Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 023_འབུམ།_ཐ

Văn bản gốc(Tây Tạng)

Trang 13 / 22 (50.000 ký tự/trang)
དང་མཚན་མ་གང་བཤད་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་མྱེད་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་གཞན་གྱིས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་འདི་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གང་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་། ཚུལ་དང་མཚན་མ་
དེ་དག་ཀྱང་མྱེད་ལ། མྱིང་བསྟན་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བརྙས་པ་དང་། འཕྱ་བ་དང་སྨོད་པ་བྱེད་ཅིང་ཁྱད་དུ་གསོད་ལ་སྨོད་ན། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱིང་
གིས་བྱིན་ཀྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱིང་གིས་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པས་ཕུང་པོའི་བདུད་མྱི་ཤེས་ཏེ། གཟུགས་མྱི་ཤེས། ཚོར་བ་མྱི་ཤེས། འདུ་ཤེས་མྱི་ཤེས། འདུ་བྱེད་མྱི་ཤེས། རྣམ་པར་ཤེས་པ་མྱི་ཤེས་པས་དེ་ལ་བདུད་སྡིག་ཏོ་ཅན་མྱིང་གི་བྱིན་

གྱི་རླབས་ཀྱིས་ལུང་སྟོན་ཅིང་། ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་མྱིང་འདི་ཞེས་བྱ་བར་འགྱུར་རོ། །ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
མྱིང་གང་བསམས་པ་དང་། དཔྱད་པ་དེ་ཉིད་རྗོད་དེ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་འཆལ་པའི་ངང་ཚུལ་ཅན་ཐབས་ལ་མྱི་མཁས་པས་དེ་འདི་སྙམ་སྟེ། བདག་གིས་མྱིང་གང་ཡིད་ཀྱིས་རྣམ་པར་བརྟགས་ཏེ། བསམས་པ་དང་རྗེས་སུ་དཔྱད་པ་
དེ་ཉིད་བདག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་མྱིང་དུ་འགྱུར་རོ་སྙམ་སྟེ། ཇི་ལྟ་ཇི་ལྟར་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷ་འམ། བདུད་ཀྱི་བྱིན་ཀྱིས་བརླབས་པའི་དགེ་སློང་དག་སྟོན་
པ་དེ་ལྟ་དེ་ལྟར་སེམས་ཤིང་། ཇི་ལྟར་བདག་གིས་སེམས་བསྐྱེད་པ་དང་། བདག་གི་མྱིང་ཇི་ལྟ་བ་བཞིན་དུ་དགེ་སློང་འདིས་བསྟན་ཏེ། མྱིང་དང་མྱིང་དུ་མཐུན་གྱིས། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་དེ་ལ་གང་ངས་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་ཚུལ་དང་མཚན་མ་བཤད་པ་དེ་དག་ཀྱང་
མྱེད་ལ་མྱིད་དེ་དང་ལུང་བསྟན་པར་བརྗོད་པ་དེས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཁྱད་དུ་གསོད་ན། དེ་རློམ་སེམས་དེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་དུ་འགྱུར་རོ། །དེ་ལྟར་ཐབས་མཁས་
པ་དང་མྱི་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་དགེ་བའི་བཤེས་གཉེན་དང་བྲལ་ཏེ། སྡིག་པའི་གྲོགས་པོའི་ཡོངས་སུ་བཟུང་བ་དེའི་ས་ནི་གཉིས་སུ་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། །ཡང་

ནའང་ཤིན་ཏུ་ཡུན་རིང་པོར་འཁོར་ཞིང་འཕྱན་འཕྱན་ནས་དགེ་བའི་བཤེས་གཉེན་ལ་བསྙེན་པ་དང་། བསྟེན་པ་དང་རིམ་གྲོ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་ཡང་དང་ཡང་དུ་དགེ་བའི་བཤེས་གཉེན་བལྟ་བ་དང་། བསྙེན་བཀུར་བར་མ་གྱུར་ལ། ལུས་ཐོབ་པ་དེས་སེམས་བསྐྱེད་པ་སྔ་མ་དག་མྱི་སྨོད་མྱི་འཆགས་ན། དེ་ནི་ས་གཉིས་སུ་
འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། །འདི་ལྟ་སྟེ། དཔེར་ན་དགེ་སློང་ཉན་ཐོས་ཀྱི་ཐེག་པ་པས་ལྟུང་བའི་རྩ་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་གཅིག་བྱས་ན། དགེ་སྦྱོང་མ་ཡིན་ཤཱཀྱའི་བུ་མ་ཡིན་
བར་འགྱུར་ཏེ། དེ་ནི་ལུས་དེ་ཉིད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་ལས་དགེ་སྦྱོང་གི་འབྲས་བུ་གང་ཡང་རུང་བ་ལ་ལ་འཐོབ་པར་འགྱུར་བའི་སྐལ་བ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མྱིང་བསྟན་པ་
ཙམ་གྱིས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་ཅིང་མྱིང་ཙམ་བརྗོད་པ་དེས་བྱང་ཆུབ་སེམས་དཔའ་གཞན་དག་ལ་བརྙས་པ་དང་། འཕྱ་བ་དང་ཁྱད་དུ་གསོད་པའི་སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེས་དེ་བས་ཀྱང་
ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་མྱིང་བསྟན་པས་བདུད་ཀྱི་ལས་ཤིན་ཏུ་ཕྲ་བ་དེ་ལྟ་བུ་དག་སྐྱེ་བར་འགྱུར་རོ། །རབ་འབྱོར་ལྟུང་བའི་རྩ་བ་ལྕི་བ་བཞི་པོ་ལྟ་ཞོག་གི །བྱང་ཆུབ་སེམས་དཔའི་མྱིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་
པའི་སེམས་བསྐྱེད་པ་སྐྱེས་པ་དེ་ནི་མཚམས་མྱེད་པ་ལྔ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེས་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དབེན་པའི་ཡོན་ཏན་སྟོན་ཅིང་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་དྲུང་དུ་ཉེ་བར་འོངས་ཏེ། འདི་སྐད་དུ་དེ་བཞིན་གཤེགས་པ་ནི་དབེན་པའི་ཡོན་ཏན་གསུང་བའོ་ཞེས་ཟེར་ཏེ། རབ་འབྱོར་ངས་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པའམ། ནགས་འདབ་
བམ། བས་མཐའི་གནས་དབེན་པར་མ་བཤད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་དབེན་པ་མ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་གང་ཞིག་མཆིས།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་
ཡིད་ལ་བྱ་བས་དབེན་ན། དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་ན་རྣམ་པར་སྤྱོད་པ་ཡིན་ཏེ། རབ་འབྱོར་འདི་ནི་དབེན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ངས་གནང་བའོ། །གལ་ཏེ་དབེན་པ་འདིས་ཉིན་མཚན་དུ་
རྣམ་པར་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་དབེན་པས་དབེན་པ་རྣམ་པར་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་ན་རྣམ་པར་
སྤྱོད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པར་རྣམ་པར་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །གལ་ཏེ་གྲོང་ན་སྤྱོད་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་
བྱ་བ་དང་མ་འདྲེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པའི་རྣམ་པ་དེ་ལྟ་བུ་ངས་གནང་བ་ལས་དྲིས་ཤིང་བདུད་སྡིག་ཏོ་ཅན་དེ་ལ་

དགོན་པ་དང་། ནགས་འདབ་དང་། བས་མཐའི་གནས་སུ་རྣམ་པར་སྤྱོད་ཅིག་ཅེས་དབེན་པ་སྟོན་ཏོ། །དེ་དབེན་པ་དེས་འདུ་འཛིར་གྱུར་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་
པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །དེ་དེ་ལྟར་རྣམ་པར་སྤྱོད་པ་དེས་རྣམ་པར་སྤྱོད་ཅིང་ཡིད་ལ་བྱ་བ་ཡོངས་སུ་མ་དག་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲོང་འདབ་ན་རྣམ་པར་སྤྱོད་
ཅིང་ཡིད་ལ་བྱ་བ་ཡོངས་སུ་དག་པ་དང་ལྡན་པ། ཉན་ཐོས་ཀྱི་སེམས་དང་མ་འདྲེས་པ། རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པ། དེ་མ་ཡིན་པའི་སྡིག་པའི་སེམས་གཞན་དང་མ་འདྲེས་པ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་།
སྙོམས་པར་འཇུག་པ་དང་མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་གྱུར་པ་དག་ལ་བརྙས་པའི་སེམས་སྐྱེད་དེ། ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་བས་དགོན་པ་སྤྲུལ་དང་རི་དགས་དང་། བྱ་ཡོད་པ་རྐུན་པོ་དང་། སྨྱེ་ཤ་ཅན་ཡོད་པ། གཅན་གཟན་
མཆེ་བ་ཅན་དང་། སྲིན་པོ་རྒྱུ་བ་དཔག་ཚད་བརྒྱ་ཙམ་དུ་འཕགས་པ་དེ་ལྟ་བུའི་ནང་ན་འདུག་ཅིང་། ལོ་གཅིག་གམ། ལོ་བརྒྱ་འམ། ལོ་སྟོང་ངམ། ལོ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བ་འམ། ལོ་བྱེ་བ་ཕྲག་བརྒྱ་འམ། ལོ་བྱེ་བ་ཕྲག་སྟོང་ངམ། ལོ་བྱེ་བ་བརྒྱ་ཕྲག་སྟོང་ངམ།
ལོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། དེ་བས་ཀྱང་ལྷག་པར་གནས་སུ་ཟིན་ཀྱང་དབེན་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་ཤིང་རྣམ་པར་སྤྱོད་པ་དེ་ལྟ་བུའི་དབེན་པ་ཤེས་པར་མྱི་འགྱུར་ཏེ། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་མང་པོ་དང་འདྲེས་པ་ཉིད་དུ་རྣམ་པར་སྤྱོད་པར་འགྱུར་ཏེ། དབེན་པ་དེ་ལ་ཡང་དག་པར་མ་གཙེས་པར་རྣམ་པར་གནས་ཤིང་ཆགས་པ་དང་ཞེན་ཅིང་མངོན་པར་ཞེན་

པ་དེ་ཙམ་གྱིས་ནི་ངའི་སེམས་རངས་པར་མྱི་འགྱུར་ཏེ། ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པ་གང་བཤད་པའི་དབེན་པ་དེ་དང་མྱི་ལྡན་པས་དབེན་པ་དེ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་
དབེན་པ་དེ་དང་བྲལ་བའི་ཕྱིར་ཏེ། དེ་ལྟར་དེའི་དྲུང་དུ་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ཤིང་། སྟེང་གི་བར་སྣང་ལ་གནས་ཏེ། འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །འདི་ནི་དེ་བཞིན་གཤེགས་པས་བསྟན་པའི་དབེན་པ་མ་ནོར་བ་ཡིན་གྱིས་ཁྱོད་དབེན་པས་
འདི་ཉིད་ཀྱིས་ནི་རྣམ་པར་སྤྱོད་ཅིག །དེས་ཁྱོད་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཟེར་ཏེ། དེའི་རྒྱུས་དེ་དབེན་པ་དེ་བས་ཀྱང་དབེན་པ་དེ་གཅེས་པར་འཛིན་ཅིང་། ཕྱིར་གྲོང་འདབ་དུ་འོངས་
ནས། དགེ་སློང་བྱང་ཆུབ་སེམས་དཔའི་ཐེག་པ་པ་སེམས་དང་ཡིད་ལ་བྱ་བ་ཡོངས་སུ་དག་པ། དེས་པ་དགེ་བའི་ཆོས་དང་ལྡན་པ། གཞན་དག་ལ་ཚེ་དང་ལྡན་པ་འདི་དག་ནི་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་དོ་ཞེས་ཁྱད་དུ་གསོད་ཅིང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དབེན་པར་སྤྱོད་པ་དེ་དག་ལ་འདུ་འཛིས་རྣམ་པར་སྤྱོད་པར་སྐྱོན་དུ་གདགས་པ་དང་། འདྲེས་པར་རྣམ་པར་སྤྱོད་པར་སྐྱོན་དུ་གདགས་པས་བརྙས་པའི་སེམས་བསྐྱེད་དོ། །གང་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པ་དེ་དག་ལ་ནི་
དབེན་པས་རྣམ་པར་སྤྱོད་པར་འཛིན་ཅིང་དེ་དག་ལ་རིམ་གྲོ་སྐྱེད་དོ། །གང་ལ་རིམ་གྲོ་བསྐྱེད་པར་བྱ་བ་དེ་དག་ལ་ནི་ང་རྒྱལ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདག་ནི་མྱི་མ་ཡིན་པས་བསྐུལ་བའོ། །མྱི་མ་ཡིན་པས་དྲན་པར་བྱའོ། །རྣམ་པར་སྤྱོད་པ་གང་
གིས་བདག་སྤྱོད་པ་དེ་ནི་རྣམ་པར་སྤྱོད་པ་མ་ནོར་བ་སྟེ། གྲོང་འདབ་ན་སྤྱོད་པ་ལྟ་ལ་སུ་ཞིག་བསྐུལ་བར་འགྱུར། གྲོང་འདབ་ན་སྤྱོད་པ་ལྟ་ལ་སུ་ཞིག་དྲན་པར་བྱེད་པ་འགྱུར་ཞེས་ང་རྒྱལ་སྐྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་

ཐེག་པ་པའི་རིགས་ཀྱི་བུ་གཞན་དག་ལ་སྨོད་པ་བྱེད་དེ། རབ་འབྱོར་གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་གདོལ་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གཟུགས་བརྙན་དུ་རིག་པར་བྱའོ། །
དེ་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རྐུན་པོ་སྟེ། དེ་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དགེ་སྦྱོང་གི་ཆ་བྱད་ཅན་གྱི་རྐུན་པོར་རིག་པར་བྱ་སྟེ། ངང་ཚུལ་དེ་ལྟ་བུ་དང་ལྡན་པའི་གང་ཟག་ནི་བྱང་ཆུབ་སེམས་དཔའི་
ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་བསྙེན་པར་མི་བྱ། བསྟེན་པར་མྱི་བྱ། རིམ་གྲོར་མྱི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གང་ཟག་དེ་ལྟ་བུ་དག་ནི་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་མ་བཏང་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཐག་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པ་དེས། གང་ཟག་དེ་ལྟ་བུའི་ངང་ཚུལ་ཅན་བསྙེན་པར་མྱི་བྱ་བསྟེན་པར་མི་བྱ། རིམ་གྲོར་མྱི་བྱའི། རང་གི་དོན་དང་ལྡན་པར་འགྱུར་བ་ལ་བརྩོན་པར་བྱ་སྟེ།
འཁོར་བ་ལས་རྟག་ཏུ་སྐྱོ་ཞིང་འཇིགས་པའི་ཡིད་ཀྱིས་ཁམས་གསུམ་དང་མ་འདྲེས་པར་སྤྱད་པར་བྱའོ། །བྱང་ཆུབ་སེམས་དཔའ་གདོལ་པ་དེ་ལ་ཡང་བྱམས་པ་བསྐྱེད་པར་བྱ་སྟེ། དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་སྙིང་རྗེ་བསྐྱེད་པར་བྱའོ། །དགའ་བ་དང་
བཏང་སྙོམས་བསྐྱེད་པར་བྱའོ། །དེས་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཅི་ནས་ཀྱང་བདག་གི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མྱེད་ཅིང་མྱི་སྐྱེ་བར་འགྱུར་བ་དེ་ལྟར་བྱའོ། །གལ་ཏེ་སྐྱེས་ན་ཡང་མྱུར་དུ་སྤང་བར་བྱའོ་ཞེས་བསླབ་པར་བྱ་སྟེ། རབ་འབྱོར་དེ་

ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གིས་ཁོང་དུ་ཆུད་པའི་མངོན་པར་ཤེས་པའི་མཐུར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷག་པའི་བསམ་པས་བླ་ན་མྱེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱའོ། །བསྟན་པར་བྱའོ་རིམ་གྲོར་བྱའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་
དུ་རིག་པར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་ཉན་ཐོས་གང་ཕ་རོལ་ཏུ་ཕྱིན་པ་དྲུག་རྗོད་ཅིང་སྟོན་པ་དང་། འཆད་ཅིང་འགྲེལ་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་
བྱེད་པ་དང་། ཡང་དག་པར་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་
བཤེས་གཉེན་དུ་རིག་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་
བཤེས་གཉེན་དུ་རིག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དབང་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་

རིག་པར་བྱའོ། །སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་
པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །འཕགས་པའི་བདེན་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་
བཤེས་གཉེན་དུ་རིག་པར་བྱའོ། །བསམ་གཏན་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཚད་མྱེད་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་
པར་བྱའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་
བཤེས་གཉེན་དུ་རིག་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་
པ་མྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །མངོན་པར་ཤེས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཏིང་ངེ་
འཛིན་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་

གཤེགས་པའི་སྟོབས་བཅུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །མི་འཇིགས་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་
པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་
བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྒྲོན་མ་འོ། །བློ་འོ་ཤེས་པའོ། །ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །
ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མགོན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །སྟོང་པ་ཉིད་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སྟོང་
པ་ཉིད་ཐམས་ཅད་ནི་ལམ་མོ། །སྟོང་པ་ཉིད་ཐམས་ཅད་ནི་སྣང་བའོ། །སྟོང་པ་ཉིད་ཐམས་ཅད་ནི་སྒྲོན་མའོ། །སྟོང་པ་ཉིད་ཐམས་ཅད་ནི་བློའོ། །སྟོང་པ་ཉིད་ཐམས་ཅད་ནི་ཤེས་པའོ། །སྟོང་པ་ཉིད་ཐམས་ཅད་ནི་ཤེས་རབ་བོ། །སྟོང་པ་ཉིད་ཐམས་ཅད་ནི་
དཔུང་གཉེན་ནོ། །སྟོང་པ་ཉིད་ཐམས་ཅད་ནི་སྐྱབས་སོ། །སྟོང་པ་ཉིད་ཐམས་ཅད་ནི་མགོན་ནོ། །སྟོང་པ་ཉིད་ཐམས་ཅད་ནི་མའོ། །སྟོང་པ་ཉིད་ཐམས་ཅད་ནི་ཕའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ནི་ལམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་སྣང་བའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་སྒྲོན་མའོ། །བློའོ། ཤེས་པའོ། ཤེས་རབ་བོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་དཔུང་གཉེན་ནོ། །
དྲན་པ་ཉེ་བར་གཞག་པ་བཞི་ནི་སྐྱབས་སོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་མགོན་ནོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་མའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ཕའོ། །ཡང་དག་པར་སྤོང་བ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱི་སྟོན་པར་རིག་པར་བྱ་སྟེ། ཡང་དག་པར་སྤོང་བ་བཞི་ནི་ལམ་མོ། །ཡང་དག་པར་སྤོང་བ་བཞི་ནི་སྣང་བའོ། །ཡང་དག་པར་སྤོང་བ་བཞི་ནི་སྒྲོན་མའོ། །བློའོ། ཤེས་པའོ། ཤེས་རབ་བོ། །ཡང་དག་པར་སྤོང་བ་བཞི་ནི་དཔུང་གཉེན་ནོ། །ཡང་དག་པར་
སྤོང་བ་བཞི་ནི་སྐྱབས་སོ། །ཡང་དག་པར་སྤོང་བ་བཞི་ནི་མགོན་ནོ། །ཡང་དག་པར་སྤོང་བ་བཞི་ནི་མའོ། །ཡང་དག་པར་སྤོང་བ་བཞི་ནི་ཕའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་
སྟོན་པར་རིག་པར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ལམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྣང་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྒྲོན་མའོ། །བློའོ། ཤེས་པའོ། ཤེས་རབ་བོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དཔུང་གཉེན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་
སྐྱབས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་མགོན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་མའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཕའོ། །དབང་པོ་ལྔ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམས་ཀྱི་སྟོན་པར་རིག་པར་བྱ་
སྟེ། དབང་པོ་ལྔ་ནི་ལམ་མོ། །དབང་པོ་ལྔ་ནི་སྣང་བའོ། །དབང་པོ་ལྔ་ནི་སྒྲོན་མ་འོ། །བློའོ། ཤེས་པའོ། ཤེས་རབ་བོ། །དབང་པོ་ལྔ་ནི་དཔུང་གཉེན་ནོ། །དབང་པོ་ལྔ་ནི་སྐྱབས་སོ། །དབང་པོ་ལྔ་ནི་མགོན་ནོ། །དབང་པོ་ལྔ་ནི་མའོ། །དབང་པོ་ལྔ་

ནི་ཕའོ། །སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སྟོབས་ལྔ་ནི་ལམ་མོ། །སྟོབས་ལྔ་ནི་སྣང་བའོ། །སྟོབས་ལྔ་ནི་སྒྲོན་མ་འོ། །བློའོ་ཤེས་པའོ་ཤེས་རབ་བོ། །
སྟོབས་ལྔ་ནི་དཔུང་གཉེན་ནོ། །སྟོབས་ལྔ་ནི་སྐྱབས་སོ། །སྟོབས་ལྔ་ནི་མགོན་ནོ། །སྟོབས་ལྔ་ནི་མའོ། །སྟོབས་ལྔ་ནི་ཕའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ།
བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ལམ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་སྣང་བའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་སྒྲོན་མ་འོ། །བློའོ། ཤེས་པའོ། ཤེས་རབ་བོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དཔུང་གཉེན་ནོ། །བྱང་ཆུབ་ཀྱི་ཡན་ལག་
བདུན་ནི་སྐྱབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མགོན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ཕའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་
པར་རིག་པར་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྣང་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། འཕགས་པའི་ལམ་ཡན་ལག་བརྒྱད་པ་
ནི་དཔུང་གཉེན་ནོ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྐྱབས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མགོན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཕའོ།། །།ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། འཕགས་པའི་བདེན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། འཕགས་པའི་བདེན་པ་རྣམས་ནི་ལམ་མོ། །འཕགས་པའི་བདེན་པ་

རྣམས་ནི་སྣང་བའོ། །འཕགས་པའི་བདེན་པ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །འཕགས་པའི་བདེན་པ་རྣམས་ནི་དཔུང་གཉེན་ནོ། །འཕགས་པའི་བདེན་པ་རྣམས་ནི་སྐྱབས་སོ། །འཕགས་པའི་བདེན་པ་རྣམས་ནི་མགོན་ནོ། །འཕགས་
པའི་བདེན་པ་རྣམས་ནི་མའོ། །འཕགས་པའི་བདེན་པ་རྣམས་ནི་པའོ། །བསམ་གཏན་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། བསམ་གཏན་རྣམས་ནི་ལམ་མོ། །བསམ་གཏན་རྣམས་ནི་སྣང་བའོ། །
བསམ་གཏན་རྣམས་ནི་སྒྲོན་མ་འོ། །བློའོ་ཤེས་པའོ་ཤེས་རབ་བོ། བསམ་གཏན་རྣམས་ནི་དཔུང་གཉེན་ནོ། །བསམ་གཏན་རྣམས་ནི་སྐྱབས་སོ། །བསམ་གཏན་རྣམས་ནི་མགོན་ནོ། །བསམ་གཏན་རྣམས་ནི་མའོ། །བསམ་གཏན་རྣམས་ནི་ཕའོ། །
ཚད་མྱེད་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཚད་མྱེད་པ་རྣམས་ནི་ལམ་མོ། །ཚད་མྱེད་པ་རྣམས་ནི་སྣང་བའོ། །ཚད་མྱེད་པ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །ཚད་མྱེད་པ་རྣམས་ནི་
དཔུང་གཉེན་ནོ། །ཚད་མྱེད་པ་རྣམས་ནི་སྐྱབས་སོ། །ཚད་མྱེད་པ་རྣམས་ནི་མགོན་ནོ། །ཚད་མྱེད་པ་རྣམས་ནི་མའོ། །ཚད་མྱེད་པ་རྣམས་ནི་ཕའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ལམ་མོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྣང་བའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །
གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་དཔུང་གཉེན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྐྱབས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མགོན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་

རྣམས་ནི་མའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཕའོ། །རྣམ་པར་ཐར་བ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། རྣམ་པར་ཐར་པ་བརྒྱད་ནི་ལམ་མོ། །རྣམ་
པར་ཐར་པ་བརྒྱད་ནི་སྣང་བའོ། །རྣམ་པར་ཐར་པ་བརྒྱད་ནི་སྒྲོན་མའོ། །བློའི་ཤེས་པའོ་ཤེས་རབ་བོ། །རྣམ་པར་ཐར་པ་བརྒྱད་ནི་དཔུང་གཉེན་ནོ། །རྣམ་པར་ཐར་པ་བརྒྱད་ནི་སྐྱབས་སོ། །རྣམ་པར་ཐར་པ་བརྒྱད་ནི་མགོན་ནོ། །རྣམ་པར་ཐར་པ་བརྒྱད་ནི།
མའོ། །རྣམ་པར་ཐར་པ་བརྒྱད་ནི། ཕའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། མཐར་ཀྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་ནི་ལམ་མོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་སྣང་བའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་
དཔུང་གཉེན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་སྐྱབས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མགོན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་
པ་དགུ་ནི་ཕའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་
པ་ནི་ལམ་མོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྣང་བའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །རྣམ་པར་ཐར་པའི་སྒོ་

སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་དཔུང་གཉེན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་སྐྱབས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ནི་
མགོན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ནི་མའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ནི་ཕའོ། །མངོན་པར་ཤེས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། མངོན་པར་ཤེས་པ་རྣམས་ནི་ལམ་མོ། །མངོན་པར་ཤེས་པ་རྣམས་ནི་སྣང་བའོ། །མངོན་པར་ཤེས་པ་རྣམས་ནི། སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །མངོན་
པར་ཤེས་པ་རྣམས་ནི། དཔུང་གཉེན་ནོ། །མངོན་པར་ཤེས་པ་རྣམས་ནི། སྐྱབས་སོ། །མངོན་པར་ཤེས་པ་རྣམས་ནི་མགོན་ནོ། །མངོན་པར་ཤེས་པ་རྣམས་ནི་མའོ། །མངོན་པར་ཤེས་པ་རྣམས་ནི་ཕའོ། །ཏིང་ངེ་འཛིན་རྣམས་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་རྣམས་ནི་ལམ་མོ། །ཏིང་ངེ་འཛིན་རྣམས་ནི་སྣང་བའོ། །ཏིང་ངེ་འཛིན་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །ཏིང་ངེ་འཛིན་རྣམས་ནི་དཔུང་གཉེན་
ནོ། །ཏིང་ངེ་འཛིན་རྣམས་ནི་སྐྱབས་སོ། །ཏིང་ངེ་འཛིན་རྣམས་ནི་མགོན་ནོ། །ཏིང་ངེ་འཛིན་རྣམས་ནི་མའོ། །ཏིང་ངེ་འཛིན་རྣམས་ནི་ཕའོ། །གཟུངས་ཀྱི་སྒོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ།
གཟུངས་ཀྱི་སྒོ་རྣམས་ནི་ལམ་མོ། །གཟུངས་ཀྱི་སྒོ་རྣམས་ནི་སྣང་བའོ། །གཟུངས་ཀྱི་སྒོ་རྣམས་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །གཟུངས་ཀྱི་སྒོ་རྣམས་ནི་དཔུང་གཉེན་ནོ། །གཟུངས་ཀྱི་སྒོ་རྣམས་ནི་སྐྱབས་སོ། །གཟུངས་ཀྱི་སྒོ་

རྣམས་ནི་མགོན་ནོ། །གཟུངས་ཀྱི་སྒོ་རྣམས་ནི་མའོ། །གཟུངས་ཀྱི་སྒོ་རྣམས་ནི་ཕའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། དེ་བཞིན་
གཤེགས་པའི་སྟོབས་བཅུ་ནི་ལམ་མོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྣང་བའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དཔུང་གཉེན་ནོ། །དེ་བཞིན་
གཤེགས་པའི་སྟོབས་བཅུ་ནི་སྐྱབས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མགོན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཕའོ། །མྱི་འཇིགས་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། མྱི་འཇིགས་པ་བཞི་ནི་ལམ་མོ། །མྱི་འཇིགས་པ་བཞི་ནི་ལམ་མོ། །མྱི་འཇིགས་པ་བཞི་ནི་སྣང་བའོ། །མྱི་འཇིགས་པ་བཞི་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །མྱི་འཇིགས་པ་བཞི་ནི་དཔུང་གཉེན་ནོ། །མྱི་འཇིགས་པ་
བཞི་ནི་སྐྱབས་སོ། །མྱི་འཇིགས་པ་བཞི་ནི་མགོན་ནོ། །མྱི་འཇིགས་པ་བཞི་ནི་མའོ། །མྱི་འཇིགས་པ་བཞི་ནི་ཕའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སོ་སོ་
ཡང་དག་པར་རིག་པ་བཞི་ནི་ལམ་མོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སྣང་བའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་དཔུང་གཉེན་ནོ། །སོ་སོ་ཡང་དག་
པར་རིག་པ་བཞི་ནི་སྐྱབས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་མགོན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་མའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཕའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་ལམ་མོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་སྣང་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་སྒྲོན་མའོ། །བློའི་ཤེས་པའོ་ཤེས་
རབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་དཔུང་གཉེན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་སྐྱབས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མགོན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་
མའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་ཕའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་མོ། །ལམ་གྱི་རྣམ་པ་ཤེས་
པ་ཉིད་ནི་སྣང་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྒྲོན་མའོ། །བློའོ་ཤེས་པའོ་ཤེས་རབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དཔུང་གཉེན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྐྱབས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མགོན་ནོ། །ལམ་གྱི་
རྣམ་པ་ཤེས་པ་ཉིད་ནི་མའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཕའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་
ཅུ་རྩ་བདུན་པོ་འདི་དག་ནི་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །རབ་འབྱོར་བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡང་ཡབ་དང་ཡུམ་དུ་འགྱུར་རོ། །

རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བའི་སངས་རྒྱས་བཅོམ་ལྡན་འདས་
དེ་དག་གི་ཡང་ཡབ་དང་ཡུམ་དུ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདི་ལས་བྱུང་བ་ནི་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བར་འདོད་པས་བསྡུ་བའི་
དངོས་པོ་བཞིས་སེམས་ཅན་རྣམས་ཡོངས་སུ་བསྡུ་བར་བྱའོ། །བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པ་སྟེ། རབ་འབྱོར་ངས་དོན་གྱི་དབང་དེ་མཐོང་བས་འདི་སྐད་དུ་འདི་ལྟ་སྟེ། བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་དང་། མ་དང་ཕ་དང་དཔུང་གཉེན་དང་སྐྱབས་དང་མགོན་ཡིན་ནོ་ཞེས་བརྗོད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་གཞན་གྱི་དྲིང་མྱི་འཇོག་པར་བྱ་བར་འདོད་པ་དང་། གཞན་གྱི་དྲིང་མི་འཇོག་པ་ལ་གནས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། སེམས་
ཅན་ཡོངས་སུ་སྨྱིན་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ལ་བསླབ་པར་བྱ་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མེད་པའི་
མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མྱེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ། །གསོལ་པ་བཅོམ་ལྡན་འདས་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་ཀྱིས་དབེན་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་དབེན་པའོ། །ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་
ཀྱིས་སྟོང་པའོ། །རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དབེན་པའི་མཚན་ཉིད་དུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅད་ཡོད་དོ། །རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་དབེན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་སྟོང་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་ཇི་ལྟར་མཆིས་པར་འགྱུར། བཅོམ་ལྡན་
འདས་དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མྱི་འགྱུར། སྟོང་པ་ཉིད་ནི་ཀུན་ནས་ཉོན་མོངས་པར་མྱི་འགྱུར། རྣམ་པར་བྱང་བར་མྱི་འགྱུར། དབེན་པ་དང་སྟོང་པ་ཉིད་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་

པར་རྫོགས་པར་འཚང་མྱི་རྒྱ། དབེན་པས་ནི་སྟོང་པ་ཉིད་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གང་ཡང་མྱི་དམྱིགས། སྟོང་པ་ཉིད་ཀྱིས་ཀྱང་དབེན་པ་ལ་སེམས་ཅན་གང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་
བུ་མྱི་དམྱིགས་ན། བཅོམ་ལྡན་འདས་བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་
སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། སེམས་ཅན་རྣམས་ནི་ཡུན་རིང་པོ་ནས་བདག་ཏུ་བགྱི་བ་དང་། བདག་གིར་བགྱི་བ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ཇི་སྙམ་དུ་སེམས། བདག་དང་བདག་གི་ཞེས་བྱ་བ་དབེན་པ་ཡིན་ཞིང་། བདག་དང་བདག་གི་ཞེས་བྱ་བ་སྟོང་པ་ཡིན་མོད། གསོལ་པ། བཅོམ་ལྡན་འདས་དབེན་པ་ལགས་སོ། བདེ་བར་གཤེགས་པ་སྟོང་པ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བདག་དང་བདག་གི་ཞེས་བྱ་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་རམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ།
བདག་ཏུ་བགྱི་བ་དང་བདག་གིར་བགྱི་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོད་པ་ཡིན་ཏེ། གང་ལ་བདག་
ཏུ་བྱ་བ་མྱེད་པ་དང་། བདག་གིར་བྱ་བ་མྱེད་པ་དེ་ལ་འཛིན་པ་མྱེད། གང་ལ་འཛིན་པ་མྱེད་པ་དེ་ལ་སེམས་ཅན་ཀུན་ཏུ་རྒྱུག་ཅིང་ཀུན་ཏུ་འཁོར་བ་མེད་དེ། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་མྱེད་པས། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱི་

རྣམ་པར་བྱང་བ་ཡོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། གཟུགས་ལ་མྱི་སྤྱོད། ཚོར་བ་ལ་མི་སྤྱོད། འདུ་ཤེས་ལ་མི་སྤྱོད། འདུ་བྱེད་ལ་མྱི་སྤྱོད། རྣམ་པར་ཤེས་པ་ལ་མྱི་
སྤྱོད་དོ། །མྱིག་ལ་མྱི་སྤྱོད། རྣ་བ་ལ་མྱི་སྤྱོད། སྣ་ལ་མི་སྤྱོད། ལྕེ་ལ་མྱི་སྤྱོད། ལུས་ལ་མྱི་སྤྱོད། ཡིད་ལ་མྱི་སྤྱོད་དོ། །གཟུགས་ལ་མྱི་སྤྱོད། སྒྲ་ལ་མྱི་སྤྱོད། དྲི་ལ་མྱི་སྤྱོད། རོ་ལ་མི་སྤྱོད། རེག་ལ་མྱི་སྤྱོད། ཆོས་ལ་མྱི་སྤྱོད་དོ། །མྱིག་
གི་རྣམ་པར་ཤེས་པ་ལ་མྱི་སྤྱོད། རྣ་བའི་རྣམ་པར་ཤེས་པ་ལ་མྱི་སྤྱོད། སྣའི་རྣམ་པར་ཤེས་པ་ལ་མྱི་སྤྱོད། ལྕེའི་རྣམ་པར་ཤེས་པ་ལ་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་སྤྱོད། ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །མྱིག་གི་
འདུས་ཏེ་རེག་པ་ལ་མི་སྤྱོད། རྣ་བའི་འདུས་ཏེ་རེག་པ་ལ་མི་སྤྱོད། སྣའི་འདུས་ཏེ་རེག་པ་ལ་མྱི་སྤྱོད། ལྕེའི་འདུས་ཏེ་རེག་པ་ལ་མྱི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པ་ལ་མི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་སྤྱོད་དོ། །མྱིག་གི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་ལ་མྱི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྤྱོད་དོ། །སའི་ཁམས་ལ་མྱི་སྤྱོད། ཆུའི་ཁམས་ལ་མི་སྤྱོད། མྱེའི་ཁམས་ལ་མྱི་སྤྱོད། རླུང་གི་ཁམས་ལ་མི་སྤྱོད། ནམ་མཁའི་ཁམས་ལ་མྱི་སྤྱོད། རྣམ་པར་ཤེས་
པའི་ཁམས་ལ་མྱི་སྤྱོད་དོ། །མ་རིག་པ་ལ་མྱི་སྤྱོད་དོ། །འདུ་བྱེད་ལ་མྱི་སྤྱོད། རྣམ་པར་ཤེས་པ་ལ་མྱི་སྤྱོད། མིང་དང་གཟུགས་ལ་མྱི་སྤྱོད། སྐྱེ་མཆེད་དྲུག་ལ་མི་སྤྱད། རེག་པ་ལ་མྱི་སྤྱོད། ཚོར་བ་ལ་མྱི་སྤྱོད། སྲེད་པ་ལ་མྱི་སྤྱོད། ལེན་པ་ལ་མྱི་སྤྱོད།

སྲིད་པ་ལ་མྱི་སྤྱོད། སྐྱེ་བ་ལ་མྱི་སྤྱོད། རྒ་ཤི་ལ་མི་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྤྱོད་དོ། །ནང་སྟོང་པ་ཉིད་ལ་མྱི་སྤྱོད། ཕྱི་སྟོང་པ་ཉིད་ལ་མྱི་སྤྱོད། ཕྱི་ནང་སྟོང་པ་ཉིད་ལ་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད། ཆེན་པོ་
སྟོང་པ་ཉིད་ལ་མྱི་སྤྱོད། དོན་དམ་པ་སྟོང་པ་ཉིད་ལ་མྱི་སྤྱོད། འདུས་བྱས་སྟོང་པ་ཉིད་ལ་མྱི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མི་སྤྱོད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད། དོར་བ་མེད་པ་
སྟོང་པ་ཉིད་ལ་མྱི་སྤྱོད། རང་བཞིན་སྟོང་པ་ཉིད་ལ་མྱི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་སྤྱོད། མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སྤྱོད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད། དངོས་པོ་མྱེད་པའི་ངོ་
བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་སྤྱོད། ཡང་དག་པར་སྤོང་བ་རྣམས་ལ་མྱི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མི་སྤྱོད། དབང་པོ་རྣམས་ལ་མྱི་སྤྱོད། སྟོབས་རྣམས་ལ་མི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་
སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་སྤྱོད་དོ། །འཕགས་པའི་བདེན་པ་རྣམས་ལ་མི་སྤྱོད། བསམ་གཏན་རྣམས་ལ་མྱི་སྤྱོད། ཚད་མེད་པ་རྣམས་ལ་མི་སྤྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མི་སྤྱོད། རྣམ་པར་
ཐར་པ་བརྒྱད་ལ་མྱི་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་སྤྱོད། མངོན་པར་ཤེས་པ་རྣམས་ལ་མྱི་སྤྱོད། ཏིང་ངེ་འཛིན་རྣམས་ལ་མྱི་

སྤྱོད། གཟུངས་ཀྱི་སྒོ་རྣམས་ལ་མྱི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་སྤྱོད། མྱི་འཇིགས་པ་བཞི་ལ་མྱི་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་མི་སྤྱོད། བྱམས་པ་ཆེན་པོ་ལ་མི་སྤྱོད། སྙིང་རྗེ་ཆེན་པོ་ལ་མྱི་སྤྱོད། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མྱི་སྤྱོད། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མྱི་སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མྱི་སྤྱོད། ཕྱིར་མྱི་འོང་བའི་འབྲས་བུ་ལ་མྱི་སྤྱོད། དགྲ་བཅོམ་པ་ཉིད་ལ་མྱི་སྤྱོད། རང་བྱང་ཆུབ་ལ་མི་སྤྱོད། ལམ་གྱི་རྣམ་པ་
ཤེས་པ་ཉིད་ལ་མྱི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་སྤྱོད་པ་དང་། གང་གིས་སྤྱོད་པ་དང་། གང་ལ་སྤྱོད་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་སོ། །བཅོམ་ལྡན་འདས་དེ་
ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མྱི་ཐུབ་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་
ཅད་ཀྱིས་ཟིལ་གྱིས་གནོན་པར་མྱི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པའི་གནས་ཟིལ་གྱིས་མྱི་ནོན་པ་ལ་གནས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པ་དང་མ་བྲལ་བ་ནི་ཟིལ་གྱིས་མྱི་ནོན་པ་སྟེ། བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་
གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་དག་ནམ་འཚོའི་བར་དུ་བཞུགས་པ་དེ་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོར་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་
བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་
གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་།
འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་གླིང་བཞི་
པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་
བཞུགས་པ་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་
དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་

རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་
པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་
མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས་
ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ།
གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་།
རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས། རྣམ་པར་སྤྱོད་ན་དེའི་བསོད་
ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་

རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་
རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །
བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་
གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །
རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་
རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་པ་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ་བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་
འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་
ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་། ཚད་
མྱེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་
བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ་དགེ་བའི་
རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་
ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་།

རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་
སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་
དང་། ཚད་མྱེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་
བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་
དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ།
བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་།
འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏ་སྟོང་གི་འཇིག་

རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་
རབ་ཏུ་བཀོད་པ་དང་། ཚད་མེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་།
ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ།
བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་ཅིང་འཆད་པ་དང་། རྣམ་པར་
གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་
ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་

ལ་རབ་ཏུ་བཀོད་པ་དང་། ཚད་མྱེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་
ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ།
བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་
གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང་།
ཚད་མེད་པ་བཞི་ལ་རབ་ཏུ་བཀོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་

ལ་རབ་ཏུ་བཀོད་པ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེ་
ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །
བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། འཆད་པ་དང་། རྣམ་པར་གཞོག་པ་དང་། རབ་ཏུ་
གཞོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་འབྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྲོ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ་དེ་ལྟ་བུ་ནི་སེམས་ཅན་གང་ལ་ཡང་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་
མངོན་པར་བསྒྲུབ་སྟེ། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་གསད་པར་འགྱུར་བ་དང་འདྲ་བར་ལྟ་སྟེ། དེ་དག་སྙིང་རྗེ་ཆེན་པོ་འཐོབ་བོ། །དེ་དག་རྣམ་པར་སྤྱོད་པ་དེས། རྣམ་པར་སྤྱོད་པས་དགའ་

བས་རབ་ཏུ་དགའ་བ་དང་། མངོན་པར་དགའ་བར་འགྱུར་ཏེ། དེ་དག་དགའ་བ་ཆེན་པོ་མངོན་པར་སྒྲུབ་བོ། །དེ་དག་མཚན་མ་དེ་དང་ལྷན་ཅིག་ཏུ་མི་གནས་ཏེ། དེ་དག་བཏང་སྙོམས་ཆེན་པོ་འཐོབ་བོ། །རབ་འབྱོར་དེ་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་སྣང་བ་ཆེན་པོ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །རིགས་ཀྱི་བུ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་། སེམས་ཅན་
ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་སྤྱོད་པའི་ཕྱིར། སུའི་གོས་དང་། བསོད་སྙོམས་
དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ལ་ཡོངས་སུ་སྤྱོད་པའི་གཏོང་བ་དང་། སྦྱིན་བདག་གི་སྦྱིན་པ་དག་པར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་རོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དོན་ཡོད་པར་ཁམས་ཀྱི་བསོད་སྙོམས་ལ་ཡོངས་སུ་སྤྱོད་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལམ་བསྟན་པར་འདོད་པ་དང་། སྣང་བ་ཆེན་པོ་དབྱུང་བར་འདོད་པ་དང་། ཁམས་གསུམ་གྱི་བཙོན་རན་གནས་པའི་སེམས་ཅན་
རྣམས་ཡོངས་སུ་དགྲོལ་བར་འདོད་པ་དང་། སེམས་ཅན་རྣམས་ཀྱི་བླ་ན་མེད་པའི་ཤེས་རབ་ཀྱི་མྱིག་བསྐྱེད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྟག་ཏུ་རྒྱུན་མྱི་འཆད་པར་གནས་པར་བྱའོ། །གལ་ཏེ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་མི་སྤྱོད་ན་ཡང་། དེས་ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མྱི་ད་བྱེ་སྟེ། དེས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་
ཉིད་ཀྱིས་ཉིན་མཚན་དུ་མི་གཏོང་ཞིང་བརྩོན་པར་གནས་པ་དེ་ལྟར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྔོན་ཅད་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བའི་སྐྱེས་བུ་ཞིག་ཡོད་ལ་དེས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རྙེད་པར་གྱུར་ཏེ། དེས་ནོར་བུ་རིན་པོ་ཆེ་
དེ་རྙེད་པས་དགའ་བ་དང་སྤྲོ་བ་དང་ཡིད་བདེ་བ་དང་ལྡན་པར་གྱུར་པ་ལས། དེས་ནོར་བུ་རིན་པོ་ཆེ་དེ་རྙེད་མ་ཐག་ཏུ་སྟོར་བར་གྱུར་ན། དེའི་རྒྱུས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ་རྟག་ཏུ་རྒྱུན་མི་འཆད་པར་ཀྱི་ཧུད་བདག་ནི་ཡིད་དུ་འོང་བའི་ནོར་བུ་རིན་པོ་
ཆེ་དེ་དང་བྲལ་བར་གྱུར་ཏོ་ཞེས་ནོར་བུ་རིན་པོ་ཆེ་དང་ལྡན་པའི་ཡིད་ལ་བྱ་བ་ཤ་སྟག་རྒྱུན་དུ་འབྱུང་ངོ་། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ནི་རིན་པོ་ཆེའོ་སྙམ་དུ་བསམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དེ་སྟོར་བར་ཡང་མྱི་བྱ་སྟེ། དེ་ལྟར་ན་རྟག་ཏུ་བདེ་བ་དང་། ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་
ཡིད་ལ་བགྱི་བ་དེ་དག་ཐམས་ཅད་ཀྱང་རང་བཞིན་དང་བྲལ་བ་སྟེ། ཡིད་ལ་བགྱི་བ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ལགས་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་
ལ་བགྱི་བ་དང་མ་བྲལ་བ་ལགས། བྲལ་བ་ལ་ནི་བྱང་ཆུབ་སེམས་དཔའ་མྱི་དམྱིགས། ཡིད་ལ་བགྱི་བ་མྱི་དམྱིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་དང་བྲལ་བ་སྟེ། དེ་དག་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མ་མཛད་དེ།
ཆོས་རྣམས་ཀྱི་ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་འདི་ནི་གནས་པ་ཡིན་ནོ། །
ཞེས་བྱ་བར་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་དབེན། རང་བཞིན་གྱིས་སྟོང་
པ་སྟེ། དེ་ལ་འཕེལ་བ་མྱེད་དོ། །ཡོངས་སུ་འགྲིབ་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བྱུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བྱུང་ཡང་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དེ། དེ་བཞིན་ཉིད་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །ཆོས་ཀྱི་དབྱིངས་ལ་འཕེལ་བ་
འམ་ཡོངས་སུ་འགྲིབ་པ་མྱེད་དོ། །ཡང་དག་པའི་མཐའ་ལ་འཕེལ་བ་འམ་ཡོངས་སུ་འགྲིབ་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཅིག་ཀྱང་མ་ཡིན་གཉིས་ཀྱང་མ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་སྐད་དུ་བཤད་པ་ལ། བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཇུམ་མི་འགོང་། མྱི་འཇིགས་མྱི་སྔང་སྐྲག་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མྱི་ལྡོག་པའི་དབྱིངས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྟོགས་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། །རབ་འབྱོརད་ཀྱིས་གསོལ་པ།
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོ་བ་ཉིད་དང་། རག་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་གང་ཡང་དམིགས་སུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་
འདས་ཅི་ལགས། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། སྟོང་པ་ཉིད་ལས་གུད་དུ་སྟོང་པ་ཉིད་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ།

བཅོམ་ལྡན་འདས་ཅི་ལགས། འདུ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། འདུ་བྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་
ཅི་ལགས། རྣམ་པར་ཤེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོརད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས།
མྱིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྣ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
དམ། བཅོམ་ལྡན་འདས་ཅི་ལགས། ལྕེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་
ལགས། སྒྲ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། དྲི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་
ཅི་ལགས། རེག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཀྱིས་

གསོལ་པ། བཅོམ་ལྡན་འདས་ཅི་ལགས། མྱིག་གི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣ་བའི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་
ལགས། སྣའི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལུས་ཀྱི་རྣམ་པར་ཤེས་པ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཡིད་ཀྱི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤ