Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 194

Văn bản gốc(Tây Tạng)

Trang 12 / 20 (50.000 ký tự/trang)
ལྟར་བ་དང་འདྲ་བའི་རྐྱེན་ཡང་ན་འགྱུར་ཏེ། བྱུང་བ་བཞིན་འང་ངོ་། །ཨུ་པཱ་དྷྱཱ་ཡཤྩེ་དཱ་གཙྪ་ཏི། ཨཱ་
ག་ཏཿ། ཨཱ་ག་མ་ཏ། ཨཱ་ག་མི་ཥྱ་ཏི། ཡུཀྟཱ་བྱཱ་ཀ་ར་ཎ་མ་དྷཱི་མ་ཧེ། ཨ་དྷྱ་གཱིཥྨ་ཧི། ཨ་དྷྱེ་ཥྱཱ་མ་ཧེ། བྱུང་བའི་ཁྱད་པར་བརྗོད་འདོད་མེད་པའི་ཕྱིར་ལང་དང་ལིཊ་དག་མི་འགྱུར་བའོ། །མྱུར་བར་བརྗོད་པ་ལ་ལྲིཊའོ། །མྱུར་བར་བརྗོད་པ་སྦྱོར་བ་ལ་འདོད་པར་བྱེད་པའི་དོན་ལ་ལྲྀཊ་འགྱུར་ཏེ། བྱུང་བ་བཞིན་
འང་ངོ་ཞེས་པ་འདིའི་དམིགས་བསལ་ལོ། །ཨུ་བཱ་དྷྱ་ཡཱཤྩི་ཏཀྵི་པྲ་མཱ་ག་མི་ཥྱཱ་ཏི། ཀྵི་པྲཱ་བྱཱ་ཀ་ར་ཎ་མ་དྷྱེ་ཥྱཱ་མ་ཧེ། ཨེ་བཾ་ཤཱི་གྷྲཾ་ཨཱ་ཤུ་དྲུ་ཏ་མ་དྷྱེ་ཥྱཱ་མ་ཧེ། མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལ་ལྲིཊ་སྨོས་པ་ནི། ལུཊའི་ཡུལ་ལའང་ཇི་ལྟར་བ་བཞིན་འགྱུར་ཏེ། ཤྭཿ། ཀྵཾ་པྲ་མ་དྷྱེ་ཥྱཱ་མ་ཧེ། འདོད་པའི་ཚིག་ལ་
ལིངའོ། །འདོད་པ་ནི་འདུན་པ་སྟེ། མ་ཐོབ་པ་ཐོབ་པར་འདོད་པའི་བསམ་པ་ལ་བརྗོད་དེ། བསམ་པ་དེ་བརྗོད་པ་ནི་འདོད་པར་གྱུར་པ་སྟེ། དེ་ལ་ལིང་འགྱུར་ཏེ། བྱུང་བ་བཞིན་ཡང་ངོ་ཞེས་པ་འདིའི་དམིགས་བསལ་ལོ། །ཨུ་པཱ་དྷྱཱ་ཡཤྩ་དཱ་གཙྪེ་ཏ། ཨཱ་ཤཾ་སེ་ཡུཀྟོ་བྱཱ་ཀ་ར་ཎ་མ་དྷཱི་ཡི་ཡ། ཨ་བ་ཀལྦ་ཡེ་ཡུཀྟོ་྅་
དྷཱི་ཡི་ཡ། ཨཱ་ཤཾ་སེ་ཀྵི་པྲ་མ་དྷཱི་ཡཱི་ཡ། ཨ་དྱ་ཏ་ན་མ་ཡིན་པ་བྱ་བ་རབ་ཏུ་བཅིངས་པ་ཉེ་བ་དག་ལ་མ་ཡིན་ནོ། །བྱུང་བ་དེ་རིང་མ་ཡིན་པ་ལ་ལང་བྱས་པ་དང་། འབྱུང་བ་དེ་རིང་མ་ཡིན་པ་ལའང་ལུང་སྒྲུབ་པར་བྱེད་པ་དེ་དག་འདིར་དགག་གོ། །བྱ་བ་རབ་ཏུ་བཅིངས་པ་ཉེ་བ་ལང་བགྲོད་བཞིན་པ་དེ་རིང་མ་ཡིན་པ་

ལ་བྱས་པ་དེ་དག་མི་འགྱུར་ཏེ། ཨཱ་བཛྫཱི་བཾ་བྷྲྀ་ཤ་མ་ནུ་མ་དཱཏ། ཡཱ་བཛྫཱི་བཾ་བྷྲྀ་ཤ་མ་ནུ་དཱ་སྱ་ཏི། ཉེ་བ་ལ་ཡེ་ཡཾ་པཽརྞྞ་མཱ་སྱ་ཏི་ཀྲཱནྟཱ། ཨེ་ཏ་སྱཱ་མུ་པྰ་དྷྱ་ཡོ྅གྣྰི་ནཱ་དྷི་ཏ། སོ་མེ་ནཱ་ཡཥྚ། ཡེ་ཡཾ་པཽརྞ་མ་སྱ་ཏི་ཀྲཱནྟཱ་ཏ་སྱཱཾ་སཾ་གྷཿ། པོ་ཥ་དྷ་མ་ཀྲྀ་ཏ། ཡེ་ཡ་མཱ་གཱ་མི་ནཱི་ཙ་ཏུརད་ཤཱི་ཏ་སྱཾ་སཾ་གྷཿ། པྲཱ་ཏི་མོཀྵ་མུ་དྡེཀྵྱ་ཏི།
བྱ་བ་རྣམས་ཀྱི་རབ་ཏུ་བཅིངས་པ་ནི་རྟག་ཏུ་སྒྲུབ་པའོ། །དུས་རྣམས་དང་ཉེ་བ་ནི་རིགས་མཚུངས་པ་སྟེ་གང་ཞིག་ཟླ་བ་སོགས་ཀྱིས་བར་ཆོད་པའོ། །བྷཱ་བི་ནི། གཞན་ལ་མཚམས་བརྗོད་པ་ལའོ། །བྱ་བ་རབ་ཏུ་བཅིངས་པ་མ་ཡིན་པ་ཉེ་བའི་དོན་བརྗོད་པ་འབྱུང་བར་འགྱུར་བའི་དུས་ཀྱི་མཚམས་
བརྗོད་པ་ལ། གཞན་ལ་རབ་ཏུ་རྣམ་པར་འབྱེད་པ་དེ་རིང་མ་ཡིན་པ་དག་ལ་བྱས་པ་དེ་མི་འགྱུར་ཏེ། ཡོ་ཡ་མ་དྷྭཱ་གནྟ་བྱ་ཨ་མུངྒ་གི་རེསྟ་སྱ་ད་བ་རཾ་ནི་རཉྫ་ནཱ་ཡཱསྟ་ཏྲ་དྭི་རོ་ད་ནཾ་བྷོཀྵྱ་མ་ཧེ། ཏ་དྲ་སཀྟཱུན་པཱ་སྱཱ་མཿ། བྷཱ་བི་ནི་ཞེས་པ་ཅི་ཞེ་ན། ཡོ་ཡ་མ་དྷྭཱ་ག་ཏ་ཨཱ་པཱ་ཊ་ལི་པུ་ཏྲཱཏ། ཏཏ་སྱ་ཡ་ད་པ་རཾ་ཀོ་ཤཱམྦྱསྟ་
ཏྲ་ཡུཀྟཱ་ཨ་དྷྱེ་མ་ཧི། སཀྟཱུན་པི་བཱ་མ། མཚམས་བརྗོད་པ་ལ་ཞེས་པ་ཅི་ཞེ་ན། ཡོ་མ་དྷྭཱ་ནི་ར་བ་དྷི་ཀོ་གནྟ་བྱསྟ་སྱ་ཡ་ད་བ་ར་མ་ཧིཙྪ་ཏྲཱཏ། ཏ་ཏྲ་དྭི་རོ་ད་ཎཾ་བྷོཀྟཱསྨ་ཧེ། ཏ་ཏྲ་སཀྟཱུ་བཱ་ཏཱསྨཿ། གཞན་ལ་ཞེས་པ་ཅི་ཞེ་ན། ཡོ་ཡ་མ་དྷྭཱ་གནྟ་བྱ་ཨཱ་པཱ་ཊ་ལི་པུ་ཏྲཱཏ། ཏ་སྱ་ཡཏ་པ་རཾ་ཀཽ་ཥཱམྦྱསྟ་ཏྲ་དྭི་རོ་ད་ནཾ་
བྷོཀྟཱཾ་སྨ་ཏེ། སཀྟཱུན་པཱ་ཏྲཱ་སྨཿ། མདོ་འདིར་བསྟན་པ་བྱས་པའི་མཚམས་བརྗོད་པ་ནི་ཕྱི་མའི་དུས་ལ་བྱས་པའོ། །དུས་ཀྱི་ཉིན་མཚན་མ་ཡིན་པའིའོ། །བྷཱི་བི་ནི་གཞན་ལ་མཚམས་བརྗོད་པ་ལ་ཞེས་པ་ཐམས་ཅད་དུ་རྗེས་སུ་འཇུག་གོ། །མཚམས་བརྗོད་པ་ལ་ཡོད་པ། དུས་གཞན་གྱི་རབ་ཏུ་ཕྱེ་བ་
ལ་འབྱུང་བར་འགྱུར་བ་དེ་རིང་མ་ཡིན་པ་ལ་བྱས་པ་དེ་མི་འགྱུར་ཏེ། གལ་ཏེ་ཉིན་མཚན་དང་འབྲེལ་པས་རབ་ཏུ་ཕྱེ་བ་མ་ཡིན་པའོ། །ཡོ་ཡཾ་སམྦྷཏྶ་ར་ཨཱ་གཱ་མཱི་ཏ་སྱ་ཡ་ད་བ་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཏྲ་ཡུ་ཀྟཱ་དྷརྨཾ་ཤྲོ་ཤྱཱ་མཿ། བྷི་བི་ནི་ཞེས་པ་ཉིད་ད། ཡོ྅ཡཾ་སམྦཏྶ་རོ྅སྷཱི་ཏ་སྟ་སྱ་ཡ་ད་པ་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཏྲ་
ཡུཀྟཱ་དྷརྨ་མ་ཤྲྀ་ཎུ་མ། ཨ་དྷྱེ་མ་ཧི། མཚམས་བརྗོད་པ་ལ་ཞེས་པ་ཉིད་དེ། ཡོ་ཡ་མཱ་གཱ་མཱི་ནི་བ་ར་དྷི་ཀ །ཀཱ་ལྱསྟ་སྱ་ཡ་བ་ད་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཏྲ་ཡུཀྟཱ་ཨ་དྷོ་ཏཱ་སྨ་ཧེ། ཉིན་མཚན་དག་དགག་པ་ཅི་ཞེ་ན། ཡོ་ཡཾ་མཱ་ས་ཨཱ་གཱ་མི་ཏ་སྱཱ་ཡོ྅པ་རཿ། པཉྩ་ད་ཤ་རཱ་ཏྲཿ། ཡོ་ཡཾ་ཏྲིཾ་ཤད་རཱ་ཏྲ་ཨཱ་གཱ་མཱི་ཏ་སྱ་

ཡོ྅བ་རོ྅རྡྷ་མཱ་སཿ། ཡོ་ཡཾ་ཏྲིཾ་ཤད་རཱ་ཏྲ་ཨཱ་གཱ་མི་ཏ་སྱ་ཡོ྅བ་ར་པཉྩ་ད་ཤ་རཱ་ཏསྟྲ་ཏྲ་ཡུཀྟཱ་ཨ་དྷྱེ་ཏཱསྨ་ཧེཿ། རྣམ་པ་གསུམ་ཀ་ཡང་ཉིན་མཚན་དང་མ་འབྲེལ་པའི་ཕྱིར་བཀག་གོ། །པ་ར་ཡང་ནའོ། །གཞན་ལ་ཞེས་པ་སྤངས་ནས་མདོ་གཉིས་རྗེས་སུ་འཇུག་གོ། །མཚམས་བརྗོད་
པ་ལ་འཇུག་པ་དུས་གཞན་རྣམ་པར་འབྱེད་པ་འབྱུང་བ་དེ་རིང་མ་ཡིན་པ་དག་ལ་བྱས་པ་དེ་མི་འགྱུར་ཏེ། གལ་ཏེ་ཉིན་མཚན་དང་འབྲེལ་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །ཡོ་ཡཾ་སཾ་བཏྶ་ར་ཨཱ་གཱ་མི་ཏ་སྱ་ཡཏྤ་ར་མཱ་གྲ་ཧཱ་ཡ་ཎྱཱསྟ་ཡུཀྟཱ་ཨ་དྷྱེ་ཥྱཱ་མ་ཧེ། ཨ་དྷྱེ་ཏཱསྨ་ཧེ། ཏ་ཏྲ་སཀྟཱུན་པཱ་སྱཱ་མཿ། སཀྟཱུན་པཱ་
ཏཱསྨཿ། ཉིན་མཚན་མ་ཡིན་པ་ལ་ཞེས་པ་ཉིད་དེ། ཨིསྟྲཾ་ཤད་རཱ་ཏྲ་ཨཱ་གཱ་མི་ཏ་སྱ་ཡཿ། པཉྩ་ད་ཤ་རཱ་སྟ་ཏྲ་ཡུཀྟཱ་ཨ་དྷྱེ་ཏཱསྨ་ཧེ། ཏ་ཏྲ་སཀྟཱུན་པཱ་ཏཱསྨ། བྷཱུ་བི་ནི་ཞེས་པ་ཉིད་དེ། ཡོ་ཡཾ་སམྦཏྶ་རོ྅ཏླི་ཏས་སྱ་ཡ་ཏ་པ་ར་མཱ་གྲ་ཧཱ་ཡ་ཎྱས་ཏྲ་ཡུགྟཱ་ཨ་དྷྱེ་མ་ཧི། མཚམས་བརྗོད་པ་ལ་ཞེས་པ་ཉིད་དེ། ཡོ་
ཡཾ་ནི་ར་བ་དྷི་ཀཿ། ཀཱ་ལ་ཨཱ་གཱ་མི་ཏ་སྱ་ཡ་ཏ་པ་ར་མཱ་གྲ་ཧཱ་ཡ་ཎྱ་སྟ་ཏ་ཡུཀྟཱ་ཨ་དྷྱེ་ཏཱསྨ་ཧེ། དུས་ལ་ཞེས་པ་ཉིད་དེ། ཡོ་ཡ་མ་དྷྭཱ་གནྟ་བྱ་ཨཱ་པཱ་ཊ་ལི་པུ་ཏྲཱཏ་སྱ་ཡ་ཏ་པ་རཾ་ཀཽ་ཤཱམྦྷྱཱ་སྟཱསྨ་ཧེ། ལིང་ལ་བྱ་བཤོར་བ་ལ་ལྲྀངའོ། །ལིང་གི་ཡུལ་ལ་བྱ་བ་ཤོར་བ་ལ་ཐམས་ཅད་དུ་ལྲྀང་འགྱུར་ཏེ། སྨད་པ་ལ་ཀ་ཐཾ་ལ་ལིང་འོ་
ཞེས་འཆད་པར་འགྱུར་རོ། །དེ་ལ་བྱུང་བའི་དུས་ལ་བྱ་བ་ཤོར་བ་ལ་རྟག་ཏུ་ལྲྀང་ཉིད་འགྱུར་ཏེ། ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། བྱུང་བ་ལ་རྣམ་པར་བརྟག་པ་འཆད་པར་བྱེད་དོ། །ཀིཾ། ཀ་ཏ་ར། ཀ་ར་མ་རྣམས་ལ་ལིང་ལིཊ་དག་ལ་ཞེ་ན། ཀོ་ནཱ་མ་བྲི་ཥ་ལོ་ཡཾ་བྷ་བཱ་ན་ཡཱ་ཛ་ཡི་
ཥྱཏ། འདོད་པ་བརྗོད་པ་ལ་ལིངའོ་ཞེས་བཤད་དེ། དེ་ལ། ཨུ་པཱ་དྷྱ་ཡཤྩེ་དག་མི་ཥྱཏ། ཨཱ་ཤཾ་སེ་ཡུགྟཱ་བྱཱ་ཀ་རཎ་མ་དྷྱཻཥྱཱ་མ་ཧི། དེ་བཞིན་དུ་གཞན་ལའང་ངོ་། །ཤེ་ཥའི་བར་ལས་བྱུང་བ་ལ་ཡང་ནའོ། །ཤེ་ཥའི་སྒྲའི་བར་ལས་བྱུང་བའི་དུས་ལ་ལུང་གི་ཡུལ་ལ་བྱ་བ་ཤོར་བ་ལ་རྟག་ཏུ་ལྲྀང་
ཡང་ན་འགྱུར་རོ་ཞེས་སྤྱིར་བཏང་བར་རིག་པར་བྱའོ། །ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱ་ན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏེ། ཀོ་ནཱ་མ་བྲྀ་ཥ་ལོ྅ཡཾ་ཏཾ་ཏྲ་བྷ་བཱན་ཡཱ་ཛ་ཡི་ཥྱཏ། ཡང་ན་ཡཱ་ཛ་ཡེཏ། བྱེད་པ་གང་གིས་བྱ་བ་ལས་བྱུང་ཉིད་དོ། །ཡང་ན་བྱུང་བ་ཉིད་བྱ་བ་ཤོར་

བའོ། །སྨད་པ་ལ་ཀ་ཐཾ་ལ་ལིངའོ། །སྨད་པ་རྟོགས་པར་བྱེད་པ་ལ་དུས་ཐམས་ཅད་དུ་ཀ་ཐཾ་གྱི་སྦྱོར་བ་ནི་བྱིངས་ལས་ལིང་ཡང་ན་འགྱུར་ཏེ། ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡཏ། ཡང་ན་ཞེས་པ་རྗེས་སུ་འཇུག་པས་དུས་ཇི་ལྟ་བ་བཞིན་མ་བྱས་པའི་རྐྱེན་རྣམས་འགྱུར་རོ། །ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་ཡཱི་ཡ་ཛཏ།
ཨ་ཡཱ་ཛ་ཡཏ། ཡཱ་ཛ་ཡཱཉྩ་ཀཱ་ར་ཡཱ་ཛ་ཡི་ཥྱ་ཏི་ཡ་ཛ་ཡི་ཏ། ཨ་བི་དང་ཛཱ་ཏུ་ལ་ཡང་ལཊའོ། །སྨད་པ་རྟོགས་པར་བྱེད་པ་ལ་བི་དང་ཛཱ་ཏུ་དག་དང་ཐ་ཐམ་གྱི་སྒྲ་སྦྱོར་བ་ན་ལཊ་འགྱུར་ཏེ། ལ་ཡིག་ཐམས་ཀྱི་དམིགས་བསལ་ལོ། །ཨ་པྲི་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏི། ཛཱ་རུ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏི།
ཀ་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡ་ཏི། གརྷཱ་མ་ཧེ། གཞན་ལ་ཡང་འདིའོ། །སྨད་པ་ལ་ཞེས་པ་ཅི་ཞེ་ན། ག་ཐཾ་ནཱ་མ་ཏ་ཏྲ་བྷ་བཱན་བྲཱཧྨ་ཎ་མ་ཡཱ་ཛ་ཡ་ཏ། ཀཾ་དང་ཀ་ཏ་ར་དང་ཀ་ཏམ་རྣམས་ལ་ལྲྀཊ་དག་གོ། །ཀིམ་ལ་སོགས་པ་སྦྱོར་བ་ན་ལིང་དང་ལྲྀཊ་དག་འགྱུར་ཏེ། དང་པོའི་ལ་ཡིག་ཐམས་ཅད་ཀྱི་དམིགས་
བསལ་ལོ། །ཀོ་ནཱ་མ་ཀ་ཏ་ར་རོ་ནཱ་མ་ཀ་ཏ་མོ་ནཱ་མ་བྲྀ་ཥ་ལོ་ཡཾ་བྷ་བཱ་ན་ཡཱ་ཛ་ཡེ་ཏ། ཡཱ་ཛ་ལི་ཥྱ་ཏི། སྨད་པ་ཞེས་པ་ཉིད་དེ། ཀོ་ནཱ་མ་བྲཱཧྨ་ཎོ་ཡཾ་ཏ་ཏྲ་བྷ་བཱན། ཡ་ཛ་ཡ་ཏི། མི་བཟོད་པ་དང་མི་སྲིད་པ་དག་ལའོ། །ཡུལ་གང་གི་དོན་དེའི་དོན་གྱི་བྱིངས་ལས་ལིང་དང་ལིཊ་དག་འགྱུར་ཏེ། དང་པོའི་ལ་ཡིག་ཐམས་ཅད་
དམིགས་བསལ་ལོ། །ན་མཪྴ་ཡཱ་མི་དུརྫྫ་ན། སམྤ་དཾ་པྲཱཔྣུ་ཡ་ཏ། ཡང་ན་པྲཔྶྱ་ཏི། ནཱ་བ་ཀ་ལྤ་ཡཱ་མི་ན་ཤྲད་དྷེ་ན་སཾ་བྷཱ་བ་ཡཱ་མི་མནྡ་བྷཱ་གྱ། པུ་བརྞ་ལ་བྷེ་ཏ། ཡང་ན་ལཔྶྱ་ཏེ། ཡང་ན་བྱུང་བ་བྱ་བ་ཤྲ་བ་ལ་ལྲྀངའོ། །བྷཱ་བི་ནི་ཏུ་ནི་ཏྱཾ། ན་མཪྵ་ཡཱ་མི་ཏ་ཏྲ་བྷ་བཱན། བཽ་དྡྷཾ་མནྟྲ་མ་པཱ་ཋ་ཡི་ཥྱཏ། ཀིཾ་ཀ་ལ་དང་།
ཡོད་པའི་དོན་དག་ལ་ལྲྀཊའོ། །ཀིཾ་ཀི་ལའི་སྒྲ་དང་པོ་ཡོད་པའི་དོན་དག་སྦྱོར་བ་ན་མི་བཟོད་པ་དང་མི་སྲིད་པའི་ཡུལ་ལ་ད་ལྟར་བའི་བྱིངས་ལས་ལྲྀཊ་ཉིད་འགྱུར་གྱི་ལིང་ནི་མ་ཡིན་ནོ། །ཀིམ་ཀི་ལ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡིཥྱ་ཏི། ཀིཾ་ཀྲ་མིཥྱ་ཏི་ཀི་ལེ་ལེ་ཥ་བཱ་མ་ནཿ། ན་ཀྵ་མེ་ན་མཪྵ་ཡཱ་མི། ན་སམྦྷཱ་བ་
ཡཱ་མི། ན་ཤྲད་དྷེ། ཨསྟི། བྷ་བ་ཏི། བི་དྱ་ཏེ། ནཱ་མ་ཏ་ཏྲ་བྷཱ་བཱན་བྲི་ཥ་ལཾ་ཡཱ་ཛ་ཡེ་ཥྱ་ཏེ། ཡད་ཡ་ད་ཡ་དཱ། ཛཱ་ཏུ་རྣམས་ལ་ལིངའོ། །ཡང་ལ་སོགས་པ་རྣམས་སྦྱོར་བ་ན་མི་བཟོད་པ་དང་མི་སྲིད་པ་དག་ལ་ལང་ཉིད་འགྱུར་གྱི་ལྲྀཊ་མ་ཡིན་ནོ། །ཡཏྟ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏེ། ཡ་དི་ཏ་ཏྲ་བྷ་

བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏེ། ཡ་དཱ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏ། ཛཱ་ཏུ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏ། ན་སམྦྷཱ་བ་ཡཱ་མི། ན་མཪྵ་ཡཱ་མི། ན་ཤྲདད་དྷེ། བྱ་བ་ཤོར་བ་ལ་བྱུང་བ་ལ་ལྲྀང་ཡང་ནའོ། །བྷྲ་བི་ནི་ཏུ་ནི་ཏྱཾ། ན་སམྦྷཱ་བ་ཡཱ་མི། ཡ་ཏུ་ཏྲ་བྱ་བཱན་བྲི་ཥ་ལཾ་མཱ་ཡ་ཛ་མི་ཥྱ་ཏ། ཡཙྪ་དང་ཡ་ཏྲ་དག་
ལས་སྨད་པ་ལའང་ངོ་། །ཡཙྪ་དང་ཡ་ཏྲའི་སྒྲ་དག་སྦྱོར་བ་ནས་སྨད་པ་ལ་མི་བཟོད་པ་དང་མི་སྲིད་པ་དག་ལའང་ལིང་འགྱུར་ཏེ། ཡཙྪ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེཏ། ཡ་ཏྲ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེ་ཏ། གརྷཱ་མ་ཧེ། ན་མཪྵཱ་མི། ན་ཤྲདྡ་དྷེ། བྱུང་བ་ལ་བྱ་བ་ཤོར་བ་ལ་ཡང་ལ་ལྲྀངའོ། །བྷཱ་བི་ནི་ཏུ་ནི་ཏྱཾ། ཡ་
ཏྲ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། ངོ་མཚར་བ་ལའོ། །ཡཙྪ་དང་ཡ་ཏྲ་དག་སྦྱོར་བས་ངོ་མཚར་བ་ལ་འཇུག་པའི་བྱིངས་ལས་ལིང་འགྱུར་ཏེ། ལ་ཡིག་ཐམས་ཅད་ཀྱི་དམིགས་བསལ་ལོ། །ཡཙྪ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེད། ཡ་ཏྲ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལཾ་ཡཱ་ཛ་ཡེད། འདི་ངོ་མཚར་བའོ། །
བྱུང་བ་ལ་བྱ་བ་ཤོར་བ་ལ་ཡང་ན་ལྲྀངའོ། །བྷཱ་བི་ནི་ཏུ་ནི་ཏྱཾ། ཨཱཥྩ་དྱཾ། ཡཙྪ་ཏ་ཏྲ་བྷ་བཱན་བྲྀ་ཥ་ལ་མ་ཡཱ་ཛ་ཡི་ཥྱཏ། ལྷག་མ་ལ་ལྲྀཊའོ། །ཡཙྪ་དང་ཏ་ཏྲ་དག་གཞན་ལ་ངོ་མཚར་བ་ལ་འཇུག་པ་ན་ལྲྀཊ་ཉིད་འགྱུར་ཏེ། ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཨདྦྷཱུ་ཏ་མནྡྷ་ནཱོ་མ་སརྦ་རོཀྵྱ་ཏི། བ་དྷི་རོ་ནཱ་
མ་བྱཱ་ཀ་ར་ཎཾ་ཤྲོ་ཥྱཏི། ཡིད་ལ་ལིངའོ། །ངོ་མཚར་བ་ལ་འཇུག་པ་ན་ཡ་དེ་བརྗོད་པར་བྱ་བ་ལ་ལིང་འགྱུར་ཏེ། ལྷག་མ་ལ་ལྲྀཊའོའི་དམིགས་བསལ་ལོ། །ངོ་མཚར་བ་ལ། ནཱ་མ་ཡ་དི་ས་བྷུཉྫི་ཏ། ཨུཏ་དང་ཨ་པི་དག་ལས་ཤིན་ཏུའི་དོན་ལའོ། །ཨུད་དང་ཨ་པིའི་སྒྲ་དག་སྦྱོར་བའི་བྱིངས་ལས་ལིང་འགྱུར་
ཏེ། ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཨཥྐུ་ཪྻཱ་ཏ། ཨ་པི་ཀུཪྻཱཏ། བ་ཌྷཾ་ཞེས་པ་ཤིན་ཏུའི་དོན་ཏེ། སུཥྛུ་ཀུཪྻཱཏ། ཤིན་ཏུ་བྱའོ་ཞེས་པའི་དོན་ཏོ། །ཤིན་ཏུ་དོན་ལ་ཞེས་པ་ཅི་ཞེ་ན། ཨུདྡནྜཿ། པ་ཏི་ཥྱ་ཏི། ཨ་པི་དྷཱ་སྱ་ཏི་དྭཱ་རཾ། དྲི་བ་དང་སྒྲིབ་པ་ལ་ཡང་རྟོགས་པར་བྱའོ། །བྱུང་བ་ལ་ཡང་
ནའོ་ཞེས་པ་བཟློག་གོ། །དེའི་ཕྱིར་བྱུང་བ་ལ་ཡང་བྱ་བ་ཤོར་བ་ལ་རྟག་ཏུ་ལྲྀང་བལྟ་བར་བྱའོ། །ཨུ་ཏཱ་ཀ་རི་ཥྱཏ། ཨ་སྱ་ཀ་རི་ཥྱཏ། འདོད་པ་རབ་ཏུ་ཚོར་བ་ལ་ཀཙྪིཏ་མ་ཡིན་པ་ལའོ། །འདོད་པའི་ནི་སྲིད་པ་སྟེ་མངོན་པར་འདོད་པ་ཞེས་པའི་དོན་གྱི་ཁྱད་པར་རོ། །དེ་རབ་ཏུ་ཚོར་བ་ནི་རབ་ཏུ་གསལ་བ་སྟེ། དེ།

ལ་འཇུག་པ་ན་ལིད་འགྱུར་ཏེ། ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཀཱ་མོ་མེ་བྷཱུཉྫཱི་བྷ་བཱན། ཀཙྪིཏ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཀཙྪིཛྫཱི་བ་ཏི་ཏེ་མཱ་ཏཱ་མཱ་ར་བི་ད་ཏྭཱཾ་པྲྀཙྪཱ་མི་ཀཙྩི་ཛྫི་བ་ཏི་པཱརྦ་ཏཱི། སྲིད་པ་དང་ནུས་པའི་དོན་ལ་དེའི་ཆེད་ཀྱི་དོན་རབ་ཏུ་སྦྱོར་བ་ལའོ། །ནུས་པའི་དོན་གྱི་ཡུལ་ལ་སྲིད་པ་
རྟོགས་པར་བྱེད་པ་ལ་ལིང་འགྱུར་ཏེ། གལ་ཏེ་ནུས་པའི་དོན་གྱི་སྒྲ་མི་སྦྱོར་བ་ནའོ། །ལ་ཡིག་ཐམས་ཅད་དམིགས་བསལ་ལོ། །ཨ་པི་སརྦ་ཏཾ་ཤི་ར་སཱ་བྷིནྡྱཏ། ཨ་པི་པྲསྠ་ཏ་ཡཾ་བྷུཉྫཱིཏ། ནུས་པའི་དོན་ལ་ཞེས་པ་ཅི་ཞེ་ན། བི་དེ་ཤ་སྠཱ་ཡཱི་དེ་བ་དཏྟཿ། པྲཱ་ཡེ་ཎ་གྲཱ་མཾ་གྲཱ་མཾ་ག་མི་ཥྱ་ཏི། དེའི་ཆེད་ཀྱི་དོན་རབ་ཏུ་
སྦྱོར་བ་ཞེས་པ་ཅི་ཞེ་ན། ཨ་ལཾ་དེ་བ་དཏྟ་ནཾ་ཧ་ནི་ཥྱ་ཏི། བྱ་བ་ཤོར་བ་ལ་བྱུང་བ་ལ་བྷཱ་སིན་ལའང་ལྲི་འགྱུར་ཏེ། ཨ་པི་དྲོ་ཎ་པཱ་ཀ་མ་བྷོཀྵྱཏ། ཨ་པི་བཛྲཱ་ཧ་ཏོ་ནཱ་པ་ཏི། ཡད་མ་ཡིན་པའི་བྱིངས་བརྗོད་པ་ལ་ཡང་ནའོ། །བྱིངས་བརྗོད་པ་སྲིད་པ་ལ་ལིང་ཡང་ན་འགྱུར་ཏེ། གལ་ཏེ་ཡཙྪའི་སྒྲ་མིས་བྱོར་བ་ནའོ། །
སྔ་མས་རྟག་ཏུ་ཐོབ་པ་ལ་རྣམ་པར་བརྟག་པའི་དོན་དུ་བརྗོད་དོ། །སམྦྷཱ་པ་ཡཱ་མི་ཤྲདྡ་དྷེ་ཨ་པ་ཀལྤ་ཡཱ་མི་བྷཱུཉྫཱིཏ་བྷ་བཱན། བྷཀྵྱོ་ཏེ་བྷ་བཱན། ཨ་བྷཱུཾ་ཀྟ་བྷ་བཱན། ཡང་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། སམྦྷཱ་བ་ཡཱ་མི་ཡདྦྷུཉྫཱི་ཏ་བྷ་བཱན། ནུས་པའི་དོན་ལ་ཞེས་པ་ཉིད་དེ། སམྦྷཱ་བ་ཡཱ་མི་བི་དེ་ཤསྠཱ་ཡཱི་དེ་བ་དཏྟོ་གྲཱ་མཾ་ག་
མི་ཥྱ་ཏི། བྱ་བ་ལྲྀང་འགྱུར་བ་ཁོ་ན་སྟེ། སམྦྷཱ་བ་ཡཱ་མི་ཨ་བྷོཀྵ་ཏ་བྷ་བཱན། རྒྱུ་དང་འབྲས་བུ་དག་ལའོ། །རྒྱུར་གྱུར་པ་དང་འབྲས་བུར་གྱུར་པ་བྱ་བ་འཇུག་པའི་བྱིངས་ལས་ལིང་ཡང་ན་འགྱུར་ཏེ། དེཀྵ་ཎེ་ན་ཙེད་ཡཱ་ཡཱནྣ་ཤ་ཀ་ཊཾ་པཪྻཱ་བྷ་བེཏ། དཀྵི་ཎེན་ཙེད་ཡཱ་སྱ་ཏི་ན་ཤ་ཀ་ཊཾ་པཪྻཱ་བྷ་བིཥྱ་ཏི་འདིར་ཅིའི་ཕྱིར་མི་
འགྱུར་ཞེ་ན། ཧནྟཱི་པ་ལཱ་ཡ་ཏེ། བཪྵ་ཏཱི་ཏི་དྷཱི་བ་ཏི། ཧ་ནི་ཥྱ་ཏཱི་ཏི་བ་ལཱ་ཡི་ཥྱ་ཏི། ཨི་ཏིའི་སྒྲ་ཉིད་ཀྱིས་རྒྱུད་དང་རྒྱུར་སྲིད་པ་གསལ་བར་བྱེད་པའི་ཕྱིར་རོ། །བྱ་བ་ཤོར་བ་ལ་ལྲྀའོ། །དཀྵི་ཎེ་ན་ཙེ་ད་ཡཱ་སྱ་ཏ་ན་ཤ་ཀ་ཊཾ་པཪྻཱ་བྷ་བི་ཥྱཏ། རྟགས་ཁ་ཅིག་ཏུ་འབྱུང་བར་འགྱུར་བ་བྱ་བ་ཤོར་བར་རྟོག་པར་བྱའོ། །བྱུང་བ་
ལ་ནི་རབ་ཏུ་སྦྱོར་བ་མཐོང་བ་ཉིད་དེ། ཨ་མཾ་ཀྵྱཏ་བ་སུ་དྷཱ་ཏོ་ཡེ་ཙྱུ་ཏ་ཤཻ་ལེནྡྲ་བནྡྷཱ་ནཱ། ནཱ་རཱ་ཡ་ཎ་ཨི་བ་ཤྲཱི་མཱན་ཡ་དི་ཏྭཾ་ནཱ་དྷཱ་རི་ཥྱ་ཐཱཿ། འདོད་པའི་དོན་རྣམས་ལས་ད་ལྟར་བ་ལའོ། །འདོད་པའི་དོན་གྱི་བྱིངས་རྣམས་ལས་ད་ལྟར་བའི་དུས་ལ་ལིང་ཡང་ན་འགྱུར་ཏེ། ཨིཙྪ་ཏ། ཨིཙྪ་ཏི། ཨུ་ཤྱཱ་ཏ། བིཥྚི་

ཀཱ་མ་ཡེ་ཏ། ཀཱ་མ་ཡ་ཏེ། དེ་རྣམས་ལ་ལོཊའང་སྟེ་འདོད་པ་རབ་ཏུ་ཚོར་བར་བྱེད་པ་ལའོ། །འདོད་པའི་དོན་ལ་རབ་ཏུ་སྦྱོར་བ་འདོད་པ་རབ་ཏུ་ཚོར་བར་བྱེད་པའི་དོན་ལ་ལིང་འགྱུར་ཞིང་ལོཊ་འང་ངོ་། །ཨིཙྪཱ་མི་བྷཱུཉྫཱི་ཏ་བྷ་བཱན། ཨིཙྪ་མི་བྷཱུཾཉྫཱི་ཏ་བྷ་བཱན། ཀཱ་མ་ཡེ་བྷུཾ་ཀྟཾ་བྷ་བཱན། འདོད་པ་
རབ་ཏུ་ཚོར་བྱེད་པ་ལ་ཞེས་པ་ཅི་ཞེ་ན། ཨིཙྪན་ཀ་རོ་ཏི། འདི་ནི་ལ་ཡིག་ཐམས་ཅད་ཀྱི་དམིགས་བསལ་ལོ། །ཆོ་ག་དང་དྲི་བ་དང་དོན་གཉེར་བ་རྣམས་ལའོ། །མི་ཐོབ་པ་ཐོབ་པར་བྱེད་པའི་ངེས་པར་སྦྱོར་བ་ནི་ཆོ་ག་སྟེ། དེ་ནི་རྣམ་པ་བཞིའོ། །རབ་ཏུ་གསལ་བའི་ཡན་ལག་བོད་པའི་ཚུལ་དང་། ཡན་
ལག་མ་ཡིན་པ་བོད་པའི་ཚུལ་དང་། བཀུར་སྟི་སྔོན་དུ་འགྲོ་བས་ལྷག་པར་འདོད་པའི་ཚུལ་དང་། དམའ་བར་བྱེད་པ་སྔོན་དུ་འགྲོ་བས་བཀའ་ཉན་པའི་ཚུལ་ལོ། །དེ་ལ་བསྒོ་བ་ལ་སོགས་པ་ལ་ལོཊ་ཉིད་འཆད་པར་བྱེད་དོ། །དེ་ཡང་སོ་སོར་མཐོང་བ་དང་མ་མཐོང་བའི་རབ་ཏུ་སྦྱོར་བས་རྣམ་པ་གཉིས་སོ། །
དེ་ཤེས་པའི་ཕྱིར་ཕན་ཚུན་དྲི་བ་དང་། ཡང་དག་པར་རབ་ཏུ་འཛིན་པ་ཇི་ལྟ་བ་དེ་ལྟར་བྱ་བའི་ཚུལ་དང་། དོན་དུ་གཉེར་བ་དང་སློང་བ་དང་འདོད་ཅིང་ཀུན་དུ་འདོད་པའོ། །བྱིངས་འདི་ལས་ལང་འགྱུར་ཏེ། ཨི་ཧ་བྷུཉྫི་ཏ་བྷ་བཱན། པོ་ཥ་དྷཾ་ཀུཪྻ་དཱ་ཡུཥྨཱ་ན། ཨི་ཧ་བྷཱ་བཱ་ནཱ་སཱི་ཏ། ཨ་བྷྱ་བ་ཀཱ་ཤཱ་མཱ་ཡུཥྨཱན་
ཀུཪྻཱ། མཱ་ཎ་བ་ཀཾ་བྷ་བཱ་ན་དྷྱཱ་བ་ཡེཏ། ཨཱ་ཡུཥྨཱ་ན་མཱ་ཎ་བ་ཀཾ་མནྟྲཾ་བ་ཋ་ཡེཏ། དྲི་བ་ལ། ཀིནྟུ་ཁ་ལུ་བྷོ་བྱཱ་ཀ་ར་ཎ་མ་དྷཱི་ཡཱི་ཡ། དོན་དུ་གཉེར་བ་ལ། ལ་བྷེ་ཡཱ་ཧཾ་བྷི་ཀྵཾ། ཛཱི་བྱཱ་བྷ་བཱན། ལོཊ་ལའོ། སྒྲུབ་པ་ལ་སོགས་རྣམས་ལ་བྱིངས་ལས་ལོཊ་འགྱུར་ཏེ། ཀ་ཊཾ་ཀ་ཏོ་ཏུ་བྷ་བཱན། ཀྵ་མཱཾ་ཀ་རོ་ཏྭཱ་
ཡུཥྨཱན། ཨི་ཧཱ་བྷ་བཱན་སྟཱཾ། ཨི་ཧཱ་ཡུཥྨཱ་ན་པཱུཾ་ཤུ་ཀྵུ་ལཾ་ཀ་རོ་ཏུ། མཱ་ཎ་བ་ཀ་མ་དྷྱཱ་བ་ཡ་ཏུ་བྷཱ་བཱན། མནྟཱ་བཱ་ཋ་ཡ་ཏུ་བཱ། ཀིནྟུ་ཁ་ལུ་བྷོ་བྱཱ་ཀ་ར་ཎ་མ་དྷྱ་ཡཻ། མནྟྲ་མྦཱ། དེ་ཧི་བྷིཀྵཱཾ། ཛཱཾ་བ་ཏུ་བྷ་བཱན། བསྒོ་བ་ཁས་ལེན་དུས་ལ་བབ་པ་རྣམས་ལའོ། །བསྒོ་བ་ལ་སོགས་པ་རྣམས་ལ་ལོཊ་འགྱུར་ཏེ། གྲཱ་མཾ་གཙྪ་
བྲྀཥ་ལ། ཀརྟུ་མིཙྪ་ཏ། ཁས་ལེན་པའོ། །ཨེ་བཾ་ཀུ་རུ། ཀ་ཊཾ་ཀུ་རུ། རེ་ལྡེ་བྱེད་པ་དུས་ལ་བབ་པའོ། །ཨཱུཛྷྭ་དང་མཽ་ཧཱུརྟིཀ་ལ་ལིང་འངའོ། །ཨཱུཛྷྭ་དང་མུ་ཧཱུརྟྟ་ལས་བྱུང་བ་ཨཱུཛྷྭོ་མཽ་ཧཱུརྟྟ་ཀ་སྟེ། དུས་བརྗོད་པ་ལས་ཞེས་པས་ཚིག་ཕྲད་ལས་ཋཉའོ། བསྡུ་བ་ཚིག་ཕྱི་མ་ལས་འཕེལ་བའང་ངོ་། །ཨཱུརྡྷྭ་མཽ་

ཧཱུརྟྟི་ཀ་ལས་ད་ལྟར་བའི་བྱིངས་ལས་ལིང་འགྱུར་ཏེ། ལོཊ་འང་ངོ་། །དེ་ཡང་སྤྲིང་བསྐུལ་ལ་སོགས་པ་རྟོགས་པར་བྱེད་པ་རྣམས་ལའོ། །ཨཱུརྡྷྭཾ་མུ་ཧཱུརྟྟཱ་ཏ་ཀ་ཊཾ་ཀུཪྻཿཀ་ཊཾ་ཀུ་རུ། ཨཱུཾ་རྡྷྭཾ་མུ་ཧཱུརྟྟཱ་དེ་བཾ་ཀུཪྻཿ། ཨེ་བཾ་ཀུ་རུ། ཨུརྡྷྭཾ་མུ་ཧཱུརྟྟཱ་ཏ་ཀ་ཊཾ་ཀུཪྻ་དྷྦཱ་བཱན། ཀ་ཊཾ་ཀ་རོ་ཏུ་བྷ་བཱན། བྷ་བ་ཏོ་ཧི་པྲཱཔྟཿཀཱ་ལཿ
ཀ་ཊ་ཀ་ར་ཎེ། སྨ་ལ་ལོཊའོ། །སྨའི་སྒྲ་སྦྱོར་བ་ལ་སྤྲིང་བསྐུལ་ལ་སོགས་པ་རྣམས་ལ་ཨཱུརྡྷྭ་མཽ་ཧཱུརྟྟཱི་ཀ་ལ་ད་ལྟར་བ་ལས་ལོཊ་ཉིད་འགྱུར་ཏེ། ཨཱུརྡྷྭ་མུ་ཧཱུརྟྟཱདྒྲཱ་མཾ་གཙྪ་ཏུསྨ་བྷ་བཱན། ཀ་ཊ་ཀ་རོསྟུ་བྷ་བཱན། ཁྱོད་ནི་རེ་ལྡེ་བྱེད་པའི་དུས་ལ་བབ་ཅེས་པའོ། ལྷག་པར་ཚོལ་བ་ལའོ། །ལྷག་པར་ཚོལ་བ་ལ་སྨའི་
སྒྲ་སྦྱོར་བ་ན་ལོཊ་ཉིད་འགྱུར་ཏེ། ཨངྒ་སྨ་བི་དྭན་མཱ་ཎ་བ་ཀ་མ་དྷྱཱ་བ་ལ། སྤྲིང་བསྐུལ་ལ་སོགས་པ་རྣམས་ལ་བྱ་བར་འགྱུར་བ་ན་གནས་པའི་ཚུལ་གྱི་ཆོ་གས་སོ། །བྷ་བ་ཏཱ་ཁ་ལུ་ཀ་ཊ། ཀ་ར་ཎཱི་ཡཿ། ཀཱཪྻ། །ཀ་ཐཾ་ཀཱ་ལ་བྷོཀྟུཾ། ས་མ་ཡོ་བྷོཀྟུཾ། བེ་ལཱ་བྷོཀྟུཾ་ཞེས་སོ། །འདིར་ཡང་དེའི་ཆེད་ཀྱི་དོན་ཉིད་
ལ་ཏུཾ་རྐྱེན་དུ་འགྱུར་བ་ཉིད་དོ། །ཀཱ་ལ། ས་མ་ཡ། བེ་ལཱ་རྣམས་ལ་ཡང་ལ་ལིངའོ། །ཀཱ་ལ་ལ་སོགས་པའི་སྒྲ་ལྷན་ཅིག་སྦྱོར་བའི་བྱིངས་ལས་ལིང་འགྱུར་ཏེ། ཀཱ་ལ་ཡཾ་ཡདྦྷུཉྫཱི་ཏ་བྷ་བཱན། ས་མ་ཡོ་ཡཾ་ཡདྦྷུཉྫཱི་ཏ་བྷ་བཱན། བེ་ལོ་ཡཾ་ཡདྦྷུཉྫཱི་ཏ་བྷ་བཱན། འོས་པ་དང་ནུས་པ་དག་ལའོ། །འོས་པ་དང་ནུས་པ་
དག་ལའང་ལིང་འགྱུར་ཏེ། བྷ་བཱན་ཁ་ལུ་ཀ་ནྱཱཾ་པ་ཧེ་ཏ། ཨརད་ཏིཀ་བྱཱ་བོ་ཌྷུཾ། བྷ་བཱན་ཁ་ལུ་བྷཱ་རཾ་བ་ཧེ་ཏ། ཤཀྟོ་བྷ་བཱན་བྷཱ་རཾ་བོ་ཌྷུཾ། བྷ་བ་ཏཱ་ཁ་ལུ་ཀ་ནྱཱ་བོ་ཌྷ་བྱཱ། བ་ཧ་ནཱི་ཡཱ། བཱ་ཧྱ་བྷ་བཱན། ཁ་ལུ་ཀ་ནྱཱ་ཡ་བོ་ཌྷ་ཞེས་པ་གནས་པའི་ཚུལ་གྱི་ཚོགས་འགྲུབ་བོ། །བྱ་བའི་ཁྱད་པར་ལས་དུས་གཞན་དུ་གྱུར་པ་
ལ་ཡང་རྣམ་པ་གཞན་དུ་མ་བྱས་སོ། །ཚིག་གི་ཁྱད་པར་བརྗོད་པའི་བྱ་བ་དང་འབྲེལ་པའི་དུས་གཞན་དུ་གྱུར་པ་ལ་ཡང་དུས་ཀྱི་ཁྱད་པར་ལ་བྱས་པའི་ཚིག་གང་ཡིན་པ་དེ་རྣམ་པ་གཞན་དུ་མི་འགྱུར་ཏེ། ཨགྣི་ཥྚོ་མ་ཡཱ་ཛྱ་སྱ་པུ་ཏྲོ་ཛ་ནཱི་ཏཱ། གོ་མ་ནཱ་སཱི་ཏ། གོ་མཱན་བྷ་བི་ཏཱ། དེ་བཞིན་དུ། ལུ་ནཱི་ཧི་ལཱུ་ནཱི་ཞེས་པ་
འདི་ཉིད་ལུ་ནཱ་ཏིའོ། །ཨ་ལཱ་བི་ཏ། ལ་བི་ཥྱ་ཏི། ལུ་ནཱ་སི། ཨ་ལ་བཱི། ལ་བི་ཥྱ་སི། ལུ་ནཱ་སི། ཨ་ལཱ་བི་ཥཾ། ལ་བི་ཥྱཱ་མི། དེ་བཞིན་དུ་གཉིས་ཚིག་དང་མང་ཚིག་དག་ལ་ཡང་དཔེར་བརྗོད་དོ། །ཨ་དྷཱི་ཥྭ་ཨ་དྷཱིཥ་ཞེས་པ་འདི་ཉིད་ཨ་དྷཱི་ཏེ་ཞེས་ཏེ། ལོཊའི་མཐའ་ཉིད་ཡང་ཡང་ལ་གཉིས་བརྗོད་པའོ། །འདི་

སྐད་བཤད་པ་ཡིན་ཏེ། འདི་ལྟར་འདི་ནི་མྱུར་བ་དང་ལྡན་པ་གཞན་ཡང་བསྐུལ་བ་བཞིན་དུ་བྱ་བ་བྱེད་དོ། །དེ་བཞིན་དུ་བྱེད་པ་པོ་དང་བྱ་བ་ཀུན་སྡུད་པ་ལ་ཡང་མ་ཋ་མ་ཊ་བཱི་ཧཱ་ར་མ་ཊ་ཞེས་པ་འདི་ཉིད་ཨཊ་ཏིའོ། །ཙྪནྡོ྅དྷཱི་ཥྭ། བྱཱ་ཀ་ར་ཎ་མ་དྷཱི་ཥྭ་ཞེས་པ་འདི་ཉིད་ཨ་དྷཱི་ཏེའོ། །ཨོ་ད་
ནཾ་བྷུཾ་ཀྵྭཾ་སཀྟཱུན་པི་བ་དྷཱ་ནཱཿ། ཁ་ང་ཞེས་པ་འདི་ཉིད་ཨ་བྷྱ་བ་ཧ་ར་ཏིའོ། །ཨ་བྷྱ་བཱ་ཧཪྵཱིཏ། ཨ་བྷྱ་བ་ཧ་རི་ཥྱ་ཏི། དེ་བཞིན་དུ་བར་མ་དང་ཕྱི་མ་དག་ལ་ཡང་དཔེར་བརྗོད་པར་བྱའོ། །བྱ་བའི་ཁྱད་པར་ཀུན་སྡུད་པ་ལ་ཡང་དེ་དང་མཚུངས་པའི་བྱ་བ་ཉིད་རྗེས་སུ་སྦྱར་ཏེ། གཞན་དང་འདྲ་བ་བྱེད་པ་ལ་གཞན་གྱིས་
བསྐུལ་བ་མེད་པའི་ཕྱིར་རོ། །འབྱུང་འགྱུར་ལ་ལྲྀཊའོ། །འབྱུང་བར་འགྱུར་བའི་དོན་ལ་འཇུག་པ་ད་ལྟར་བའི་བྱིངས་ལས་ལྲྀཊ་འགྱུར་ཏེ། ཀ་རི་ཥྱ་ཏི་དི་རིང་མ་ཡིན་པ་ལུཊའོ། །དི་རིང་ཡོད་པ་མ་ཡིན་པ་འབྱུང་བར་འགྱུར་བའི་དོན་ལ་ད་ལྟར་བའི་བྱིངས་ལས་ལུཊ་འགྱུར་ཏེ། ཤྭཿཀརྟཱ། ཚིག་གི་དོན་
གཞན་ཞེས་པ་ཅི་ཞེ་ན། ཨ་དྱ་ཤྭོ་བཱ་ག་མི་ཥྱ་ཏི། པུ་རཱ་ཡཱ་བ་ཏ་དང་མི་ཟད་པ་ལ་ལཊའོ། །པུ་རཱའི་སྒྲ་དང་ཡཱ་བཏ་ཀྱི་སྒྲ་མི་ཟད་པ་སྦྱོར་བ་ན་འབྱུང་འགྱུར་བ་ལཊ་འགྱུར་ཏེ། པུ་རཱ་བྷུཾ་ཀྟེ། ཡཱབདྦྷུཾ་ཀྟེ། མི་ཟད་པ་ལ་ཞེས་པ་ཅི་ཞེ་ན། ལ་ཧ་ཏྱཱ་པུ་རཱ། ཛེ་ཥྱ་ཏེ་གྲཱ་མ། ཡཱ་བཏྟཱ་སྱ་ཏི། ཏཱ་བདྦྷོ་ཀྵྱ་ཏེ། ཀ་དཱ། ཀརྡི་དག་
ལ་ཡང་ནའོ། །ཀ་དཱའི་སྒྲ་དང་ཀརྡིའི་སྒྲ་སྦྱོར་བ་ན་འབྱུང་འགྱུར་ལ་ལཊ་ཡང་ན་འགྱུར་ཏེ། ཀརྡི་བྷུཾཀྟེ། ཀརྡི་བྷོཀྵྱ་ཏེ། ཀ་དཱ་བྷཱུཾཀྟེ། ཀ་དཱ་བྷོཀྵྱ་ཏེ། ཀིམ་དང་ཀ་ཏ་ར་དང་ཀ་ཏ་མ་རྣམས་ལ་བྱུག་འདོད་པ་ལའོ། །ཀ་ལ་སོགས་རྣམས་རབ་ཏུ་སྦྱོར་བ་ན་བྱུག་འདོད་པ་རྟོགས་པར་བྱེད་པའི་འབྱུང་འགྱུར་ལ་ལཊ་ཡང་ན་
འགྱུར་ཏེ། ལབྡྷུ་མི་ཙྪཱ་ལིཔྶ། དོན་དུ་གཉེར་བ་ནི་མངོན་པར་འདོད་པའོ། །ཀིཾ་བྷ་བནྟོ་བྷོ་ཛ་ཡནྟི། ཀཾ་བྷ་བནྟོ་བྷོ་ཛ་ཡི་ཥྱནྟི། ཀ་ཏ་རོ་བྷིཀྵཾ་ད་དཱ་ཏི། ཡང་ན་དཱ་སྱ་ཏི། ཀ་ཏོ་མ་བྷིཀྵཾ་ད་དཱ་ཏི། ཡང་ན་དཱ་སྱ་ཏི། བྱུག་འདོད་པ་ལ་ཞེས་པ་ཅི་ཞེ་ན། ཀཿཔཱ་ཊ་ལི་པུ་ཏྲཾ་ཡཱ་སྱ་ཏི། འབྲས་བུ་བརྗོད་པ་ལའོ། །བྱུག་པར་
བྱེད་པ་གང་གི་འབྲས་བུ་མཐོ་རིས་ལ་སོགས་པ་ཅན་དེ་བརྗོད་པ་འབྱུང་འགྱུར་གྱི་དུས་ལ་ལཊ་ཡང་ན་འགྱུར་ཏེ། ཨ་ཀི་ལ་སོགས་ཀྱི་དོན་ནི་རྩོམ་པའོ། །ཡོ་བྷགྟཾ་ད་དྷ་ཏི་ས་སྭརྒྷཾ་ཡ་ཏི། ཡོ་བྷཀྟཾ་དཱ་སྱ་ཏི་ས་སྭརྒྒཾ་ཡཱ་སྱ་ཏི། ལོ་ཊའི་དོན་མཚན་ཉིད་དོ། །ལོ་ཊའི་དོན་གྱི་སྒྲུབ་པ་སོགས་དེ་མཚོན་པ་དེ་བྱིངས་ཀྱི་དོན་

གང་གིས་ལོཊ་དང་བཅས་པའི་དོན་མཚོན་པ་དེ་བྱིངས་ཀྱི་དོན་ཏེ། དེ་ལ་འཇུག་པའི་བྱིངས་ལས་འབྱུང་བར་འགྱུར་བའི་དུས་ལ་ཡཊ་ཡང་ན་འགྱུར་ཏེ། ཨུ་པཱ་དྷྱཱ་ཡཤྩེ་དཱ་གཙྪ་ཏི། ཨ་ཐ་ཏྭཾ་ཙྪནྡོ་དྷཱི་ཥ། ཨུ་པཱ་དྷྱཱ་ཡ་ཤྩེ་དཱ་ག་མི་ཥྱ་ཏི། ཨ་ཐ་ཏྭཾ་ཙྪནྡོ྅དྷཱིཥྭ། མཁན་པོའི་ཐང་དུ་འགྲོ་བ་ཀློག་པའི་ཆོ་གའི་
མཚན་ཉིད་དོ། །ཨཱུ་རྡྷྭ་མཽ་ཧཱུརྟྟི་ཀ་ལ་ལིང་འང་ངོ་། །ཨཱུ་རྡྷྭ་དང་མཽ་ཧཱུརྟྟི་ཀ་ལ་འབྱུང་བར་འགྱུར་བ་ལོཊའི་དོན་མཚོན་པར་བྱེད་པ་ན་བྱིངས་དོན་ལ་ད་ལྟར་བ་ལས་ལིང་ཡང་ན་འགྱུར་ཏེ། འང་ཡིག་ལས་ལཊ་འང་ངོ་། །ཨཱུརྡྷྭཾ་མཽ་ཧཱུརྟྟཱ་དུ་པཱདྷྱཱ་ཡཤྩེ་དཱ་གཙྪེ་ཏ། ཡང་ན་ཨཱ་གཙྪ་ཏི། ཨུ་པཱ་དྷྱཱ་ཡཤྩེ་དཱ་ག་མི་ཥྱཏི།
ཨཱ་གནྟཱ། ཨ་ཐ་ཏྭཾ་བྱཱ་ཀ་ར་ཎ་མ་དྷཱི་ཥ། མཱང་ལ་ལུངའོ། །མཱང་སྦྱོར་བ་ལ་འབྱུང་འགྱུར་གྱི་དོན་ལ་ད་ལྟར་བ་ལས་ལུང་འགྱུར་ཏེ། མཱ་ཀཱཪྵཱིཿ། ང་ཡིག་ནི་ཀིཏའོ། །མཱཀ་རོ་ཏུ། མཱ་ཀ་རི་ཥྱ་ཏི། སྨ་ཕ་རོལ་ལ་ལང་ངོ་། །མང་ལ་ཞེས་པ་ཉིད་དེ་སྨ་ཕ་རོལ་ལ་མཱང་སྦྱོར་བ་ནི་འབྱུང་འགྱུར་གྱི་དོན་
ལ་ད་ལྟར་བ་ལས་ལང་འགྱུར་ཏེ་ལུང་ངོ་། །མཱ་སྨ་ཀ་རོ་ཏ། མཱ་སྨ་ཀཱཪྵཱིཏ། །ཞེས་པ་ལེགས་པར་གྲགས་པའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་
དང་པོའི་རྐང་པ་གསུམ་པ་རྫོགས་སོ།། །།ལའི་འོ། །ལུང་ལ་སོགས་པའི་ལ་ཡིག་དགུ་པོ་རྣམས་ལ་ལ་ཡིག་ཙམ་དང་རྗེས་སུ་འབྲེལ་པ་ཉིད་ཀྱིས་སྤྱིར་བཏང་བ་སྟེ། ལའི་གནས་སུ་དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཏིཔ་ལ་སོགས་པ་རྣམས་འགྱུར་རོ། །གཅིག་དང་གཉིས་དང་མང་པོ་
རྣམས་ལའོ་ཞེས་པ་སྤྱིར་བཏང་བ་རིག་པར་བྱའོ། །བྱེད་པ་པོ་ལ་ཏིཔ། ཏས། ཨནྟིའོ། །ལའི་གནས་སུ་བྱེད་པ་པོ་མངོན་པར་བརྗོད་པ་ལ་གོ་རིམས་བཞིན་དུ་གཅིག་དང་གཉིས་དང་མང་པོ་རྣམས་ཀྱི་དོན་ལ་ཏིཔ། ཏས། ཨནྟི་རྣམས་འགྱུར་རོ། །ས་བྷ་བ་ཏི། པ་ཡིག་ནི་པེཏ་བྱ་བའི་དོན་ཏོ། །ཏཽ་བྷ་བ་ཏཿ།
ཏེ་བྷ་བནྟི་ཡུཥྨད། ལ་སིཔ། ཐས་ཐའོ། །ཡུཥྨད་ཀྱི་སྒྲ་མངོན་པར་རྗོད་པ་བྱེད་པ་པོ་ལ་གཅིག་དང་གཉིས་དང་མང་པོ་རྣམས་ལ་སིཔ། ཐས། ཐ་རྣམས་འགྱུར་རོ། །ཏྭཾ་བྷ་བ་སི། ཡུ་བཱཾ་བྷ་བ་ཐ། ཡཱུ་ཡཾ་བྷ་བ་ཐ། ཨསྨད་ལ་མིབ་བསམས་རྣམས་སོ། །ཨསྨད་ཀྱི་སྒྲ་མངོན་པར་བརྗོད་པ་པོ་ལ་གཅིག་

དང་གཉིས་དང་མང་པོ་རྣམས་ལ་མིཔ། བསམས་རྣམས་སུ་འགྱུར་ཏེ། ཨ་ཧཾ་བྷ་བཱ་མི། ཨཱ་བཱཾ་བྷ་བཱ་བ། ང་ཡཾ་བྷ་བཱ་མ། འདི་དག་སྔ་མའི་དམིགས་བསལ་ལོ། །ངིཏ་ལས་ཏ་ཨཱ་ཏཱམ། ཨནྟ། ཐཱས། ཨཱ་ཐཱཾ། དྷྭམ། ཨིཊ། བ་ཧིང་། མ་ཧིང་། སྔ་མ་བཞིན་ནོ། །ང་ཡིག་
འགྲོ་བ་གང་ཡིན་པ་བྱིངས་དེ་ལས་ངིཏ་སྟེ། དེ་ལ་བྱས་པའི་ལའི་གནས་སུ་ཏཱ་ལ་སོགས་པ་དགུ་སྔ་མ་བཞིན་དུ་འགྱུར་ཏེ། བྱེད་པ་པོ་མངོན་པར་བརྗོད་པ་ལ་གཅིག་དང་གཉིས་དང་མང་པོའི་དོན་རྣམས་ལ་ཏ། ཨཱ་ཏཱམ། ཨནྟ། ཡུཥྨད་ལ་ཐཱས། ཨཱ་ཐཾ། དྷྭཾ། ཨསྨད་ལ། ཨིཊ། བ་ནི། མ་ཧིངའོ། །ས་
བནྡ་ཏེ། ཏཽ་བནྡནྟེ། ཏེ་བནྡནྟེ། ཏྭཾ་བནྡ་སེ། ཡུ་བཾ་བནྡེ་ཐེ། ཡཱུ་ཡཾ་བནྡ་དྷྭེཿ། ཨ་ཧྭཾ་བནྡེ་ཨཱ་བཱཾ་བནྡཱ་བ་ཧེ། བ་ཡཾ་བནྡཱ་མ་ཧེ། ཤེ་ཏེ། ཤ་ཡཱ་ཏེ། ཤེ་ར་ཏེ། ཤེ་སེ། ཤ་ཡཱ་ཐེ། ཤེ་དྷྭེ། ཤ་ཧེ། ཤེ་པ་ཧེ། ཤེ་མ་ཧེ། ཏི་པ་ལ་སོགས་པ་དགུ་པ་རསྨཻའི་ཚིག་སྟེ། ཤ་ཏྲྀ་དང་ཀཱ་སུའང་ངོ་། །ཏཱ་ལ་སོགས་
པ་ཨཱཏྨ་ནེའི་ཚིག་སྟེ་ཨཱ་ནའང་ངོ་། །འདི་དག་གི་འང་གསུམ་ཚན་པ་གསུམ་ནི་དང་པོ་དང་དབུས་མ་དང་མ་ཕྱི་མའི་མིང་ཅན་ཏེ། དེ་ལྟར་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སོ། །འདི་དག་གིའང་གསུམ་གསུམ་རྣམས་གཅིག་གི་ཚིག་དང་གཉིས་ཀྱི་ཚིག་དང་མང་པོའི་ཚིག་རྣམས་ཏེ། གཅིག་དང་གཉིས་
དང་མང་པོའི་ཆོ་ག་ལས་ཉིད་ལས་གྲུབ་པོ། །ཊ་ཡིག་ནི་ཨཊ་ལས་ཨཏའོ་ཞེས་པའི་མཚན་མའི་དོན་ཏོ། །ང་ཡིག་ནི་སོ་སོར་བསྡུ་བ་གཟུང་བའི་དོན་ཏོ། །འགྲོ་བ་དང་འཚེ་བ་དང་སྒྲའི་དོན་མ་ཡིན་པའི་ཧས་ལས་བརྗེ་བ་ལའོ། །འགྲོ་བ་ལ་སོགས་པ་བོར་བའི་བྱིང་བྱ་བ་ཡོངས་སུ་བརྗེ་བ་ལ་འཇུག་པ་ལས་
བྱེད་པ་པོ་ལ་ཏ་ལ་སོགས་པ་རྣམས་འགྱུར་ཏེ། བྱ་ཏི་ལུ་ཏན་ལེ། བྱ་ཏི་པུ་ན་ཏེ། འགྲོ་བ་སོགས་པ་དགག་པ་ཅི་ཞེ་ན། བྱ་ཏི་གཙྪནྟི། བྱ་ཏི་གྷྣནྟི། བྱ་ཏི་ཛལྤནྟི། བྱ་ཏི་ཛ་སནྟི། གཙོ་བོར་འགྲོ་བ་སོགས་ཀྱི་དོན་རྣམས་བཟུང་བར་འདོད་དོ། །དེས་ན། བྱ་ཏི་བ་ཧ་ཏེ་བྷཱ་རཾ། སཾ་པྲ་ཧ་རནྟེ་རཱ་ཛ་ནཿ། ཅི་
ལྟར་ཨི་ཏ་རེ་ཏ་ར་བྱ་ཏི་ལུ་བནྟི། ཨ་ནྱོ་ནྱ་སྱ་ཏི་ལུ་ནནྟི། པ་ར་སྤ་པ་ར་སྱ་ཏི་ལུ་ནནྟི་ཞེ་ན། བརྗེ་བ་ནི་ཚིག་གཞན་གྱིས་ཆོད་པའི་ཕྱིར་རོ། །ཧྲྀཉ་ལས་འགྲོ་བ་དང་དེའི་ངང་ཚུལ་ལའོ། །ཧ་ར་ཏི་ལས་འགྲོ་བ་དང་དེའི་ངང་ཚུལ་ལ་འཇུག་པ་ཏ་ལ་སོགས་པ་འགྱུར་ཏེ། པཻ་ཀྲྀ་ཀ་མ་ཤྭཱ་ཨ་ནུ་ཧ་རནྟ། ཛ་

ལ་དྷི་ཨ་ནུ་ཧ་ར་ཏེས་ར་ཞེས་པ་བསམ་མོ། །ཉེར་བསྒྱུར་ནི་ལས་བི་ཤ་ལས་སོ། །ཉེར་བསྒྱུར་ནི་ལས་ཕྱི་མའི་བི་ཤ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། ནི་བི་ཤ་ཏེ་ནྱ་བི་ཤཏ། ཉེར་བསྒྱུར་ལས་ཞེས་པ་ཅི་ཞེ་ན། མ་དྷུ་ནི་ཤནྟི་བྷྲ་མ་རཱཿ། བི་པ་རཱ་དག་ལས་ཛི་ལས་སོ། །འདི་དག་ལས་ཕ་རོལ་གྱི་ཛ་
ཡ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། བི་ཛ་ཡ་ཏེ། པ་རཱ་ཛ་ཡ་ཏེ། ཉེར་བསྒྱུར་ལ་ཞེས་པ་ཉིད་དེ། བ་ཧུ་བི་ཛ་ཡ་ཏི། ནགས་སོ། །པཱ་རཱ་ཛ་ཡ་ཏི། དམག་གོ། པ་རི། བི། ཨ་བ་ལས་ཀྲཱི་ལས་སོ། །ཏ་ལ་སོགས་པ་འགྱུར་ཏེ། པ་རི་ཀྲཱི་ཎཱི། བི་ཀྲཱི་ཎཱི་ཏེ། ཨ་བ་ཀྲཱི་ཎཱི་ཏེ། ཉེར་བསྒྱུར་ལས་ཞེས་པ་
ཉིད་དེ། བ་ཧུ་བི་ཛ་ཡ་ཏི། ནགས་སོ། །ཨཱང་ལས་དཱ་ལས་རང་གི་གདོང་པ་མིན་པ་ལའོ། །ཡང་སྔོན་མའི་ད་དཱ་ཏི་ལས་ཏ་ལ་སོགས་པར་འགྱུར་རོ། །གལ་ཏེ་བྱེད་པ་པོའི་བདག་ཉིད་རང་གི་གདོང་པ་མ་ཡིན་པ་ལ་འཇུག་པ་ནའོ། །བྱཱ་དཏྟ་མ། རང་གི་གདོང་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཨ་སྱ་བྱཱ་ད་
དཱ་ཏཾ། བི་པཱ་དི་ཀཱ་བྱཱ་ད་བཱ་ཏི། ཁའོ། །རང་སྨོས་པ་ཅི་ཞེ་ན། བྱཱ་དཏྟེ་པི་པཱི་ལེ་ཀཱ། ཕྱེ་མ་ལེབ་ཀྱི་ཁའོ། །བྱེད་པ་པོར་བསམས་པར་འགྱུར་རོ། །ག་མི་ལས་བཟོད་པ་ལའོ། །ཨཱང་སྔོན་མའི་ག་མི་ལས་བཟོད་པ་ལ་འཇུག་པ་ན་ཏ་ལ་སོགས་པ་འགྱུར་ཏེ། ཨཱ་ག་མ་ཡ་སྭ། རེ་ཞིག་ལེགས་
པའོ། །བཟོད་པ་ནི་འདིར་དུས་འཕྲོག་པའོ། །ནུ་དང་པྲཙྪ་ལས་སོ། །ཨཱང་སྔོན་མའི་ནཽ་ཏི་དང་བྲཙྪ་ལ་ཏ་ལ་སོགས་པར་འགྱུར་ཏེ། ཨཱ་ནུ་ཏེ་ཤྲྀ་གཱ་ལཿ། ཀུན་དུ་འབོད་པར་བྱེད་ཅེས་པའི་དོན་ཏོ། །ཨཱ་པྲྀཙྪ་སྭ་གུ་རཱུན། ཨ་ནུ་པ་རི་དག་ལ་ཀྲཱི་ཌ་ལས་ཀྱང་ངོ་། །ཏ་ལ་སོགས་པ་འགྱུར་ཏེ། ཨ་ནུ་ཀྲཱི་
ཌ་ཏེ། པ་རི་ཀྲཱི་ཌ་ཏེ། ཨ་ཀྲཱི་ཌ་ཏེ། ཉེར་བསྒྱུར་ལས་ཞེས་པ་ཉིད་དེ། མཱ་ཎ་བ་ཀ་མ་ནུ་ཀྲཱི་ཌ་ཏི། སམ་ལས་ཀཱུ་ཛ་ན་མིན་པ་ལའོ། །སམ་སྔོན་མའི་ཀྲཱི་ཌ་ཏེ་ལས་ཀཱུ་ཛ་ན་མིན་པ་ལ་འཇུག་པ་ན་ཏ་ལ་སོགས་པར་འགྱུར་ཏེ། སཾ་ཀྲཱི་ཌ་ཏེ། ཀཱུ་ཛ་ན་མིན་པ་ལ་ཞེས་པ་ཅི་ཞེ་ན། ས་ཀྲཱི་ཌཱཾ་ཏི་ཀ་ཊཱ་ནི། ཨ་པ་
ལས་སྐྲཱི་ལས་སོ། །ཨ་བ་སྔོན་མའི་སུཊ་དང་བཅས་པའི་ཀིར་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། ཨ་པ་སྐི་ར་ཏེ་བྲྀ་ཥ་བྷོ་ཧྲྀཥྚཿ། ཨ་པ་ཀི་ར་ཏེ་ཀུཀྐུ་ནོ་བྷཀྵཱ་ནཱི། ཨཔ་སྐི་ར་བྷེ་ཨཱ་ཤྪ་ཡཱརྠཱི། ཨ་པ་ལས་རྐང་བཞི་པ་དང་བྱ་བ་རྣམས་ལ་དགའ་བ་དང་ཟས་དང་གནས་ཀྱི་དོན་རྣམས་ལ་ཞེས་པས་

སུཊའོ། །སུཊ་ངེས་པར་བསྟན་པ་ཅི་ཞེ་ན། ཨ་པ་ཀི་ར་ཏི། སྨོན་པ་ལ་ནཱ་ཐ་ལས་སོ། །སྨོན་པ་ལ་ནཱ་ཐ་ལས་ཏ་ལ་སོགས་པར་གྱུར་ཏེ། སརྦི་ཥོ་ནཱ་ཐ་ཏེ། མ་དྷུ་ནོ་ནཱ་ཐཱ་ཏེ། ཨ་ཤི་ཥ་ལ་ནཱ་ཐ་ལས་ལས་ལ་དྲུག་པའོ། །ཤ་པ་ལས་མནའ་ལའོ། །ཤ་པ་ཏི་ལས་མནའི་བྱ་བ་ཏ་
ལ་སོགས་པ་འགྱུར་ཏེ། དེ་བ་དཏྟཱ་ཡ་ཤ་པ་ཏེ། ཀུན་དུ་ཡིད་ཆེས་པར་བྱེད་པའི་ཕྱིར་ཚིག་བརྗོད་པ་དང་། ལུས་ཀྱིས་རེག་པར་བྱེད་པ་ཞེས་པའི་དོན་ཏོ། །ཤླཱ་གྷ། ཧྣུཾ་སྣུ་སྠཱ། ཤཔ་རྣམས་ལས་ཤེས་པར་འདོད་པ་ལ་ཞེས་པ་ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ། །དམ་བཅའ་དང་སྠེ་ཡ་དང་ཉེ་
བར་གནས་པ་དང་རབ་ཏུ་གསལ་བ་རྣམས་ལ་སྠཱ་ལས་སོ། །བསྒྲུབ་བྱ་ངེས་པར་བསྟན་པ་ནི་དམ་བཅའོ། །རྩོད་པའི་ཚིག་ངེས་པར་མཚོན་པ་ནི་སྠེ་ཡ་སྟེ། དེར་ཉེ་བར་གནས་པ་ནི་སྠེ་ཡ་དང་ཉེ་བར་གནས་པའོ། །དོན་གཏན་ལ་དབབ་པའི་ཆེད་ཁོ་ནར་རང་གི་བསམ་པ་རབ་ཏུ་གསལ་བའོ། །འདི་
རྣམས་ལ་ཏི་ཥྠ་ཏི་ལ་སོགས་པ་རྣམས་འགྱུར་ཏེ། འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །ཨ་ཏིཥྛནྟེ་བོ་དྷཱཾ། དམ་བཅའ་ཞེས་པའི་དོན་ཏོ། །རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀའི་འདོད་པ་རིག་པར་བྱེད་པ་ནི་ཏིཥྛ་ཏེའོ། །ཐེ་ཚོམ་རྣ་བ་སོགས་སུ་གནས་པ་ནི་ཏིཥྛ་ཏེ་ཞེས་
བྷཱ་ར་བིའོ། །ཏིཥྛ་ཏེ་ཀ་ཏྱཱ་ཚྭ་ཏྲེ་བྷྱཿ། བདག་ཉིད་རབ་ཏུ་གསལ་བར་བྱེད་ཅེས་པའི་དོན་ཏོ། །སཾ། བི། པྲ། ཨ་པ་ལས་སོ །སཾ། བི། པྲ། ཨ་པ་ཞེས་པ་འདི་ལྟ་བུ་སྔ་མའི་ཏིཥྛ་ལ་སོགས་པ་འགྱུར་ཏེ། སཾ་ཏིཥྛ་ཏེ། བི་ཏིཥྛ་ཏེ། བི་ཏིཥྛ་ཏེ། ཨ་པ་ཏིཥྛ་ཏེ། ཨུད་ལས་སྟེང་མ་ཡིན་པར་སྤྱོད་པ་ལའོ། །ཨུད་
སྔོན་མའི་ཏིཥྛ་ཏི་ལས་སྟེང་མ་ཡིན་པར་སྤྱོད་པ་ལ་འཇུག་པ་ལ་ཏ་ལ་སོགས་པ་འགྱུར་ཏེ། ཡུ་ཀྟ་བྱེ་བུསྟིཥྛ་ཏེ། རིགས་པའི་དོན་དུ་སྤྱོད་ཅེས་པའི་དོན་ཏོ། །སྟེང་མ་ཡིན་པ་སྨོས་པ་ཅི་ཞེ་ན། ཛ་བེ་ན་སྤྲུ་ཥྛ་དུ་ད་ཏིཥྛ་ད་ཙྱུཏ་ཞེས་པ་མཱ་གྷ་ཟེར་རོ། །སྤྱོད་པ་ལ་ཞེས་པ་ཅི་ཞེ་ན། ཨསྨཱདྒྲཱ་མཙྪ་ཏ་མུཏྟིཥྛ་ཏི། ཨུ་པ་
ལས་ལྷ་མཆོད་པ་ལའོ། །ཨུ་པ་སྔོན་མའི་ཏིཥྛ་ཏི་ལས་ལྷ་མཆོད་པ་ལ་འཇུག་པ་ཏ་ལ་སོགས་པ་འགྱུར་ཏེ། སརྦ་ཛྷ་མུ་པ་ཏིཥྛ་ཏེ་བྷིཀྵུཿ། ཨཱ་དི་ཏྱ་མུ་པ་ཏིཥྛ་ཏེ་བི་པྲཿ། ལྷ་མཆོད་པ་ལ་ཞེས་པ་ཅི་ཞེ་ན། ཨ་ཤྭེ་ནོ་པ་ཏིཥྛ་ཏི་རཱ་ཛ་ནཾ། ཉེ་བར་འགྲོ་བར་བྱེད་ཅེས་པའི་དོན་ཏོ། །སྔགས་ཀྱིས་སོ། །

ཨུ་པ་སྔོན་མའི་ཏིཥྛ་ཏི་ལས་སྔགས་ཀྱི་ཉེ་བར་གནས་པ་ལ་ཏ་ལ་སོགས་པ་འགྱུར་ཏེ། གཱ་ཡ་ཏྱཱ་རཱ་ཛན་མུ་པ་ཏིཥྛ་ཏེ། པ་ཐ་ལ་རྗེས་སུ་འཇུག་པ་དག་ལའོ། །པ་ཐ་ལ་བྱེད་པ་པོ་རྗེས་སུ་འཇུག་པ་རྟོགས་པར་བྱེད་པ་ལ་ཨུ་པ་སྔོན་མའི་ཏིཥྛ་ཏི་ལ་ཏ་ལ་སོགས་པར་འགྱུར་ཏེ། ཨ་ཡས་སནྠཱཿ།
ཤྲུགྷྣ་མུ་པ་ཏིཥྛ་ཏེ། རྗེས་སུ་འཇུག་པ་ནི་བྱམས་པར་བྱེད་པ་དང་། ཀུན་དུ་འགྲོགས་པ་དག་གོ། །དེ་ལ་བྱམས་པར་བྱེད་པ་ལ་ར་ཐི་ཀཱ་ནུ་པ་ཏིཥྛ་ཏེ། ཀུན་དུ་འགྲོགས་པར་བྱེད་པ་ལ། གངྒཱ་ཡ་མུ་ནཱ་མུ་པ་ཏིཥྛ་ཏེ། བྱུག་པར་འདོད་པ་ལ་ཡང་ནའོ། །བྱུག་པར་འདོད་པ་རྟོགས་པར་བྱེད་པ་ལ་
ཨུ་པ་ཏིཥྛ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། བྷིཀྵུ་ཀོ་བྲཱཧྨ་ཎ་ཀུ་ལ་མུ་པ་ཏིཥྛ་ཏེ། ཡང་ན་ཨུ་པ་ཏིཥྛ་ཏི། ཉེ་བར་འགྲོ་བ་ཞེས་པའི་དོན་ཏོ། །ལས་མེད་པ་ལས་སོ། །ཨུ་པ་སྔོན་མའི་ཏིཥྛ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། བྷོ་ཛ་ན་ཀཱ་ལ་ཨུ་པ་ཏིཥྛ་ཏེ། ན་དཏྟཾ་ནོ་པ་ཏིཥྛ་ཏེ། སམ་ལས་གཾ།
རྀཙྪི། པྲཙྪི། སྭྲྀ། ཤྲུ། བེ་ཏི། ཨརྟྀ། དྲྀ་ཤ་ལས་སོ། །སམ་སྔོན་མའི་ག་ལ་སོགས་པ་རྣམས་ལས་ཏ་ལ་སོགས་པ་འགྱུར་ཏེ། སཾ་གཙྪ་ཏེ། ས་མྲྀཙྪ་ཏེ། སཾ་པྲྀཙྪ་ཏེ། སཾ་སྭ་ར་ཏེ། སཾ་ཤྲྀ་ཎུ་ཏེ། སམྦི་ཏྟེ། བེཏྟེ་ཞེས་ངེས་པར་བསྟན་པའི་ཕྱིར་ཐོབ་པའི་དོན་ལ་ནི་མི་འགྱུར་ཏེ། སམྦིནཱ་ཏི་
ཨརྟི་ཞེས་སྤྱིར་བསྟན་པའི་ཕྱིར་པཱུརྦཱ་པར་དང་ལྷན་ཅིག་སྤྱོད་པ་དང་བི་ཀ་ར་ཎ་འཇིག་པ་དང་མི་འཇིག་པ་དག་བཟུང་ངོ་། །ས་མྲྀཙྪ་ཏེ། ས་མི་སྤྲྀ་ཏེ། ས་མཱ་ར་ཏེ། སམྤ་ཤྱ་ཏེ། ལས་མེད་པ་ལས་ཞེས་པ་ཉིད་དེ། སཾ་གཙྪ་ཏི་སུ་ཧྲྀ་དཾ། སཾ་པྲྀཙྪ་ཏི་གུ་རཱུན། ཨཱང་ལས་ཡཾ། ཧན་ལས་རང་གི་ཡན་
ལག་གི་ལས་ཅན་ལས་སོ། །ཨཱང་སྔོན་མའི་ཡ་མི་ཧ་ནི་དག་ལས་ལས་མེད་པ་དག་ལས་ཏ་ལ་སོགས་པ་འགྱུར་ཏེ། ཨཱ་ཡཙྪེ་ཏེ། ཨཱ་ཧ་ཏེ། ཨཱ་ཡཙྪ་ཏེ་པཱ་དཾ། ཨཱ་ཧ་ཏེ་ཤི་ར། རང་གི་ཡན་ལག་གི་ལས་ཅན་ལས་ཞེས་པ་ཅི་ཞེ་ན། ཨཱ་ཡཙྪ་ཏི་རཾ་ཛྫ། ཨཱ་ཧནྟི་སྠཱ་ཎུཿ། རང་སྨོས་པ་ཅི་ཞེ་ན།
དེ་བ་ད་ཏྟོ་ཡཛྙ་དཏྟ་སྱ་པཱ་ཎི་མཱ་ཧནྟི། ཨུད། བི་དག་ལས་ཏ་པ་ལས་སོ། །ཨུཏྟ་བ་ཏེ། བི་ཏ་པ་ཏེ། ཨུཏྟ་པ་ཏེ་པཱ་ཎིཾ། བི་ཏ་པ་ཏེ་པྲྀཥྚཾ། རང་གི་ཡན་ལག་གི་ལས་ཅན་ལས་ཞེས་པ་ཉིད་དེ། ཨུཏྟ་པ་ཏི་ཨུ་ཝརྞཾ། སུ་ཝརྞ་ཀཱ་དང་། བི་ཏ་པ་ཏི་པྲྀ་ཐཱིཾ། ས་བི་ཏཱ། དེ་བ་དཏྟོ་ཡཛྯ་དཏྟ་སྱ་ཧསྟ་མུརྟ་

བ་ཏི། ཏ་པ་ལས་ལས་ལའོ། །ཏ་པ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། ཏ་སྱ་ཏེ་ཏ་པཿ། ཏཱ་པ་སཿ། དཀའ་ཐུབ་བྱེད་དོ་ཞེས་པའི་དོན་ཏོ། །ནི། སཾ། བི། ཨུ་པ་རྣམས་ལས་ཧྭཱ་ལས་སོ། །ཏ་ལ་སོགས་པ་འགྱུར་ཏེ། ནི་ཧྭ་ཡ་ཏེ། སཾ་ཧྭ་ཡ་ཏེ། བི་ཧྭ་ཡ་ཏེ། ཨུ་པ་ཧྭ་ཡ་ཏེ།
ཨཱང་ལས་འགྲན་པ་ལའོ། །ཨཱང་སྔོན་མའི་ཧྭ་ཡ་ཏི་ལས་འགྲན་པ་ལས་འཇུག་པ་ན་ཏ་ལ་སོགས་པ་འགྱུར་ཏེ། མལློ་མལླ་མཱ་ཧྭ་ཡ་ཏེ། འགྲན་པ་ལ་ཞེས་པ་ཅི་ཞེ་ན། གཱ་མཱ་ཧཱ་ཡ་ཏི་གོ་པཱ་ལ་ཀོ་ཡ་ཥྚྱཱ། སཱུ་ཙ་ན། ཨ་བ། ཀྵེ་པ་ཎ། སེ་བཱ། སཱ་ཧ་ས། ཡཏྣ། ཀ་ཐ། ཨུ་པ་ཡོ་ག་རྣམས་ལ་ཀྲྀཉ་ལས་
སོ། །སཱུ་ཙ་ན་ནི་སྐྱོན་འཆབ་པའོ། །ཨ་བ་ཀྵ་པ་ཎི་ནི་མི་སྣང་བར་བྱེད་པའོ། །སེ་བཱ་ནི་རྗེས་སུ་འཇུག་པའོ། །སཱ་ཧ་སཾ་ནི་བབ་ཅོལ་གྱི་ལས་སོ། །ཡཏྣ་ནི་དམ་པའི་ཡོན་ཏན་གྱི་ཁྱད་པར་སྒྲུབ་པའོ། །ཀ་ཐཱ་ནི་གཏམ་མོ། །ཨུ་པ་ཡོ་ག་ནི་ཆོས་ལ་སོགས་པའི་རབ་ཏུ་སྦྱོར་བ་དང་མི་འབྲལ་བའོ། །དོན་འདི་
རྣམས་ལ་ཀྲིཉ་ལས་ཏ་ལ་སོགས་པ་འགྱུར་ཏེ། ཧྲྀ་སཾ་ཤཿ། སཛྫ་ན་མུརྐུ་རུ་ཏེ། ཤྱེ་ནོ་བརྟྟི་ཀཱ་མུ་པ་ཀུ་རུ་ཏེ། ག་ཎ་ཀཱ་ན་པྲ་ཀུ་རུ་ཏེ། བ་ར་དཱ་རཱ་ན་པྲ་ཀུ་རུ་ཏེ། ཨེ་དྷོ་ད་ཀ་སྱོ་པ་ཀུ་རུ་ཏེ། ཛ་ནཱ་པ་བཱ་དཱ་ན་པྲ་ཀུ་རུ་ཏེ། ཤ་ཏཾ་པྲ་ཀུ་རུ་ཏེ། ཨ་དྷི་ལས་ཟིལ་གྱིས་གནོན་པ་ལའོ། །ཨ་དྷི་སྔོན་མའི་ཀ་རོ་ཏི་ལས་ཟིལ་
གྱིས་གནོན་པ་ལ་འཇུག་པ་ན་ཏ་ལ་སོགས་པ་འགྱུར་ཏེ། ཏྭཱ་མ་དྷི་ཀུ་རུ་ཏེ། ཁྱོད་ཟིལ་གྱིས་གནོན་ཞེས་པའི་དོན་ཏོ། །ཟིལ་གྱིས་གནོན་པ་ཞེས་པ་ཅི་ཞེ་ན། ཨ་དྷི་ཀ་རོ་ཏི། ངེས་པར་སྦྱོར་ཞེས་པའི་དོན་ཏོ། །བི་ལས་སྒྲའི་ལས་ལའོ། །བི་སྔོན་མའི་ཀྲྀཉ་ལས་སྒྲའི་ལས་ལ་ཏ་ལ་སོགས་པ་འགྱུར་ཏེ། ཀྲོཥྚ་བ་ཀུ་རུ་
ཏེ་སྭ་རཱ་ན། སྒྲ་ཞེས་པ་ཅི་ཞེ་ན། བི་ཀ་རོ་ཏི་མྲྀ་དཾ། ལས་སྨོས་པ་ཅི་ཞེ་ན། ཤབྡེ་ན་བི་ཀ་རོ་ཏི་མི་ཏཾ། ལས་མེད་པ་ལས་སོ། །བི་སྔོན་མའི་ཀ་རོ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། བི་ཀུརྦ་ཏེ་སཻནྡྷ་བཱནཿ། སཱ་དྷུ་དཱནྟཱཿ། ལེགས་པར་བྱེད་ཅེས་པའི་དོན་ཏོ། །པཱུ་ཛཱ། ཨུཏྶཾ་ག །ཨུ་པ་ན་ཡ་ན། ཛྙཱ་ན། བྷྲཱྀ་ཏི། བྱ་ཡ། བི་
ག་ཎ་རྣམས་ལ་ནཱི་ལས་སོ། །དོན་འདི་རྣམས་ལ་ན་ཡ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། མཆོད་པ་ལ། ན་ཡ་ཏེ་པཱ་ཎི་ནིརྦྱཱ་ཀ་ར་ཎེ། དེ་ལ་མདོའི་དོན་རྣམས་འཐད་པ་རྣམས་ཀྱིས་བརྟན་པར་བྱས་པས་ཀུན་གྱིས་བཀུར་བར་བྱེད་དོ་ཞེས་པའི་དོན་ཏོ། །ཡང་ན་མདོའི་དོན་བརྟན་པར་བྱས་པས་མཆོད་པ་ཐོབ་བོ་ཞེས་སོ། །

ཨུཏྶཾ་ག་ལ། མཱ་ཎ་བ་ཀ་མུ་དཱ་ན་ཡ་ཏེ། ཕང་པར་བཏེག་སྟེ་འདྲེན་པར་བྱེད་ཅེས་པའི་དོན་ཏོ། །ཨུ་པ་ན་ཡ་ན་ལ། མཱ་ཎ་བ་ཀ་མུ་པ་ན་ཡ་ཏེ། བསྟན་བཅོས་ལ་མཁས་པར་བྱེད་པའི་ལས་ཀྱི་ཆོ་གས་བདག་ཉིད་སློབ་དཔོན་དུ་བྱེད་པ་ཉེ་བར་འཐོབ་པར་བྱེད་ཅེས་པའི་དོན་ཏོ། །ཤེས་པ་ལ་ནི། ན་ཡ་ཏེ་པཱ་ཎི་ནིརྦྱཱ་
ཀ་ར་ཎེ། དེར་གཞལ་བྱ་ངེས་པར་བྱེད་ཅེས་པའི་དོན་ཏོ། །བྷྲྀ་ཏི་ལས། ཀརྨ་ཀཱ་རཱ་ནུ་པ་ན་ཡ་ཏེ། འབྱོར་པ་དང་ཉེ་བར་བྱེད་ཅེས་པའི་དོན་ཏོ། །བྱ་ཡ་ལ། ཤ་ཏཾ་བི་ན་ཡ་ཏེ། ཆོས་ལ་སོགས་པའི་རྒྱུ་མཚན་གྱིས་བརྒྱ་ཟད་པར་བྱེད་ཅེས་པའི་དོན་ཏོ། །བི་ག་ཎ་ན་མ་ལ། མུ་དྲཱཿ། ཀཱ་རཾ་བི་ན་ཡནྟེ། ཀ་
ར་ཨེ་བ་ཀཱ་རཿ། རཱ་ཛ་དེ་ཡོ་བྷཱ་གཿ། དེ་འབུལ་དུ་འཇུག་པར་བྱེད་ཅེས་པའི་དོན་ཏོ། །ཀརྟྲྀ་སྠ། མཱུརྟྟའི་ལས་ལའོ། །ཀརྟྲྀསྠ། ཨ་མཱུརྟའི་གང་ཡིན་པ་དེ་ལས་ན་ཡ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། ཀྲོ་དྷཾ་བི་ན་ཡ་ཏེ། ཀརྟྲྀསྠ་སྨོས་པ་ཅི་ཞེ་ན། དེ་བ་དཏྟོ་ཡཛྙཱ་དཏྟ་སྱ་མ་ནྱུ་བི་ན་ཡ་ཏི། ཨ་མཱུརྟ་ཞེས་པ་
ཅི་ཞེ་ན། ག་ཌུམྦི་ན་ཡ་ཏི་ལས་སྨོས་པ་ཅི་ཞེ་ན། བུདྡྷྱ་བི་ན་ཡ་ཏི། བི་ལས་ཞེས་པ་ཉིད་དེ། ཀྲོ་དྷ་ས་མུནྣ་ཡ་ཏི། ཨ་པ་ན་ཡ་མཱ་ནི་ནི་མཱ་ནཾ། ཀུན་འགྲོ་མ་ཡིན་པ་ལས་རྫས་ཡོངས་སུ་འཇལ་བ་ནི་མུརྟི་ཞེས་བྱེ་བྲག་པ་རྣམས་སོ། །དེ་ལ་ཀུན་འགྲོ་ལས་བདག་གི་རྫས་དང་གཞན་གྱི་རྫས་བུམ་པ་སོགས་ཀྱིས་
ཡོངས་སུ་འཇལ་བ་གྲུ་བཞི་དང་པོ་ཅན་ནི་མཱུརྟྟི་སྟེ། དེ་དང་ལྡན་པ་ནི་མཱུརྟྟ་ཉིད་དོ། །དེ་དང་ལྡན་པ་མེད་པ་ནི་ཨ་མཱུརྟྟཱ་ཉིད་དེ་ཀྲོ་དྷ་སོགས་སོ། །ཨ་པ་ཧྣུ་ལ་ཛྙཱ་ལས་སོ། །ཏ་ལ་སོགས་པ་འགྱུར་ཏེ། ཤ་ཏ་ཨ་པ་ཛཱ་ནཱི་ཏེ། ཨ་པ་ཧྣུ་ལ་ཞེས་པ་ཅི་ཞེ་ན། ན་ཏྭཾ་ཀིཉྩི་ད་པི་ཛཱ་ནཱ་སི་ཨ་པཏྣུ་ལས། ནི་ཧྣུ་ཏི་ར་པ་ལཱ་པ་
ཞེས་པའི་བར་རོ། །ལས་མེད་པ་ལས་སོ། །ཛ་ནཱ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། སརྦྦི་སོ་ཛཱ་ནཱི་ཏི། འཁྲུལ་པ་ལ་ཤེས་པར་བྱེད་པ་ཞེས་པས་དྲུག་པའོ། །ལས་མེད་པ་ལས་ཞེས་པ་ཅི་ཞེ་ན། སྭ་རེ་ཎ་སུ་ཏྲཾ་ཛཱ་ནཱ་ཏི། སམ། པྲ་ཏི་ལས་མི་དྲན་པ་ལའོ། །སཾ། པྲ་ཏི་སྔོན་མའི་ཛཱ་ནཱ་ཏི་ལས་མི་དྲན་པ་ལ་
འཇུག་པ་ལ་ཏ་ལ་སོགས་པ་འགྱུར་ཏེ། གཱཾ་སཾ་ཛཱ་ནཱི་ཏེ། ཀ་ནྱཱཾ་དཱ་དུ་པྲ་ཏི་ཛཱ་ནཱི་ཏེ། མི་དྲན་པ་ལ་ཞེས་པ་ཅི་ཞེ་ན། མཱ་རུཿསཾ་ཛཱ་ནཱ་ཏི། དྲན་པའི་དོན་ལས་གང་རྣམས་ཀྱིས་ལས་ལ་དྲུག་པའོ། །ཛྙཱ་ན། བྷཱ་ས་ན་ཡཏྣ་ཨུ་པ་ཤྭནྟྭ་ན། བི་མ་ཏི་ཨུཙྪནྡ་ན་རྣམས་ལ་བ་ད་ལས་སོ། །ཏ་ལ་སོགས་པ་འགྱུར་ཏེ། ཤེས་

པ་ལ་ནི། ས་མྱ་ག་བ་བོ་དྷ། འདི་ནི་གཅིག་ཏུ་སྨྲ་བའོ། །སྣང་བ་ལ། བ་ད་ཏེ་བ་ཏཉྫ་ལིརྦྱཱ་ཀ་ར་ཎེ། རྣམ་པར་གསལ་བར་བྱེད་པ་སྨྲའོ་ཞེས་པའི་དོན་ཏོ། །འབད་པ་ལ། ཀྵེ་ཏྲེ་བ་ད་ཏེ། འབད་པར་བྱེད་དོ་ཞེས་པའི་དོན་ཏོ། །ཉེ་བར་ཞི་བ་ལ་ནི། ཀརྨ་ཀ་ར་ནུ་པ་བ་ད་ཏེ། ནོར་སྦྱིན་
པ་ལ་སོགས་པས་ཡོངས་སུ་མགུ་བར་བྱེད་ཅེས་བྱ་བའི་དོན་ཏོ། །ཐེ་ཚོམ་ལ། གེ་ཧེ་བ་ད་ཏེ། ཐེ་ཚོམ་བསལ་བའི་ཕྱིར་རྣམ་པ་སྣ་ཚོགས་སྣང་བར་བྱེད་ཅེས་པའི་དོན་ཏོ། །ཉེ་བར་འདུན་པ་ལ། ས་ར་དཱ་རཱ་ནུ་པ་བ་ད་ཏེ། དབེན་པར་ཉེ་བར་བསྔགས་པར་བྱེད་ཅེས་པའི་དོན་ཏོ། །གསལ་བར་བརྗོད་པ་ལ།
ཨ་ནུ་ལས་ལས་མེད་པ་ལས་སོ། །ཨ་ནུ་སྔོན་མའི་ལས་མེད་པ་ཅན་གྱི་བ་ད་ཏི་ལས་གསལ་བར་བརྗོད་པ་ལ་འཇུག་པ་ལ་ཏ་ལ་སོགས་པ་འགྱུར་ཏེ། ཨ་ནུ་བ་ད་ཏེ་ཀ་ཐ། ཀཱ་ལཱ་པ་སྱ། ཨ་ཐཱ་ཀ་ལཱ་བ་དྷཱི་ཡཱ་ནོ་པ་ད་ཏི་ཏ་ཐཱ་ཀ་ཐ། ཞེས་པའི་དོན་ཏོ། །ཨ་ནུའི་སྒྲ་ནི་འདྲ་བ་ལ་འཇུག་པའི་ཕྱིར་རོ། །
ལས་མེད་པ་ལས་ཞེས་པ་ཅི་ཞེ་ན། བཱ་དི་ནོཀྟ་མ་ནུ་བ་ད་ཏི། ཕྱིས་སྨྲ་བར་བྱེད་ཅེས་པའི་དོན་ཏོ། །གསལ་བར་བརྗོད་པ་ལ་ཞེས་པ་ཅི་ཞེ་ན། ཨ་ནུ་བ་ད་ཏི་བཱི་ཎ་བཾ་ཤ་སྱ། ལྷན་ཅིག་གོ། །ལྷན་ཅིག་གསལ་བར་བརྗོད་པ་ལ་བ་ད་ལས་ཏ་ལ་སོགས་པ་འགྱུར་ཏེ། སཾ་པྲ་བ་དནྟེ་བྲཱཧྨ་ཎཱཿ། གསལ་བར་
བརྗོད་པ་ལ་ཞེས་པ་ཉིད་དེ། བ་ར་ཏ་ནུ་སཾ་པྲ་བ་དནྟི་ཀུ་ཀྐུ་ཊ། ལྷན་ཅིག་ཅེས་པ་ཅི་ཞེ་ན། བ་དནྟི་བྲཱམ་ཎཱ། བི་པྲ་ཏི་པཏྟི་ལ་ཡང་ནའོ། །བི་པྲ་ཏི་བཏྟིའི་ཡུལ་ལ་ལྷན་ཅིག་བརྗོད་པ་ལ་བ་ད་ལས་ཏ་ལ་སོགས་པ་འགྱུར་ཏེ། བི་བྲ་བ་དནྟེ། ཡུད་ཙམ་མོ། །ཡང་ན་བི་པྲ་བ་ཏི་ཏནྟི། ལྷན་ཅིག་ཅེས་པ་ཅི་ཞེ་ན།
ཨེ་ཀཻ་ཀ་ཤོ་བི་པྲ་བ་དནྟི་མཽ་ཧཱུརྟཱ། ཉེར་བསྒྱུར་ལས་ཨཱུ་ཧ་དང་ཨ་སྱ་ཏི་ལས་སོ། །ཏ་ལ་སོགས་པ་ཡང་ན་འགྱུར་ཏེ། ས་མཱུ་ཧ་ཏེ། ས་མཱུ་ཧ་ཏི། ནི་ར་སྱ་ཏེ། ནི་ར་སྱ་ཏི། ཉེ་བསྒྱུར་ལས་ཞེས་པ་ཅི་ཞེ་ན། ཨུ་ཧ་ཏེ། ཨ་སྱ་ཏེ། ལས་མེད་པ་ལས་ཞེས་པ་ཉིད་དེ། ནིར་སྱ་ཏེ་ཤ་ཏྲཱུན། ས་མཱུ་ཧ་ཏི་པ་དཱ་རྠཱན། བྲྀཏྟི་
ཨུཏྶཱ་ཧ། ཏ་ཡ་ན་རྣམས་ལ་ཀྲ་མ་ལས་སོ། །བྲྀཏྟི་ནི་གེགས་མེད་པའོ། །ཨུཏྶཱ་ཧ་ནི་བརྩོན་འགྲུས་རྩོམ་པའོ། །ཏཱ་ཡ་ནཾ་ནི་རྒྱས་པའོ། །འདི་རྣམས་ལ་ཀྲ་མ་ལས་ཏ་ལ་སོགས་པ་འགྱུར་ཏེ། ཏརྐེ་྅སྱ་ཀྲ་མ་ཏེ་བུདྡྷིཿ། ཐོགས་པ་མེད་པར་གྱུར་ཅེས་པའི་དོན་ཏོ། །ཨ་དྷྱཱ་ཡ་ནཱ་ཡ་ཀྲ་མ་ཧེ་ཨུཏྶཱ་ཧ་ཏེ། བརྩོན་

འགྲུས་རྩོམ་པར་བྱེད་ཅེས་པའི་དོན་ཏོ། །པྲཱཛྙེ་ཤཱ་སྟྲཱ་ཎི་ཀྲ་མནྟེ། རྒྱས་པར་གྱུར་ཞེས་པའི་དོན་ཏོ། །ཨུ་པ་པ་རཱ་དག་ལས་སོ། །ཉེར་བསྒྱུར་ཨུ་པ་དང་པ་རཱ་དག་ཉིད་ལས་ཀྲ་མ་ཏི་ལས་བྲྀཏྟི་སོགས་ཀྱི་དོན་རྣམས་ལ་ཏ་སོགས་པ་འགྱུར་ཏེ། ཨུ་པ་ཀྲ་མ་ཏེ། ཨུ་པ་ཀྲ་མ་ཏེ། པ་རཱ་ཀྲ་མ་ཏེ། བཤད་མ་ཐག་པས་གྲུབ་པ་ལ་
ངེས་པར་བྱ་བའི་དོན་དུ་བརྗོད་པའོ། །དེས་ན་མི་འགྱུར་ཏེ། ཨ་དྷྱ་ཡ་ནཱ་ཡ་སཾ་ཀྲཱ་མ་ཏི། བི་ལས་རྐང་པ་དག་གིས་སོ། །བི་སྔོན་མའི་ཀྲ་མ་ཏི་ལས་རྐང་པ་དག་གིས་འགྲོ་བ་ལ་ཏ་ལ་སོགས་པ་འགྱུར་ཏེ། སཱ་དྷུ་བི་ཀྲ་མ་ཏེ། མདོ་ལས་རྟགས་བརྗོད་པ་ནི་རྒྱུད་ཉིད་ཀྱི་ཕྱིར་རོ། །སཱ་དྷུ་བི་ཀྲ་མནྟེ྅ཤྭཿ།
རྐང་པ་དག་གིས་ཞེས་པ་ཅི་ཞེ་ན། ཨ་ཤྭེ་ན་བི་ཀྲཱ་མ་ཏི། པྲ་ཨུ་པ་ལས་རྩོམ་པ་ལའོ། །བྱ་བའི་སྐད་ཅིག་མང་པོ་རྣམས་ཀྱི་དང་པོའི་བྱ་བ་སྒྲུབ་པ་ནི་རྩོམ་པ་སྟེ། དེ་ཡང་ཟས་ཀྱི་བྱ་བ་སོགས་ཀྱི་དོན་དུ་བྱེད་པ་ཡང་ངོ་། །དེ་ལ་འཇུག་པའི་ཀྲ་མ་ལས་པྲ་དང་ཨུ་པ་ལས་ཕ་རོལ་ཏུ་ཏ་ལ་སོགས་པ་འགྱུར་ཏེ།
པྲ་ཀ་མ་ཏེ་བྷོཀྟུཾ། ཨུ་པ་ཀྲ་མ་ཏེ་ཤྲོ་ཏུཾ། རྩོམ་པ་ལ་ཞེས་པ་ཅི་ཞེ་ན། པཱུརྦེ་དྻུཿ། པྲ་ཀྲ་མ་ཏི། ཨ་པ་རེ་དྻུ་རུ་པ་ཀྲཱ་མ་ཏི། སྔ་ཉིན་རབ་ཏུ་འགྲོ་བ་དང་། ཕྱི་ཉིན་ཉེ་བར་འགྲོ་བ་ཞེས་པའི་དོན་ཏོ། །ཛྱོ་ཏི། ཨུངྒ་ཏི་ལ་ཨང་ལས་སོ། །ཛྱོ་ཏི་ཨུངྒ་ཏི་ལ་བགྲོད་པར་བྱེད་པ་ལ་ཨཱང་སྔོན་མའི་ཀྲ་མ་ཏི་ལས་ཏ་
ལ་སོགས་པ་འགྱུར་ཏེ། ཨཱ་ཀྲ་མ་ཏེ་སཱུཪྻཿ། ཛྱོ་ཏི་ཞེས་པ་ཅི་ཞེ་ན། ཨཱ་ཀྲ་མ་ཏི་དྷཱུ་མཿ། ཨུངྒ་ཏི་ལ་ཞེས་པ་ཅི་ཞེ་ན། ཨགྣི་རི་ནྔྷ་ནམཱ་ཀྲཱ་མ་ཏི། འདི་སྟེང་དུ་བགྲོད་པས་འཕགས་པར་དགོངས་པའོ། །ཉེར་བསྒྱུར་མེད་པ་ལས་ཡང་ནའོ། །ཀྲ་མ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། ཀྲ་མ་ཏེ། ཀྲཱ་མ་ཏི།
ཉེར་བསྒྱུར་མེད་པ་ལས་ཞེས་པ་ཅི་ཞེ་ན། སཾ་ཀྲཱ་མ་ཏི། ཨ་པ་ལས་གི་ར་ཏི་ལས་སོ། །ཏ་ལ་སོགས་པ་འགྱུར་ཏེ། ཨ་བ་གི་ར་ཏེ། ཨ་པ་ལས་ཞེས་པ་ཅི་ཞེ་ན། གི་ར་ཏི་གི་ར་ཏི་ཞེས་ངེས་པར་བསྟན་པས་གྲྀ་ཎཱ་ཏི་ལས་མི་འགྱུར་ཏེ། ཨ་བ་གྲྀ་ཎཱ་ཏི། སམ་ལས་དམ་བཅའ་ལའོ། །སམ་སྔོན་མའི་གི་ར་
ཏི་ལས་དམ་བཅའ་ལ་དམ་བཅའ་ལ་ཏ་ལ་སོགས་པ་འགྱུར་ཏེ། བི་ཛྙཔྟཾ་མཱ་ཏྲཾ་ཏྲཻ་དྷཱ་ཏུ་ཀཾ་སཾ་གི་རནྟེ་བི་ཛྙཱ་ན་བཱ་དི་ནཿ། སོ་སོར་ཤེས་ཞེས་པའི་དོན་ཏོ། །དམ་བཅའ་ལས་ཞེས་པ་ཅི་ཞེ་ན། སཾ་གི་ར་ཏེ། ཨུད་ལས་ཙ་ར་ལས་ལས་དང་བཅས་པ་ལའོ། །ཨུད་སྔོན་མའི་ཙ་ར་ཏི་ལས་ལས་དང་ལྡན་པ་ལས་ཏ་ལ་

སོགས་པ་འགྱུར་ཏེ། གེ་ཧ་མུཙྪ་ར་ཏེ་ར་ཛཿ། ཁྱིམ་དུ་འགྲོ་ཞེས་པའི་དོན་ཏོ། །ལས་དང་བཅས་པ་ལ་ཞེས་པ་ཅི་ཞེ་ན། ཨུཙྪ་ར་ཏི་དྷཱུ་མཿ། སྟེང་དུ་འགྲོ་ཞེས་པའི་དོན་ཏོ། །སམ་ལས་གསུམ་པ་ལྡན་པ་ལས་སོ། །སཾ་སྔོན་མའི་ཙ་ར་ཏི་གསུམ་པ་ལྡན་པ་ལས་ཏ་ལ་སོགས་
པ་འགྱུར་ཏེ། ར་ཐེ་ན་སཾ་ཙ་ར་ཏེ། སམ་ལས་ཞེས་པ་ཅི་ཞེ་ན། ར་ཐེ་ན་ཙ་ར་ཏི། གསུམ་པ་ལྡན་པ་ལས་ཞེས་པ་ཅི་ཞེ་ན། ཨུ་བྷཽ་ལོ་བྷཽ་སཾ་ཙ་ར་སི། ཨི་མཉྩ་མུཉྩ་དེ་བ་ལ་གསུམ་པ་དང་ལྡན་པ་ནི་འདིར་དངོས་སུ་ཡོད་པ་ལ་འདོད་ཀྱི་རྟོགས་པར་བྱེད་པ་ནི་མ་ཡིན་ཏེ། བྱེ་བྲག་གི་བསྒྲུབ་པའོ། །ཆོ་ག་
མ་ཡིན་པ་ལས་དཱ་ཎ་ལས་སོ་སྟེ་གལ་ཏེ་བཞི་པའི་དོན་ལའོ། །སཾ་སྔོན་མའི་ཡཙྪ་ཏི་གསུམ་པ་ལས་ཏ་ལ་སོགས་པ་འགྱུར་ཏེ། གལ་ཏེ་གསུམ་པ་ཀུན་སྤྱོད་མ་ཡིན་པ་རྟོགས་པར་བྱེད་པ་བཞི་པའི་དོན་དུ་གྱུར་པ་ནའོ། །དཱ་སྱ་མཱ་ལཱཾ་སཾ་པྲ་ཡཙྪ་ཏེ། འབངས་མོ་ལ་སྦྱིན་པར་བྱེད་ཅེས་པའི་དོན་ཏོ། །ཚིག་འདི་
ཉིད་ལས་དཱ་ཎ་སྦྱོར་བ་ལ་ཐ་སྙད་ཁྱད་པར་མེད་པའི་ཕྱིར་བཞི་པའི་དོན་ལ་གསུམ་པའོ། །ཨུ་པ་ཡ་མ་ལས་རང་གི་བྱེད་པ་ལའོ། །ཏ་ལ་སོགས་པ་འགྱུར་ཏེ། ཀ་ནྱཱ་མུ་པ་ཡཙྪ་ཏེ་ཐབས་རྒྱུད་དུ་རང་གིར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རང་གིར་བྱེད་པ་ཞེས་པ་ཅི་ཞེ་ན། ཤཱ་ཊ་ཀཱ་ནུ་པ་ཡཙྪ་ཏི། ཏང་གི་རྒྱུ་མཚན་
ལས་ཨམ་ལས་ཀྲྀཉ་ལས་སོ། །ཏང་གི་རྒྱུ་མཚན་ལས་བྱིངས་གང་ཡིན་པ་དེ་ལས་ཕ་རོལ་ཨཱམ་གང་ཡིན་པ་དེ་ལས་ཀ་རོ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། ཨཱིཀྵཱ་ཙ་ཀྲེ། བི་བྷ་རཱཉྩ་ཀྲེ། ཏང་གི་རྒྱུ་མཚན་ལས་ཞེས་པ་ཅི་ཞེ་ན། བི་བྷ་རཱ་ཉྩ་ཀྲཱ་ར། ཨུབྫཾ་ཙ་ཀཱ་ར། སན་ལས་སོ། །ཏང་གི་རྒྱུ་མཚན་ལས་ཕྱི་
མར་སན་གང་ཡིན་པ་དེའི་མཐའ་ལས་ཏ་ལ་སོགས་པ་འགྱུར་ཏེ། ཨཱ་སྟེ། ཨཱ་སི་སི་ཥ་ཏེ། བྷུཀྟེ་བུ་བྷུཀྵ་ཏེ། པཱ་ལ་ན་མ་ཏང་གི་རྒྱུ་མཚན་མེད་པའི་ཕྱིར་ཏང་མི་འགྱུར་ཏེ། བྷུ་བྷུཀྵ་ཏི་པྲྀ་ཐྭཱིཾ་རཱ་ཛ། རང་གི་དོན་ལ་ཇི་ལྟར་བཀླགས་པའོ། །རང་གི་དོན་ལ་ཇི་ལྟར་བཀླགས་པའོ། རང་གི་དོན་ལ་སན་མཐའ་ལས་ཚོགས་ཇི་ལྟར་བཀླགས་པ་ལ་ཏ་
ལ་སོགས་པ་འགྱུར་ཏེ། ཏི་ཏིཀྵ་ཏེ། ཛ་གུཔྶ་ཏེ། མཱི་མཱཾ་ས་ཏེ། དི་དཱཾ་ས་ཏི། དི་དཱཾ་ས་ཏེ། སྨྲྀ། དྲི་ཤ་ལས་སོ། །སན་མཐའ་ལས་ཏ་ལ་སོགས་པ་འགྱུར་ཏེ། སུ་སྨྲྀཪྵ་ཏྲེ། དི་དིཀྵ་ཏེ། ཨུ་ནུ་མིན་པ་ལས་ཛྙཱ་ལས་སོ། །ཨ་ནུ་དང་བྲལ་བའི་སན་མཐའ་ལས་ཛཱ་ནཱ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། དྷརྨཾ་ཛིཛྙཱ་ཡ་ཏི།

ཨ་ནུ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། པུ་ཏྲ་མ་ནུ་ཛ་ཛྙཱ་ས་ཏི། པྲ་ཏི་དང་ཨཱང་མིན་པ་ལས་ཤྲུ་ལས་སོ། །པྲ་ཏི་དང་ཨཱང་སྔོན་མ་དང་བྲལ་བའི་ཤྲྀ་ཎོ་ཏི་སན་མཐའ་ལས་ཏ་ལ་སོགས་པ་འགྱུར་ཏེ། ཨ་ཤུ་ཤྲུ་ཥ་ཏེ་གུ་རཱུ་ན། པྲ་ཏི་དང་ཨཱང་མིན་པ་ལས་ཞེས་པ་ཅི་ཞེ་ན། ཨ་ཤུ་ཤྲུ་ཥ་ཏི། ཤ་དི་ལས། ཤིཊ་ལའོ། །
ཤིཏའི་ཡུལ་ལ་ཤ་དི་ལ་ཏ་ལ་སོགས་པ་འགྱུར་ཏེ། ཤཱི་ཡ་སྟེ། ཤིཏ་ལ་ཞེས་པ་ཅི་ཞེ་ན། ཤཏྶྱ་ཏི། མྲྀང་ལས་ལུང་ལིང་དག་ལས་ཀྱང་ངོ་། །ལུང་དང་ལིང་དག་ཉིད་ལས་མྲྀ་ཡ་ཏི་ལས་ཤིཏའི་ཡུལ་ལའང་ཏ་ལ་སོགས་པ་འགྱུར་ཏེ། ཨ་མྲྀ་ཏ། མྲྀ་ཥཱི་ཥཱུ། མྲྀ་ཡ་ཏེ། ལུང་ལིང་དག་ལས་ཀྱང་ཞེས་
པ་ཅི་ཞེ་ན། མ་མཱ་ར། མ་མྲེ། ཉེར་བསྒྱུར་ལས་ཨཙ་དང་པོ་དང་ཨ་ཙའི་མཐའ་ལས་ཡུ་ཛི་ལས་མཆོད་སྦྱིན་གྱི་སྣོད་རྣམས་ལ་མ་ཡིན་ནོ། །ཉེར་བསྒྱུར་ལས་ཨ་ཙ་དང་པོ་ཨ་ཙའི་མཐའ་ལས་ཀྱང་ཕ་རོལ་ཡུ་ཛི་ལས་ཏ་ལ་སོགས་པ་འགྱུར་ཏེ། མཆོད་སྦྱིན་གྱི་སྣོད་ཀྱི་ཡུལ་ལ་གལ་ཏེ་དེ་སྦྱོར་བར་མ་གྱུར་པ་ནའོ། །
ཨུ་པ་ཡུཾ་ཀྟེ། ནི་ཡུཾ་ཀྟ། ཨ་ཙ་དང་པོ་ཨ་ཙའི་མཐའ་ལས་ཞེས་པ་ཅི་ཞེ་ན། སཾ་ཡུ་ནཀྟི། མཆོད་སྦྱིན་གྱི་སྣོད་མ་ཡིན་པ་རྣམས་ལ་ཞེས་པ་ཅི་ཞེ་ན། ཡཛྙ་པ་ཏྲཱ་ཎི་པྲ་ཡུ་ནཀྟི། སམ་ལས་ཀྵུ་ལས་སོ། །ཏ་ལ་སོགས་པ་འགྱུར་ཏེ། སཾ་ཀྵྞུ་ཏེ་ཤསྟྲཾ། བྷུ་ཛ་ལས་སྐྱོང་བྱེད་མ་ཡིན་པ་ལའོ། །འཇུག་པ་ན་ཏ་ལ་
སོགས་པ་འགྱུར་ཏེ། བྷུཾ་ཀྟེ། སྐྱོང་བྱེད་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། བྷུ་ན་ཀྟི་པྲྀ་ཐྭཱིཾ་རཱ་ཛ། བྷུ་ཛ་ལས་ཟ་བ་ཞེས་པས་ན་བཤད་དོ། །ཉམས་སུ་མྱོང་བ་ལའང་ཇི་ལྟ་བ་བཞིན་འགྱུར་ཏེ། བྲྀདྡྷ་ཛ་ནོ་དུཥྑ་ཤ་ཏཱ་ནི་བྷུཾ་ཀྟེ། སྐྱོང་བྱེད་མ་ཡིན་པ་ལ་ཞེས་པའི་དགག་པ་ལས་རུ་དྷ་སོགས་ཉིད་གཟུང་ངོ་། །དེས་
ན་འདིར་མི་འགྱུར་ཏེ། ནིརྦྷུ་ཛ་ཏི་པཱ་ཎིཾ། ཎི་ལས་ཎི་མ་ཡིན་པ་ལ་ལས་གང་ལ་དེ་གལ་ཏེ་བྱེད་པ་པོ་བསམ་བྱ་མ་ཡིན་པ་ལའོ། །བསམ་བྱ་མ་ཡིན་པ་འཇུག་པ་ཎིའི་མཐའ་ལས་ཏ་ལ་སོགས་པ་འགྱུར་ཏེ། ཎིའི་མཐའ་མ་ཡིན་པའི་གནས་སྐབས་ལ་གང་ཞིག་ལས་གལ་ཏེ་ཎིའི་མཐའི་གནས་སྐབས་བྱེད་པ་པོར་
གྱུར་པ་ནའོ། །ཨཱ་རོ་ཧ་སྟི་ཧ་སྟི་ནི་ཧ་སྟི་ནི་ཧ་སྟི་པ་ཀཿ། ཨཱ་རོ་ཧ་ཡ་ཏེ་ཧ་སྟྲི་སྭ་ཡ་མེ་བ། བ་ཤྱ་ཏི་རཱ་ཛ་རྣ་བྲྀ་ཏྱལོ། དཪྴ་ཡ་ཏེ་རཱ་ཛཱ་སྭ་ཡ་མེ་བ། བསམ་བྱ་མ་ཡིན་པ་ཞེས་པ་ཅི་ཞེ་ན། སྨ་ར་ཏི་མཱ་ཏ་རཾ་བཏྶཿ། སྨཱ་ར་ཡ་ཏྱེ་ན་མཱ་ཏཱ་སྭ་ཡ་མེ་བ། ཨ་སྭ་བྱ་བའི་འབྲས་བུའི་དོན་དུ་རྩོམ་པའོ། །འདི་བྷྲུ་བི་ཀི་ར་ཏི་སོགས་ལ་

མདོ་མེད་དོ། །ཎི་བཟུང་བས་ཡག་ཙི་ཎ་དགག་པས་ཨཱཏྨ་ནེའི་ཚིག་ཏུ་གྲུབ་བོ། །དེ་ལ་ཎིའི་མཐའི་རང་བཞིན་ཉིད་ལས་དང་རང་བཞིན་ཉིད་ལ་བསྒྲུབ་པས་འདིར་ཎིའི་མཐའ་མ་ཡིན་པའི་གནས་སྐབས་ཀྱི་རང་བཞིན་གྱི་ལས་བྱེད་པ་པོ་ཉིད་ཅེས་བརྗོད་དོ། །བྱེད་པ་པོའི་གནས་དང་བྱ་བའི་
དོན་ཡང་ངོ་། །བྷཱིཥྨ་ལས་སྦྱོར་བ་པོ་ལས་བྷ་ཡསྨ་ཡ་ལའོ། །སྦྱོར་བ་པོ་ལས་འཇིགས་པ་ལ་བྷཱིཥྨི་ནིའི་མཐའ་ལས་ཏ་ལ་སོགས་པ་འགྱུར་ཏེ། མུཎྜོ་བྷཱི་ཥ་ཡ་ཏེ། སྦྱོར་བ་པོ་ལ་འཇིགས་པ་ལ་བྷཱི་ལས་ཞེས་པས་ཥུཀའོ། །ཛ་ཊི་ལོ་བསྨཱི་ཡ་ཏེ། སྨི་ཡས་ཀྱང་ངོ་མཚར་བ་ལ་རྟག་ཏུའོ་ཞེས་པས་ཨ་ཉིད་དོ། །
རབ་ཏུ་སྦྱོར་བ་ལས་ཞེས་པ་ཅི་ཞེ་ན། ཀུཉྩི་ཀཡཻ་ནཾ་བྷཱ་ཡ་ཡ་ཏི། རཱུ་པ་ཎ་བིསྨཱཡ་ཡ་ཏི་ཏྲི་ལོ་ཀཱིཾ། བྱེད་པ་ལས་འདིར་བྷ་ཡ་སྨ་ཡ་དག་སྟེ། རབ་ཏུ་སྦྱོར་བ་པོ་ལས་ནི་མ་ཡིན་ནོ། །གྲྀ་དྷི། བཉྩ་ལས་བསླུ་བ་ལའོ། །ཎིའི་མཐའ་ལས་ཏ་ལ་སོགས་པར་འགྱུར་ཏེ། ཤི་ཤུཾ་གརྡྷ་ཡ་ཏེ། ཤི་ཤུཾ་པཉྩ་ཡ་
ཏེ། བསླུ་བ་ལ་ཞེས་པ་ཅི་ཞེ་ན། ཤྭཱ་ནཾ་གརྡྷ་ཡ་ཏི། ཨ་ཧིཾ་བཉྩ་ཡ་ཏི། བསླུ་བ་ནི་རྣམ་པར་སྨྲ་བའོ། །ལཱི་ལས་ནྱཀ་བྱེད་པ་དང་མཆོད་པ་དག་ལའོ། །ལཱིང་ཡ་ཏི་དང་ལི་ན་ཏི་ལས་ཀྱང་ནྱཀ་བྱེད་པ་དང་མཆོད་པ་དག་ལ་ཎིའི་མཐའ་ལས་ཏ་ལ་སོགས་པ་འགྱུར་ཏེ། བསླུ་བ་ལའང་ངོ་། །ཤྱེ་ནོ་བརྟི་ཀཱ་མུལླཱ་བ་
ཡ་ཏེ། ཟིལ་གྱིས་གནོན་ཞེས་པའི་དོན་ཏོ། །ཛ་ཊཱ་བྷི་རཱ་ལཱ་པ་ཡ་ཏེ། མཆོད་པ་ལ་ལྷག་པར་འགྲོ་ཞེས་པའི་དོན་ཏོ། །ཀསྟྭཱ་མུལླཱ་པ་ཡ་ཏེ། སླུ་བར་བྱེད་ཅེས་པའི་དོན་ཏོ། །ལཱི་ལས་ཡང་ནའོ་ཞེས་རྣམ་པར་གཞག་པ་རྣམ་པར་བཤད་པ་ལས་དོན་འདི་རྣམས་ལ་རྟག་ཏུ་ཨ་ཉིད་དོ། །ནྱཀ་བྱེད་པ་དང་
མཆོད་པ་དག་ལའང་ཞེས་པ་ཅི་ཞེ་ན། ཏམྦི་ལཱི་ན་ཡ་ཏི། ཨཱ་མ་ཉིད་ལ་ལཱི་ལས་སྣུཾ་པ་དང་གཤེར་བ་ལ་ཡང་ནའོ་ཞེས་པས་ནུཀའོ། །གྷྲྀ་ཏཾ་བི། ལཱ་ལ་ཡ་ཏི། ལ་ལས་འཇིག་གོ། །མི་ཐྱཱ་སྦྱོར་བ་ལ་ཀྲྀཉ་ལས་ཡང་ཡང་ལའོ། །མི་ཐྱཱའི་སྒྲ་སྦྱོར་བའི་ཀྲྀཉ་ཎིའི་མཐའ་ཅན་ལས་ཡང་ཡང་ལ་ཏ་ལ་སོགས་པ་
འགྱུར་ཏེ། པ་དཾ་མི་ཐྱཱ་ཀཱ་ར་ཡ་ཏེ། དེ་ཉེ་བར་སྤྱོད་པ་དབྱངས་དང་པོ་དུཥྚ་མ་ས་ཀྲྀཏ་དེ། ལན་ཅིག་རྗོད་པར་བྱེད་ཅེས་པའི་དོན་ཏོ། །འདི་ཏང་ཉིད་ནི་ཡང་ཡང་གསལ་བར་བྱེད་པའི་ཕྱིར། གཉིས་བརྗོད་པ་མེད་དོ། །ཀྲྀཉ་ལས་ཞེས་པ་ཅི་ཞེ་ན། བ་དཾ་མི་ཐྱཱ་བཱ་ཙ་ཡ་ཏ། ཡང་ཡང་ལ་ཞེས་པ་ཅི་ཞེ་ན། ས་ཀྲྀཏ་

པ་དཾ་མི་ཐྱཱ་ཀཱ་ར་ཡ་ཏི། ཉ་འགྲོ་བ་ལས་ཀྱང་བྱེད་པ་པོ་ལས་སྭཾ་སྟེ་གལ་ཏེ་བྱ་བའི་འབྲས་བུ་ལའོ། །ཉ་འགྲོ་བའི་བྱིངས་དེ་རྣམས་ལས་ཏ་ལ་སོགས་པ་འགྱུར་ཏེ། ཀྱང་པ་ལ་ཞེས་པ་ཅི་ཞེ་ན། ཙཎྜ་ཡ་ཏི་དུཥྚ་ཡ་རཱ་ཛཱ། ཏ་མ་ནྱཿ། པྲ་པུཾ་ཀྟེ་ཙཎྜ་ཡ་ཏེ། སེམས་བཞིན་བྱེད་པ་པོ་ལ་ཞེས་པ་ཅི་ཞེ་ན།
ཤུ་ཥྱ་ཏི་བྲཱི་ཧིཿ། ཤོ་ཥ་ཡ་ཏེ་བྲཱི་ཧིཾ་ཥ་ཀཿ། ལས་མེད་པ་ལས་ཞེས་པ་ཉིད་དེ། ཀ་ཊཾ་ཀུརྦཱ་ཎཾ་པྲ་ཡོ་ཛ་ཡ་ཏི། ཀཱ་ར་ཡ་ཏེ། གཡོ་བ་དང་ཟས་ཀྱི་དོན་ལས་སོ། །གཡོ་བ་དང་ཟས་ཀྱི་དོན་ཅན་ཎིའི་མཐའ་ལས་བྱེད་པ་པོ་ལས་སྭ་ལ་བྱ་བའི་འབྲས་བུ་ལ་ཏ་ལ་སོགས་པ་མི་འགྱུར་ཏེ། ཙ་ལ་ཡ་ཏི།
ཀམྤ་ཡ་ཏི། ཨཱ་ཤ་ཡ་ཏི། བྷོ་ཛཡ་ཏི། བུ་དྷ། ཡུ་དྷ། ན་ཤ། །ཛ་ན། ཨིང་། སྲུ། དྲུ། སྲུ་རྣམས་ལས་སོ། །འདི་རྣམས་ཎིའི་མཐའ་ཅན་བྱེད་པ་པོ་ལས་སྭ་ལ་བྱ་བའི་འབྲས་བུ་ལ་ཏ་ལ་སོགས་པ་མི་འགྱུར་ཏེ། བོ་དྷ་ཡ་ཏི། ཡོ་དྷ་ཡ་ཏི། ནཱ་ཤ་ཡ་ཏི། ཛ་ན་ཡ་ཏི། ཨ་དྷྱཱ་པ་ཡ་ཏི། པྲུ། དྲུ།
སྲུ་རྣམས་གཡོ་བའི་དོན་ཅན་གྱི་ཕྱིར་ཏང་དགག་པ་གྲུབ་བོ། །གཡོ་བའི་དོན་མ་ཡིན་པ་འདིར་བརྗོད་པ་པྲུང་འགྲོ་བའི་དོན་ལ། པྲཱ་བ་ཡ་ཏི། ཐོབ་ཏུ་འཇུག་ཅེས་པའི་དོན་ཏོ། །ཨ་ཡོ་དྲཱ་བ་ཡ་ཏི། རྣམ་པར་ཐིམ་དུ་འཇུག་ཅེས་པའི་དོན་ཏོ། །ཀུཎྜི་ཀཱཾ་སྲཱ་བ་ཡ་ཏི། འཛག་ཏུ་འཇུག་ཅེས་པའི་དོན་
ཏོ། །པཱ། དམ། ཨཱ་ཡ་མ། ཨཱ་ཡ་ས། པ་རི་མུ་ཧ། ཨཏྟི། རུ་ཙི། ནྲྀ་ཏི། དྷེ་ཊ། བད། པས། ལས་མིན་ནོ། །འདི་རྣམས་ཎིའི་མཐའ་ཅན་བྱེད་པ་པོ་ལས་སྭ་ལ་བྱ་བའི་འབྲས་བུ་ལ་ཏང་དགག་པ་ཐོབ་པར་མི་འགྱུར་ཏེ། པི་བ་ཏི། ཨཏྟི། དྷེཊ་རྣམས་ཟས་ཀྱི་དོན་ཅན་གྱི་ཕྱིར་དགག་པ་འགོག་
གོ། །ནྲྀ་ཏི་ལས་གཡོ་བའི་དོན་གྱི་ཕྱིར་ཎི་མ་ཡིན་པ་ལས་སེམས་བཞིན་བྱེད་པ་པོ་ལས་ཀྱང་ངོ་། །དེ་བཞིན་དུ་ལྷག་མ་རྣམས་ཀྱི། དྷཱ་མ་ཡ་སྟེ། ད་མ་ཡ་སྟེ། ཨཱ་ཡཱ་མ་ཡ་ཏེ། ཨཱ་ཡཱ་ས་ཡ་ཏེ། བ་རི་མོ་ཧ་ཡ་ཏེ། ཨཱ་ད་ཡ་ཏེ་རོ་ཙ་ཡ་ཏེ། ནརྟ་ཡ་ཏེ། དྷཱ་པ་ཡ་ཏེ། བཱ་ད་ཡ་ཏེ། བཱ་ས་ཡ་ཏེ།
ཀྱཥ་ལས་ཡང་ནའོ། །ཏ་ལ་སོགས་པ་འགྱུར་ཏེ། ལོ་ཧི་ཏཱ་ཡ་ཏེ། ལོ་ཧི་ཏ་ཡཱ་ཏེ། དྱུ་ཏི། སྲཾ་སྲི། ཤྭི་ཏི། ཤུ་བྷ། རུ་ཙི། གྷུ་ཊི། རུ་ཋི། ལུ་ཋི། དྷྭཾ། སི་སྲམྦྷི་བྲྀ་ཏུ་བྲྀ་དྷུ། གྲྀ་དྷུ། ཀྲྀ་པཱུ། སནྡི་རྣམས་ལས་ལུང་ལའོ་བཅུ་དྲུག་པོ་རྣམས་ལས་ཏ་ལ་སོགས་པ་ཡང་ན་འགྱུར་ཏེ། དྱུཏ།

ཨདྱུ་ཏཏ། ཨ་དྱོ་ཏིཥྚ། སཾ་སུ། ཨ་སྲ་སཏ། ཨ་སྲཾ་སིཥྚ། ཤྭི་ཏཱ། ཨཱ་ཤྭི་ཏཏ། ཨ་ཤྭེ་ཏིཥྚ། ཤུ་བྷ། ཨ་ཤུ་བྷཏ། ཨ་ཤོ་བྷིཥྚ། རུ་ཙ། ཨ་རུ་ཙཏ། ཨ་རོ་ཙིཥྚ། དེ་བཞིན་དུ་གྱུར། རུཊ། རུ་ཋ་ལུ་ཐི་རྣམས་ལའོ། དྷྭནྟུ། ཨདྷྭ་སཏ། ཨ་དྷྭནྶིཥྚ། སྲནྦྷུ། ཨ་སྲནྦྷིཥྚ། བྲྀཏྟ།
ཨ་བྲཾ་ཏཏ། ཨ་བརྟྟིཥྚ། དེ་བཞིན་དུ། བྲྀ་དྷུ། གྲྀ་དྷུ། ཀྲྀ་པཱུ། ཨ་ཀླི་བཏ། ཨ་ཀ་ལྤིཥྚ། སྱནྡུ། ཨ་སྱ་དཏ། ཨ་སྱནྡིཥྚ། འདི་རྣམས་ཐམས་ཅད་ལ་དྻུ་ཏ་སོགས་ཞེས་པའི་ཐ་སྙད་བྱའོ། །བྲྀཏ་ལ་སོགས་པ་རྣམས་ནི། བྲྀཊ་རྣམས་ལས་སྱ་པན་དག་ལའོ། །ཏ་ལ་སོགས་པ་ཡང་ན་འགྱུར་ཏེ། བརྟྶྱ་ཏི།
བརྟྟི་ཥྱ་ཏེ། བི་པྲྀཏྶ་ཏི། བི་བརྟི་ཥ་ཏེ། བརྟྶྱ་ཏི། བརྡྷི་ཏི། བརྡྷི་ཥྱ་ཏི། བི་བརྡྷིཥ་ཏེ། ཀླི་པ་ལས་སྱ་སན་དག་ལས་ལུག་ལའང་ཏ་ལ་སོགས་པ་ཡང་ན་འགྱུར་ཏེ། ཀལླྶྱ་ཏི། ཀལྤི་ཥྱ་ཏི། ཙེ་ཀླིཔྶ་ཏི། ཙི་ཀལྤི་ཥ་ཏེ། ཀལྤྟཱ་ཀལྤི་ཏཱ། བྱེད་པ་པོ་ལ་ཞེས་པ་སྟེ། ཨ་སྱ་པཱུརྞྞོ྅་བ་དྷི། ཏ་ལ་སོགས་པ་འགྱུར་ཏེ།
སྔ་མ་བཞིན་ནོ། །བྷཱུ་ཡ་ཏེ། ཀྲི་ཡ་ཏེ། ཨཏ་ལས་ངིཏ་ལ་ཨཱཏ་ཀྱི་ཨིཏའོ། །ཨཏ་ལས་ཕ་རོལ་གྱི་ཏིང་རྣམས་ཀྱི་ངིད་ལ་ཨཱད་ཀྱི་གནས་སུ་ཨིཏ་འགྱུར་ཏེ། པ་ཙེ་ཏེ། པ་ཙེ་ཐེ། པ་ཙེ་ཏཾ། པ་ཙེ་ཐཾ། ཨཏ་ལས་ཞེས་པ་ཅི་ཞེ་ན། ད་དྷཱ་ཏེ། ད་དཱ་ཏེ། ངིད་ལས་ཞེས་པ་ཅི་ཞེ་ན། པ་ཙཱ་ནི། །པ་ཙེ། པ་ཙ་བ་ཧཻ། པ་ཙཱ་མ་
ཧཻ། ཡུ་ག་ལས་ཨནྟའི་ཨཏའོ། །ཡུ་ག་ལས་ཕ་རོལ་ཨནྟའི་ཨཏ་དུ་འགྱུར་ཏེ། ཛུ་ཧྭ་ཏི། ཡཀྵ་ཏི། ཛཱ་གྲ་ཏི། ཨནྟ་ཞེས་པ་ཨནྟི་དང་ཨནྟ་དག་གོ། །ཨནྟིའི་དབྱངས་མེད་པ་སྔ་མའི་ཆ་གཟུང་ངོ་། །ཏང་ལས་ཨནྟའི་ཨཏའོ། །ཏང་དང་འབྲེལ་བའི་ཨནྟའི་ཡིག་ལས་ཎིའི་མཐའ་ལས་བྱ་བའི་འབྲས་བུ་གང་གཙོ་བོ་
སྟེ་གལ་ཏེ་བྱེད་པ་པོ་སྭཾ་ཡིན་པ་ནའོ། །པ་ཙ་ཏེ། ཡ་ཛ་ཏེ། ཀུ་རུ་ཏེ། ཀཎྜཱུ་ཡ་ཏེ། ཀཱ་ར་ཡ་ཏེ། གལ་ཏེ་བྱེད་པ་ལས་སྭཾ་བྱ་བའི་འབྲས་བུ་ཡིན་ཞེས་པ་ཅི་ཞེ་ན། པ་ཙནྟི། ཚོད་མ་བྱེད་པའོ། །ཡ་ཛནྟི་མཆོད་པ་བྱེད་པའོ། །ཀུརྦནྟི་ལས་བྱེད་པའོ། །པ་ར་སྭ་མ་སྟ་ཀཾ་ཀཎྜཱུ་ཡ་ཏི། མཐོ་བ་ནི་ཨུ་དཱཏྟ་དང་། དམའ་བ་ནི་ཨ་ནུ་
དཱཏྟ་དང་། བར་མ་ནི་སྭ་རི་ཏ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཟེར་རོ། །ཨ་པ་ལས་པ་ད་ལའོ། །ཏ་ལ་སོགས་པ་འགྱུར་ཏེ། ཨ་པ་པ་ད་ཏེ། གལ་ཏེ་བྱེད་པ་པོ་ལས་སྭཾ་ཞེས་པ་ཉིད་དེ། ཨ་པ་བ་ད་ཏི། སམ། ཨུང་། ཨཱང་རྣམས་ལས་ཡ་མི་ལས་ཏེ་གཞུང་མིན་པ་ལའོ། །ཏ་ལ་སོགས་པ་འགྱུར་ཏེ། འདི་གལ་ཏེ་

གཞུང་གི་ཡུལ་ལ་རབ་ཏུ་སྦྱོར་བར་མ་གྱུར་པ་ནའོ། །ཨིནྡྲ་ཡཱ་ནི་སཾ་ཡཙྪ་ཏེ། བྷཱ་ར་མུདྱཙྪ་ཏེ། བསྐྲ་མཱ་ཡཙྪ་ཏེ། གཞུང་མིན་པ་ཞེས་པ་ཅི་ཞེ་ན། ཨུདྱཙྪ་ཏི་ཀིཏྶཱཾ་བཻ་རྒྱཿ། གལ་ཏེ་བྱེད་པ་པོ་ལས་སྭཾ་ཞེས་པ་ཉིད་དེ། སཾ་ཨུད་ཨཱང་སྔོན་མའི་ཡ་མི་ལས་སཾ་ཡཙྪ་ཏི་བྲཱི་ཧཱི་ན་ཀརྨ་ཀ་ར། ཉེར་བསྒྱུར་མེད་པའི་ཛྙཱ་ལས་སོ། །
ཉེར་བསྒྱུར་དང་བྲལ་བའི་ཛཱ་ནཱ་ཏི་ལས་ཏ་ལ་སོགས་པ་འགྱུར་ཏེ། གཱཾ་ཛཱཾ་ནཱི་ཏེ། ཉེར་བསྒྱུར་མེད་པ་ལས་ཞེས་པ་ཅི་ཞེ་ན། སྭརྒྒ་ལོ་ཀཾ་པྲ་ཛཱ་ནཱ་ཏི། གལ་ཏེ་བྱེད་པ་པོ་ལས་སཾ་ཞེས་པ་ཉིད་དེ། པ་ར་སྱ་གཱཾ་ཛཱ་ན་ཏི། ཚིག་གི་ཁྱད་པར་རྟོགས་པ་ཡང་ནའོ། །ཚིག་གི་ཁྱད་པར་བྱ་བའི་འབྲས་བུའི་བྱེད་པ་པོ་ལས་སྭ་
ཉིད་རྟོགས་པར་བྱེད་པ་ལ་སོགས་པ་འགྱུར་ཏེ། སཾ་ཡཛྙཾ་ཡ་ཛ་ཏེ། ཡང་ན་ཡ་ཛ་ཏི། སྭཾ་ཀ་ཊཾ་ཀུ་རུ་ཏེ། ཡང་ན་ཀ་རོ་ཏི། སྭཾ་ཀ་ཊཾ་ཀཱ་ར་ཡ་ཏེ། ཡང་ན་ཀཱ་ར་ཡ་ཏི། དེ་བཞིན་དུ་ཐམས་ཅད་དུའོ། །ཨ་ནུ་པ་རཱ་དག་ལས་ཀྲྀཉ་ལས་མ་ཡིན་ནོ། །ཨ་ནུ་པ་རཱ་དག་ལས་ཀྲྀཉ་ལས་བྱེད་པ་པོ་ལས་སྭ་ལ་བྱ་བའི་
འབྲས་བུ་ལ་སོགས་པ་མི་འགྱུར་ཏེ། ཨ་ནུ་ཀ་རོ་ཏི། པ་རཱ་ཀ་རོ་ཏི། ཉེར་བསྒྱུར་ལས་ཞེས་པ་ཉིད་དེ། གཾ་གཱ་མ་ནུ་ཀུ་རུ་ཏེ་ཏ་པཿ། པྲ་ཏི། ཨ་བྷི། ཨ་ཏི་ལས་ཀྵི་པ་ལས་སོ། །བྱེད་པ་པོ་ལས་སྭ་ལ་བྱ་བའི་འབྲས་བུ་ལ་ཏ་ལ་སོགས་པ་མི་འགྱུར་ཏེ། པྲ་ཏི་ཀྵི་པ་ཏི། ཨ་བྷི་ཀྵི་པ་ཏི། ཨ་ཏི་ཀྵི་པ་ཏི། ཉེར་བསྒྱུར་ལས་ཞེས་
པ་ཉིད་དེ། མཱ་ཎ་བ་ཀཾ་པྲ་ཏི་ཀྵི་པ་ཏེ། པྲ་ལས་བ་ཧ་ལས་སོ། །བྱེད་པ་པོ་ལས་སྭ་ལ་བྱ་བའི་འབྲས་བུ་ཏ་ལ་སོགས་པ་མི་འགྱུར་ཏེ། པྲ་བ་ཧ་ཏི། པ་རི་ལས་མི་ཥ་ལས་ཀྱང་ངོ་། །པ་རི་ལས་ཕྱི་མར་མྲྀཥ་དང་བ་ཧ་ལས་ཀྱང་བྱེད་པ་པོ་ལས་སྭ་ལ་བྱ་བའི་འབྲས་བུ་ལ་ཏ་ལ་སོགས་པ་མི་འགྱུར་ཏེ། བི་ར་མྲྀ་ཥྱ་ཏི། པ་རི་
བ་ཧ་ཏི། ཉེར་བསྒྱུར་ལས་ཞེས་པ་ཉིད་དེ། མ་ཎ་བ་ཀཾ་པ་རི་མྲྀ་ཥྱ་ཏི། བ་ནཾ་པ་རི་བ་ཧ་ཏེ། ར་མ་ལས་བི་ཨཱང་ལས་ཀྱང་ངོ་། །བི། ཨཱང་དང་པ་རི་ལས་ཀྱང་ཕ་རོལ་མ་ཏི་ལས་ཏ་ལ་སོགས་པ་མི་འགྱུར་ཏེ། བི་ར་མ་ཏི། ཨཱ་ར་མ་ཏི། པ་རི་མ་ཏི། ཉེར་བསྒྱུར་ལས་ཞེས་པ་ཉིད་དེ། གྲྀ་ཧཾ་པ་རི་ར་མ་ཏེ། ཨུ་པ་ལས་
སོ། །ར་མ་ཏི་ལ་ཏ་ལ་སོགས་པ་མི་འགྱུར་ཏེ། ཀཉྩིངྐཱ་ལ་མུ་པ་ར་མ་ཏི། ལས་མེད་པ་ལས་ཡང་ནའོ། །ལས་དང་བྲལ་བའི་ཨུད་པ་སྔོན་མའི་ར་མ་ལས་ཏ་ལ་སོགས་ཡང་ན་མི་འགྱུར་ཏེ། ཨུ་པ་ར་མ་ཏེ། ཎི་མིན་པ་ལ་སེམས་བཞིན་བྱེད་པ་པོ་ལ་ཎི་ལས་སོ། །གང་ཎིའི་མཐའ་མིན་པ་ལས་

སེམས་བཞིན་བྱེད་པ་པོ་ལས་མེད་པ་དེ་ལས་ཎིའི་མཐའ་ཅན་གྱི་བྱེད་པ་པོ་ལས་སྭ་ལ་བྱ་བའི་འབྲས་བུ་ལ་སོགས་པ་མི་འགྱུར་ཏེ། ཨཱསྟེ་མཱ་ཎ་བ་ཀཿ། ཨཱ་ས་ཡ་ཏི་མཱ་ཎ་བ་ཀཾ །ཤེ་ཏེ་མཱ་ཎ་བ་ཀཿ། ཤཱ་ཡ་ཡ་ཏི་མཱ་ཎ་བ་ཀཾ །ཎི་མ་ཡིན་ཨཏ་དུ་འགྱུར་ཏེ། ལུ་ན་ཏེ། སུ་ན་ཏེ། ཨན་ལས་ཨཏ་ཅེས་པ་
ཅི་ཞེ་ན། པ་ཙནྟེ། ཏ་ཕ་རོལ་ལས་ཅི་ཞེ་ན། བྱ་ཏི་བྷཱ་ཏེ། ཤཱིང་ལས་རཏའོ། །ཤཱིང་ལས་ཕ་རོལ་གྱི་ཨནྟ་ནི་རཏ་དུ་བསྒྱུར་ཏེ། ཤེར་ཏེ། ཨ་ཤེ་ར་ཏེ། བེཏྟི་ལས་ཡང་ནའོ། །བིཏྟི་ལས་ཕ་རོལ་གྱི་ཨནྟ་ནི་རཏ་དུ་ཡང་ན་བསྒྱུར་བར་འགྱུར་ཏེ། སཾ་བི་དྲ་ཏེ། སཾ་བི་ད་ཏེ། བི་ཀ་ར་ཎ་འཇིག་པ་ཅི་ཞེ་ན། བིདྣ་ཏེ། ཏང་ལས་
ཞེས་པ་ཉིད་དེ། བི་དནྟི། ལིཊའི་ཨིརའོ། །ལིཊ་བསྒྱུར་བའི་ཨནྟ་ནི་ཨིར་དུ་འགྱུར་ཏེ། པེ་ཙི་རེ། ཤེ་ཀི་ཏེ། ཏའི་ཨེ་ཤའོ། །ལིཊ་བསྒྱུར་བའི་ཏ་ཡིག་ནི་ཨེ་ཤ་རུ་བསྒྱུར་བར་འགྱུར་ཏེ། པེ་ཙེ། ཤེ་ཀེ། ཏང་མ་ཡིན་པ་རྣམས་ཀྱི་ཎལ། ཨ་ཏུས། ཨུས། ཐལ། ཨ་ཐུས། ཨ། ཎལ། པ་ཨ་རྣམས་སོ། །
ཏང་བོར་བའི་ལིཊ་བསྒྱུར་བ་ཏིང་རྣམས་ནི་ཎལ་ལ་སོགས་པར་བསྒྱུར་བར་འགྱུར་ཏེ། པ་པཱ་ཙ། པེ་ཙ་ཏུཿ། པེ་ཙུཿ། པ་པཀྠ། པེ་ཙི་ཐ། པེ་ཙ་ཐུཿ། པེ་ཙ། པ་པཱ་ཙ། མིད་ཀྱི་ཎལ་ལ་ཡང་ནའོ་ཞེས་པས་འཕེལ་བ་རྣམ་པར་བརྟག་པའོ། །པ་པ་ཙ། པེ་ཙི་བ། པེ་ཙི་མ། བེཏྟི་ལས་ལཊ་ཡང་ནའོ། །བེཏྟི་ལས་
ཕ་རོལ་ཏང་མ་ཡིན་པ་ཏིང་རྣམས་ཀྱི་ལཊ་བསྒྱུར་བ་རྣམས་ཎལ་ལ་སོགས་པར་འགྱུར་བར་ཡང་ན་འགྱུར་ཏེ། བེ་ད། བི་ད་ཏུཿ། བི་དུ། བེ་ཐེ། བི་ད་ཐུཿ། བི་ད། བི་དེ། བདྶི་བདྨི་བེཏྟིཿ། བིཏྟཿ། བི་དནྟི་ཞེས་པ་ལ་སོགས་པ་ཡང་ནའོ། །བྲཱུ་ལས་ལྔ་རྣམས་ཀྱི་ཡང་ཨཱ་ཧ་ལྔའང་ངོ་། །བྲཱུ་ལས་ཕ་རོལ་ལཊ་བསྒྱུར་བ་
ཏང་མ་ཡིན་པ་ཏིང་ལྔ་རྣམས་ཀྱི་དང་པོ་ལས་འཇུག་པ་ལས་ཎལ་ལ་སོགས་པ་ལྔར་བསྒྱུར་བར་འགྱུར་ཏེ། དེ་དང་ཉེ་བར་སྦྱོར་བའི་བྲུ་ལས་ཨཱ་ཧར་བསྒྱུར་བའང་ངོ་། །ཨཱ་ཧ། ཨཱ་ཧུ་ཏུཿ། ཨ་ཧུཿ། ཨ་ཐེ། ན་ཧ་ཨ་དག་གི་ཧ་ཏ་དག་གོ་ཞེས་པས་ཧ་ཡིག་གི་ཏ་ཡིག་གོ། །ཨཱ་ཧ་ཐུཿ། བྲ་བཱི་ཏི། བྲཱུཏཿ། བྲུ་བནྟི།
བཱི་ཥི་བྲཱུ་ཐཿཞེས་པ་ཡང་ནའོ། །ལྔ་རྣམས་ཀྱི་ཞེས་པ་ཅི་ཞེ་ན། བྲཱུ་ཐཱ། བྲ་བཱི་མི། བྲཱུ་བཿ། བྲཱུ་མཿ། དང་པོ་ལས་ཞེས་པ་ཅི་ཞེ་ན། ཐ་མ་རྣམས་ཀྱི་མི་འགྱུར་བའོ། །ཨཱར་ལས་ཎལའི་ཨཽའོ། །ཨཱཏ་མཐའ་ལས་ཕ་རོལ་གྱི་ཎལ་ནི་ཨཽ་རུ་བསྒྱུར་བར་འགྱུར་ཏེ། པ་པཽ། ད་དཽ། །ཏ་འགྲོ་བའི་ཏང་རྣམས་ཀྱི་ཊིའི་

ཨེའོ། །ཊ་འགྲོ་བ་ལ་ཡིག་དང་འབྲེལ་པ་དང་རྣམས་ཀྱི་ཊིའི་ཨེ་རུ་འགྱུར་ཏེ། པ་ཙ་ཏེ། པ་ཙེ་ཏེ། པ་ཙནྟི། ཐས་ཀྱི་སེའོ། །ཊ་འགྲོ་བ་ལ་ཡིག་དང་འབྲེལ་པའི་ཐཱས་ནི་སེ་རུ་བསྒྱུར་བར་འགྱུར་ཏེ། པ་ཙ་སེ། ལུཊའི་དང་པོའི་ཌཱས། རཽ་རས་རྣམས་སོ། །ལུཊ་བསྒྱུར་བའི་སྐྱེས་བུ་དང་པོའི་ཏིང་
གི་གནས་སུ་ཊཱ་ཤ།། རཽ། རས་རྣམས་སུ་འགྱུར་ཏེ། གནྟཱ། གནྟཱ་རཽ། གནྟཱ་རཿ། ཨ་དྷྱེ་ཏཱ། ཨ་དྷེ་ཏཱ་རཽཿ། ཨ་དྷེ་ཏཱ་ར། ཤ་ཡིག་ནི་ཐམས་ཅད་བསྒྱུར་བའི་དོན་ཏོ། །ཛི་མིན་པ་ལས་ལཊའི་ཨིའི་ཨུའོ། །ཛི་བོར་བའི་བྱིངས་ལོཊ་དང་འབྲེལ་པའི་ཨི་ཡིག་ནི་ཨུ་ཡིག་ཏུ་འགྱུར་ཏེ། བྷ་བ་རུ། བྷ་བནྟུ།
ཛི་མིན་པའི་ཞེས་པ་ཅི་ཞེ་ན། ཛ་ཡ་ཏི། ཛ་ཡནྟི། སིའི་ཧིང་ངོ་། །ལོཊ་བསྒྱུར་བའི་སི་ནི་ཧིང་དུ་བསྒྱུར་བར་འགྱུར་ཏེ། ཛུ་ཧུ་དྷི། ལུ་ནཱི་ཧི། ང་ཡིག་ནི་ངིད་ཀྱི་བྱ་བའི་དོན་ཏོ། །ཨཱ་ཤི་ཥ་ལ་ཏུ་ནི་ཏཱ་ཏང་ཡང་ནའོ། །ལོཊ་བསྒྱུར་བའི་རུའི་སྒྲ་ནི་སྨོན་པ་ལ་རྟཱ་ཏང་དུ་ཡང་ན་འགྱུར་ཏེ། ཛཱི་བ་ཏཱདྦྷ་བན། ཛཱི་བ་ཏྭཏྟྭཾ།
ཛཱི་བ་རུ་ཛཱི་བ་ཞེས་པ་ཡང་ནའོ། །མིའི་ནིའོ། །ལོཊ་བསྒྱུར་བའི་མའི་ནི་རུ་འགྱུར་ཏེ། ཀ་ར་བཱ་ཎི། ཨེཊ་ཀྱི་ཨའོ། །ལོཊ་ཀྱི་ཨའོ། །བའི་ཨེ་ཡིག་ནི་ཨཱམ་དུ་འགྱུར་ཏེ། པ་ཙ་ཏཱ། པ་ཙེ་ཏཱཾ། པ་ཙནྟཱཾ། ས་བ་དག་གི་བ་ཨཱམ་དག་གོ། །ལོཊ་དང་འབྲེལ་པའི་ཨ་ཡིག་ནི་ས་ཡིག་དང་བ་ཡིག་དག་ཕ་རོལ་ལ་བ་
དང་མ་དག་ཏུ་འགྱུར་ཏེ། པ་ཙ་སྭ། པ་ཙ་དྷྭཾ། ཕྱི་མའི་ཨེའོ། །ལོཊ་བསྒྱུར་བའི་ཨེ་ཡིག་སྐྱེས་བུ་ཕྱི་མ་དང་འབྲེལ་པ་ནི་ཨཻ་རུ་འགྱུར་ཏེ། ཀ་ར་བཻ། ཀ་ར་བཱ་བ་ཧེ། ཀ་ར་བཱ་མ་ཧཻ། ཊཱ་པའོ། །ལོཊ་དང་འབྲེལ་པའི་སྐྱེས་བུ་ཕྱི་མ་ལ་ཊཱ་པ་ཨཱ་ག་མ་འགྱུར་ཏེ། ཀ་ར་བཱ་ཎེ། ཀ་ར་བཱ་མ། ཀ་ར་བཻ། ཀ་ར་བཱ་
བ་ཧཻ། ཀ་ར་བཱ་མ་ཧཻ། ཏས། ཐས། ཐ་མི་པ་རྣམས་ཀྱི་ཏཱན་ཏན། ཏཱཾ་སྟེ་ངིད་ཀྱང་ངོ་། །ལོཊ་དང་འབྲེལ་པའི་ཏཔ་ལ་སོགས་པ་རྣམས་ཀྱི་ཏ་མ་ལ་སོགས་པ་འགྱུར་ཏེ། ལ་ཡིག་དང་འབྲེལ་པ་རྣམས་ཀྱི་ངིད་ཀྱང་ངོ་། །པ་ཙ་ཏཱཾ། པ་ཙ་ཏཾ། པ་ཙ་ཏ། ཨ་པ་ཙ་ཏཱཾ། ཨ་པ་ཙ་ཏཾ། ཨ་པ་ཙ་ཏ། ཨ་པ་ཙ། བསམས་དག་
གི་དབྱིའོ། །ལོཊ་དང་འབྲེལ་པའི་བསམས་དག་དང་ངིཏ་ལ་ཡིག་དང་འབྲེལ་པ་རྣམས་ཀྱི་མཐའ་དབྱེ་བར་འགྱུར་ཏེ། པ་ཙཱ་བ། པ་ཙཱ་མ། ཨ་པ་ཙཱ་བ། ཨ་པ་ཙཱ་མ། ཨིཏ་ལས་ཨ་ཏང་རྣམས་སོ། །ཨ་ཏང་དང་འབྲེལ་པའི་ཨི་ཡིག་ངེད་སྤེལ་ཡིག་རྣམས་དབྱི་བར་འགྱུར་ཏེ། ཨ་པ་ཙ་ཏ། ཨ་བྷཱུ་ཏ། ཨ་བྷཱུ་བན།

ཨ་པ་ཙཿ། ཨ་བྷཱུཿ། ཨ་ཀ་རི་ཥྱཏ། ཨ་ཀ་རི་ཥྱཏ། ཨ་ཀ་རི་ཥྱཎ། ལིང་གི་སཱི་ཡུཊའོ། །ལིང་བསྒྱུར་བ་རྣམས་ལ་སཱི་ཡུཊ་ཨཱ་ག་མ་འགྱུར་ཏེ། པཀྵཱིཥྚ་པཀྵཱིཥྛཱཿ། པ་ཙེ་ཐ། ཡ་ཙེ་ཏ། ཡ་ཛེ་ཐཱཿ། ཡཱ་སུཊ་ཨ་ཏང་ལས་ངིཏའོ། །པ་རསྨཻའི་ཚིག་གི་ལིང་བསྒྱུར་བ་ལ་ཡཱ་སུཊ་ཨཱ་ག་མ་
འགྱུར་ཏེ། དེ་ཡང་ངིད་ལས་འགྱུར་རོ། །ཡ་ཛེ་ཏ། སུ་ནུ་ཡཱཏ། ཨཱ་ཤི་ཥ་ལ་ཀིཏའོ། །ཨཱ་ཤི་ཥའི་ལིང་བསྒྱུར་བའི་པ་རསྨཻའི་ཚིག་ལ་ཡཱ་སུཊ་འགྱུར་ཏེ། དེ་ཡང་ཀི་ཏའོ། །བྷཱུ་ཡཱཏ། ཨི་ཧྱཱ་ཏ། ཛཱ་གཪྻཏ། ཨཱ་ཤིཥ་ལ་ཞེས་པ་ཅི་ཞེ་ན། ཛཱ་གྲྀ་ཡཏ། ཀི་དང་ང་དག་ལ་ཡོན་ཏན་དང་འཕེལ་བ་དགག་པ་མཚུངས་
ཀྱང་ཛཱ་གརྟི་ལ་ཁྱད་པར་དུ་ཡོན་ཏན་འང་ངོ་། །ཨཏ་ལས་ཨི་ཡ་ཀུན་འགྲོ་ལའོ། །ཨཏ་ལས་ཕ་རོལ་གྱི་ཡ་སུཏ་ནི་ཀུན་འགྲོ་ལ་ཨི་ཡ་རུ་བསྒྱུར་བར་འགྱུར་ཏེ། པ་ཙེ་ཏ། པ་ཙེ་ཏཱཾ། པ་ཙེ་ཡུཿ། ཨཏ་ལས་ཞེས་པ་ཅི་ཞེ་ན། ཀུཪྻཏ། ཀུན་འགྲོ་ལ་ཞེས་པ་ཅི་ཞེ་ན། ཙི་ཀཱིཪྵྱཱཏ། མཐའ་མ་ཡིན་པའི་ས་དབྱིའོ། །
མཐའ་མ་ཡིན་པའི་ལིང་གི་ས་ཡིག་དབྱི་བར་འགྱུར་ཏེ། ཀུཪྻཱ་ཏཱཾ། མཐའ་མ་ཡིན་པའི་ཞེས་པ་ཅི་ཞེ་ན། ཀུཪྻུཿ། ཀུན་འགྲོ་ལ་ཞེས་པ་ཉིད་དེ། བྷཱུ་ཡཱ་སྟཾ། བྷཱུ་ཡཱ་སུཿ། ཨནྟའི་རནའོ། །ལིང་དང་འབྲེལ་པའི་ཨནྟ་ནི་རན་དུ་བསྒྱུར་བར་འགྱུར་ཏེ། པ་ཙེ་རན། པཀྵཱི་རན། ཨི་ཏའི་ཨཏའོ། །ལིང་བསྒྱུར་བའི་
ཨིཊ་ནི་ཨཊ་དུ་བསྒྱུར་བར་འགྱུར་ཏེ། པ་ཙེ་ཡ། པཀྵཱི་ཡ། ཏ་ཐ་དག་ནི་སུཊའོ། །ལིང་གི་ཏ་ཡིག་དང་ཐ་ཡིག་དག་ནི་སུཊ་དུ་འགྱུར་ཏེ། པཀྵཱིཥྚ། པཀྵཱི་ཡསྟཱཾ། པཀྵཱིཥྛཿ། ཨཱ་ཤི་ཥ་མ་ཡིན་པ་ལ་ཐམས་ཅད་དུ་དབྱིའོ། །ཨནྟིའི་ཛུ་སའོ། །ལིང་བསྒྱུར་བའི་ཨནྟའི་ཛུས་སུ་འགྱུར་ཏེ། པ་ཙི་ཡུཿ། ཀུཪྻུཿ།
པ་ཙྱཱ་སུཿ། བྷཱུ་མིན་ལས་སི་ཙའི་འོ། །སི་ཙ་ལས་ཕ་རོལ་གྱི་ཨནྟིའི་ཛུས་སུ་འགྱུར་ཏེ། ཨ་ཛཻ་ཥུཿ། ཨ་ནཻ་ཥུ། བྷཱུ་མ་ཡིན་པ་ལས་ཞེས་པ་ཅི་ཞེ་ན། ཨ་བྷཱུ་བན། བེཏྟཱི་ཡུ་ག་ལས་ལང་ལས་སོ། །ལང་དང་འབྲེལ་པའི་བེརྟི་ཡུ་ག་དག་ལས་ཕྱི་མའི་ཨནྟིའི་ཛུས་སུ་འགྱུར་ཏེ། ཨ་བི་དུཿ། ཨ་ཛུ་ཧ་བུཿ། ཨ་
བི་བྷ་ཡུཿ། དྲི་དར་དང་ཨཏ་ལས་སོ། །ལང་དང་འབྲེལ་པའི་ཨནྟི་ནི་དྭི་ཤ་དང་ཨཱཊ་ཀྱི་མཐའ་ལས་ཀྱང་ཛུས་སུ་ཡང་ན་འགྱུར་ཏེ། ཨ་དྭི་ཥུཿ། ཨ་དྭི་ཥན། ཨ་བཱན། ཨ་ཡུ་ཨ་ཡན། ཞེས་པ་སཱ་དྷུ་ཀཱིརྟིའི་འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པ་དཔལ་ལྡན་ཀ་ལིངྒའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་

སློབ་དཔོན་རྒྱལ་པོའི་ལྷས་རྣམ་པར་བཀོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་ལས་སྐབས་དང་པོ་རྫོགས་སོ།། །།ཏིང་མ་ཡིན་པ་ནི་ཀྲྀཏའོ། །བྱིངས་ཀྱི་དབང་དུ་བྱས་པའི་ཏིང་ལས་གཞན་པ་ནི་ཀྲྀཏ་ཀྱི་མིང་ཅན་དུ་འགྱུར་ཏེ། གཟུགས་མཚུངས་པ་མ་ཡིན་པ་ལས་བུད་མེད་མ་ཡིན་པ་ལས་ཡང་
ནའོ། །གཟུགས་མཚུངས་པ་མ་ཡིན་པས་ནི་དམིགས་བསལ་ཡང་ན་འགོག་པར་འགྱུར་རོ། །བུད་མེད་ཀྱི་དབང་དུ་བྱས་པ་བོར་ནས་བུཎ་ཏྲྀཙ་དག་སྤྱིར་བཏང་བ་ལ། ཨིག་མཐའ་ཉེ་ལས་ཛྙཱ་ཀྲྀ་ཀྲཱྀ་ལས་ཀ་ཞེས་པ་དམིགས་བསལ་ལོ། །དེའི་ཡུལ་ལ་བུཎ་ཏྲྀཙ་དག་ཀྱང་འགྱུར་བའོ། །བི་ཀྵེ་པཀ ། བི་ཀྵེཔྟཱཿ།
བིཀྵི་པཿ། གཟུགས་མཚུངས་པ་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ལས་ལས་ཕ་རོལ་ཨན་ཞེས་པ་སྤྱིར་བཏང་བའོ། །ཨཱཏ་ལས་ཉེར་བསྒྱུར་མེད་པ་ལས་ཀའོ་ཞེས་པའི་དམིགས་བསལ་དེ་རྟག་ཏུ་འགོག་པའོ། །གོ་དཿ། ཀམྦལ་དཿ། རྗེས་སུ་འབྲེལ་པ་མ་བྱས་པ་ནི་གཟུགས་མཚུངས་པ་མ་ཡིན་པའོ། །
བུད་མེད་མ་ཡིན་པ་ལ་ཞེས་པ་ཅི་ཞེ་ན། ཀྟིན་སྤྱིར་བཏང་བ་ཨའི་རྐྱེན་ལས་ཞེས་པའི་དམིགས་བསལ་དེ་འགོག་པ་ཉིད་དོ། །ཙི་ཀཱིཪྵཱ། ཛི་ཧཱཪྵཱི། ལཱཏ་དང་ལྲྀཏ་དག་གི་ཤ་ཏྲྀའོ། །ལཊ་དང་ལིཊ་དག་གི་གནས་ལ་ཤ་ཏྲྀ་རུ་བསྒྱུར་བར་ཡང་ན་འགྱུར་ཏེ། ཨསྟ་བྲཱཧྨ། སན་བྲཱ་ཧ་ཎཿ། ཀ་རི་ཥྱ་ཏི་ཀ་རི་ཥྱ་ན་བྲཱ་ཧྨ་ཎ།
ལྷག་པའི་དོན་ལ་ནི་མིང་འགྱུར་ཏེ། པ་ཙ་ཏ་ཀི། པ་ཙ་ཏི་ཏ་རཱཾ། ཀ་རི་ཥྱ་ཏ་ཀི ། ཀ་རི་ཥྱ་ཏི་ཏརླཾ། ལཊ་དང་གཞི་མཚུངས་པ་ཡིན་པ་ལའོ། །དང་པོ་དང་མཐའི་ཚིག་དག་གཞི་མཚུངས་པ་མ་ཡིན་པ་ལ་རྟག་ཏུ་ལཊ་དང་ལྲྀཊའི་གནས་ལ་ཤ་ཏྲྀ་རུ་བསྒྱུར་བར་འགྱུར་ཏེ། པ་ཙནྟཾ་དེ་བ་དཏྟཾ་དེ་བ་དཏྟཾ་པ་ཤྱཾ། ཀ་རི་
ཥྱནྟཾ་བྲཱཧྨ་ཎཾ་དྲཀྵྱ་སི། པ་ཙ་ཏཱ་དེ་བ་དཏྟེ་ན་ཀྲྀ་ཏཾ། ཀ་རི་ཥྱ་ཏཱ་བཀྟ་བྱཾ། ཀུན་དུ་བོད་པ་ལའང་ངོ་། །ལཊ་དང་ལྲྀཊའི་གནས་ལ་རྟག་ཏུ་ཤ་ཏྲྀ་རུ་བསྒྱུར་བར་འགྱུར་ཏེ། ཧེ་པ་ཙ་ན། ཧེ་ཀ་རི་ཥྱན། དང་པོ་དང་གཞི་མཚུངས་པ་མ་ཡིན་པ་ནི་རྟག་དུའོ། །དོན་དུ་བརྗོད་དོ། །རྒྱུ་དང་མཚན་ཉིད་དག་གི་བྱ་བ་ལས་སོ། །འདིས་
སྐྱེད་པའི་རྒྱུར་མཚོན་པས་ན་མཚན་ཉིད་དོ། །བྱ་བའི་རྒྱུ་དང་མཚན་ཉིད་དག་ལ་འཇུག་པའི་བྱིངས་ལས་ཕ་རོལ་གྱི་ལཊ་དང་ལྀཊའི་གནས་སུ་ཤ་ཏྲྀ་རུ་བསྒྱུར་བར་འགྱུར་ཏེ། ཨརྫན་བས་ན། ཨརྫྫི་ཥྱན། བཏྶྱཏི་གཚྪན་བྷུཾཀྟེ། ག་མི་ཥྱཎ་བྷོཀྵྱཱ་ཏེ། རྒྱུ་དང་མཚན་ཉིད་དག་ལ་ཞེས་པ་ཅི་ཞེ་ན། པ་ཙ་ཏི་ཙ། པ་ཋ་

ཏི་ཙ། ཀ་རི་ཥྱ་ཏི་ཙ། ག་མི་ཥྱ་ཏི་ཙ། བྱ་བ་ལས་ཞེས་པ་ཅི་ཞེ་ན། རྫས་དང་ཡོན་ཏན་དག་ལ་མི་འགྱུར་བ་སྟེ། ཡཤྩ་ལ་ཏི། སོ྅ཤྭཏྠཿ། ཡསྟ་ར་ཏི། ཏལླ་གྷུ། མཱ་ལས་སྦྱོ་བ་ལའོ། །མཱའི་སྒྲ་སྦྱོར་བ་ལས་སྤྱོ་བ་རྟོགས་པར་བྱེད་པ་ལ་བྱིངས་ལས་ཕ་རོལ་ལཊ་དང་ལྲྀཊ་ནི་ཤ་ཏྲྀ་རུ་བསྒྱུར་
བར་འགྱུར་ཏེ། མཱ་པ་ཙ་ན། ཀ་རི་ཥྱན། སྦྱོར་བ་ལ་ཞེས་པ་ཅི་ཞེ་ན། མཱ་ལ་ཀི་ཥྱ་ཏེ། ཏང་ལ་དེ་བཞིན་དུ་ཤཱ་ན་ཙའོ། །ཏང་གི་ཡུལ་གང་ལཊ་དང་ལྲྀཊ་དག་གི་གནས་ལ་མདོ་ལྔས་ཤ་ཏྲྀར་བསྒྱུར་བ་བྱས་པ་ཇི་ལྟ་བ་དེ་བཞིན་དུ་ཤཱ་ན་ཙ་རུ་འགྱུར་ཏེ། ཤ་ཡཱ་ན་ཤེས་ཏེ། ཀུརྦཱ་ཎཿ། ཀུ་རུ་ཏེ། ཤ་ཡི་ཥྱ་མཱ་ཎཿ།
ཤ་ཡི་ཥྱ་ཏེ། ཀ་རི་ཥྱ་མཱ་ཎཿ། ཀ་རི་ཥྱ་ཏེ། ཤ་ཡཱ་ནཾ་པ་ཤྱ། ཀ་རི་ཥྱ་མཱ་ཎཾ་དྲཀྵྱ་སི། ཧེ་བནྡ་མཱ་ན། ཧེ་བནྡི་ཥྱ་མཱ་ཎ། བྷུཉྫཱ་ན་སྟིཥྛ་ཏི། ཤ་ཡཱ་ནཱ་བྷུཉྫ་ཏེ། བྷོཀྵ་མཱ་ཎཿ། སྠཱ་སྱ་ཏི། ཤ་ཡི་ཥྱ་མཱ་ཎཱ་བྷོཀྵྱནྟེ། མཱ་པ་ཙ་མཱ་ནཿ། མཱ་ཀ་རིཥྱ་མཱ་ཎཿ། དེ་བཞིན་ད