Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 1
Văn bản gốc(Tây Tạng)
Trang 17 / 17 (50.000 ký tự/trang)
་ན་དཔུང་རྒྱན་ཟུང་དག་དཀྲིས་པར་འདོད། ། འགྱུར་མེད་སེམས་ཀྱི་ཐལ་བས་སྐུ་ལ་ངེས་པར་ནི། །ཁྱབ་པར་མཛད་དེ་བ་སྤུ་ངེས་པར་གང་བ་ཉིད། །དེ་སླད་ཁྱོད་ཀྱི་སྐུ་ནི་མེ་ལོང་འདྲ་བ་སྟེ། །དཔལ་ལྡན་རྡོ་རྗེའི་སྐུ་ཅན་བླ་མ་ཁྱོད་ལ་འདུད། །ཕུང་པོ་ཡི་ནི་ལུས་ལ་དགའ་བར་འཛིན་པ་ཡི། །འདོད་ཆགས་ལ་སོགས་རྣམས་ཀྱང་སྦྱང་བའི་སླད་དུ་ནི། །ཐལ་ བ་དག་གིས་སྐུ་ལ་ཡང་དག་བྱུགས་པ་ཡི། །དཔལ་ལྡན་ཁྱོད་ལ་བདག་ནི་སྐྱབས་སུ་མཆིས་པ་ལགས། །རལ་པ་རིང་གཉིས་ཁྱོ་ཤུགས་ཟུང་སྟེ་འདི་དག་ནི། །གསལ་པོར་རབ་ཏུ་ཕྱེ་བས་དེ་ནི་བསྟན་པ་ཡིན། །རལ་པ་རིང་པོ་བདེ་ཆེན་འཁོར་ལོར་གནས་པ་ནི། །འོད་གསལ་བ་ཡིས་བྱིན་རླབས་ཟུང་དུ་ འཇུག་པ་འདི། །སེང་གེ་ཡིས་ནི་འཇིགས་པར་བྱེད་པའི་སྒྲ་བསྒྲགས་པས། །གང་ཕྱིར་གླང་པོ་ཆེར་སྐྲག་འཇིགས་པས་ཉམ་ཐག་པས། །གཞོམ་མེད་བདག་ཉིད་སྒྲ་ཡི་རང་བཞིན་རྭ་ཡི་ནི། །སྐད་ཀྱི་བགེགས་རྣམས་ལ་ནི་མགོན་ཁྱོད་དེ་འདྲའོ། །ཁྱོད་ཀྱི་མ་རུའི་ཕྲེང་བའི་རྒྱན་ནི་རྨད་བྱུང་བ། །འདི་ཡི་ཕྱེད་ དམར་བ་ནི་ཀུན་རྫོབ་བདེན་པ་སྟེ། །ཕྱེད་ནག་པ་ཡང་དོན་དམ་པ་ཡི་རང་བཞིན་ལགས། །དེ་དག་གཅིག་ཉིད་འདུད་པ་གང་ལགས་རབ་ཏུ་ཤིས། །ལྷན་ཅིག་སྐྱེས་པའི་རང་བཞིན་བདེ་བ་རྒྱས་མཛད་པ། །དེ་བཞིན་གཤེགས་པ་ཀུན་གྱི་བཅོས་མིན་དེ་ཉིད་དོ། །དེ་སླད་ཁྱོད་ཀྱི་སྐུ་ལ་རྣམ་པར་བཀྲ་བ་ཡིས། །རྨ་ བྱའི་མཇུག་མ་འཆད་པ་རྨད་བྱུང་ཆེན་པོ་ལགས། །སུམ་ཅུ་རྩ་གཉིས་རྩ་འདི་དག་དང་གྲངས་མཉམ་པའི། །དབང་ཕྱུག་ཡོན་ཏན་མཆོད་ཕྱིར་ཐོགས་པ་རྣམ་པར་འཆང་། །ཞི་བདེའི་ས་བོན་རང་གི་སྙིང་གའི་ཕྱོགས་ན་སྟེ། །དཔལ་ལྡན་རི་ཁྲོད་ཁྱོད་ལ་རྟག་པར་ཕྱག་འཚལ་ལོ། །རྫོགས་པའི་བྱང་ཆུབ་ཕུན་སུམ་ ཚོགས་པའི་གཏེར་གྱི་མཆོག །དམ་པའི་སྐུ་ཡི་རྡོ་རྗེ་དག་དང་ལྡན་ན་ཡང་། །དེ་ལས་ཁྱོད་ཀྱིས་གཅིག་ཏུ་སེམས་ཅན་དོན་གྲུབ་ཕྱིར། །སྣ་ཚོགས་བྱེད་པ་རྣམས་ཀྱང་ངེས་པར་གཟུང་བ་ལགས། །ཁ་ཡིག་གིས་ནི་ཨ་ཡེ་བདུད་སྡེ་དུམ་བུར་བྱས། །དེ་ནས་ག་ཡིག་སེམས་ཡོངས་ཤེས་པས་མཁའ་ལ་གཤེགས། ། གཏི་མུག་སོགས་སེལ་དེ་སླད་ཁ་དང་ག་དག་གིས། །ནམ་མཁའི་སྐུ་སྟེ་མཁའ་འགྲོ་ཡང་ནི་ཁྱོད་ཉིད་ལགས། །ཀུན་གྱིས་བཀུར་བའི་མུ་སྟེགས་ངན་པའི་འདོད་པ་བཅོམ། །མི་རྣམས་བདེ་གཤེགས་གོ་འཕང་ལ་ནི་འགོད་པར་མཛད། །ལེགས་པར་འདུས་ལ་དམ་ཆོས་རབ་བསྟན་ཕན་པ་དག །གཏན་བདེ་དམ་པའི་ལམ་དུ་ བདེ་བར་བགྲོད་པའི་གནས། །རྫུ་འཕྲུལ་རྣམ་འཕྲུལ་བརྒྱ་ཕྲག་གནས་ཀྱིས་གང་བ་ཡི། །བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་བུམ་པ་ཐོགས། །ཨེ་མ་གཞན་དོན་ཕུལ་བྱུང་བསགས་པའི་རྒྱལ་བ་ནི། །རི་ཁྲོད་དམ་པ་འདི་ཡིན་ཁྱོད་ཞབས་ལ་འདུད་དོ། །དེ་ལྟར་བླ་མ་དམ་པ་ཤ་བ་ར་དབང་ བསྟོད་པ་ཡི། །རིན་ཆེན་བརྟུལ་ཞུགས་དམ་པ་ནགས་ཀྱི་རིན་ཆེན་གྱིས་བྱས་འདིར། །དགེ་བ་གང་ཐོབ་དེ་ཡིས་སྲིད་པའི་ཆུ་གཏེར་བྱིང་བ་དག །ཕྱུང་ནས་ཀུན་གྱིས་ལྷུན་སྐྱེས་བདེ་འབྱོར་མྱུར་དུ་ས་ཐོབ་ཤོག །ཅེས་པ་དཔལ་ཤ་བ་རའི་ཞབས་ཀྱི་བསྟོད་པ་རིན་པོ་ཆེ་རྫོགས་སོ།། །།མཁས་པ་ཆེན་པོ་དཔལ་ ནགས་ཀྱི་རིན་ཆེན་གྱིས་མཛད་པ་རྗེ་བཙུན་དམ་པ་དེ་ཉིད་ཀྱི་སྤྱན་སྔར་ཆོས་སྨྲ་བ་གཞོན་ནུ་དཔལ་གྱིས་དིང་རིར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་གུ་རུ་བ་ན་རཏྣ་སྟོ་ཏྲ་སབྟ་ཀཾ །བོད་སྐད་དུ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ ཆེན་གྱི་ཞབས་ལ་ཕྱག་འཚལ་ལོ། །བལ་པོའི་ཡུལ་གྱི་རྒྱལ་པོ་བདེ་བར་གཤེགས་པ་ཡི། །ལུགས་ལ་རྟག་ཏུ་རྗེས་སུ་བརྩོན་པ་ལ་བཀོད་ཅིང་། །མཁས་པ་རྣམས་ཀྱི་མཛོད་གྱུར་མཐར་ཐུག་ཡོན་ཏན་གྱི། །ཚོགས་ཀྱི་ཟབ་མོ་སྣང་མཛད་དགེ་སློང་རྒྱལ་པོ་སྟེ། །རྣམ་པར་གྲགས་ཤིང་མཚུངས་པ་མེད་པའི་ གྲགས་པ་ཡི། །རྒྱལ་མཚན་བླ་བྲེ་དར་དཔྱངས་ཟབ་ཅིང་རྒྱ་ཆེའི་བློ། །སྐུ་ཡང་སེམས་ཅན་རྣམས་ཀྱི་སྐྱབས་ནི་གཅིག་པུ་སྟེ། །ཐེག་ཆེན་ཡང་དག་རྟོགས་པས་གྲུབ་པའི་མཐའ་ཡི་མཛོད། །ནགས་ཀྱི་རིན་ཆེན་ཞེས་བྱ་སྡོམ་བརྩོན་མཆོག་གི་བློ། །གནས་བརྟན་འདི་ན་གཉིས་མེད་ཆོས་ཀྱི་དེ་ཉིད་རིག །འདུལ་བའི་སྡོམ་ པས་ཡང་དག་སྡོམ་ལ་མངོན་པར་བརྩོན། །ཕས་རྒོལ་གླང་པོའི་དབང་ལ་རི་དགས་རྒྱལ་པོ་ལགས། །ཕྱག་འཚལ་སྡོམ་བརྩོན་ཆེན་པོའི་རྒྱལ་པོ་རྣམས་ཀྱི་མཆོག །མཆོག་གི་ཚུལ་ལ་རབ་ཏུ་རྣམ་པར་ངེས་པ་སྐྱེ། །སྐྱེ་བོ་སྡུག་བསྔལ་དག་ལས་འབྱིན་བྱེད་གཅིག་པུ་མཆོག །མཆོག་ཏུ་ནགས་ཀྱི་རིན་ཆེན་གནས་ བརྟན་ཆེན་པོ་ལགས། །ཆགས་བྲལ་སེམས་ཅན་མ་ལུས་པ་དག་སད་པར་མཛད། །ཕྱག་གི་ཆུ་སྐྱེས་དག་གིས་མཚོན་གྱི་གཞུ་འཆང་བ། །འཛིན་པའི་མཐིལ་གྱི་རྒྱན་དུ་གྱུར་པ་མཛེས་པའི་སྐུ། །གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་རབ་ཏུ་མཛེས། །དགའ་བྲལ་དགའ་བའི་གླང་པོ་ལ་སོགས་དྲི་མ་ཡི། །དྲི་མ་དྲི་མ་ མེད་ཅིང་བྲལ་བ་ཉམས་སུ་མྱོང་། །སྲིད་དང་སྲིད་པ་མ་ཡིན་གཉིས་ཀྱི་འབེན་ལ་མདའ། །གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་སྐྱབས་སུ་གྱུར། །དགའ་བྲལ་དང་པོའི་བདུད་རྩིའི་བཏུང་བ་བདག་ལ་དགྱེས། །དགྱེས་ཤིང་ངེས་ལ་དུལ་བའི་ཡན་ལག་བརྒྱ་ཕྲག་གིས། །སེམས་ཅན་བརྒྱ་ཕྲག་ཚོགས་རྣམས་ཡོངས་ སུ་སྨིན་པ་དག །རྩི་མཛད་གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ནོ། །བདུད་སྡེ་ལ་སོགས་རྣམས་ཀྱི་ཁ་ལ་རོ་མེད་མཛད། །ཁ་ཡི་ཆུ་སྐྱེས་དག་ནི་དགྲ་ཡིས་གང་བ་འཇོམས། །སྐྱེ་མཆེད་འདར་བའི་ཕས་རྒོལ་རི་ཡི་དབང་པོ་འཁྲུ། །ཁྲུས་མཛད་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོའོ། །དཔལ་ལྡན་བླ་མ་ནགས་ ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་འདི་ནི་རྫོགས་སོ།། །།ཡུལ་མ་ག་དྷཱ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་པ་ཞེས་བྱ་བས་མཛད་པའོ། །འདི་ནི་སྤྱན་མངའ་ཆོས་ཀྱི་རྒྱལ་པོས་གསེར་གྱི་མེ་ཏོག་དང་བཅས་པའི་བཀའ་ལུང་གིས། རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཛཱ་ཏ་ཀ་སྟ་བ། ཀྵེ་དནྡཱ་ཤ་བ་ལཾ་གུ་ཎཻ་ར་ཤ་ཝ་ལཾ་ཙརྱཱ་བི་བྷུ་ཏྭཾ་བི་བྷོ། །ཛནྨ་སྱནྡ་ནི་ཀཱ་བི་བརྟྟ་ན་ཛ་ཌཉྩཻ་ཏ་ཀྭ་ཙེ་དམྨ་མ། ཡེ་ནཱ་བནྡྷྱ་ཕ་ལོ་ད་ཡསྟྭ་ཡི་བྷ་བནྟྱ་བྱཱ་ཧི་ཏཱཿཡཱཾ་ཤ་བ། སྟེ་ནསྟུ་ཏྱ་ནུ་བནྡྷི་ནཱ་མུ་ཁ་ར་ནཱ་མཱ་ལམྦ་ཏེ་བྷཱ་ར་ཏཱི། ཙིཏྟཱ་ལམྦྷ་ན་ལངྒྷི་ནཿཤ་མ་དྲྀ་ཤཱ་མཱ། ༄༅། །བོད་སྐད་དུ། སྐྱེས་པ་རབས་ཀྱི་བསྟོད་པ། ཁྱབ་བདག་སྟོབས་བཅུ་མངའ་བའི་མ་འདྲེས་སྤྱོད་པ་དབང་འབྱོར་བའི། །སྐྱེ་བའི་རྒྱུད་དུ་རྣམ་པར་འཇུག་འདི་བླུན་ཡང་བདག་གི་ནམ་ཡང་ནི། དོན་ཡོད་འབྲས་བུ་འབྱུང་ཕྱིར་ཁྱོད་ལ་རྡུལ་ཙམ། དེས་ན་བསྟོད་དང་རྗེས་སུ་འབྲེལ་བའི་ཅ་ཅོ་ཚིག་དང་མིང་དག་དམིགས། སེམས་ཀྱི་དམིགས་ལས་འགོངས་ཞི་བའི་ལྟ་བ་ བེ་ཎི་ཀཱཿསངྐུ་ཎཱ། བཱ་ཙཱཾ་གོ་ཙ་ར་ཏཱཾ་ཏུ་ཡཱནྣི་ཀ་ལ་ཡཱ་སྠུ་ལཱ་ཧི་བོ་མཱ་དྲྀ་ཤཱཾ། རཏྣ་ནྱསྦུ་ནི་དྷེ་རུ་པཱ་བྷུ་པུ་ལི་ནེ་ཥྭཱ་སིརྦྷ་བནྟྱ་ཪྠི་ནཱ་མནྟ་རྦྷིནྣ་ཏ་རཾ་གདྱཽ་ཏ་རུ་བ་ཀ་ཛྱོཏྶྣཱ་ནི་གྲྀཧྞཱ་ཏི་ཀཿ། ཡཱ་བོ་བོ་དྷི་པ་ཐཱ་ནུ་ཡཱ་ན་མ་ཧཱ་ཏཱ་མུཏྶཱ་ཧི་ནཱི་ཀརྨྨ་ཎཱ མཱ་མཱིལླེ་ཀ་ཧི་ཏོ་ད་ཡེ་ཛི་ནཱ་ཀྲྀ་ཡཱ་བི་པྱནྡི་ནཱི་སནྟ་ཏིཿ། སཻ་ནཱི་ཀཱ་པ་ཙི་ཏཿཔུ་ན་ཏི་བྷ་ག་བཱན་སཾ་ཀཱིརྟྱ་ མ་འདྲེས་ཡོན་ཏན་མཆོག །ཚིག་གི་སྤྱོད་ཡུལ་ཉིད་གྱུར་ཆ་ཤས་ཆེ་ལོང་འདི་འདྲ་བ། ཆུ་གཏེར་ས་ཡི་སྒང་བུར་རིན་ཆེན་གསལ་གྱུར་དོན་མེད་རྣམས་ཀྱིས་ནི། །ཐ་དད་ནང་ནས་ཟབ་ཅིང་གསལ་ལ་འོད་ལྡན་ལེན་པར་བྱེད་པ་བཞིན། །གང་བྱང་ཆུབ་ལམ་རྗེས་སུ་ཐེག་པ་ཆེན་པོ་སྤྲོ་བ་ལས་ཀྱིས། བདག་ལ་ཕན་པ་འབྱུང་རྒྱལ་བ་བརྩེ་བ་རྒྱུད་སྡེ་ཚན་དག་བྱེད་བཅོམ་ལྡན་ཡང་དག་གྲགས་ མཱ་ནཱ་དྲ་དྷུ་ནཱ་ཛྷེ་ཡཱ་བྷོ་ག་བི་སཱ་རི་ཎོ་ག་ཏ་མཱ་ལཱཿཔྲཱ་གེ་བ་བོ་དྷཽ་གུ་ཎཿ། ཨུདྡཱ་མ་དྭི་ར་དསྱ་རཱ་ག་བ་ཤི་ནོ་བྲྀཏྟིཾ་པུ་རོནྨཱ་དི་ནཱི། མཱ་ལོ་ཀྱཱ་བྱ་ཏི་བརྟི་ནཱ་པྲ་ཎི་ཧི་ཧཱ་བོ་དྷོ་དྷི་ཡོ་ཡནྟྭ་ཡཱ། བིནྱ་སྱནྟ་ཨི་བཱ་མ་རཱསྟྭ་ཡི་ཙི་རཾ་དྷརྨཱ་བྷི་ཥེ་ཀ་ཤྲི་ཡནྟེ་ནཱཾ་ཀམྤི་ཏ་ཀེ་ཤ་རཱནྟ་མ་སྲྀ་ཛ་ན་པུཥྤོ་པ་ཧཱ་རཾ་དི་བཿ། ཀྵུདྡུཿཁ་གླ་པི་ཏོ་ད་རཱི་གི་རི་ད་རཱི་རཱནྟྲནྟ་ ད་ན་ཤེས་བྱའི་ལོངས་སྤྱོད་དྲི་བྲལ་ལྟ་ཅི་སྨོས་བྱང་ཆུབ་ཡོན་ཏན་གླང་པོ་མྱོས་པ་ཆགས་པའི་དབང་གྱུར་གནས་ཀྱི་མྱོས་མ་ལ། །བཟློག་པར་མ་ནུས་ཞུགས་པ་གཅིག་ནས་ཁྱོད་ཀྱི་བྱང་ཆུབ་ལ། ལྷ་རྣམས་རིང་ནས་ཁྱོད་ལ་ཆོས་ཀྱི་དབང་བསྐུར་དཔལ་བཞིན་ཐུགས་དག་བཀོད། དེ་ཡིས་མགུལ་རལ་པ་ཐ་མ་སྤྲོ་མེ་ཏོག་ཉེ་བར་ཟ་བ། བཀྲེས་པའི་སྡུག་བསྔལ་ནད་ཀྱིས་རི་སུལ་བར་དུ་ ར་ལ་སྠི་ཏཱཾ། དྲྀཥྚཱ་ཤཱ་བ་ཀ་གྷཱ་ཏ་ནཻ་ཀ་ར་བྷ་སཱཾ་བྱཱ་གྷྲཱིཾ་ད་ཡཱ་གྷྲཱ་ཏ་དྷཱིཿ། ཡསྟྭཾ་བལྐ་ལི་ནཱིཾ་ཛ་ཊི་ཛ་ན་བ་ཏཱིཾ་མུརྟིཾས་མུཏྶྲྀཥྚ་བཱན་སྟྲཱ་ཎནྟེ་ན་བྷ་བཱན་བྷ་བཱ་དྲི་བི་བ་ར་བྱཱ་བརྟི་ནཱཾ་དེ་ཧི་ནཱཾ། ཡཱཏྤྲ་ལེ་ཡ་སི་ཏོ་པ་ལཱ་དྲི་བ་ཧ་ལཾ་མཱ་ཏཾ་ག་ཏཱཾ་བི་བྷ་ཏཱ་ཀཱནྟཱ་རཱཾ་ན་ར་བརྟི་ནཱཾ་ཏ་ནུ་བྷྲྀ་ཏཱ་མུཙྖིཏྟ་ཡེ་བྱཱ་པ་དཱམ། ཤཻ་ལེནྡྲཾ་ཤི་ཐི་ལོ་པ་ལཾ་ཙ་ལ་ཡ་ཏཱ་མུཀྟསྟྭ་ གནས་གྱུར་པའོ། །སྟག་མོ་ཕྲུ་གུ་མཐོང་ནས་ཟ་བར་རྩོམ་གཟིགས་གཅིག་ཏུ་བརྩེ་བས་བསྐྱབ་པའི་བློས། །གང་ཁྱོད་ཤིང་ཤུན་གྱིས་ནི་རལ་པ་བཅིངས་ཏེ་བཏགས་ནས་སྐུ་དག་བོར་དེས་ན་སྐྱོབ་པ་ཁྱོད་སྲིད་པའི་རི་བོའི་ཁུང་བུར་འཁོར་བའི་ལུས་ཅན་རྣམས་ལ། དཀར་རྡོབ་རི་གླང་པོ་ཉིད་བཟུང་དགོན་པར་མི་འཁྱམ་པ་ལུས་བཟུང་ཆང་འཕོངས་པ་རྣམས་ལ་རི་དབང་ཡངས་པ་རྡོ་བ་གཡོ་བ་བོར་ཁྱོད་ཀྱིས་བདག་ ཡཱཏྨཱ་ཏ་ཊཱ་ཏྲ། མ་ནྱེ་མཏྶ་རི་ཎཱཾ་ནི་ཏཱནྟ་མ་ལི་ནཱསྟེ་ན་ཀྵ་ཏཱ་བྲྀཏྟ་ཡཿ། ཡལློ་ཀཱམྦ་ར་ཙནྡྲ་ཙནྡྲ་བ་པུ་ཥཱ་ཙནྡྲ་པྲ་བྷ་ཏྭེ་ཏྭ་ཡཱ། ཀལྨཱ་ཥཱནྟ་ཤི་ཁཾ་ཤི་ཁཱ་མ་ཎི་རུ་ཙཱ་དཏྟཾ་དྭི་ཛཱ་ཡཱརྠ་ནེ། ནཱ་ལཱལླཱུ་ན་མི་པཱ་ར་བིནྡ་མ་སི་ནཱ་པྱོཏྐྲྀཏྟ་མཱུ་ལཾ་ཤི་ར། སྟེ་ནཻ་ཥཱཉྫཱ་ག་ཏཱཾ་ག་ཏོ་སི་གུ་རུ་ཏྲཱ་མུཥྞཱིཥ་བནྨཱུརྡྷ་ནི། བཱ་ལཱནྦཱ་ལ་ས་རོ་ཛ་ཀོ་མ་ལ་ཏ་ནཱུ་ནྱཏྤུ་ འགྲམ་དུ་སེམས་སེར་སྣ་དྲི་མ་ཅན་དེས་ཉམས་སྤྱོད་པ་རྣམས་གང་འཇིག་རྟེན་ནམ་མཁར་ཟླ་བ་ཟླ་བའི་ལུས་ཟླ་འོད་ཉིད་ཚེ་ཁྱོད་ཀྱིས་སྐྱོན་མཐར་བྱེད་གཙུག་ཕུད་གཙུག་གི་ནོར་བུ་འོད་ལྡན་བྱིན་གཉིས་སྐྱེས་སློང་བ་ལ། སྡོང་བུ་བཅད་བཞན་པདྨ་རལ་གྲིས་བཅད་རྩ་བ་དབུ། དེས་ན་འདི་དག་འགྲོ་རྣམས་ལ་བླ་མ་རྣམས་ཀྱི་གཙུག་ཏོར་བཞིན་དུ་མགོ་ལའོ། །བྱིས་པ་བྱིས་པ་མཚོ་སྐྱེས་འཇམ་པ་ ཏྲ་ཀཱ་ནཱརྠ་ན། པཪྻཱ་སྟཱཧྣ་ཙ་ལཙྪི་ཁཎྜ་ཀ་བྷྲྀ་ཏོ་དཱ་རཱཾཤྩ་བྷཱ་བཱ་ནུ་གཱན། པྲཱ་དཱཾ་སྟྱཾ་ཛི་ན་ཏེ་ན་ནཱུ་ན་མ་བྷ་བནྨཱ་རངྒ་ནཱ་ནཱཾ་མུ་ཁཾ་སངྒོ་བཱཉྩི་ཏ་པཀྵྨ་ལོ་ཙ་ན་ད་ལཾ་ཡཛྙཱ་ལ་སཱ་མནྠ་རཾ། ཤ་ཡྻ་སྭཔྣ་བཱི་ཙཱ་རི་ཎཱ་བ་ན་བྷུ་བཱ་བྷཱུ་ཏྲཱ་པུ་རཱ་པཀྵི་ཎཱ། བྷིནྣཱ་ཤེཥ་ཀ་ལེ་ཛ་ག་ཏྱ་བི་ཀ་ལེ་ཛྱཱ་ཡཿཔ་ཐཱ་ཤཾ་སི་ནཱ། བིསྟཱ་རཾ་ག་མི་ཏཾ་བྲ་ཏ་བྷྲྀ་ཏཱཾ་ཡནྣཱ་ཐ་ཀཱ་ ལུས་བུ་དོན་གཉེར་ལ། གཙུག་ཕུད་བཟུང་ཆུང་མ་ཡང་དང་པོ་དང་རྗེས་མཐུན། རྒྱལ་བ་དེ་ཡིས་བདུད་ཀྱི་བུ་མོ་རྣམས་ཀྱིས་རྫི་མ་མིག་འདབ་མ་གང་དྲ་བ་སྙན་ཚིག་འདར་མལ་གཉིད་རྣམ་དཔྱོད་ནགས་ས་གྱུར་ནས་གྲོང་བྱ་ཡིས་ཐ་དད་མ་ལུས་འགྲོ་ལ་མ་ཚང་མེད་རྒན་པོའི་ལམ་བསྔགས་རྒྱ་ཆེན་བགྲོད་པ་བརྟུལ་ཞུགས་བཟུང་གང་ བིཉྫ་ལཾ། ཏེ་ནཱ་ཛྙཱ་མ་རུ་ཏཱཾ་ཀི་རཱི་ཊ་ཀི་ར་ཎ་ཙྪཱ་ཡཾ་ཡཱསྤ་དཾ་བོ་ག་ཏཱ། ཡཏྤ་རྞྞཾམྦུ་ཕ་ལཱ་ཤི་ནཱི་ཤ་ཤ་ཏ་ནུཾ་ཏྭཾ་ནཱ་ཐ་བི་བྷྲ་ཏཱུ་རཱ། ཏཏྐཱ་ལཱ་ཏི་ཐ་ཡེ་ཀྲྀ་པཱ་རི་ཙ་ཡཱ་དཱ་ཏི་ཥྱ་མཱ་བེ་ད་ན་ཡ་ན། ཨཱཿརཱུ་ཌྷཿསྥུ་ཊ་བི་སྥུ་ལིངྒ་མ་ན་ལནྟེ་ནཱ་དྷུ་ན་པི་ཀྵི་ཏཱ། བིནྡོ་མཎྜ་ལ་ལཱཉྩ་ནཾ་ཤ་ཤ་མ་ཡཾ་ཡུཥྨ་ཪྻ་ཤོ་ལཀྵྱ་ཏེ། ཡཏྐོ་པཱ་རུ་ཎ་དྲྀཥྚི་ནཱ་ཀ་ལ་ མགོན་དེ་ཡིས་ཤེས་ཅོད་པན་འོད་མཛེས་གོ་འཕང་། གང་ཞིག་ལོ་མ་ཆུ་དང་འབྲས་བུ་ཟ་བའི་རི་བོང་ལུས་ནི་མགོན་ཁྱོད་བཟུང་བ་ན། དེ་དུས་འགྲོན་ལ་བརྩེ་བས་ཡོངས་སུ་འགྲིས་པས་སྦྱིན་བྱར་རིག་ནས་ཞུགས་འཕྲོ་མེ་སྟག་མེ་ལ་དེ་ནས་ལྟོས་པ་མེད་ཐིག་ལེའི་དཀྱིལ་འཁོར་མཚན་མ་རི་བོང་རང་བཞིན་ཁྱོད་ཀྱིས་གྲགས་པ་མཚོན་པར་བྱེད། གང་འཁྲོས་སྐྱ་རངས་ བྷུ་བཱ་ཀྲྀ་ཏྭཱ་བྷཱུ་བོ་བྷངྒ་ནཱི་ལེ་ཁཱ་མུལླ་སི་ཏཱ་སི་ནཱ་བི་ད་ལི་ཏ་པྲངྒ་མཱ་སངྒི་ནཱ། ཏྭཱ་མཱ་སཱི་ཏ་ཀྵ་ཎ་མ་པྱ་བི་ཀྵ་ཏ་དྷི་ཡཾ་ཏྱཀྟུ་ཀྵ་མཱ་ན་ཀྵ་མཱ་ནྱེ་ཏེ་ན་ནི་རངྐུ་ཤཱཿསྨ་ར་ཤ་རཱཿཔུདྑེ་ཥུ་བྷངྒངྒ་ཏཱ། ཡདྡྭེ་ཥཱི་ཧ་རི་ཎཱ་ཙི་རཱ་ཏ་ན་དྷ་ནུ་ཏ་ན་དྷ་ནུརྡནྟེསྟྭ་ཡཱ྅བྷྱརྩི་ཏཿཥཌྡནྟེ་ན་ས་ཏཱ་སི་ཏོནྣ་ཏ་བྲྀ་ཧཛྫཱི་མཱུ་ཏ་པུཉྫ་ཏྭི་ཥཱ། ཀོ་ཤཱ་ཀརྵ་ཎ་བཱནྟ་བྷཱུ་རི་རུ་དྷི་ར་ མཐོང་བྱས་ནས་སྨིན་མ་གཡོ་རི་མོ་རལ་གྲིས་རྣམ་པར་བཅོམ། ཉིང་ལག་ཤ་ཁྱོད་ལ་སྐད་ཅིག་ཀྱང་བློ་བཏང་བཟོད་དང་མི་བཟོད་སེམས་པ་དེས་ན་ལྕགས་ཀྱུ་མེད་དྲན་པའི་མདའ་བཅོམ་པར་གྱུར། གང་སྡང་འཕྲོག་པས་རིང་ནས་གཞུ་སོ་ཁྱོད་ཀྱིས་མངོན་པར་མཆོད་སོ་དྲུག་པ་ཡིས་དཀར་ཞིང་མཐོ་བ་ལྷ་ཡི་ཆར་སྤྲིན་ཕུང་པོ་འོད་འབར་བ། །སྦུབས་ནས་བཀུག་པས་ ཀྵོ་དཱ་རུ་ཎཻ་སྟེ་ན་བཿ། པཱ་ཏཱ་ལེ་པི་བྷུ་ཛཾ་ག་མེཿཤླ་ཐ་ཕ་ཎཻ་ར་དྱཱ་པི་དཾཥྚཱ་རྩྱ་ཏ། སཾ་རམྦྷཱཏྥ་ཎི་ནཱཾ་ཕ་ཎཱ་ཧ་ཏི་ཙ་ལཱདྦྷཱི་ལོརྨི་མཱ་ལཱ་ད་པཱམྤ་ཏྱུརྻཏྨ་ཀཙྪ་ཊཱ་བི་ལུ་ལི་ཏཱཏྤརྱསྟ་ནཽ་ཀཱ་ན་རཱཿ། པྲེམྞཱ་ཀཱ་ཡ་མ་ཧཱ་པྨ་བེ་ན་བྷ་བ་ཏཱ་ཏཱི་རཱནྣ་མཱ་པཱ་དི་ཏཱ་ཏཏྐརྨཱ་ཏི་ཤ་ཡེ་ན་ཏེ་ན་ནི་ཁི་ལཱ་ལོ་ཀཱཿཀ་ལ་ཏྲཱི་ཀྲྀ་ཏཱ། ཤཻ་ ཤུགས་པ་མང་པོ་ཁྲག་མི་བཟད། །ས་འོག་ཏུ་ཡང་ལག་འགྲོ་རྣམས་ཀྱིས་ལྷོད་པའི་གདེངས་ཀས་དཔུང་ཡང་འཚོ་བ་མཆོད་པར་བྱེད། ཡང་དག་བརྩམས་པ་གདེངས་ཀ་ གཡོ་བ་འཇིགས་སུ་རུང་རླབས་ཕྲེང་ཆུ་བདག་ཆུ་སྲིན་ལུས་རྒྱལ་ཆེན་པོས་ཁྱོད་ཀྱིས་འགྲམ་དུ། དེའི་ལས་ཕུལ་དུ་བྱུང་བ་དེས། མ་ལུས་སྣང་བ། རི་ཡི་ ལཱཏྨཎྜ་ལི་ནོ་བི་ལངྒྷྱ་བི་ཥ་ཡཱཾ་སྟོ་ཡཱ་བ་ལཱི་མེ་ཁ་ལཱནྲ། ཡཙྩིནྟཱ་མ་ཎི་ནཱ་ན་རེ་ཎྱ་བ་ད་ར་དྭཱི་པཱནྣ་རཱ་ལོ་ད་རཱཏྲ། ལབྡྷྭ་པཱུརྞྞ་ཕ་ལཱ་ཏྭ་ཡཱ་པྲ་ཎ་ཡི་ནཱ་མཱ་ཤཱ་བ་བནྡྷཱ་ཀྲྀ་ཏཱ། སྟྭཏྟ་སྟེ་ན་ས་མུདྦྷ་བནྟི་བི་དུ་ཥཱཾ་དྡྷརྨྨ་རཏྣཱངྐུ་རཿ། སཱནྡྲམྟཱནྟ་བི་ཏཱ་ན་ནཱི་ལ་བ་པུ་ཥཱ་མོ་ཛོ་མུ་པཾ་རཀྵ་སཱཾ་ཁཌྒོཏྐྲྀཏྟ་ད་ལཻརྦི་བཱ་ཊི་ཏ་ཤི་རཱ་རནྡྷྲ་སྲ་བལློ་ཧི་ཏཻཿ། དཀྱིལ་འཁོར། འགོངས་ནས་ཕུལ་ཆུ་ཕྲེང་བ་སྐེ་རགས། གང་ཡིད་བཞིན་ནོར་བུ། རྒྱ་ཤུག་གླིང་བར་ལྟོ་བ་ལས་ཐོབ་ནས་གང་བའི་འབྲས་བུ་ཁྱོད་ཀྱིས་བྱས་ཁྱོད་ལས་དེས་བྱུང་བ་མཁས་རྣམས་ཀྱིས་དམ་ཆོས་རིན་ཆེན་མྱུ་གུ། བླ་རེ་སྔོན་པོ་ལུས་གཟི་མདངས་སྲུང་རྣམས་རལ་གྲིས་བཅད་ཅིང་དྲལ་བས་རྩ་ཡི་བུ་ག་ནས་འཛག་ཁྲག་རྣམས་ཀྱིས་ ཡཏྨཱ་སཻ་ར་ཀྲྀ་པཱཿཀྵུ་དྷཱ་བྱུ་པ་ཤ་མཾ་སྭཻ་ར་བྱ་པེ་ཏོཔྶ་བྷིཪྻོ་གཱ་ཛནྨ་རུ་དྷོ་བྷ་བྷོདྦྷ་ཝ་ཏྲྀ་ཥཱ་མུཙྪེ་དི་ན་སྟེ་ན་བཿ། ཤྱེནོཏྟ་ས་བི་ཤུཥྐ་པམྦི་ཏ་ག་ལ་སྱོཏྶཾ་ག་སཾ་ས་པི་ཎོ། ཡནྣིཿསཾ་ག་ར་ཏཱ་ཤི་བཱ་ཡ་ཤི་བི་ནཱ་ར་ཛྙཱ་མ་ཏཱ་པཀྵི་ཎཿ། རཀྟོདྒཱ་ར་ཀ་ལཾ་ཀི་ཏཱ་ཏུ་ལ་ཏུ་ལཱ་མཱ་རོ་པི་ཏཱ་ཏེ་ཏ་ནུརྨཱ་ར་སྟེན་དུ་ཀཱུ་ལ་པཀྵྨ་ཏ་ར་ལཾ་ནཱི་ཏསྟུ་ལཱ་ལཱ་གྷ་བཾ། ལཀྵྨེ་ བརྩེ་མེད། བཀྲེས་པ་ཉེར་ཞི་རང་འདོད་རྣལ་འབྱོར་སྐྱེ་བ་སྲིད་པ་ལས་བྱུང་སྐོམ་པ་ཆད་ཁྲ་ཡིས་སྐྲག་སྐམས་ཤིང་མགུལ་མགྲིན་པ་འགགས། གང་ཞིག་ཆགས་མེད་དགའ་བ་ཞི་ཕྱིར་ཞི་ལྡན་རྒྱལ་པོས་འདབ་ཆགས་ཁྲག་སྲང་ལ་གཞལ་ཡང་ལུས་ནི་བདུད་ཀྱིས་དུ་ཀཱུ་ལ་ཡི་ཟེགས་མ་བཞིན་སྲང་ལ་ཤིན་ཏུ་ཡང་བར་བྱས་དཔལ་ མ་པྱ་བ་དྷཱུ་ཡ་བཱཉྩི་ཏ་ཕ་ལཱ་མཱ་ཁཎྜ་མཱགྷྱཾ་སི་ནཱི། ཡཏྟིཪྻགྣ་ཏཱི་སནྡྷི་བནྡྷ་མ་དྷ་མཾ་ཀྲྀ་ཏྭཱ་བྷ་བཱན་ཛཻནྨི་ནཱཾ། ཙཀྲེ་མརྨ་བྷི་དཱཾ་རུཛཱཾ་སྭ་པི་ཤི་ཏཻཿཔྲཱ་བནྡྷ་ཀཱི་ནཱཾ་ཤ་མཾ། ཏེ་ན་ཀླེ་ཤ་བི་ཥཙྪི་དཱཾ་ཏ་བ་དྷི་ཡཱ་མ་བྱཱ་ཧ་ཏཱཿཤཀྣ་ཡཿ། ཡཏྶནྡོ་ཧ་མི་བ་ཤྲི་ཡཱ་ཕ་ལ་མི་བ་པྲོཙྪྲ་ཡི་པུ་ཎྱཽ་ཛ་སཾ། དིགྦྷཾ་ནཀྟ་ཀཎཻཿསྥུ་རཏྐུ་བ་ལ་ཡཙྪཱ་ཡཱ་བྷི་ནཱི་ལཱ་ཡ་ཏཾ། མོས་ཡང་ནི་འདར་ནས་འདོད་པའི་འབྲས་བུ་དུམ་བུ་ཡང་བ། གང་དུད་འགྲོའི་མཚམས་སྦྱོར་འཆིང་བ་ཐ་མར་བྱས་ནས་ཁྱོད་ཀྱི་སྐྱེ་བའོ། །འཁོར་ལོའི་གནད་འབྱེད་ནད་ཀྱིས་རང་གི་ཤ་རྣམས་ཀྱིས་རབ་བཅིངས་ཞི་བ་དེ་ཡིས་ཉོན་མོངས་དུག་བཅད་ཁྱོད་ཀྱི་བློ་ཡིས་ཐོགས་མེད་ནུས། གང་ཐེ་ཚོམ་བཞིན་དུ་དཔལ་གྱི་འབྲས་བུ་བཞིན་བསོད་ནམས་མཚན་མོའི་ཟེགས་མ་འཕྲོད་དང་ཨུཏྤལ་ལྟར་མཛེས་མངོན་པར་ ཨུཏྤཱ་ཊྱཱཀྵ་ཎི་དྭ་ཎཾ་དྭ་ཡ་ས་དཱརྦི་པཱ་ཡ་ནི་ཤྩཀྵུ་ཥེ། ཏེ་ནནྡྷ་སྱ་ཏ་མ་སྭ་ཏོ་སྱ་ཛ་ག་ཏསྟུངྒཻ་ཀ་དཱི་པོ་བྷ་བཱན། ཨི་ཏྱཱཏྨཱརྠནི་བནྡྷི་ཀེ་ན་མྲྀ་ཥི་བཱཀྱ་ལཾ་དརྴི་ཏཾ། ལེ་ཤ་སྱཱ་པི་ན་ཀཱིརྟ་ནཉྫི་ན་ཀྲྀ་ཏཾ་ཏྭདྦརྞྞ་རཱ་ཤེརྨྨ་མཱ། ཏཱ་རབྡྷཱན་པ་ཏཱཉྫ་ལཾ་ཛ་ལ་པུ་རཱ་མཱ་ཀརྵ་ཏཱ་བཱ་རི་དྷེ། བེ་ལཱནྟེ་ཤྭི་བ་རོ་དྷ་སྭཱ་ཛ་ལ་ལ་བཙྪེ་དོ་ཧ་སཾ་ལཀྵྱ་ཏེ། ཏྭཙྩརྱཱ་ཏི་ཤ་ཡཱཾ་ཤ་ལེ་ཤ་ར་ཙ་ནཱ་དྱཿཤྲེ་ སྔོ་ཞིང་ཡངས་པ་ཡི། སྤྱན་གཉིས་རྨ་མེད་ཕྱུང་ནས་བྲམ་ཟེ་མིག་མེད་ལ། དེ་ཡིས་ལོང་བའི་མུན་རང་འགྲོ་བ་མཐོན་པོའི་སྒྲོན་མེ་གཅིག་པུ་ཁྱོད། །དེ་ལྟར་བདག་དོན་གྱིས་བཅིངས། དྲང་སྲོང་གསུང་གི་རྒྱན་བསྟན་པ། ཆ་ཤས་ཀྱིས་ཀྱང་གྲགས་རྒྱལ་བྱས་ཁྱོད་ལ་བསྔགས་པའི་ཕུང་པོ་བདག །དེ་ཐོབ་སར་པ་ཉིད་ཆུ་ཆུ་གྲོང་བཀུག་ཆུ་གཏེར་དུས་མཐའ་རྣམས་སུ་ཆུ་བཞིན་ཆད་པ་ཡང་དག་མཚོན། ཁྱོད་ཀྱི་སྤྱོད་པ་ཕུལ་ ཡ་སཱ་མུདྦྷ་བ། སཾབྷཱ་རོ་བི་བུ་ལ་པྲ་སཱ་ད་བི་ཀ་སདྦྷ་ཀྟྱ་ཙི་ཏཱཾ་ཤ་སྱ་མེ། ཏེ་ནཱ་ཏྱནྟ་པ་རོ་པ་ཀཱ་ར་ནིར་ཏཿསྭཱརྠེ་བི་མནྡཱ་ད་རོ། བྷཱུ་ཡཏྶརྦ་བི་དཱཾ་པ་རཱརྠ་བི་དུ་ཥཱཾ་ཡཱ་ནཻ་ཀ་ཏཱ་ནོ་ཛ་ནཿ། ཛཱ་ཏ་ཀསྟ་བ་ཨཱ་ཙཱརྱཱ་ཛྙཱ་ན་ཡ་ཤ་སཿ།། །།འདི་ནི་རྒྱ་དཔེ་ལས་བོད་ཀྱི་སྐད་དུ། ཞྭ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བའོ།། །། བྱུང་ཆ་ཤས་བག་ཙམ་བཀོད་པ་དང་། ལེགས་པ་ལས་བྱུང་། ཚོགས་ཡངས་པ་རབ་དང་རྒྱས་པ་གུས་པ་སྟུག་པོའི་ཆ་ཡིས་བདག །དེ་ཡིས་ཤིན་ཏུ་གཞན་ཕན་ངེས་དགའ་རང་གི་དོན་ལ་གུས་པ་ཞེན། །ཐམས་ཅད་མཁྱེན་པ་གཞན་དོན་ལ་མཁས་ཐེག་པ་གཅིག་པར་སྐྱེ་བོ་རྣམས་གྱུར་ཅིག །སྐྱེས་རབས་ཀྱི་བསྟོད་པ་སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའོ།། །། ༄༅༅། །བླ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བཟང་པོའི་ཆོས་ཀྱི་ལེགས་པར་གྲགས་པའི་གསུང་། །རྫོགས་སངས་རྒྱས་ཀྱི་སྲས་པོ་བདེ་བར་གཤེགས་པའི་སྐུ། །འཇིག་རྟེན་གསུམ་སྤྱན་སྲིད་གསུམ་སྒྲོན་མེ་གཅིག་པུ་པ། །ཡེ་ཤེས་རབ་ཏུ་གྲུབ་ལ་བརྩོན་པས་ཕྱག་བགྱིའོ། །ཐུགས་རྗེའི་ འབྱུང་གནས་དེ་བཞིན་གཤེགས་པའི་མཛད་པ་ཅན། །རྣམ་པར་འདྲེན་པ་དྲན་མཁྱེན་བདེ་བའི་གོ་འཕང་གནས། །སྲིད་པར་གཅིག་ཏུ་གཞན་གྱི་དོན་ལ་ངེས་པར་འབྱུང་། །སྒྲོལ་དཀའ་སྒྲོལ་བ་དེ་ཉིད་ཁོ་ནར་ཕྱག་བགྱིའོ། །སྔོན་གྱི་ཚེ་རབས་རྗེས་སུ་རིག་ཅིང་རབ་མཆོག་ཡོན་ཏན་ཚོགས་ཀྱིས་བརྒྱན་པས་སྐུ་ནི་ རབ་ཏུ་མཛེས། །ཡེ་ཤེས་རྒྱན་དང་ལྷབ་ལྷུབ་དང་ལྡན་རྒྱ་ཆེན་བརྩེ་ལྡན་མ་འོངས་རྗེས་སུ་རིགས་དང་བཅས། །སེམས་ཅན་དོན་དང་ཐེག་གསུམ་གཅིག་པའི་ཡེ་ཤེས་ཆུ་ཡིས་སྐྱེ་བོ་མཐའ་དག་ལྗོན་ཤིང་དབང་བསྐུར་བ། །ཤཱཀྱའི་སྲས་པོ་བདེ་གཤེགས་སྐུ་ཡི་ཡོན་ཏན་མངའ་བ་ཡེ་ཤེས་ཕུང་ པོ་དེ་ལ་ཕྱག་བགྱིའོ། །ས་དང་ཕ་རོལ་ཕྱིན་དང་དགེ་བ་རབ་མཆོག་བཅུ་པོ་ཐམས་ཅད་ཀྱིས། །གང་ཞིག་ཉེ་བར་རྒྱས་བྱས་བསོད་ནམས་ཚོགས་ཀྱི་ཕ་རོལ་སོན། །སྟོབས་བཅུའི་ཡོན་ཏན་བརྙེས་པས་ཚོགས་ཀྱི་མཐར་སོན་པ། །སྲིད་དང་སྲིད་བྲལ་རྒྱ་མཚོ་སྒྲོལ་མཛད་དེ་ལ་ཕྱག་བགྱིའོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དང་བསོད་ནམས་ཀྱི་ཚོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པས་གང་བ་བླ་མ་དམ་པ་མཆོག་གི་མན་ངག་གི་དམ་པའི་ཆོས་ཀྱི་རྔ་བོ་ཆེ་རིགས་པ་དང་རྣམ་པར་བཀྲ་བའི་ཚིག་གིས་བརྒྱན་པ་སངས་རྒྱས་ཀྱི་མྱུ་གུ་བྱང་ཆུབ་སེམས་དཔའི་མཚན་ཅན་གྲགས་པ་བཟང་པོ་དང་ ཐུགས་རྗེ་དང་ཡེ་ཤེས་ཀྱི་བདུད་རྩི་བསིལ་བ་ཅན་ཚོགས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་ལ་བསྟོད་པ། ལྷའི་ཡུལ་མཐར་གནས་པའི་ཤཱཀྱའི་དགེ་སློང་དགེ་ལེགས་དཔལ་མགོན་གྱིས་གསོལ་བ་བཏབ་སྟེ་ཧ་རི་པུཉྫའི་ཡུལ་གྱི་ཤཱཀྱའི་དགེ་སློང་ཆོས་ཀྱི་ཉི་མ་ཞེས་བྱ་བས་རྣམ་པར་བཀྲ་བར་བཀོད་ པ་མགོ་བོ་ལ་ཐོབ་པོ་ཞེས། བདག་དང་འགྲོ་བ་རྣམས་ལ་དགེ་བར་གྱུར་ཅིག །བདག་གི་བསོད་ནམས་ལས་འདི་ཡིས། །མ་འོངས་སངས་རྒྱས་ཉིད་གྱུར་ཏེ། །འཁོར་བར་སྡུག་བསྔལ་སེམས་ཅན་རྣམས། །མྱ་ངན་འདས་ལ་རབ་འགོད་ཤོག། །།