བས་མཛེ་ཐམས་ཅད་དང་། བིཙ་རྩི་་ཀ་ལ་སོགས་པ་སེལ་བར་བྱེད་དོ། །པཱ་གུ་ཛ་ག་བྲེ་གང་དང་། སེང་ལྡེང་ཞོ་གང་མཉམ་པར་བྱས་ཏེ། ཆུ་བྲེ་བརྒྱད་དང་བསྐོལ་བར་བྱའོ། །དེ་ནི་ཆ་ཕྱེད་ལུས་པ་ན་བཏུད་ས་ཏེ། བྱ་
རོག་གི་ལྕེ་དང་། ཤུ་དག་དང་། རུ་རྟ་དང་། བིལྦིའི་འདབ་མ་དང་། གུར་གུམ་དང་། བདག་ཉིད་ཀྱི་ཁྲག་དང་མཉམ་པར་སྦྱར་བས་ཤིང་ཡང་དབང་དི་བྱེད་དོ། །ཨོ་པི་ཤཱ་ཙཱི་རཱུ་བེ་ཎཱ་ལིདྦ་ཡ་ཙུ་མྦ་ཡ། བྷ་གཾ་ས་ཉྩེ་ཡ་ཉ་སྭཱ་ཧཱ། སྔགས་ཀྱི་ཚིག་འདི་ཆུ་ཁྱོར་བ་གང་ལ་
ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཉལ་བའི་དུས་སུ་རིག་མ་གང་གི་མིང་སྨོས་ནས་བཏབ་ན། ཞག་ཉི་ཤུ་རྩ་གཅིག་གིས་མིའི་དབང་པོའི་བཙན་མོ་ཡིན་ནའང་དབང་དུ་འགྱུར་ན་གཞན་ལྟ་ཅི་སྨོས། ཁྲག་སྐྲོད་པའི་རྩ་བ། ཀ་རྨར་ངྒའི་རྩ་བ་དང་སི་ཧྱའི་ལོ་མ་དང་།

འདི་དག་མཉམ་པར་བྱས་རྐང་པའི་མཐིལ་ལ་བྱུགས་ན་ས་བོན་འཆིང་བར་བྱེད་དོ། །ཨ་རུ་ར་དང། ཞུ་མཁན་དང་། ལུང་ཐང་གི་འདབ་མ་དང་། དྷ་དུར་དང། ས་འབྲུའི་ཤུན་པ་དང་། ས་ཁ་སྱ་ན་དྒ་པྲ་མ་དོ་མཱ་ནཱཾ་ཏཱ་ཡེ་པཥྚི་ས་སི་ཁཾ་ཀ་
རོ་ཏི། ཨོཾ་ར་ཙ་ཎཱི་མ་ཧཱར་དྞཱ་ཡ་སྭཱ་ཧཱ། སྔགས་འདིས་བདུན་དུ་མངོན་པར་བསྔགས་ནས་གོས་ལ་སོགས་པར་མདུད་པ་བྱས་ན་བྱ་བ་མ་ལུས་པ་འགྲུབ་པར་འགྱུར་རོ། ན་མ༔སཱ་ཀྵི༔ཀ་པཱ་ལ་མཱ་ལི་ཐཱ་ཧཱ། གཞན་ཡང་བྱི་ལའི་ཁྲག་བླངས་ནས། འཇམ་འབྲས་ཏིལ་
མར་གྱིས་བསྒོས་ཏེ། པདྨའི་སྐུད་པས་སྡོང་བུ་བྱས་ནས་དབང་ཕྱུག་གི་མདུན་དུ་དུད་པ་འཆགས་པར་བྱས་ཏེ་མིག་ལ་བྱུགས་པ་ཙམ་གྱིས་མི་སྣང་བར་འགྱུར་རོ། ཨོཾ་ཙི་ཏི་ཧེ་ཧེ། སྔགས་འདིས་ཆུ་དཀྲུགས་ཏེ་མིག་བྱུགས་ན་ཐེ་ཚོམ་མེད་པར་གྲུབ་པར་འགྱུར་རོ། །
བྱ་རོག་གི་ཁྲག་དང་། ཅེ་སྤྱང་གི་མཁྲིས་པ་དང་། འུག་པའི་རུས་པ་དང་། འདི་དག་ཆ་མཉམ་པའི་ཕྱེ་མ་ཞིབ་མོར་བྱས་ཏེ། རྒྱུར་སྐར་ནབས་སོལ་བཏགས་ཏེ། མིག་ལ་བྱུགས་ན་མི་སྣང་བར་འགྱུར་རོ། །སཱ་ལ་པ་རྞི་ལག་པ་ལ་བཅིངས་ནས། ས་མ་རེ་
ཀཱ་ཎྚ་ཟློག་པར་བྱེད་དོ། །ན་མ་ཤྩ་ཎྜ་བཛྲ་བཱ་ཎ་ཡེ་མ་ཧཱ་ཡ་ཀྵ་སེནཱ་པ་ཏ་ཡེ། ཏ་དྱ་ཐཱ། ཨོཾ་བཛྲ་ཧྲི་ཀྵཱི་སྥཊ། རིག་སྔགས་འདི་ལན་ཅིག་བརྗོད་ཅིང་། ཨོཾ་སཾ་ཙོ་རཾ་སྟཾ་བྷ་ཡ་སྭཱ་ཧཱ། ཀཱ་ལ་སི་མཱི་ཀའི་རྩ་བ་དང་། ག་བུར་དང་། པདྨ་གེ་སར་དང་། འདི་དག་ཆ་མཉམ་
པར་བྱས་ནས། ཆུ་དང་བཏགས་ཏེ་རིལ་བུ་བྱས་ནས་གྲིབ་མ་ལ་བསྐམས་ཏེ། རིལ་བུ་དེ་ལ་ཡང་དག་པར་རེག་པའི་སྐྱེས་བུའི་ལག་པ་གཡས་པར་པདྨ་འདབ་མ་བརྒྱད་པ་ཀུན་ནས་བྲིས་ཏེ། ལག་པ་དེས་བུད་མེད་ཀྱི་ལག་པ་གཡས་པ་བཟུང་ན་བུད་མེད་དེ་མོད་ལ་
དབང་དུ་འགྱུར་རོ། །དྲི་བཟང་ཆེན་པོའི་རྩ་བ་རྐེད་ལ་བཅིངས་ན་ཁུ་བ་རེངས་པར་བྱེད་པའི་མཆོག་ཏུ་བསྟན་ནོ། །བ་རཱ་ཧ་ཀཱ་ནྟའི་རྩ་བ་ཆུ་དང་བཏགས་ཏེ་རྐང་པའི་མཐིལ་ལ་བྱུགས་ན་ཁུ་བ་རེངས་པར་བྱེད་དོ། །ནམཿསརྦ་སི་དྷ་བྷྱཿསིདྷེ་རྦྷ་བ་ཏྲ་མེ་སྭཱ་ཧཱ།

སྔགས་འདིས་མངོན་པར་བསྔགས་ཏེ། བ་བླ་དང་། ལྡོང་རོས་དང་། སྤང་སྤོས་དང་། རུ་རྟ་དང་། མུ་སྟ་ཀ་སྟེ་ཐམས་ཅད་གཅིག་ཏུ་ཆ་མཉམ་པར་བྱས་ནས། ཞིབ་ཏུ་བཏགས་ཏེ་བུད་མེད་ཀྱི་མགོ་ལ་བསྣུན་ན། མངག་གཞུག་ཏུ་འགྱུར་རོ། །ནམཿ
ཀྲིཥྞ་སརྦ་རཱ་ཡ་མ་ས་ཀཱ་ནཱཾ་ཀུ་ཎྜཾ་བམྡྷཱ་མི་སྭཱ་ཧཱ། ཇི་སྲིད་ཉི་མ་ཤར་གྱི་བར་དུ། ཨོཾ་ར་ཀྵ་ར་ཀྵ་ར་ཀྵ་སྭཱ་ཧཱ། སྔགས་འདིས་ཆུ་ཁྱོར་བ་གང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཕྱོགས་བཞིར་གཏོར་ན། སྦྲང་བུ་རྣམས་སྐྲོད་པར་བྱེད་དོ། །ཀ་ར་བཱི་ར་དམར་པོའི་རྩ་བ་
ལན་བདུན་བསྔགས་ཏེ་བུད་མེད་ཀྱི་མདུན་དུ་གཏོར་ན་བུད་མེད་དེའི་མོད་ཁོ་ན་ལ་དབང་དུ་འགྱུར་རོ། །བྲ་ཧྨ་དཎཱི་དང་། ཤུ་དག་དང་། ལོ་མ་རྣམས་སྦྲང་དང་ལྷན་ཅིག་བཏགས་ནས་ལིངྒ་ལ་བྱུགས་ནས་འདོད་པ་བྱས་ན་བདག་པོ་གཞན་འདོད་པར་མི་བྱེད་དོ། །
པ་ཙ་ཀའི་མིག་བླངས་ནས་ཛཱ་ཧི་དང་སུནྡྷ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཕྱེ་མ་དེས་མིག་སྨན་བྱས་ནས། སྐྱེས་བུ་དབང་དུ་འགྱུར་རོ། །བེ་ཙ་ཀའི་སྣུམ་བླངས་ནས་བའི་མར་དང་ལྷན་ཅིག་གཅིག་ཏུ་བྱས་ནས་དུད་པ་དབབ་པར་བྱའོ། །རིས་མིག་སྨན་བྱས་ནས་
འབྱུང་བོ་དང་ཤ་ཟ་རྣམས་ཀྱི་དབུས་སུ་རྩེ་བར་བྱེད་དོ། །བེ་ཙ་ཀའི་སྙིང་བླངས་ནས་ཆང་དང་ལྷན་ཅིག་ལུས་ལ་བྱུགས་ནས་འདོད་པ་སྤྱད་ན་བུད་མེད་ཐམས་ཅད་སྐྱེས་པའི་དབང་དུ་འགྱུར་རོ། ཚངས་པའི་ཤིང་གི་རྩ་བ་ཁར་བཅུག་ན་ཁུ་བ་རེངས་པར་བྱེད་དོ། །
ལྒ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། རྒྱ་སྐྱེགས་དང་། ཟིར་དང་། ཟི་ར་ནག་པོ་དང་། ཤིང་ཀུན་དང་། སྒོག་པ་དང་། ལན་ཚ་དང་། འདབ་མ་དང་། ཀུ་ཊ་རྣམས་ཆང་དང་བཏགས་ཏེ། ཕྲ་ཧཱ་རོ་སྠི་ཏེ་ན། ཨ་ཤེ་ཥཱ་ཛི་རྞཱ་
ཏ་ནྷ་བཱ་ཤྭརྱ་རོ་བྱ༔། ཐམས་ཅད་ཉམས་པར་བྱེད་དོ། །གང་ཞིག་སུ་ཎྛི་བཅུ་གཉིས་འཐུངས། །བད་ཀན་ཚོགས་ནི་འཇོམས་བྱེད་ཅིང་། །རླུང་ཡང་ཉེ་བར་འདྲེན་པར་བྱེད། །ཨ་ཛི་རྞ་ཛིར་ས་རྱ་སུ་པཱི་ཧ་མ་ཥྚོ་ད་ཀ་ནི་སཾ། རང་དགའ་བ། ཨ་ཛ་མོ་ད་ཚ་བ་གསུམ། །

རྒྱམ་ཚ་ཟི་ར་རྣམ་གཉིས་དང་། །ཤིང་ཀུན་ཆ་བརྒྱད་མཉམ་པར་བཟུང་། །འདི་ཡི་ཕྱེ་མ་མར་སར་དང་། །སྐྱེ་བོ་གང་ཞིག་ཟ་བྱེད་པ། །རླུང་གི་ནད་ནི་སེལ་བར་བྱེད། །མཱུ་ལ་མ་ཡ་སྟུ་པུ་ན་བྷུ་བ་ཡ༔ བི་བ་ཏི་ཀྵི་ར་ཎ་བ་པྲ་ཏྱ་
ཙུ་རྞ་ནྟཱ་སྱ་གུ་ཌོ་སམ་ཧི་ཏ་བ་ཏོ་ཛཱི་རྞེ་ཡ་ཥྚ་སི་ན༔་ཧཱི་ནཱཾ་གོ་྅་པི་སཛཱ་ཡ་ཏོ྅་རྩི་ཏ་པཱི་ལཱཾ་ཧཾ་སེནྡྲ་ཀུ་ནྟཱ་པྲ་བྷྲཾ། མྲ་སོ་ནི་བརྔྷི་ར་ཥཱུ་བ་རྵ་བ་ཡ་སཱ་མུ་ཀྵོ་ཛ་རཱ་བྱཱ་དྷི་བྷི༔ཨ་རུ་ར་སྲང་གཅིག །བ་རུ་ར་སྲང་གཅིག །སྐྱུ་རུ་ར་སྲང་གཅིག །ཅི་ཏྲ་ཀཾ་སྲང་གསུམ།
ལྒ་སྲང་གཅིག །པི་པི་ལིང་སྲང་གཅིག། །ན་ལེ་ཤ་མ་སྲང་གཅིག། ནཱ་ག་གེ་སར་གྱི་ཕྱེ་མ་ཞོ་བཞི། ཕོ་བ་རིས་དཀར་པོ་ཞོ་དོ། །སྡིག་སྲིན་རྭ་ཞོ་དོ། །དུག་ཞོ་དོ། །འདི་དག་ཐམས་ཅད་ཕྱེ་མ་ཞི་བ་མོར་བྱས་ནས་བུ་རམ་སྲང་ལྔ་བཅུ་རྩ་ལྔ་དང་
བསྲེས་ཏེ་གང་གིས་ཟོས་པ་དེ་མེ་སྟོབས་སུ་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །མཛེ་ནད་བཅོ་བརྒྱད་ཉམས་པར་འགྱུར་རོ། །ཐང་བྱེད་ཀྱི་ནད་དང་། གློ་དང་འབུགས་དང་། དེ་བཞིན་དུ། མཆིན་ནད་དང་། སྐྱ་རྦབ་དང་། འབྲས་
དང་། རླུང་ནད་དང་། སྤྲུལ་དང་། སྲིན་བུ་ལཱུ་ཏ་དང་། དུག་ནད་སེལ་བར་བྱེད་དོ། །དེ་བཞིན་དུ་བརྟག་པ་དང་གཡོ་བ་འང་ངོ་། །སྟོབས་གླང་པོ་ཆེ་དང་མཉམ་པར་འགྱུར་རོ། །ཤུགས་རྟ་ལྟ་བུར་འགྱུར་རོ། །ཟླ་བ་གཅིག་གིས་མེར་འགྱུར་
རོ། །རྣ་བ་ཕག་ལྟ་བུར་འགྱུར་རོ། །མིག་བྱ་རྒོད་ལྟ་བུར་འགྱུར་རོ། །འདི་ཐམས་ཅད་ཀྱིས་མི་འདྲེགས་པར་འགྱུར་རོ། །འཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ་བུ་ཡོངས་སུ་རྫོགས་སོ།། །།ན་མོ་ར་ཏྣ་ཏྲ་ཡཱ་ཡ། ན་མ་ཤྩ་ཎྜ་བཛྲ་པཱ་ཎཾ་ཡེ་མ་
ཧཱ་ཡ་ཀྵ་སེ་ན་པ་ཏ་ཡ། ཏ་ཏྱ་ཐཱ། ཨོཾ་ཛྭ་ར་གྲི་ཎུ་ཛྭ་ར་གྲི་ཎུ་གརྫ་གརྫ། ཙྖརྡུ་ཙྪ་རྡུ། མུཉྩ་མུ་ཉྩ། ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རིམས་མི་བཟད་པ་རྣམས། ཨཊ་ཧ་ཊ་ཕྱག་ན་རྡོ་རྗེའི་བཀའ་

བཞིན་དུ། ཧུ་རུ་ཧུ་རུ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། སི་རི་མུཉྩ་ཀ་ཎཱཾ་མུཉྩ་ཏྭ་ཞི་ད་ཡཾ་མུཉྩ་མུཉྩ། ཌ་ད་རཾ་མུཉྩ། ཀ་ཊི་མུཉྩ་མུཉྩ་ཀ་ཎྠ་མུཉྩ། ཧ་སྟི་མུཉྩ། བཱ་དོ་མུཉྩ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཆེ་གེ་མོའི་རིམས་ཉམས་པར་གྱིས་ཤིག་སྭཱ་ཧཱ། རིམས་བཟློག་
པའོ། །དབང་པོའི་ནས་དང་། ཞུ་མཁན་དང་། པུ་ཤེ་ཙི་དང་མ་སར། སྤོས་དཀར། པ་མ། བཱི་ཏཱ། ནི་ཕཊའི་འདབ་མ་རྣམས་གཅིག་ཏུ་བྱས་ནས་བཏགས་ཏེ་གདོང་ལ་བྱུགས་ན་གདོང་ཟླ་བ་ལྟ་བར་འགྱུར་རོ། ཀཱ་མ་ཡཱའི་རྩ་བ་གཅུག་ཏུ་བཅིངས་
ན་གཉིད་དུ་འགྱུར་རོ། །ཀུ་ཋཱ་ར་ཙྪི་ཎྨའི་རྩ་བ་ཁར་བཅུག་ན་རལ་གྲི་ལ་སོགས་པ་ཟློག་པར་བྱེད་དོ། །ཨ་ལཾ་མུཥཱའི་རྩ་བ་རྣ་བ་གཉིས་ལ་བཅིངས་ན་རིམས་ཉིན་བཞི་པ་ཉམས་པར་བྱེད་དོ། །དུར་ཁྲོད་དུ་སྐྱེས་པའི་དྲོ་ཎ་པུ་ཥྤའི་ཁུ་བས་མིག་བཀང་ན་མིག་
གི་མེ་ཏོག་སེལ་བར་བྱེད་དོ། །ཀྵུ་དགྲ་ཨི་ནི་ཀའི་རྩ་བ་དང་། གི་ཝཾ་ལྷ་ཅིག་བཏགས་ནས་ཐིག་ལེ་བྱས་ན་རྒྱལ་པོའི་སྒོར་མཆོག་ཏུ་འགྱུར་རོ། །ཤྲི་གཱ་ལ་བསྟུ་ཀཱའི་རྩ་བ་རྣ་བ་ལ་བཅིངས་ན་མིག་ནད་སེལ་བར་བྱེད་དོ། །ས་ཁོ་ཊ་ཀའི་རྩ་བས་
མགུལ་ནད་སེལ་བར་བྱེད་དོ། །བྷུ་མི་ཙམ་པ་ཀའི་རྩ་བ་བཏགས་ནས་བཏུངས་ན་ལྟོ་བའི་ཟུག་སེལ་བར་བྱེད་དོ། །དཀའ་ཐུབ་པའི་ཆུ་འོངས་པ་དང། འབྲས་སཱ་ལུ་དང་། འབྲས་ཐུག་པོ་ཆེ་དང། ཀ་ར་དཀར་པོ་དང་ལྷན་ཅིག་བཏུངས་ན་
བུད་མེད་རྣམས་ཀྱི་ཁྲག་འབབ་པ་སེལ་བར་བར་བྱེད་དོ། །ཏྲི་ཤྲུ་ལི་ཀའི་རྩ་བ་ཁར་བཅུག་ན་གླང་པོ་ཆེ་དབང་དུ་འགྱུར་རོ། །པྲྀ་ཧ་ཏཱི་དཀར་པོའི་རྩ་བ་འབྲས་ཐུག་པོ་ཆེའི་ཆུ་དང་བཏགས་ནས་བཏུངས་ན་རྡེ་ནད་སེལ་བར་བྱེད་དོ། །སུ་བཱཎྞ་སེ་ཕཱ་ལི་
ཀའི་རྩ་བ་དར་བ་དང་ལྷན་ཅིག་བཏགས་ནས་བྱུག་པ་བྱས་ན་ཁྱི་རྡོ་སེལ་བར་བྱེད་དོ། །མངོན་པར་བགྲོད་པའི་དུས་སུ་ཨ་གྣི་བ་སྟུ་ཀའི་རྩ་བ་ཁར་བཅུག་ན་མོད་ལ་བུད་མེད་དབང་དུ་འགྱུར་རོ། །ཨ་ལ་མུ་ཥཱའི་རྩ་བ་ཀཾ་ཛི་ཀ་དང་བཏགས

ནས་མགོ་བོ་ལ་བྱབས་ན་མགོའི་ནད་སེལ་བར་བྱེད་དོ། །ཨརྐ་དཀར་པོའི་རྩ་བ་དར་བ་དང་བཏགས་ནས་བཏུངས་ན་མིག་སེར་སེལ་བར་བྱེད་དོ། །ནཱ་ག་ལམ་ཛཱ་ཏིའི་རྩ་བ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། །འོ་མ་དང་ལྷན་ཅིག་
ཟོས་ནས་ཆགས་པ་བྱས་ན་བུ་སྐྱེས་བར་འགྱུར་རོ། །བྷོ་ཛ་ནཉྩ་ཨེ་ཀ་བ་ལ་ཡཱ་དུགྷི་ན་ས་ཧ་ཀཱ་ར་དང་། མཁན་པའི་རྩ་བ་དང་། དྲོ་ཎ་པུ་ཥྤའི་རྩ་བ་དང་། ཡུང་བ་དང་། འབྲས་ཐུག་པོ་ཆེ་ལྷན་ཅིག་བྱས་ནས། དྲི་ལ་ཕྱི་བྱས་ཏེ། ཆུས་དཀྲུས་ན་གསལ་
པོར་སྨྲ་བར་འགྱུར་རོ། །དེ་བཞིན་དུ་ནཱ་ག་གེ་སར་དང་། སྠ་ལ་ཀུ་མྦྷཱི་དང་། ནཱག་དམ་ན་ཀ་དང་། དམར་ཀ་པུཥ་པ་རྣམས་ཀྱི་རྩ་བས་དྲིལ་ཕྱིས་བྱས་ཏེ་ཆུས་བཀྲུས་ན། ཀླུ་ནོར་རྒྱས་ཀྱི་བུའང་དབང་དུ་འགྱུར་རོ། །ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡ་ཀྵ་སེ་
ནཱ་པ་ཏ་ཡེ། ཏ་དྱ་ཐཱ། ཨ་ན་ལེ་ཨ་ན་ལེ་ཧུ་ཏུ་སཱ་ཧཱ། སྔགས་འདི་ཚ་བའི་ཏིལ་མར་ལ་བརྒྱད་མངོན་པར་བསྔགས་པར་བྱས་ཏེ་རྐང་པ་གཉིས་ལ་བྱུགས་ན་དཔག་ཚད་དུ་མར་མི་ངལ་བར་འགྲོ་བར་འགྱུར་རོ། །སྔོན་དུ་བསྙེན་པ་འབུམ་བྱས་པས་
སོ། །མཁའ་འགྲོ་རྣམས་ཀྱིས་ཕྱག་རྒྱ་འབྱེད་པར་འགྱུར་རོ། །བཅིངས་པ་གྲོལ་བ་ལས་བཟླས་བར་བྱའོ། །ན་མ༔ཀུ་སུ་མཱ་ལི་ཀཱ་ཡ་ཧི་མ་ར་དཱུ་རེ་ས་བ་རི་སྭཱ་ཧཱ། བྱི་བ་སྒྲིབ་པར་བྱད་པའི་སྔགས་སོ། །ཨ་པཱ་མརྒའི་རྩ་བ་ལ་བདུན་བསྔགས་པའི་
སྲད་བུ་ཡོངས་སུ་བཅིངས་ན་རིམས་ཉིན་གཅིག་པ་སེལ་བར་བྱེད་དོ། །བ་རཱ་ཧ་ཀྲཱནྟའི་རྩ་བ་ལག་པ་ལ་བཅིངས་ན་ལང་ཚོ་ཉམས་པ་ལའང་བུ་འབྱུང་ངོ་། །དཎྜོ་ཏྤ་ལའི་རྩ་བ་དང་། གི་ཝཾ་ལྷན་ཅིག་བཏགས་ནས་ཐིག་ལེ་བྱས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན།
རྒྱལ་པོའི་ཕོ་བྲང་ལ་སོགས་པ་ཡུལ་འཁོར་ཀྱི་སྐྱེ་བོ་དགའ་བར་འགྱུར་རོ། ཕག་གནོན་པ། །ཀ་ཀེ་ལའི་རྩ་བ་ཕྲད་པར་བྱས་ན་སོའི་ཟུག་རྔུ་སེལ་བར་བྱེད་དོ། །ཏང་སྠཱ་ཀྲྀམ་ཡ༔ནཱ་ཤ་ཡ་ཏི། བྷྲི་ག་རཱ་ཛའི་རྩ་བ་དང་། ཨ་པར་ཛི་ཏའི་རྩ་བ་དང་། མེ་ཏོག་ཕྱུངས་

ཏེ་མགྲིན་པར་བཅིངས་ན་ལྐོག་འབྲས་སེལ་བར་བྱེད་དོ། །བསྟུ་ཀའི་རྩ་བ་བཱ་སའི་ཆུ་དང་བཅས་པ་བཏུངས་ན་སྐྱ་རྦབ་ཀྱི་ནད་སེལ་བར་བྱེད་དོ། ཏི་ཀྟ་ལ་ཤུའི་རྩ་བ་ཀཉྫི་ཀ་དང་བཏགས་ཏེ་སྤྱི་བོར་བྱུགས་ན་མགོ་བོའི་ཟུག་སེལ་བར་བྱེད་དོ། །སུ་བརྞསེ་ཕཱ་ལི་ཀའི་རྩ་
བ་སྦྲང་རྩི་དང་ལྷན་ཅིག་བཏུངས་ན། དྲི་ཆུ་འགགས་པ་སེལ་བར་བྱེད་དོ། སིཛྫའི་རྩ་བ་བུ་རམ་དང་ལྷན་ཅིག་ཟོས་ན་གཉིད་དུ་འགྱུར་རོ། །བཊའི་རྩ་བ་བཏགས་ནས་བྱིན་ན་མིག་སེར་སེལ་བར་བྱེད་དོ། །ཀཎྚ་ཀཱ་རའི་རྩ་བ་རྐེད་པ་ལ་བཅིངས་ན་མིག་ནད་སེལ་
བར་བྱེད་དོ། །སཱུ་མ་པ་ཏྟ་དང་། བྷཉྫ་ནའི་རྩ་བ་བཏགས་ནས་ལྒའི་ཁུ་བ་དང་། རྒྱམ་ཚ་དང་། ཏིལ་མར་ལྷན་ཅིག་བསྲེས་ཏེ་རྣ་བ་བཀང་ན་རྣ་བའི་ཟུག་རྔུ་སེལ་བར་བྱེད་དོ། ཀྲིཥྣ་སཱ་ཀའི་རྩ་བ་བཏགས་ན་སོའི་ཟུག་རྔུ་སེལ་བར་བྱེད་དོ། །གུཉྫའི་རྩཱ་བ་དུམ་དུ་
བདུན་དུ་བྱས་ནས་སྲད་བུ་བདུན་རྐེད་པར་བཅིངས་ན་གཞང་འབྲུམ་གྱི་ནད་སེལ་བར་བྱེད་དོ། །ན་བ་མ་ལིའི་རྩ་བ་མ་བཀྲུས་པ་བྱ་རོག་མ་གྲག་པའི་དུས་སུ་བདེ་བར་ཕྱུང་ནས་སྲད་བུ་བདུན་དང་བཅས་བ་རྐེད་པར་བཅིངས་ན་ཙི་ཏཱུན་སེལ་བར་བྱེད་དོ། སྨ་རུ་མགོ་ནག།
པ་ཊྱཱའལ་ཀའི་རྩ་བའི་ས་ཤིང་ཟོས་ན་མིག་སེར་སེལ་བར་བྱེད་དོ། །སྦའི་རྩ་བ་བསྐོལ་ནས་བཏུངས་ན་མཛེ་ནད་སེལ་བར་བྱེད་དོ། །སྐྱུ་རུ་ར་དང་ནི་མྤའི་ལོ་མ་ལྷན་ཅིག་བཏགས་ནས་ཟོས་ཏེ། སཱ་ཁོ་ཊ་ཀའི་རྩ་བ་དང་། ཀཉྫི་ཀ་བཏགས་ནས་བྱུགས་ན་རླུང་།
འབྲས་སེལ་བར་བྱེད་དོ། །ས་ཎའི་རྩ་བ་སོ་རྩི་དང་ལྷན་ཅིག་ཐོས་ན་དབང་པོའི་ནད་འབྱུང་བར་མི་འགྱུར་རོ། །འདབ་མ་དང་བཅས་པའི་དམན་ཀའི་རྩ་བ་བཏགས་ནས་བཏུངས་ན་ཡོངས་སུ་འགྱུར་བའི་ཟུག་རྔུ་སེལ་བར་བྱེད་དོ། །སུ་ཝ་རྞ་ས་ཕཱ་ལི་ཀའི་རྩ་བ་ཁར་
བཙུག་ན་རྒྱན་རྒྱལ་བར་འགྱུར་རོ། །བ་སོ་རྟ་རའི་སི་ཕ་ཕྱུང་ནས་ལྟེ་བའི་ཕྱོགས་སུ་བཅིངས་ན་བུད་མེད་བདེ་བར་བཙའ་བར་འགྱུར་རོ། །ཡང་ཛ་ཡ་ནྟིའི་རྩ་བ་ཁར་བཅུག་ན་ཐ་སྙད་ལས་རྒྱལ་བར་འགྱུར་རོ། །བརཱ་ཧ་ཀཱ་ནྟའི་རྩ་བ་ལག་པ་ལ་བཅིངས་ན་ཐ་སྙད་ཀྱིས་

མི་ཐུབ་པར་འགྱུར་རོ། །ཨ་པར་ཛི་ཏའི་རྩ་བ་སྐར་མ་རྒྱལ་ལ་ཕྱུང་ནས་རས་བལ་ལ་སྣུམ་བྱུགས་ཏེ་དུད་པ་དབབ་བར་བྱའོ། །དེས་མིག་སྨན་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཀུནཱའི་རྩ་བ་སྐར་མ་རྒྱལ་ལ་བྱུང་སྟེ། བུ་སཱ་
ར་ཀའི་གནས་སུ་བཞག་ན་ཚོང་རྒྱལ་བར་འགྱུར་རོ། །མ་ཡུ་ར་སི་ཁཱའི་རྩ་བ་རང་གི་ཁུ་བ་དང་བཏགས་ནས་སོར་མོ་ལ་བྱུགས་ན་བུད་མེད་འཛག་པར་ཐེ་ཚོམ་མེད་དོ། །རྙ་མ་དཱ་ཏིའི་རྩ་བ་འདབ་མ་དང་བཅས་པ་བཏགས་ནས་སེ་ཕལ་བྱུགས་ན་བུད་མེད་འཛག་གོ །ནཱ་
ག་གེ་སར་གྱི་ཡུ་བ། ཨ་ཤོ་ཀའི་རྩ་བ་དང་། སོ་རྩི་དང་ཆང་ རྨ་བྱའི་གཙུག་ཕུད་ གང་ལ་སྦྱིན་པ་དེའི་ཨ་མཙྪ་ཀ་ཞི་བར་བྱེད་དོ། །སུ་རི་དང་སུ་ནཱ་ལ་སོ་རྩི་བཅོས་བཟོས་ན། ཁུ་བ་རེངས་བའི་མཆོག་ཏུ་འགྱུར་རོ། །དྷྲི་དྒ་རཱ་ཛའི་རྩ་བ་རང་གི་ཁུ་བར་བཏགས་བས་
མིག་སྨན་བྱས་ན། གང་དང་གང་མཐོང་བ་དེ་དང་དེ་དབང་དུ་བྱེད་དོ། །རང་གི་ཁྲག་དང་གི་ཝཾ་གིས་ཐིག་ལེ་བྱས་ན་བུད་མེད་གང་མཐོང་བ་དེ་དབང་དུ་བྱེད་དོ། །བྱི་ཏང་ག་དང་། བྷ་ལླཱ་ཏ་ཀ་དང་། ཙི་ཏྲ་ཀ་དང་། ཨ་བྷ་ཡཱ་དང་། ད་མོང་ཤ་ ས་ནཱ་ག་རཱ་དང་མཉམ་པའི་
རིལ་བུས་མར་སར་ལྷགས་ན་གང་ངལ་བར་འགྲོ་བའི་སྐྱེས་བུ་དེ་རླུང་དང་མཚུངས་བར་འགྱུར་རོ། །བུད་ཤིང་གི་ཁུ་བ་དང་། འབྲས་བུ་གསུམ་དང་། ལྕགས་ཀྱི་ཕྱེ་མ་དང་། བདམ་གྱི་པདྨ་དང་། བྷྲི་དྷའི་ཁུ་བས་ཀྱང་ངོ་། །ཨ་རྨ་པ་བྷུ་ཐུན་མོས་བ་ནི་ཥྚཾ།
རཉྫ་ཏི་ཀ་ཤ་ཀ་པཱ་ལན་སནྷ་ཧཾ། གུ་ཉྫ་དཀར་པོའི་རྩ་བ་སྐར་མ་རྒྱལ་བྱུང་ནས། ཏེ་ན་དཥྚ་ཀ་སྱ་ན་ས་བཱ་མ་ནཱ་སི་ཀཱ་ཡ༔ པྲ་ཊེ་པྲ་དོ་ཏྟེ་ཙནྪ་ཏེ། བུཉྫ་དཀར་པོའི་རྩ་བ་རྐེད་པ་ལ་བཅིངས་ན་བདག་ཉིད་ཀྱི་ཁྲག་སེལ་བར་བྱེད་དོ། །དེའི་རྩ་བ་སྐྱེ་གནས་ལ་
བྱུགས་པར་བྱིན་ན་མངལ་བསྡམས་པ་བཅའ་བར་བྱེད་དོ། །གུཉྫ་དཀར་པོའི་རྩ་བ་ཕྱེ་མ་ཞིབ་མོར་བྱས་ནས་མ་ཧེའི་འོ་མ་ལ་བཅུག་ན་ཞོ་སྨིན་པར་འགྱུར་རོ། །སཱ་ཁོ་ཊ་ཀའི་འོ་མ་ཐིགས་པ་གཉིས་བཅུག་སྟེ། ལེགས་པར་སྨིན་པ་ཉི་མ་གསུམ་པ་ལ་བསྲུབས་

པའི་མར་གསར་བླངས་ཏེ། དར་བ། ཏ་ཀྲ་ཉྫ་ཛ་ཧྲ་སཱ་པ་ཡ། མེ་ཏོག་དཀར་པོ་གཏོར་བྱའོ། ཉི་མ་གཞན་ལ་དེའི་མེ་ཏོག་ནག་པོར་འགྱུར་རོ། མར་སར་དེས་ཐོད་པར་མིག་སྨན་དུ་འགྱུར་རོ། །ཛཾ་བཱི་རའི་རྩ་བ་བཏགས་ན། ཛ་ནྟི་ཀའི་ནད་སེལ་བར་བྱེད་དོ། །
པནྣཱག་པ་ཏི་ཀའི་རྩ་བ་བཏགས་ན་བེམས་པོའི་ནད་སེལ་བར་བྱེད་དོ། །རྀ་ཏུབཱི་ཏཱིའི་འབྱུང་པོའི་ཉི་མ་བཞི་པ་ལ་ནཱ་ག་གེ་སར་གྱི་ལོ་མ་དང་། ཁ་དོག་གཅིག་པའི་བའི་འོ་མ་བཏུངས་ན། ཉི་མ་བཞི་པ་ལ་སྐྱེས་བུའི་མཛེ་ནད་སེལ་བར་བྱེད་དོ། །སྐྱུ་རུ་ར་གེ་སར་ལས་
སྐྱེས་བའི་ཁུ་བ་དང་ལྷན་ཅིག་ལྕགས་ཀྱི་སྣོད་དུ་བཏགས་ཏེ་མིག་སྨན་བྱས་ན་རབ་རིབ་སེལ་བར་བྱེད་དོ། པཱུ་ན་རྣ་ཝའི་རྩ་བ་དང་། སོ་སོ་བྷ་ཉྫ་ནའི་རྩ་བ་དང་། འབྲས་ཐུག་པོ་ཆེའི་ཆུ་དང་བཏགས་ནས་དེ་ཉིད་བཏུངས་ན་མཁྲིས་པ་སེལ་བའི་མཆོག་གོ །ཏ་ནྚུ་ལི་ཀཱའི་
རྩ་བས་མཁའ་འགྲོ་མའི་གདོན་དག་གིས་བཟུང་བའི་སྙིང་གི་ཟུག་རྔུ་སེལ་བར་བྱེད་དོ། །ཀ་ཉྩ་ནཱའི་རྩ་བ་དང་། ཤུན་པ་དང་། དར་བ་མཉམ་པར་བཏུངས་ན་ཟས་ཀྱིས་བརྣབས་པ་སེལ་བར་བྱེད་དོ། །ཨཱི་ཤྲ་རའི་རྩ་བ་དང་ཀཉྫི་ཀ་བཏགས་ནས་བྱུགས་ན་གདུག་
པའི་རྨ་སེལ་བར་བྱེད་དོ། །དེ་བཞིན་དུ་གདུག་པའི་རྨའི་གནས་སུ་བྱུག་པར་ཡང་བྱའོ། །ཏྲི་སཱུ་ལི་ཀཱའི་རྩ་བ་བཏགས་ནས་བྱུག་པར་བྱིན་ན། དུག་ནད་སེལ་བར་བྱེད་དོ། །ཏ་ཎྜུ་ལི་ཀཱའི་འདབ་མ་དང་བཅས་པའི་རྩ་བ་དང་། ཨ་གྣི་བསྟུ་ཀའི་རྩ་བའི་ཁུ་བ་བཏགས་
ནས་ལུས་ལ་བྱུགས་ན་བཅུད་སྐམ་སེལ་བར་བྱེད་དོ། །སུ་ད་རྴ་ཀའི་རྩ་བ་བཏགས་ནས་བྱུགས་ན་མིག་ནད་ཞི་བར་བྱེད་དོ། །གོ་ཛི་ཧྭེའི་རྩ་བ་རས་བལ་ལ་བཅིངས་ན་ཐ་སྙད་ལས་རྒྱལ་བར་འགྱུར་རོ། །ཨ་ཤྭ་གནྔྷའི་རྩ་བ་མར་དང་ལྷན་ཅིག་བཏུགས་ན་མང་ལ་
བརྟན་པར་བྱེད་པའི་མཆོག་གོ། །སུ་ར་བྷ་ཏི་ག་རའི་རྩ་བ་བཏགས་ནས་བྱུགས་ན་སྲིན་བུ་ལཱུ་ཏའི་དུག་སེལ་བར་བྱེད་དོ། །གི་རཱི་ཀ་རྞི་ཀའི་རྩ་བ་བཏགས་ན་ལྐོག་འབྲས་སེལ་བར་བྱེད་དོ། །ཨུ་ཏྤལ་སྔོན་པོ་དང་། གཞན་གྱིས་མི་ཐུབ་པའི་རྩ་བ་སོ་རྩིར་བྱིན་ན་

དབང་དུ་བྱེད་པའི་མཆོག་གོ། །ཨ་པཱ་མཱ་རྒའི་རྩ་བ་དང་། རྒྱམ་ཚ་དང་། གམ་ཛི་ཀ་ལྷན་ཅིག་ཟངས་ཀྱི་སྣོད་དུ་སྦྱར་ནས་མིག་སྨན་བྱས་ན་མིག་ཚག་པ་སེལ་བར་བྱེད་དོ། །ཛ་ཡནྟའི་རྩ་བ་ཏིལ་མར་གྱིས་སྨིན་པར་བྱས་ན་ཟོས་ན་བཅུད་
ཉམས་པར་བྱེད་དོ། །ཀ་རཉྫའི་རྩ་བ་དང་། མ་ཧཱ་ཀཱ་ལའི་རྩ་བ་དང་། ཏ་ཎི་ལའི་ཆུ་བཏུང་བར་བྱིན་ན་སའི་དུག་སེལ་བར་བྱེད་དོ། །དེ་བཞིན་དུ་བུ་ན་རྣ་བཱ་དཀར་པོའི་རྩ་བ་ཕྱུང་ནས་སྣ་བུག་ཏུ་བྱིན་ན་གདུག་པའི་དུག་སེལ་བར་བྱེད་དོ། །པཱ་ཐའི་རྩ་བ་དང་
བ་དང་ལྷན་ཅིག་བཏགས་ན་ཚད་པས་འཁྲུ་བ་སེལ་བར་བྱེད་དོ། །མནྡཱ་རཱའི་རྩ་བ་འོ་མ་དང་ལྷན་ཅིག་བཏུངས་ན་རླུང་ནད་སེལ་བར་བྱེད་དོ། །ཨརྐའི་རྩ་བ་དང་། རི་ཥི་པཱུ་ཊོ་ལི་ཀའི་རྩ་བ་ས་བོན་དང་ལྷན་ཅིག་ཆ་མཉམ་པར་བྱས་ནས་ཆུ་དང་བཏགས་ཏེ་ར་ཤང་ལམ་
དུ་བྱུགས་ན་གཞང་འབྲུམ་སེལ་བར་བྱེད་དོ། །དྲི་སཱི་ལི་ཀའི་རྩར་འོ་མ་དང་བཏགས་ཏེ་གི་ཝི་རང་ལྷན་ཅིག་ཟངས་ཀྱི་སྣོད་དུ་བཞག་ནས་མིག་ལ་བྱུགས་ན། རབ་རིབ་སེལ་བར་བྱེད་དོ། །ཨ་རུ་ར་དང་། ཞུ་མཁན་དང་། ལུང་ཐང་གི་འདབ་མ་དང་། ཤིང་ཁུན་དང་།
ཤུ་དག་རྣམས་ཆ་དང་ལྷན་ཅིག་བཏགས་ནས་གལ་ཏེ་སོས་བཏབ་ན་འཆི་བདེའི་ཚེ་ཡང་འདི་བྱིན་ན་རྣལ་དུ་གནས་པར་འགྱུར་རོ། །ཀོ་ཀི་ལཱ་ཀྵའི་རྩ་བ་དང་། ཀུ་ཌཱུ་ཙི་དང་། དབྱུག་པའི་ཨུཏྤལ་དང་། སུ་ཝ་རྩེས་ཕྭ་ལི་ཀའི་ས་བོན་དང་། བྲི་ཧ་ཏིའི་རྩ་
བ་དང་། ཆ་མཉམ་པར་བྱས་ནས་ཡུངས་ཀར་་གྱི་སྣུམ་དང་ལྷན་ཅིག་བཏུངས་ན་རྐང་འབམ་དང་རླུང་ནད་སེལ་བར་བྱེད་དོ། །གོ་ཛི་ཏྲའི་རྩ་བ་དར་བ་དང་ལྷན་ཅིག་བཏུངས་ན་རྐེད་པའི་ནད་སེལ་བར་བྱེད་དོ། །ཨུཏྤལའི་རྩ་བ་བའི་མར་དང་ལྷན་ཅིག་བཏུངས་ན་པྲི་ཥ་ཎའི་ཀླུ་
སེལ་བར་བྱད་དོ། །ཀུ་ཛ་ཊའི་རྩ་བ་ཕྱེ་མར་བྱས་ནས་སྤྲང་དང་ལྷན་ཅིག་བྱིན་ན་རྩའི་རྨ་སེལ་བར་བྱེད་དོ། །པ་ར་མེ་སྭ་རའི་རྩ་བ་དང་ཤུ་དག་བྱུགས་ན་འབྲས་སེལ་བར་བྱེད་དོ། སུ་ཎཱི་ཀཱའི་རྩ་བ་དང་། ལྒ་དང་ལྷན་ཅིག་ལག་པ་ལ་བྱུགས་ན་མི་རེངས་པར་བྱེད་དོ། །བནྡྷུ་

ཀིའི་རྩ་བ་སྣར་བྱིན་ན་སྣ་ནད་སེལ་བར་བྱེད་དོ། །བཱ་རཱ་ཧ་ཀྲཱནྟའི་རྩ་བ་ཡུངས་ཀར་གྱི་མར་དང་ལྷན་ཅིག་ཁར་བཅུག་ན། སྐྱེ་བོ་ཐམས་ཅད་ཀྱི་མིག་འཆིང་བར་བྱེད་དོ། །བྲ་ཐཱ་མཱ་ལཾ། ཨོཾ་ཁངྒ་ཝཱ་རི་ཎཱི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཁ་ལ་བཏབས་ནས་མཚོན་བཟའ་བར་བྱའོ།
ཨ་ག་རུ་དང་། གུ་གུལ་དང་། ཤྲཱི་ཝཱ་ས་དང་། ཙན་དན་དང་། ནེ་པཱ་ལི་ཀཱའི་འདབ་མ་དང་། ནི་རྨཱས་རྣམས་བུ་རམ་དང་ལྷན་ཅིག་ཆ་མཉམ་པར་བྱས་ནས་བདག་ཉིད་བདུགས་ཏེ། རྒྱལ་པོའི་ཕོ་བྲང་དུ་ཕྱིན་ན་སྐྱེ་བོ་ཐམས་ཅད་ཀྱིས་དེའི་དྲི་སྣོམ་པར་བྱེད་ཅིང་། ཐམས་
ཅད་མངག་གཞུག་ཏུ་འགྱུར་རོ། །ཏིལ་ནག་པོ་དང་། སྐྱུ་རུ་ར་དང་། བྷྲི་ངྒ་རཱ་ཛ་དང་། འདི་དག་ཆ་མཉམ་པར་བྱས་ནས་མར་དང་ལྷན་ཅིག་ཟོས་ན་སྐྲ་དཀར་དང་། རབ་རིབ་དང་། སྐྱ་རྦབ་རྣམས་སེལ་བར་བྱེད་དོ། །ཀཱ་ཀ་ཛི་གྷའི་རང་བཞིན་བཤད་པར་བྱ་སྟེ། སྨན་
ཆེན་པོ་ཀཱ་ཀ་ཛི་གྷ་ཨ་ཏི་བཱ་ལཱ། དེ་བཞིན་དུ་བ་ལ་ཎཾ་དང་། བ་ར་ཎྜུའི་འདབ་མ་དང་། ཁུ་བ་དང་། ཡུངས་ཀར་དཀར་པོ་དང་། མཎྜུ་ཀའི་རིལ་མ་བྲེ་གང་གིས་སྨིན་པར་བྱས་ཏེ། འདིས་རྩ་བ་བཀྲུས་ན་ཆུ་ཀླུང་གི་ཤུགས་ཀྱང་ཞི་བར་བྱེད་དོ། །ཀཱ་ཀ་ཛི་གྷཱའི་ཁུ་བ་
བླངས་ཏེ། འདིའི་རྩ་བ་དང་བཏགས་ནས་རྨ་ལ་བཏབ་ན་རྨ་གསོ་བའི་མཆོག་གོ །འདིའི་འདབ་མ་དང་། འབྲས་ཐུབ་པོ་ཆེའི་ཆུ་དང་བཏགས་ཏེ་བཀྲུས་ཤང་བསྐམས་ནས་རྨ་ཏིལ་མར་གྱིས་བཀང་ན་རྩ་གསོ་བའི་མཆོག་གོ །འདིའི་འདབ་མའི་ཁུ་བ་དང་། བ་
ལང་གི་ཆུ་ལྷན་ཅིག་ཁར་བཟུང་ན་ཁའི་ནད་སེལ་བར་བྱེད་དོ། །ཀཱ་ཀ་ཛི་གྷཱ་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། བྷྲ་དྒ་རཱ་ཛའི་ཁུ་བ་བླངས་ནས། ཏིལ་མར་གྱིས་སྨིན་པར་བྱས་ན་ཁི་ཉ་འཕེལ་བར་བྱེད་དོ། །ཐོས་པ་རེངས་པ་སེལ་བར་བྱེད་དོ། །སྦྲང་དང་ལྷན་ཅིག་
གིས་ལྐོག་འབྲས་སེལ་བར་བྱེད་དོ། བྷལླཱ་ཏ་ཀ་དང་། ལྷན་ཅིག་ཟོས་ན་མཛེ་ནད་སེལ་བར་བྱེད་དོ། །མར་སར་དང་ལྷན་ཅིག་གིས་སྐྱིགས་བུའི་ནད་སེལ་བར་བྱེད་དོ། །སྤོས་དཀར་དང་ལྷན་ཅིག་གིས་མཚན་བར་རྡོལ་བ་སེལ་བར་བྱེད་དོ། །སྤོས་དཀར་དང་ལྷན་ཅིག་གིས་མཚན་བར་རྡོལ་བ་སེལ་བར་བྱེད་དོ། །ཁ་ཎྜ་དང་ལྷན་ཅིག་གིས་ཁ་

ནད་སེལ་བར་བྱེད་དོ། །བའི་ཆུ་དང་ལྷན་ཅིག་གིས་མེ་དབལ་སེལ་བར་བྱེད་དོ། །འཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ་སློབ་དཔོན་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པྲི་ཡཾ་
ཀུ་དང་། ཀ་ཀོ་ལ་དང་། ཤུ་དག་དང་། རུ་རྟ་དང་། ཡུངས་ཀར་དཀར་པོ་དང་། ནཱ་ག་པུ་ཥཱ་དང་། སྤོས་དཀར་རྣམས་ཀྱི་བདུག་པ་བྱས་ན་མྱུར་དུ་ཚོར་འབྱུང་བར་འགྱུར་རོ། །སྒོག་པ་ཟོས་ན་ཨ་རུ་དང་། ཀུ་ཊ་བཏགས་ན་དྲི་མ་མེད་པར་འགྱུར་རོ། །ཆང་བཏུངས་
ནས་དུ་རྦ་བཏགས་ན་དྲི་མ་མེད་པར་འགྱུར་རོ། །པ་རོ་ལཱིའི་ཁུ་བ་བཏབ་ན་ཆང་དཀར་པོར་འགྱུར་རོ། །ཡང་། སོ་སོའི་བཱི་ར་བཏབ་ན་རང་བཞིན་དུ་གནས་པར་འགྱུར་རོ། །ཀཱ་ར་སུམ་ཁ་དཀར་པོའི་རྩ་བ་དང་རྨ་བྱའི་གཙུག་ཕུད་ཀྱི་རྩ་བ་དང་། གཞན་གྱིས་མི་ཐུབ་པ་དཀར་
བོའི་རྩ་བ་རྣམས་གཅིག་ཏུ་བྱས་ནས་བཏགས་ཏེ་གྲིབ་མ་ལ་བསྐམས་པའི་རིལ་བུ་ཁར་བཅུག་ཅིང་། ལུས་ལ་བྱུགས་པ་བྱས་ན་གཡུལ་ལས་མཚོན་ཆ་བཟློག་པར་བྱེད་དོ། སྐྱུ་རུ་རའི་རྩ་བ་དང་། མེ་ཏོག་ཕྱུང་ནས་ཁར་བཅུག་ན་གཡུལ་ལས་མཚོན་ཆ་རེངས་བར་བྱེད་དོ།
ཨུ་ངྡྷ་དྟྷ་ག་ལྀ་ཏཾ་བ་ནཱ་ནི་སི་ཀྟ་མྲྀ་ཏྟི་ཀཱཾ་གྲྀ་དྱ་དཀྟོ་ད་ར་མ་དྷྱེ་པྲ་ཀཱི་སྱ་ཡ་ཏ་གྲྀ་ཧ་ཕཊ་ལ་སྦྲཱ་ཡེ་ཏ། ཧ་ཧྲ་ཨི་ཥྨི་ཀཱ་ཡ་ཏནྟི། ཙ་ཏུ་རྡ་ཤྱཱཾ། བ་ཏུ་བཱ་ར་བྲི་ཀྵ་སྱ་དཀྵི་ཎ་སཱ་ཁཱཾ་གྲྀ་ཧྱ་ཀ་ར་ཡི་ཏཱ་ཤྲི་དྒ་མ་ཏཱི་ཤྨ་ཤད་གྣི། ཏཱ་དྷི་ཏཾ། ཕུག་རོན་གྱི་བྲུན་དང་། ལྷམ་བུ་ཆུ་གཤེར་གྱི་ཆུ་
དང་། གུ་གུལ་དང་། ཤིང་ཚ་དང་། ན་གི་དང་། རུ་རྟ་དང་། གན་ཀའི་ས་བོན་དང་། འདི་དག་གིས་བདུགས་པའི་རིལ་བུ་སྦྱར་ཏེ། བདུག་སྤོས་འདིས་རྙེད་པ་དང་བཅས་པའི་ཚོང་འབྱུང་བར་འགྱུར་རོ། །སྔགས་ནི་འདི་འོ། །ཨོཾ་ན་མོ་ཅ་ཎྜ་ཀུ་ཥ་ཀུ་རུ་ཀུ་རུ་སཱ་ཧཱ།
འདི་ནི་བྱམས་གླིང་གི་གཟིམས་ཁང་དུ་རྒྱ་དཔེ་བཞུགས་པ་ལས་ཆོས་རྗེ་རིན་པོ་ཆེ་ངག་གི་དབང་ཕྱུག་བསོད་ནམས་རྣམ་རྒྱལ་དཔལ་བཟང་པོའི་བཀའ་བཞིན་དུ། ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་རྒྱ་དཔེ་བཞིན་ཇི་ལྟར་གོ་བ་རྣམས་བསྒྱུར་རོ།། །།བླ་མ་

དང་སངས་རྒྱས་སྨན་གྱི་བླ་དྲང་སྲོང་ཚེའི་རིག་བྱེད་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །ཐོག་མར་ནད་ཀྱི་མཚན་ཉིད་བརྟག་བ་ནི། །ཕོ་བའི་ནད་རྣམས་རླུང་ལ་བརྟེན། སེམས་འཁྲུལ་པ་དང་ཟ་ཟིར་འབྱུང་བ་མཁྲིས་པ་ལ་བརྟེན། རང་བཞིན་གྱིས་འཁྲུལ་བ་བད་ཀན་
ལ་བརྟེན། ཚད་པ་མ་འཇུ་བ་ལ་བརྟེན། རླུང་གི་ཆད་པའི་ནད་ཡུན་གྱིན་ཚད་ཞག་བདུན། མཁྲིས་ཚད་ཞག་བཅུ། བད་ཀན་ཚད་པ་ཞག་བཅུ་གཉིས། རླུང་ཚད་ཀྱི་བརྟན་པ་ནི། ཚིགས་རྣམས་བརྡུངས་པ་ལྟ་བུར་ན། གཡལ་སྟོང་འབྱུང་ཞིང་བྱ་སྙོང་བྱེད་སྙིང་འདོད།
གྲང་ཤུམ་ཤིན་ཏུ་ཆེ། ལུས་ཀྱི་བ་སྤུ་ལྡང་། མགོ་དང་ཆུ་རྒྱུས་རྩིབ་ལོགས་མུར་གོང་རྐང་མཐིལ་རྣམས་ལྷག་པར་ན། སྒྲེག་པ་ཡང་ཡང་འབྱུང་། རྣ་བ་འོན། ཁ་ལ་རོ་བསྐ། མིག་དང་སེན་མོ་ཤིན་ཏུ་དམར། ལུས་ལ་རྔུལ་འབྱུང་། དེ་རྣམས་ཆང་བ་འམ་ཤས་ཆེ་ན་
ངེས་པར་རླུང་དང་ལྡན་པའོ། །རྟགས་དེ་རྣམས་ཤས་ཆེ་ཞིང་རྩར་མཁྲིས་པ་དང་བད་ཀན་གཉིས་ཀ་འདུག་ན་འདུས་པའི་རྟགས་སོ། མཁྲིས་ཚད་ཀྱི་རྟགས་ལ། ཆུ་ཡང་ཡང་འཚག་སྙིང་འདོད་ཅིང་བཙགས་ཚེ་ན་ཟུག་ཀྱང་ཅུང་ཟད་འབྱུང་། ལུས་དྲོད་ཤིན་ཏུ་ཆེ།
མཆུ་སྐམ། ཁའི་ནང་དང་ལྕེ་སོགས་ལ་ཐོར་པ་ཆུང་ངུ་མང་དུ་འབྱུང་། སྣ་ཁྲག་འབབ། མིག་མནན་པ་ལྟ་བུ་འདེགས་དཀའ། གོས་གོན་འབུད་བྱེད་སྙིང་འདོད། མིག་དང་སེན་མོ་མདོག་སེར། ཁ་ནས་དྲི་ངན་པ་འབྱུང་། ཁ་ར་རོ་ཁ། དེ་རྣམས་ཚང་བའམ་ཤས་ཆེ་
ན་མཁྲིས་པ་ལྡན་པའོ། །རྟགས་འདི་རྣམས་ཤས་ཆེ་ཞིང་རྩར་རླུང་རྩ་དང་བད་ཀན་གཉིས་ཀ་འདུག་ན་འདུས་པའི་ནད་ཀྱི་རྟགས་སོ། བད་ཀན་ཀྱི་རྟགས་ལ། ལུས་དང་ཤེས་པ་ལྩི་བས་གང་ཡང་བྱེད་མི་འདོད་པ། དང་ཁ་འགགས་ཤིང་ཟས་གང་ལའང་བྲོ་བ་མེད་
མིག་མནན་པ་ལྟ་བུར་ལྕི་བ། ལུས་རྩེ་བ་ཡང་བྱེད། ལུས་ལ་དྲོད་ཅུང་ཟད་ཡོད་པ། སེམས་རྩ་འཁྲུག། །ཉལ་སྙིང་འདོད། ཁ་ལ་རོ་སྐྱུར། མཆིལ་མ་མང་དུ་འབྱུང་ཞིང་སྐྱུར་དགོས་བ། ལུས་མདོག་མདངས་མེད་ཐལ་ཁ་དང་ཚི་ཆེ། མིག་དང་སེན་མོའི་མདོག་

ལྗང་། དེ་རྣམས་ཚང་བའམ་ཤས་ཆེ་ན་བད་ཀན་ཡིན་ཞིང་། གོང་གི་རྟགས་རྣམས་ཕལ་ཆེར་ཚང་ལ་རྩར་རླུང་དང་མཁྲིས་པ་གཉིས་ཀ་ལྡན་པ་འདུས་པའི་རྟགས་སོ། །གཞན་ཡང་འདུས་པའི་རྟགས་ལ་གཏམ་ཆལ་ཆོལ་སྨྲ། གཉིད་ཆེ་
མིག་དམར་ཞིང་མཆི་མ་འཛག། །ལྩེ་འགགས་སོ། །ནད་གློ་བུར་བའི་རྟགས་ལ། མིག་མདོངས་ནས་བལྟ་ནན་ཆེ་ཞིང་གཡོ་འགུལ་ཉུང་། ལུས་སྡོད་མི་ཚུགས་སོ། །དེ་ལྟར་རྟགས་དང་རྩ་མཐུན་ན་རྐྱང་པ་དང་། དཔེར་ན་རླུང་གི་རྟགས་ལ་མཁྲིས་པའི་རྩ། མཁྲིས་
པའི་རྟགས་ལ་རླུང་གི་རྩ་ལྟ་བུ་འདུག་ན་མཁྲིས་རླུང་སྟེ་དེས་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །རྩ་ལ་བརྟག་པ་ལ། རྩ་བ་རླུང་མཁྲིས་བད་ཀན་གསུམ་གྱི་རྩ། དེ་ལས་གྱེས་བ་བཅུ་བཞི་སྟེ། རླུང་གི་གནས་སུ་རླུང་། མཁྲིས་པ། བད་ཀན་དང་ཉེ་བའི་རླུང་།
མཁྲིས་པའི་གནས་སུ་མཁྲིས་པ། རླུང་། བད་ཀན། བད་ཀན་དང་ཉེ་བའི་མཁྲིས་པ། བད་ཀན་གྱི་གནས་སུ་བད་ཀན། རླུང་། མཁྲིས་པ། མཁྲིས་པ་དང་ཉེ་བའི་བད་ཀན་ཏེ་བཅུ་གཉིས། གསུམ་གའི་གནས་སུ་རྒྱུ་བའི་ཁྲག་དང་ཆུའི་རྩ་སྟེ་བཅུ་བཞིའོ། །དེ་
ལ་རླུང་གི་རྩ་ནི་སྦོམ་ལ་མགྱོགས། མཁྲིས་པའི་རྩ་ནི་གྲིམས་ལ་མགྱོགས། བད་ཀན་གྱི་རྩ་ནི་ལྷོད་ལ་དལ་བ་ཡིན་ལ། དེ་ཡང་ཞོགས་པ་ལས་མ་འཁྲུགས་ཤིང་ཟས་གང་ཡང་མ་ཟོས་གོང་དུ་བལྟ་སྟེ་མཁྲིག་མའི་གཉེར་མ་དང་པོ་ནས་རིམ་བཞིན་ནམ་མཁའ། རླུང་།
མེ། ཆུ། ས་ལྔ་ལས་ནམ་མཁའ་དང་སའི་གནས་བོར་བི་རླུང་མེ་ཆུ་གསུམ་གྱི་གནས་མཚོན་ཀན་ཆག་གསུམ་གྱི་འོག་ཏུ་རིམ་པ་ལྟར་རླུང་མཁྲིས་བད་ཀན་གསུམ་གྱི་གནས་སུ་བཟུང་ལ། རླུང་གནས་རང་གི་རླུང་། མཁྲིས་པའི་གནས་ཀྱི་རླུང་། བད་ཀན་གྱི་གནས་
ཀྱི་རླུང་གསུམ། དེ་ཡང་རླུང་གནས་རང་གི་རླུང་རྩ་ སརྦ་ སྦྲུལ་གྱི་འགྲོས་ལྟ་བུར་འཕར། མཁྲིས་གནས་ཀྱི་རླུང་ བྷ་ཨི་བ་ བྱ་རོག་གི་འགྲོས་ལྟར་འཕར། བད་ཀན་གནས་ཀྱི་རླུང་རྨ་ མ་ཡཱུ་ར་ བྱའི་འགྲོས་ལྟར་འཕར། དེ་བཞིན་དུ་མཁྲིས་གནས་རང་གི་མཁྲིས་རྩ་ལ་བསྲེག་

པ་འཕུར་ལྟར་འཕར། རླུང་གནས་ཀྱི་མཁྲིས་རྩ་ཤིང་གི་འགྲོས་ལྟར་འཕར། བད་ཀན་གནས་ཀྱི་མཁྲིས་རྩ་འབབ་ཆུ་ལྟར་འཕར་བ། བད་ཀན་རང་གནས་ཀྱི་རྩ་ངང་བའི་རྒྱལ་པོའི་འགྲོས་ལྟར་འཕར། རླུང་གནས་ཀྱི་བད་ཀན་གྱི་རྩ་སིན་འབུ་པདྨ་ཅན་གྱི་འགྲོས་ལྟར་
འཕར། མཁྲིས་གནས་ཀྱི་བད་ཀན་གྱི་རྩ་སྦལ་པའི་འགྲོས་ ཛུཾ ་ལྟར་འཕར། ཁྲག་ལའང་གསུམ་སྟེ་རླུང་ པཱ་ཎི་ གནས་ཀྱི་ཁྲག་རྩ་ཉའི་འགྲོས་ལྟར་འཕར། ཧཾས་རཱ་ཛ་ མཁྲིས་གནས་ཀྱི་ཁྲག་རྩའི་བྱིའུའི་སྐད་ལྟར་འཕར། ཛོ་འུ་ཀ་ བད་ཀན་གནས་ཀྱི་ཁྲག་རྩ་
ཕུ་རོན་གྱི་འགྲོས་ལྟར་འཕར། ཆུ་ལ་ མཎྜུ་ཀ གཉིས་ཏེ་རླུང་གནས་དང་མཁྲིས་གནས་ཀྱི་ཆུའི་རྩ་རྟའི་འགྲོས་ལྟར་འཕར། བད་ཀན་ མཆོ་ལི གནས་ཀྱི་ཆུའི་རྩ་ཁྱིམ་བྱའི་འགྲོས་ལྟར་འཕར་ལ། རླུང་ ཅི་རེ་ གི་གནས་སུ་སྦྲུལ་གྱི་འགྲོས་ལྟར་འཕར་ན་རང་གནས་སུ་རང་
ཀ་བཱུ་ཏ། །འགྲོས་ཏེ་ནད་མེད་ཀྱི་རྩ། སྲེག་པའི་འགྲོས་ལྟར་འཕར་ན་མཁྲིས་རླུང་གི་ནད་ཚན་ རེ་ཝ ཆེ་ཞིང་བཅོས་དཀའ། ཆུའི་འགྲོས་ལྟར་འཕར་ན་འབྲིང་ ཀྱ་ཀུཊི་ ཤིག་གི་འགྲོས་ལྟར་འཕར་ན་མཁྲིས་རླུང་ཡིན་ཀྱང་ཚན་ཆུང་ལ་བཅོས་སླ། གོ་རིམ་དེ་བཞིན་ངང་པའི་
རྒྱལ་བོ་སྦལ་བ་སྲིན་བུ་པདྨ་ཅན་གྱི་འགྲོས་ལྟར་འཕར་ན་བད་རླུང་ཆེ་འབྲིང་ཆུང་གསུམ། ཉའི་འགྲོས་ལྟར་འཕར་ན་ཁྲག་རླུང་ཡིན་ཀྱང་ཚན་ཆུང་། བྱེའུ་ལྟར་འཕར་ན་ཁྲག་རླུང་འབྲིང་པོ། ཕུག་རོན་ལྟར་འཕར་ན་ཁྲག་རླུང་གི་ནད་བབས་ལྕི། དེ་བཞིན་དུ་རྟའི་འགྲོས་
ལྟར་འཕར་ན་རླུང་གི་ཆུ་གསོ་སླ། ཁྱིམ་བྱའི་འགྲོས་ལྟར་འཕར་ན་གཞི་ཆེ། མཁྲིས་པའི་གནས་སུ་སྲེག་པ་འཕར་བ་ལྟར་འཕར་ན་རང་གནས་སུ་རང་སྟེ་ནད་མེད་ཀྱི་རྩ། སྦྲུལ་དང་རྨ་བྱའི་འགྲོས་བྱ་རོག་གི་སྐད་གསུམ་རིམ་པ་ལྟར་མཁྲིས་རླུང་ཆེ་འབྲེང་ཆུང་གསུམ་
ངང་བའི་རྒྱལ་པོ་སྲིད་འབུ་པདྨ་ཅན། སྦལ་པ་གསུམ་གྱི་འགྲོས་ལྟར་འཕར་ན་བད་མཁྲིས་ཆེ་འབྲེང་ཆུང་གསུམ། བྱིའུའི་སྐད་ལྟར་འཕར་ན་ཁྲག་འཕར་ན་ཁྲག་མཁྲིས་ཆུང་ངུ་། ཉ་དང་ཁྱིམ་བྱའི་འགྲོས་ལྟར་འཕར་ན་ཁྲག་མཁྲིས་ཚན་ཆེ། རྟའི་འགྲོས་ལྟར་འཕར་ན་ཆུ་

དང་མཁྲིས་པ་གཞེ་ཆུང་། ཁྱིམ་བྱའི་འགྲོས་ལྟར་འཕར་ན་གཞི་ཆེ། བད་ཀན་གྱི་གནས་སུ་ངང་པའི་རྒྱལ་པོའི་འགྲོས་ལྟར་འཕར་ན་རང་གནས་སུ་རང་སྟེ་ནད་མེད། སྦྲུལ་དང་བྱ་རོག་རྨ་བྱ་གསུམ་རིམ་པ་ལྟར་བད་རླུང་ཆེ་འབྲེང་ཆུང་
གསུམ། སྲེག་པ་ཤིག་ཆུ་གསུམ་བད་མཁྲིས་ཆེ་འབྲེང་ཆུང་གསུམ། ཉ་བྱིའུ་ཕུག་རོན་གསུམ་པར་ཁྲག་ཆེ་འབྲེང་ཆུང་གསུམ། རྟའི་འགྲོས་ལྟར་འཕར་ན་ཆུ་དང་བད་ཀན་ཤས་ཆེ། ཁྱིམ་བྱའི་འགྲོས་ལྟར་འཕར་ན་ཆུ་དང་བད་ཀན་ཡིན་ཀྱང་ཤས་ཆུང་ངོ་། དེ་ཡང་
མཚོན་གྱི་མས་སྣེར་མཁྲིས་རྩ་དང་། དཀན་གྱི་ཡས་སྣར་རླུང་རྩ། དཀན་གྱི་མས་སྣེར་བད་ཀན་གྱི་རྩ་དང་། ཆག་གི་ཡས་སྣེར་མཁྲིས་པའི་རྩ་འཕར་ན་ཉེ་བའི་གནས་ཡིན་པས་སྐྱོན་ཆུང་ངོ་། །རླུང་གི་གནས་སུ་མཁྲིས་རྩ་ཤིག་གི་འགྲོས་ལྟར་འཕར་ན་རླུང་མཁྲིས་
ཡིན་ཀྱང་བཅོས་ན་མྱུར་དུ་བདེ་ཞིང་མ་བཅོས་ཀྱང་འཆོའོ། །རླུང་གནས་སུ་བད་ཀན་གྱི་རྩ་སྲིན་བུ་པདྨ་ཅན་གྱི་འགྲོས་ལྟར་འཕར་ན་མགོ་ན། གློ་དགོག་པ་སོགས་འབྱུང་ཞིང་སྐྱོན་ཆུང་ཡང་མ་བཅོས་ན་ངང་པའི་རྒྱལ་པོའི་འགྲོས་ལྟར་སོང་དོགས་པའི་ཉིན་ཡོད་དོ། །
འཕྲལ་དུ་ནད་ཟུག་གཟེར་ཆེ་ཡང་རླུང་གི་གནས་སུ་ཁྲག་གི་རྩ་ཉའི་འགྲོས་ལྟར་འཕར་ན་བཅོས་ཀྱང་མྱུར་དུ་བདེ་ཞིང་མ་བཅོས་ཀྱང་མི་རིང་པར་འཚོ་བའོ། །རླུང་གི་གནས་སུ་ཆུའི་རྩ་རྟའི་འགྲོས་ལྟ་བུ་འཕར་ན་དབུགས་ཁ་མི་བདེ་བ། མིག་དམར་ཞིང་མིག་འདག་
མང་པ་སོགས་འབྱུང་། མཁྲིས་པའི་གནས་སུ་རླུང་རྩ་བྱ་རོག་གི་འགྲོས་ལྟར་འཕར་ན་ཁ་སྐམ་སྐོམ་དད་ཆེ། ཚགས་ཚོགས་སོགས་ཁོལ་བུར་ན་ཡང་གསོ་སླ། མཁྲིས་པའི་གནས་སུ་བད་ཀན་གྱི་རྩ་སྦལ་པའི་འགྲོས་ལྟར་འཕར་ན་མགོ་བོ་ན། ཁ་ནས་མཆིལ་མ་
ཡང་ཡང་འབོ་དགོས་ཤིང་མཁྲིས་པའང་ཅུང་ཟད་སྐྱུག་གོ །མཁྲིས་པའི་གནས་སུ་ཁྲག་གི་རྩ་བྱིའུའི་སྐད་ལྟར་འཕར་ན་ལུས་ལ་རྩེ་ཡས་བྱེད་ཅི་ ནས་ཁྲག་ཅུང་ཟད་འཛག་པ་དང་། ཐོར་བ་ཆུང་ངུ་འབྱུང་། མིག་གི་

མདངས་དམར་སེར་དུ་འོང་ངོ་། །མཁྲིས་བའི་གནས་སུ་ཆུའི་རྩ་རྟའི་འགྲོས་ལྟ་བུར་འཕར་ན་དངས་མ་འཛག །ལུས་འཁྱོམས་ཤིང་འཁོར། མིག་ན་ཞིང་མིག་ཆུ་འཛག་གོ །བད་ཀན་གྱི་གནས་སུ་རླུང་གི་རྩ་རྨ་བྱའི་འགྲོས་ལར་འཕར་ན་ལུས་གྲང་ཤུམ་བྱེད་ཅིང་རྐང་
ལག་གི་མགོ་དྲོད་མེད། མདོག་སྣུམ། ཞག་ཆུང་ཞིང་སྐྱ་ཐལ་པོ་བསྤོས་པ་དང་འཁྲོག་པ་འབྱུང་ངོ་། །བད་ཀན་གྱི་གནས་སུ་མཁྲིས་པའི་རྩ་འབབ་ཆུའི་འགྲོས་ལྟར་འཕར་ན་གློ་དགོག། །བྲང་ཚ། འགྲིམ་ཞིང་དབུགས་མི་བདེ། བད་ཀན་གྱི་གནས་སུ་ཁྲག་གི་རྩ་
ཕུག་རོན་གྱི་འགྲོས་ལྟར་འཕར་ན་ལུས་དྲོད་ཆེ། རྔུལ་འབབ། འོག་སྒོར་ཁྲག་ཅུང་ཟད་འཛག །འཕོངས་ལུག་པ་སོགས་འབྱུང་། བད་ཀན་གྱི་གནས་སུ་རྩ་ཁྱིམ་བྱའི་འགྲོས་ལྟར་འཕར་ན་ཚིགས་ན་ཞིང་ཅུང་ཟད་སྐྲངས་པ། ལུས་ཀྱི་མདངས་མི་གསལ་ཞིང་ཚི་
ཆེ། ལུས་དྲི་མི་ཞིམ་མོ། །རླུང་གི་གནས་སུ་མཁྲིས་པའི་རྩ་སྲེག་པ་འཕུར་བ་ལྟ་བུར་འཕར་ན། དངས་མ་འཛག །རྐེད་པ་ན། ལུས་དྲོད་ཆེ། ལུས་ལས་རྔུལ་མང་དུ་འཛག །ལུས་གྱོང་། མཁྲིས་པ་སྐྱུག །མིག་སེར། ཆུ་སེར་པོར་འབབ་པ་སོགས་
འབྱུང་ཞིང་འདི་ནི་མཁྲིས་རླུང་གི་གཙོ་བོ་སྟེ་བཅོས་ལ་བཟབ་པོ། །རླུང་གི་ས་རུ་མཁྲིས་པའི་རླུང་གི་རྩ་བྱ་རོག་གི་འགྲོས་ལྟ་བུར་འཕར་ན། ལུས་བརྡུངས་བ་ལྟར་ན། ཕོ་བ་སྦོས། རྣ་བ་འོན། ལུས་ལ་ཐོར་པ་དང་ཤུ་བ་སོགས་འབྱུང་ངོ་། །རླུང་གི་གནས་སུ་
མཁྲིས་པའི་བད་ཀན་གྱི་རྩ་སྦལ་པའི་འགྲོས་ལྟར་འབར་ན། ལུས་འདར་ཞིང་གཡོ། གོས་གོན་མི་འདོད། ཅུང་ཟད་འཐུར་དུ་འཁྲུ། བྱ་སྙོང་དང་། གཡལ་སྟོང་བྱེད། ཕོ་བ་འཁྲོགས་པ་སོགས་འབྱུང་། རླུང་གི་གནས་སུ་མཁྲིས་པའི་ཁྲག་གི་རྩ་བྱིའུའི་
འགྲོས་ལྟར་འཕར་ན། ལུས་ལ་ཟ་ཕྲུག་བྱེད། ཚགས་ཆིགས་དང་མགོ་བོ་ན། མིག་ན་བ་སོགས་འབྱུང་། རླུང་གི་གནས་སུ་མཁྲིས་པའི་ཆུའི་རྩ་རྟའི་འགྲོས་ལྟར་འཕར་ན། སོ་རྙི་ལ་སྐྲངས་ཤིང་ཆུ་སེར་དང་ཁྲག་འབྱུང་། མཁྲིས་ཚད་བསྐྱེད། དབུགས་

མི་བདེ། གཉིད་ཆེ། ལུས་ལྕི་བ་སོགས་འབྱུང་ངོ་། །རླུང་གི་གནས་སུ་བད་ཀན་གྱི་རྩ་ངང་བའི་རྒྱལ་པོའི་འགྲོས་ལྟར་འཕར་ན་ལུས་བརྡུངས་ཤིང་གཅུས་པ་ལྟར་ན། མགོ་བོ་འཁོར། དང་ཁ་འགགས། ལུས་ཁོལ་བུར་
ན། ཆུ་གཏོང་དཀའ་བ་སོགས་འབྱུང་ཞིང་འདི་ནི་བད་རླུང་གི་གཙོ་བོ་སྟེ་བཅོས་ལ་བཟབ་པོ། །རླུང་གི་གནས་སུ་བད་ཀན་གྱི་རླུང་གི་རྩ་རྨ་བྱའི་འགྲོས་ལྟར་འཕར་ན་ཕོ་བ་གཅུས་པ་ལྟར་ན། རྩ་གཏོར་དཀའ། རྐེད་པ་དང་ཆུ་རྒྱུས་ན། རླུང་སྒྲ་ན་སོགས་
འབྱུང་ངོ་། །རླུང་གི་གནས་སུ་བད་ཀན་གྱི་མཁྲིས་པའི་རྩ་འབབ་ཆུའི་འགྲོས་ལྟར་འཕར་ན་བྲང་ཚ། གྲང་བསིལ་ཆེ། ཁ་སྐོམ། མིག་དང་སེན་མོའི་མདོག་ལྗང་ཁུར་སྣང་བ། དངས་མ་འཛག་པ་སོགས་འབྱུང་ངོ་། །རླུང་གི་གནས་སུ་བད་ཀན་ཀྱི་
ཁྲག་གི་རྩ་ཕུག་རོན་གྱི་འགྲོས་ལྟར་འཕར་ན། རྔུལ་འཛག །ཤུ་བ་དང་ཐོར་བ་འོང་། །མིག་དམར་ཞིང་འབྱེད་འཛུམས་ཉུང་བ་སོགས་འབྱུང་ངོ་། །རླུང་གི་གནས་སུ་བད་ཀན་གྱི་ཆུའི་རྩ་ཁྱིམ་བྱའི་འགྲོས་ལྟར་འཕར་ན་མིག་འགྲིབ། པགས་པ་གྱོང་།
ཆུ་གསོག་འབྱུང་། རྩ་འབུར་མོར་དོད། ཟ་འཕྲུག་ལོང་ཞིང་བྲད་པ་དང་ཆུ་སེར་འཛག །ཕོ་བར་སྲིན་འབུ་འཕེལ་བ་སོགས་འབྱུང་ངོ་། །མཁྲིས་གནས་སུ་རླུང་གི་རྩ་སྦྲུལ་ལྔ་བུར་འཕར་ན། ལུས་ཀྱི་ཚགས་ཚིགས་བརྡུངས་པ་ལྟར་ན། ཆུ་འཚག་
དཀའ་ཞིང་ཟུག་ཆེ། ཁ་སྐོམ་ཞིང་ཐོར་པ་མང་། གྲང་བསིལ་ཆེ། སྐོམ་དད་ཆེ། ཕོ་བ་ན་བ་སོགས་འབྱུང་ཞིང་འདི་ནི་མཁྲིས་རླུང་གཙོ་བོ་སྟེ་བཅོས་ལ་བཟབ་པ་གཅེས། མཁྲིས་གནས་སུ་རླུང་གི་མཁྲིས་པའི་རྩ་ཤིག་གི་འགྲོས་ལྟར་འཕར་ན། ཚད་པ་
བསྐྱེད། ལུས་སྐམ་ཞིང་དྲོད་ཆེ། མིག་མི་གསལ། ཁ་རླུངས་དང་རྐང་མཐིལ་དྲོད་ཆེ་བ་སོགས་འབྱུང་། མཁྲིས་གནས་སུ་རླུང་གི་བད་ཀན་གྱི་རྩ་སྲིན་བུ་པད་མ་ཅན་ལྟར་འཕར་ན། སྦྱི་བོ་ན། ལེ་ལོ་དང་གཉིད་ཆེ། མཆིལ་མ་མང་། ཁར་རོ་ཁ་བ་

སོགས་འབྱུང་ངོ་། །མཁྲིས་གནས་སུ་རླུང་གི་ཁྲག་རྩ་ཉའི་འགྲོས་ལྟར་འཕར་ན། ལུས་མདོག་དམར་ཞིང་བ་སྦུའི་བུ་ག་ནས་ཁྲག་ཀྱང་ཅུད་ཟད་འཛག །མིག་ཆུ་མང་བ་སོགས་འབྱུང་ངོ་། མཁྲིས་གནས་སུ་རླུང་གི་རྩ་རྟའི་འགྲོས་ལྟར་འཕར་ན། ཕོ་བ་
སྦོས། ཡན་ལག་སྐམ་ཞིང་ཚིགས་དང་གདོང་སྐྲངས། དྲི་ཆུ་ཁྲག་ལྟར་བབ་བ་སོགས་འབྱུང་། མཁྲིས་གནས་སུ་བད་ཀན་གྱི་རྩ་ངང་བའི་རྒྱལ་པོའི་འགྲོས་ལྟར་འཕར་ན་ཁར་རོ་མངར། ཁོང་དུ་སྲིན་འབུ་འཕེལ། ཁོག་པར་ཟོ་བའི་ཞོ་དྲག་ཆགས་པ་ལྟ་
བུ་འབྱུང་ངོ་། །ལུས་ཀྱི་གཏིང་དྲོད་ཅུང་ཟད་ཆེ་ཞིང་ཚགས་ཚིགས་སོགས་ཁོལ་བུར་ན། མཁྲིས་སྐྲན་འཆའ་པ་སོགས་འབྱུང་སྟེ་བད་མཁྲིས་ཀྱི་གཙོ་བོ་ཡིན་པས་བཙོས་ལ་གཟབ་པ་གཅེས་སོ། །མཁྲིས་པའི་གནས་སུ་བད་ཀན་གྱི་རླུང་གི་རྩ་རྨ་བྱའི་འགྲོས་
ལྟར་འཕར་ན། ཉིན་རེས་འཇོག་ཏུ་ན། ལུས་ལ་རྔུལ་འབྱུང་ཞིང་དྲི་མི་ཞིམ། མིག་གི་མདངས་དཀར་པོར་འགྲོ། །མཆིལ་མ་མང་བ་སོགས་འབྱུང་། མཁྲིས་པའི་གནས་སུ་བད་ཀན་གྱི་མཁྲིས་རྩ་ཆུའི་འགྲོས་ལྟར་བུར་འཕར་ན། གཉིད་ཆེ། ལྕེ་
འགས། ལུས་གྱོང་། ཁྲག་ཅུང་ཟད་སྐྱུག་པ་སོགས་འབྱུང་ངོ་། །མཁྲིས་པའི་གནས་སུ་བད་ཀན་གྱི་ཁྲག་རྩ་ཕུག་རོན་གྱི་འགྲོས་ལྟར་འཕར་ན། སྣ་ཁྲག་འབབ། ཁྲག་སྐྲན་འཆའ། ལྟེ་བ་གཅུ་ཞིང་གཟེར། མེ་ལྕེ་འཁོར་ལོ་འབྱུང་། མཁྲིས་
པའི་གནས་སུ་བད་ཀན་གྱི་ཆུའི་རྩ་ཁྱིམ་བྱའི་འགྲོས་ལྟ་བུར་འཕར་་ན། དང་ཁ་མི་བདེ། མེ་དྲོད་འཆོར། མ་འཇུ་བའི་ནད་དང་འགྲོ་འདུག་དཀའ་བ་སོགས་འབྱུང་། བད་ཀན་གྱི་གནས་སུ་རླུང་གི་རྩ་སྦྲུལ་གྱི་འགྲོས་ལྟར་འགྲོས་ལྟར་འཕར་ན། རྐང་པ་ན།
འགྲིམས། ཁ་དྲི་མི་ཞིམ། མགོ་བོ་འཁོར་། ཆུའི་མདོག་སེར་བ་སོགས་འབྱུང་སྟེ་འདི་ནི་བད་རླུང་གི་རྩ་བ་ཡིན་པས་གཟབ་བར་བཅོས། བད་ཀན་གྱི་གནས་ས་རླུང་གི་མཁྲིས་རྩ་ཤིང་གི་མཁྲིས་རྩ་ཤིག་གིས་འགྲོས་ལྟར་འཕར་ན། དངས་མ་འཛག་

ལུས་སྟོབས་ཉམས། ངས་ཆད་པ་སོགས་འབྱུང་། བད་ཀན་གྱི་གནས་སུ་རླ