Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 023_འབུམ།_ཐ

Văn bản gốc(Tây Tạng)

Trang 15 / 22 (50.000 ký tự/trang)
་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྐྱེ་བ་ཡང་མ་ལགས། མྱི་སྐྱེ་བ་
ཡང་མ་ལགས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་
གལ་ཏེ་སྐྱེ་བ་ཡང་མ་ལགས། མི་སྐྱེ་བ་ཡང་མ་ལགས་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་བསྟན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་ལྟ་
བུ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་ནི་བདག་གིས་ཡང་དག་པར་
རྗེས་སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཆོས་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་དེ་ལྟ་བུའི་ཆོས་ཀྱང་བདག་གིས་ཡང་དག་པར་རྗེས་
སུ་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་མྱི་དམྱིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་ནི་མངོན་པར་རྫོགས་པར་འཚང་རྒྱའོ། །

འདིས་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །འདི་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་བྱ་བར་མྱི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་རྟོག་པ་དེ་ཐམས་ཅད་མྱེད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མྱི་རྟོག་པའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་ལྔའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཟབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་བལྟ་དཀའ་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་རྟོགས་པར་དཀའ་བའོ། །
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་བརྟག་ཏུ་མ་མཆིས་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་བརྟག་པའི་སྤྱོད་ཡུལ་མ་ལགས་པའོ། །བཅོམ་ལྡན་འདས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཞི་བ་ཕྲ་བ་ཞིབ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་མཁས་ཤིང་རིག་པས་རྟོགས་པར་བགྱི་བའོ། །བཅོམ་ལྡན་འདས་སེམས་ཅན་གང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བགྱིད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་

པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་
ཏེ། སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་། འཛིན་པ་དང་། འཆང་ཞིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་སངས་རྒྱས་ཀྱི་བར་དུ། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མྱི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་
ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར། བསམ་གཏན་བཞི་དང་ལྡན་པར་གྱུར། ཚད་མེད་པ་བཞི་དང་ལྡན་པར་གྱུར། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པར་གྱུར། མངོན་པར་ཤེས་པ་ལྔ་དང་ལྡན་པར་
གྱུར་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་ལ། གློག་ཅིང་ཀུན་ཆུབ་པར་བྱེད་པར་གྱུར་ཏེ། བཟུང་ཞིང་བཅངས། བླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་། དེ་བཞིན་ཉིད་དུ་
ནན་ཏན་བྱེད་ན། ཀཽ་ཤི་ཀ་དགེ་བའི་རྩ་བ་འདི་ལ་སྔ་མའི་དགེ་བའི་རྩ་བ་དེས་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མྱི་འགྲོའོ། །
བྱེ་བའི་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་

རྒྱུར་ཡང་མྱི་བཟོད་དོ། །དེ་ནས་དགེ་སློང་གཅིག་ཅིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ།
ཚད་མྱེད་པ་བཞི་དང་ལྡན་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཐམས་ཅད་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་གཡེང་བའི་
སེམས་ཀྱིས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མྱི་འབྱེད་པ་དེ་དག་གིས་ཟིལ་གྱིས་ནོན་ཏོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་འཛམ་བུའི་གླིང་
གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མེད་པ་བཞི་དང་ལྡན་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། དེ་དག་ཐམས་ཅད་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་དང་པོ་བསྐྱེད་པས་ཀྱང་ཟིལ་གྱིས་ནོན་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་
བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བཟུང་ཞིང་བཅངས་ཏེ། བླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་པར་

འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་
འཇིག་རྟེན་ཟིལ་གྱིས་མནན་ཅིང་འགྲོ་བར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་གང་ཇི་སྙེད་པ་དེ་དག་
ཐམས་ཅད་ཀྱང་ཟིལ་གྱིས་མནན་ཅིང་འགྲོ་བར་འགྱུར་རོ། །རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་སུ་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་དག་
ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་
བར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་
མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པ་བཞིན་དུ་སྤྱོད་པ་དེ་དག་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་པར་མྱི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པ་དང་མཐུན་པར་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་རྒྱུན་མྱི་གཅད་པའི་དོན་དུ་གནས་པའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པ་རིང་དུ་མི་བྱེད་པའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྙིང་པོ་བྱང་ཆུབ་དང་ཕང་བར་མྱི་འགྱུར་རོ། །བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི། སེམས་ཅན་བྱིང་བ་རྣམས་གདོན་པར་འདོད་པའོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་སྟེ། ཉན་ཐོས་ཀྱི་བསླབ་པ་ལ་

སློབ་པ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འགྲོ་བར་བྱ་བར་སེམས་ཏེ་ཉེ་བར་དོང་ཞིང་འདི་སྐད་ཅེས་སྨྲའོ། །
ཀྱེ་སྐྱེས་བུ་ཆེན་པོ་མྱུར་དུ་སློབས་ཤིག །སྐྱེས་བུ་ཆེན་པོ་སྐྱེན་པར་སློབས་ཤིག །ལྷུང་བཟེད་བཞི་པོ་འདི་དག་ནི་ཁྱོད་ཀྱིས་སྙིང་པོ་བྱང་ཆུབ་ཏུ་འདུག་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་
བླང་བར་བྱ་བ་སྟེ། འདི་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཞེས་པའོ་ཞེས་ཟེར་ཞིང་སྟོན་ཏོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འདོད་པར་སེམས་སོ། །དེའི་དྲུང་དུ་བདག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་
རབ་མཚེ་མ་ཡང་། མཚེ་མའི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་རབ་དགའ་ལྡན་ཡང་དགའ་ལྡན་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ཡང་། འཕྲུལ་དགའི་ལྷའི་བུ་
རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་དབང་སྒྱུར་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ཚངས་པ་མྱི་མཇེད་ཀྱི་བདག་པོ་ཡང་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་
སོ། །ཀུན་སྣང་དང་བའི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་སེམས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་སེམས་སོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་སེམས་སོ། །མྱི་ཆེ་བའི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་

སེམས་སོ། །མྱི་གདུང་བའི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་སེམས་སོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་སེམས་སོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་སེམས་སོ། །གནས་
གཙང་མའི་རིས་ཀྱི་ལྷ་རྣམས་ཀྱང་ཉེ་བར་འདོད་པར་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྟག་ཏུ་དགོངས་པ་ཡིན་ཏེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་ལྟར་སྤྱོད་པ་དེའི་ལུས་ལ་ནི་འཇིག་རྟེན་པའི་སྡུག་བསྔལ་གཞན་གྱིས་གནོད་པར་བྱས་པ་གང་ཇི་སྙེད་ཅིག་ལུས་ལ་འབྱུང་བ་དེ་དག་ཀྱང་ཐམས་ཅད་དུ་ཐམས་ཅད་ལུས་
ལ་མྱི་འབྱུང་མྱི་འབབ་སྟེ། དགེ་སློང་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདིའི་ཡོན་ཏན་དུ་འགྱུར་བ་སྟེ། འདུས་པའི་ནད་རྣམས་གང་ཇི་སྙེད་པ་འདི་ལྟ་སྟེ། མྱིག་གི་ནད་དམ།
རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། ལུས་ཀྱི་ནད་དམ། སྙིང་གི་ནད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ལུས་ལ་མྱི་འབྱུང་མྱི་འབབ་སྟེ། འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་
མོ་འདི་ལ་སྤྱོད་པའི་ཚེ། འདིའི་ཡོན་ཏན་དུ་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་གྱུར་ཏེ། ལྷའི་དབང་པོ་བརྒྱ་བྱིན་འདི་རང་གི་སྤོབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
ཡོན་ཏན་དང་ལེགས་པ་རྗོད་དམ། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་སྙམ་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ཚེ་དང་ལྡན་པ་ཀུན་དགའ་

བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་བདག་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལེགས་པ་རྗོད་པ་ནི་སངས་རྒྱས་ཀྱི་མཐུར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་དབང་པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་དང་།
ལེགས་པ་རྗོད་པ་དེ་ནི་དེ་བཞིན་གཤེགས་པའི་མཐུའོ། །དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་སོ། །ཀུན་དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བརྩོན་པར་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དེའི་ཚེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཡང་དག་པའི་མཐའ་
མངོན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཐོབ་པར་འགྱུར་རམ། འོན་ཏེ་མ་ཡིན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་སྟེ། དོགས་པ་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་གྱུར་པ་དེའི་ཚེ། བདུད་སྡིག་ཏོ་ཅན་
མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་སེམས་གཅིག་ཙམ་འཁྲུག་པར་འགྱུར་བ་དང་། ཞུམ་པར་འགྱུར་བ་དང་། སྤུ་གཡོ་བར་འགྱུར་བར་སྐར་མ་ལྟུང་བར་གཏོང་ཞིང་འཇིགས་པ་སྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་མཆི་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་
དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་འོང་བ་མ་ཡིན་ནོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟ་བུའི་དྲུང་དུ་མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་གང་གིས་སྟོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། སེམས་མོས་པར་མ་བྱས་པ་དེའི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་ཉེ་བར་འོང་ངོ་། །ཀུན་དགའ་
བོ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། འོན་ཏམ་མ་ཡིན་ཞེས་ཐེ་ཙོམ་དུ་གྱུར་པ་དེ་དག་གི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་ཉེ་བར་
འོང་ངོ་། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་བྲལ་ན། དེས་དགེ་བའི་བཤེས་གཉེན་མྱི་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མྱི་ཐོས་སོ། །མ་ཐོས་པས་མྱི་ཤེས་སོ། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བསྒོམ་པ་མ་ཤེས་པས་དེ་བཞིན་ཉིད་དུ་ནན་ཏན་མྱི་བྱེད་དེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་དང་བྲལ་ལ། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་
བྱང་ཆུབ་སེམས་དཔའ་དམ་པའི་ཆོས་མ་ཡིན་པ་ལ་བསྔགས་པ་རྗོད་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། གང་དམ་པའི་ཆོས་མ་ཡིན་པའི་བསྔགས་པ་སྨྲ་བ་ནི་བདག་གི་གྲོགས་ཡིན་ཏེ། གང་དམ་པའི་ཆོས་མ་ཡིན་པའི་བསྔགས་པ་
སྨྲ་བ་འདི་ནི། བྱང་ཆུབ་སེམས་དཔའི་ཐེག་པ་པ་མང་པོའི་ནང་ནས། བདག་གིས་གྲོགས་སུ་རྙེད་པ་སྟེ། དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་གཉིས་ལས་གཅིག་ཏུ་གནས་པར་
འགྱུར་བ་ནི། དེ་བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ་སྙམ་སྟེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་
ཇི་ལྟ་བུ་ལ་བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་སྟེ། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པས་ཅི་ཞིག་བྱ། བསྒོམས་པ་དང་། བཟུང་བ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པས་ཀྱང་ཅི་ཞིག་བྱ། ངས་ཀྱང་དེའི་གཏིང་མ་རྙེད་ན། ཁྱོད་ཀྱིས་ལྟ་རྙེད་རེ་སྐན་ཞེས་ཟེར་ན། ཀུན་དགའ་བོ་བྱང་
ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བྱང་ཆུབ་སེམས་དཔའ་བརྙས་པ་སྐྱེད་ཅིང་། ང་ནི་སྦྱིན་པའི་ཕ་རོལ་ཏུ་

ཕྱིན་པ་ལ་སྤྱད་པའོ། །ང་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ང་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ང་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ང་ནི་བསམ་གཏན་གྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱད་པའོ། །ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པའོ། །ཁྱོད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པ་མ་ཡིན་ནོ། །ཁྱོད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་རློམ་སེམས་སུ་བྱེད་ན། ཀུན་
དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་བདག་ཉིད་མཆོག་ཏུ་རློམ་སེམས་སྐྱེད་ན། ཀུན་དགའ་བོ་དེའི་ཚེ་བདུད་སྡིག་ཏོ་ཅན་དགའ་བ་དང་།
སྤྲོ་བ་དང་ཉམས་བདེ་བ་དང་། རབ་ཏུ་དགའ་བ་དང་། ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལ་ཡང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་
དཔའི་མྱིང་བརྗོད་པའམ། རུས་བརྗོད་པ་ཀུན་ཏུ་གྲགས་པར་གྱུར་ན། དེ་མྱིང་བརྗོད་པའམ། རུས་བརྗོད་པ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དགེ་བའི་ཆོས་ཅན་དག་ཁྱད་དུ་གསོད་ཅིང་བདག་སྟོད་གཞན་སྨོད་ལ། ཕྱིར་མྱི་
ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང་ཚུལ་དང་། མཚན་མར་བྱ་བའི་ཡོན་ཏན་དེ་དག་ཀྱང་དེ་ལ་མྱེད་པར་རྣམ་པ་དང་ཚུལ་དང་། མཚན་མ་མྱེད་པ་དེ་དག་གིས་ཉོན་མོངས་པ་སྐྱེད་ཅིང་བདག་སྟོད་གཞན་སྨོད་དེ། འདི་སྐད་དུ་ཇི་

ལྟར་ང་བྱང་ཆུབ་སེམས་དཔའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པར་སྣང་བ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པར་མི་སྣང་ངོ་། །བྱང་ཆུབ་སེམས་དཔའི་རིགས་ལ་གནས་པར་མྱི་སྣང་ངོ་ཞེས་དེ་དེ་ལྟར་གང་ཟག་བྱང་
ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ལ་མི་སྙན་པར་རྗོད་ཅིང་སྨོད་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་གནས་ནི་སྟོངས་པར་མྱི་འགྱུར་རོ། །སེམས་ཅན་དམྱལ་བ་ཆེན་པོ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་
རྗེའི་འཇིག་རྟེན་པ་དང་། ཡི་དགས་ཀྱི་ཡུལ་ཡང་ཤིན་ཏུ་འཕེལ་བར་འགྱུར་རོ། །ཞེས་ཅི་ནས་ཀྱང་དེའི་ཚིག་གཟུང་དུ་རུང་བར་འགྱུར་བ་དེ་ལྟ་དེ་ལྟར་བདུད་སྡིག་ཏོ་ཅན་བྱང་ཆུབ་སེམས་དཔའ་དེ་བྱིན་གྱིས་རློབ་སྟེ། དེའི་ཚིག་གཟུང་དུ་རུང་བས་སྐྱེ་བོ་
མང་པོ་དག་ཀྱང་མཉན་པ་དང་། ཡིད་ཆེས་པར་བྱ་བར་སེམས་ཏེ། དེ་ལ་དེ་དག་གིས་ཐོས་སམ་མཐོང་ན། མཐུན་པར་སྤྱོད་པར་འགྱུར་ཏེ། དེ་དག་གིས་ཐོས་སམ་མཐོང་ནས་མཐུན་པར་སྤྱོད་ཅིང་དེ་བཞིན་དུ་སློབ་སྟེ། དེ་དག་དེ་བཞིན་དུ་སློབ་
པའི་ཚེ་དེ་བཞིན་ཉིད་དུ་སློབ་ཅིང་། དེ་བཞིན་ཉིད་དུ་ནན་ཏན་བྱེད་པའི་ཚེ། ཉོན་མོངས་པ་ཤིན་ཏུ་འཕེལ་བར་འགྱུར་ཏེ། དེ་ལྟར་དེ་དག་བསམ་པ་ཕྱིན་ཅི་ལོག་ཏུ་གྱུར་པས། ལུས་དང་ངག་དང་ཡིད་ཀྱིས་ལས་གང་དང་གང་བརྩམས་པ་དེ་ཐམས་ཅད་མི་
འདོད་པ་དང་། མྱི་སྡུག་པ་དང་ཡིད་དུ་མི་འོང་བར་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཀྱང་རབ་ཏུ་འཕེལ་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཡང་རབ་ཏུ་
འཕེལ་བར་འགྱུར་ཏེ། བདུད་ཀྱི་གནས་ཀྱང་ཤིན་ཏུ་འཕེལ་བར་འགྱུར་བས། ཀུན་དགའ་བོ་དོན་གྱི་དབང་དེ་མཐོང་ནས། བདུད་སྡིག་ཏོ་ཅན་དགའ་བ་དང་། སྤྲོ་བ་དང་ཚིམ་པ་དང་། ཡིད་བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གལ་

ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང་རྩོད་ཅིང་ང་ནི་མཆོག་ཏུ་གྱུར་པ་ཡིན་གྱི། ཁྱོད་ནི་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། ཀྱེ་རིགས་ཀྱི་བུ་འདི་
ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རིང་དུ་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཐབ་མོ་དང་འཁྲུག་པ་དང་རྩོད་པ་དང་མཚང་འདྲུ་བ་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་ལམ་མ་ཡིན་ཏེ། དེ་ནི་སེམས་ཅན་དམྱལ་བའི་ལམ་མོ། །དེ་ནི་བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་མོ། །དེ་ནི་གཤིན་རྗེའི་འཇིག་རྟེན་གྱི་ལམ་མོ། །དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །
ཀུན་དགའ་བོ་གཞན་ཡང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དུ་འཐབ་ཅིང་རྩོད་ལ། འཁྲུག་ཅིང་མཚང་འདྲུ་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། འདི་གཉིས་
ཀ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པའོ། །འདི་གཉིས་ཀ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས་
པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན། རིགས་ཀྱི་བུ་འདི་གཉིས་ཀྱིས་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་བརྩམས་སོ་ཞེས་ནས་དགའ་ཞིང་སྤྲོ་བ་དང་། ཚིམ་ཞིང་ཡིད་
བདེ་བ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ་གནོད་པར་སེམས་ཤིང་། འཐབ་ཅིང་རྩོད་ལ་འཁྲུག་ཅིང་མཚང་འདྲུ་ན། གལ་ཏེ་དེས་རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་གཏང་ཞེ་ན། ཅི་ཙམ་དུ་སྡིག་པའི་སེམས་བསྐྱེད་པ་སྐྱེས་པ་དང་། འཐབ་ཅིང་རྩོད་པ་དང་། འཁྲུག་ཅིང་མཚང་འདྲུ་བར་གྱུར་པ་དེ་སྲིད་ཀྱི་བསྐལ་བར་གོ་ཅ་བགོ་བར་བྱའོ། །ཀུན་དགའ་བོས་གསོལ་པ། བཅོམ་
ལྡན་འདས་དེ་དག་གི་སེམས་བསྐྱེད་པ་དེ་དག་ལ་འབྱུང་བ་གཞན་མ་མཆིས་སམ་འོན་ཏེ་མ་ལགས་ཀྱིས་བསྐལ་པ་དེ་སྙེད་ཁོ་ནར་གོ་ཅ་བགོ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་།
རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ངས་འབྱུང་བ་དང་བཅས་པའི་ཆོས་བསྟན་ཏེ། ཀུན་དགའ་བོ་དེ་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང་།
འཐབ་ཅིང་རྩོད་ལ་གཤེ་ཞིང་མྱི་སྙན་དུ་བརྗོད་པ་དང་། འཐབས་རྩོད་དེ་གཤེ་བ་དང་། མྱི་སྙན་པར་བརྗོད་པ་བྱས་ནས། ཕྱིར་མྱི་འཆགས་པར་མདུད་པར་འཛིན་ཅིང་ཁོན་ཏུ་བཟུང་སྟེ་གནས་ན། ཀུན་དགའ་བོ་གང་ཟག་དེ་ནི་འབྱུང་བར་ང་མི་སྨྲ་སྟེ།
གང་ཟག་དེས་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མྱི་བཏང་ཞེ་ན། གདོན་མི་ཟ་བར་བསྐལ་པ་དེ་སྙེད་དུ་གོ་ཅ་བགོ་བར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཐབས་ཤིང་རྩོད་དེ་གཤེ་བ་དང་མི་སྙན་
པར་བརྗོད་པར་གྱུར་ན་ཡང་། མདུད་པར་མི་འཛིན་ལ་ཕྱིན་ཆད་སྡོམ་པ་འཛིན་ཅིང་། བདག་གིས་ནི་ཐོབ་པར་བྱ་བ་ཉེས་པར་ཐོབ་སྟེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསྩལ་དགོས་ན། དེ་ལྟར་བདག་སྨྲས་པ་ལ་ཕྱིར་སྨྲ་བ་
དང་། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཟམ་པར་གྱུར་པར་བྱ་དགོས་ན། དེ་ལྟར་བདག་གཞན་ལ་མྱི་སྙན་པར་སྨྲ་ཞིང་། ཕྱིར་ཟློགས་པ་ནི་མྱི་ཚུལ་གྱིས། བདག་གིས་དེ་ལྟར་མྱི་བྱའི་བདག་གིས་གླེན་པ་དང་། ལྐུག་པ་བཞིན་དུ་བྱའོ། །

བདག་གི་བསམ་པ་ལ་འཁྲུག་པ་མེད་པར་བྱའོ། །སེམས་ཅན་འདི་དག་ནི་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཡོངས་སུ་མྱ་ངན་ལས་བཟླ་བར་བྱ་དགོས་
ན། དེ་དག་ཉིད་ལ་བདག་ངན་སེམས་སུ་བྱེད་པ་དང་། དེ་དག་ཉིད་ལ་བདག་འཁྲུག་པ་ནི་ཚུལ་མ་ཡིན་གྱིས། བདག་གིས་དེ་དག་ལ་གནོད་སེམས་སུ་མི་བྱའོ། །བདག་གིས་དེ་དག་ལ་འཁྲུག་པར་མི་བྱའོ་སྙམ་ན། ཀུན་དགའ་བོ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འབྱུང་བ་ཡོད་པར་ངས་བཤད་དེ། དེ་ལ་ནི་བདུད་སྡིག་ཏོ་ཅན་གླགས་ལྟ་ཞིང་གླགས་ཚོལ་བས་ཀྱང་གླགས་མི་རྙེད་དོ། །ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་
ཐོས་ཀྱི་ཐེག་པ་པ་དག་དང་འགྲོགས་པར་མྱི་བྱའོ། །དེ་དག་དང་ལྷན་ཅིག་ཏུ་གནས་པར་མྱི་བྱའོ། །འདུག་པར་མི་བྱའོ། །གལ་ཏེ་འདུག་ན་ཡང་དེས་སུ་ལ་ཡང་གནོད་སེམས་སུ་མི་བྱ་འཁྲུག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་བདག་གིས་
འདི་དག་ལ་གནོད་སེམས་སུ་བྱ་བ་དང་། འཁྲུག་པར་བྱ་བ་དེ་ནི་བདག་ལ་མྱི་ཚུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྡུག་བསྔལ་ཐམས་
ཅད་ལས་ཡོངས་སུ་དགྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་དང་གནས་པར་བགྱི།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། སྟོན་པ་དང་ཇི་ལྟར་གནས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་གནས་པར་བྱ་སྟེ། དེ་ཅིའི་

ཕྱིར་ཞེ་ན། འདི་ནི་བདག་གི་གྲོགས་ཏེ་གྲུ་གཅིག་ཏུ་ཞུགས་པའོ། །འདིས་ཇི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་བསླབ་པར་བྱའོ། །འདིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་
རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་
ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་
པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་
སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་
དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་
པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་

བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ལ་བསླབ་པར་བྱ་བ་དེ་ཉིད་ལ་བདག་གིས་ཀྱང་བསླབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དོ། །དེས་གཞན་ཡང་སེམས་འདི་ལྟར་བསྐྱེད་པར་བྱས་ཏེ། འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟོན་པ་
སྟེ། གལ་ཏེ་དེ་འདྲེས་པར་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་བྲལ་བར་གྱུར་ན། དེ་ལ་བདག་གིས་བསླབ་པར་མི་བྱའི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་། མ་བྲལ་བར་གནས་ན། བདག་གིས་ཀྱང་དེ་ལྟར་བསླབ་པར་བྱའོ། །སྙམ་དུ་སེམས་བསྐྱེད་དེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་མཉམ་པ་ཡིན་ནོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་དྲུག་གོ། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལད་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་གང་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལད་པ། རབ་འབྱོརད་ནང་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོརད་ཕྱི་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །

རབ་འབྱོརད་ཕྱི་ནང་སྟོང་པ་ཉིད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོརད་ཆེན་
པོ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོརད་འདུས་བྱས་སྟོང་པ་ཉིད་ནི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོརད་རང་བཞིན་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་ནི་ཚོར་བས་སྟོང་།
འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། མྱིག་ནི་མྱིག་གིས་སྟོང་། རྣ་བ་ནི་རྣ་བས་སྟོང་། སྣ་ནི་སྣས་སྟོང་། ལྕེ་ནི་ལྕེས་སྟོང་། ལུས་ནི་ལུས་ཀྱིས་སྟོང་། ཡིད་ནི་ཡིད་ཀྱིས་སྟོང་། གཟུགས་ནི་
གཟུགས་ཀྱིས་སྟོང་། སྒྲ་ནི་སྒྲས་སྟོང་། དྲི་ནི་དྲིས་སྟོང་། རོ་ནི་རོས་སྟོང་། རེག་ནི་རེག་གིས་སྟོང་། ཆོས་ནི་ཆོས་ཀྱིས་སྟོང་། མྱིག་གི་རྣམ་པར་ཤེས་པ་ནི་མྱིག་གི་རྣམ་པར་ཤེས་པས་སྟོང་། རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པས་སྟོང་། སྣའི་རྣམ་པར་
ཤེས་པ་ནི་སྣའི་རྣམ་པར་ཤེས་པས་སྟོང་། ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པས་སྟོང་། ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པས་སྟོང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་། མྱིག་གི་འདུས་ཏེ་རེག་པ་ནི་མྱིག་གི་
འདུས་ཏེ་རེག་པས་སྟོང་། རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པས་སྟོང་། སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པས་སྟོང་། ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པས་སྟོང་། ལུས་ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པས་སྟོང་།
ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། སྣའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བས་སྟོང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་། སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་། ཆུའི་ཁམས་ནི་ཆུའི་ཁམས་ཀྱིས་སྟོང་། མྱེའི་ཁམས་ནི་མྱེའི་ཁམས་ཀྱིས་
སྟོང་། རླུང་གི་ཁམས་ནི་རླུང་གི་ཁམས་ཀྱིས་སྟོང་། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་། མ་རིག་པ་ནི་མ་རིག་པས་སྟོང་། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་།
རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱིས་སྟོང་། སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་སྟོང་། རེག་པ་ནི་རེག་པས་སྟོང་། ཚོར་བ་ནི་ཚོར་བས་སྟོང་། སྲེད་པ་ནི་སྲེད་པས་སྟོང་། ལེན་པ་ནི་ལེན་པས་སྟོང་།
སྲིད་པ་ནི་སྲིད་པས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་། རྒ་ཤི་ནི་རྒ་ཤིས་སྟོང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པས་སྟོང་། ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་། ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱིས་སྟོང་། ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་། སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་། ཆེན་པོ་སྟོང་པ་ཉིད་ནི་
ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་། དོན་དམ་པ་སྟོང་པོ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་། འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་། འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་། མཐའ་ལས་འདས་པ་

སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་། དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་། རང་བཞིན་སྟོང་པ་ཉིད་
ནི་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་། རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་། མི་དམིགས་པ་སྟོང་པ་ཉིད་ནི་མི་དམིགས་པ་སྟོང་པ་ཉིད་ཀྱིས་སྟོང་།
དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་། ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་། དྲན་པ་ཉེ་བར་གཞག་པ་
རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་། ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་། དབང་པོ་རྣམས་ནི་དབང་པོ་རྣམས་ཀྱིས་སྟོང་།
སྟོབས་རྣམས་ནི་སྟོབས་རྣམས་ཀྱིས་སྟོང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་། འཕགས་པའི་བདེན་པ་རྣམས་
ནི་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་། བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང་། ཚད་མྱེད་པ་རྣམས་ནི་ཚད་མྱེད་པ་རྣམས་ཀྱིས་སྟོང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མྱེད་པའི་སྙོམས་པར་
འཇུག་པ་རྣམས་ཀྱིས་སྟོང་། རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་། རྣམ་པར་ཐར་

པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པས་སྟོང་། མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་། ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་
འཛིན་རྣམས་ཀྱིས་སྟོང་། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་། མི་འཇིགས་པ་རྣམས་ནི་མི་འཇིགས་པ་རྣམས་ཀྱིས་སྟོང་། སོ་སོ་
ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་། སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་སྟོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་། རྒྱུན་ཏུ་ཞུགས་པའི་འབྲས་
བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་། ཕྱིར་མྱི་འོང་བའི་འབྲས་བུ་ནི་ཕྱིར་མྱི་འོང་བའི་འབྲས་བུས་སྟོང་། དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱིས་སྟོང་།
རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱིས་སྟོང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་

སློབ་པ་ལགས་སམ། གཟུགས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་
པ་ལགས་སམ། ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་ཤེས་བས་པར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་ཤེས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་ཤེས་འགག་པར་བགྱི་བའི་སླད་དུ་སློབ་ན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་ཤེས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་པས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
སློབ་པ་ལགས་སམ། འདུ་བྱེད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་
ལགས་སམ། འདུ་བྱེད་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་

ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་
ཤེས་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་
ལགས་སམ། རྣ་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བ་འགག་པར་བགྱི་
བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
སློབ་པ་ལགས་སམ། སྣ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
སློབ་པ་ལགས་སམ། སྣ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་
སམ། ལུས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་བས་པར་བགྱི་བའི་སླད་དུ་སློབ་
ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
གཟུགས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་མྱི་སྐྱེ་བར་
བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྒྲ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྒྲ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྒྲ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྒྲ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་
སམ། དྲི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲི་འགག་པར་བགྱི་
བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རོ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་
པ་ལགས་སམ། རོ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རོ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རོ་མི་སྐྱེ་བར་བགྱི་བའི་
སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
ཆོས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་འགག་པར་བགྱི་བའི་སླད་དུ་

སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་
ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་རྣམ་པར་ཤེས་པ་འགག་པར་བགྱི་བའི་
སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་
སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་འགག་པར་བགྱི་
བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་བས་པར་བགྱི་
བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་འགག་
པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་

དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་བས་བར་བགྱི་བའི་སླད་དུ་སློབ་ན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་
ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པ་བས་པར་བགྱི་བའི་སླད་དུ་སློབ་ན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་

དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པ་བས་པར་
བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པ་འགག་
པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པ་པས་པར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པ་འགག་པར་བགྱི་བའི་
སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པ་པས་པར་བགྱི་བའི་སླད་དུ་སློབ་ན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་པས་པར་བགྱི་བའི་སླད་དུ་

སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་བས་པར་བགྱི་བའི་སླད་དུ་སློབ་ན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་དུ་
སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་
སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་

དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་
པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་
ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་
བ་པས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་

དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སའི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སའི་ཁམས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆུའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆུའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆུའི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆུའི་ཁམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱེའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱེའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱེའི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དུ་སློབ་པ་ལགས་སམ། མྱེའི་ཁམས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རླུང་གི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་
སམ། རླུང་གི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རླུང་གི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་
སམ། རླུང་གི་ཁམས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནམ་མཁའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནམ་
མཁའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནམ་མཁའི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
ནམ་མཁའི་ཁམས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་

ཤེས་པའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པའི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
རྣམ་པར་ཤེས་པའི་ཁམས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མ་རིག་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མ་རིག་པ་འདོད་ཆགས་
དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མ་རིག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མ་རིག་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་
པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིང་དང་གཟུགས་བས་

པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིང་དང་གཟུགས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
མྱིང་དང་གཟུགས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མྱིང་དང་གཟུགས་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་
བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་
འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པ་བས་པར་བགྱི་བའི་སླད་
དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།
ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་མྱི་སྐྱེ་བར་བགྱི་བའི་

སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲེད་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲེད་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲེད་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲེད་པ་མྱི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་
སམ། ལེན་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལེན་