Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 021_འབུམ།_ཉ
Văn bản gốc(Tây Tạng)
Trang 22 / 23 (50.000 ký tự/trang)
ལ་སྤྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ ཚེ། ངོ་བོ་ཉིད་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡང་དག་པར་སྤོང་བ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །དབང་པོ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །དབང་པོ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོབས་ རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །སྟོབས་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །སྟོབས་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་སྔོན་གྱི་མཐར་མྱི་ དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྔོན་ གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་ པའི་བདེན་པ་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་ གཏན་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གཏན་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །བསམ་གཏན་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་མྱེད་པ་རྣམས་སྔོན་གྱི་མཐར་མྱི་ དམྱིགས་སོ། །ཚད་མྱེད་པ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །ཚད་མྱེད་པ་རྣམས་དབུས་སུ་མི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྔོན་གྱི་མཐར་མྱི་དམྱིགས་ སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་བརྒྱད་སྔོན་གྱི་ མཐར་མི་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་སྔོན་གྱི་མཐར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཕྱི་མའི་མཐར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཕྱི་མའི་ མཐར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། ། མངོན་པར་ཤེས་པ་རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཏིང་ངེ་འཛིན་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་ རྣམས་ཕྱི་མའི་མཐར་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུངས་ཀྱི་སྒོ་རྣམས་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་ཕྱི་མའི་མཐར་མྱི་ དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྔོན་གྱི་མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཕྱི་མའི་ མཐར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་འཇིགས་པ་བཞི་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱི་འཇིགས་པ་བཞི་ཕྱི་མའི་མཐར་མྱི་ དམྱིགས་སོ། །མྱི་འཇིགས་པ་བཞི་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་བཞི་སྔོན་གྱི་མཐར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་ཕྱི་མའི་མཐར་མྱི་ དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་སྔོན་གྱི་མཐར་མྱི་དམྱིགས་སོ། །བྱམས་པ་ཆེན་པོ་ཕྱི་མའི་མཐར་མྱི་དམྱིགས་སོ། །བྱམས་ པ་ཆེན་པོ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྔོན་གྱི་མཐར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཕྱི་མའི་མཐར་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དབུས་ སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐམས་ཅད་ཤེས་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ཐམས་ཅད་ཤེས་པ་ཉིད་དབུས་སུ་མྱི་དམྱིགས་ སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དབུས་སུ་མྱི་དམྱིགས་སོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབུས་སུ་མྱི་དམྱིགས་སོ། ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་དེ་བཞིན་ཉིད་ཟབ་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་འདུ་ཤེས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་འདུ་བྱེད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ ཏིའི་བུ་མྱིག་གི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣ་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྣའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལྕེའི་དེ་བཞིན་ཉིད་ཟབ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་དེ་ བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྒྲའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་དྲིའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རོའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རེག་གི་དེ་བཞིན་ཉིད་ཟབ་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཆོས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མྱིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ བོ། །ཤ་ར་དྭ་ཏིའི་བུ་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལྕེའི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མྱིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ བོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། ཤ་ར་དྭ་ཏིའི་བུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སའི་ཁམས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཆུའི་ཁམས་ཀྱི་དེ་བཞིན་ ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མྱེའི་ཁམས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མ་རིག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་འདུ་བྱེད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མྱིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རེག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཚོར་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལད་ ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྲེད་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལེན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྲིད་པའི་དེ་བཞིན་ ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྐྱེ་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྒ་ཤིའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། ཤ་ར་དྭ་ཏིའི་བུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ ར་དྭ་ཏིའི་བུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཕྱི་ནང་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་འདུས་བྱས་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། ཤ་ར་དྭ་ཏིའི་བུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། ཤ་ར་དྭ་ཏིའི་བུ་ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་དབང་པོའི་དེ་བཞིན་ཉིད་ཟབ་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྟོབས་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་འཕགས་པའི་བདེན་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། ། ཤ་ར་དྭ་ཏིའི་བུ་བསམ་གཏན་གྱི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཚད་མྱེད་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་གཟུགས་མྱེད་པའི་སྙོམས་པར་འཇུག་པའི་དེ་ བཞིན་ཉིད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་ བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་ བུ་མངོན་པར་ཤེས་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་མྱི་འཇིགས་པ་ བཞིའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཟབ་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ཐམས་ཅད་ཤེས་པ་ཉིད་ཀྱི་དེ་བཞིན་ ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ དེ་བཞིན་ཉིད་ཟབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཏིང་དཔག་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་འདུ་ཤེས་གཏིང་དཔག་ དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་འདུ་བྱེད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པ་གཏིང་དཔག་ དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་མྱིག་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣ་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྣ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལྕེ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལུས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཡིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། ། ཤ་ར་དྭ་ཏིའི་བུ་གཟུགས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྒྲ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ དྲི་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རོ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རེག་གཏིང་དཔག་དཀའ་ བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཆོས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་མྱིག་གི་རྣམ་པར་ཤེས་པ་གཏིང་དཔག་དཀའ་ བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣ་བའི་རྣམ་པར་ཤེས་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྣའི་རྣམ་པར་ཤེས་ པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལྕེའི་རྣམ་པར་ཤེས་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། ། ཤ་ར་དྭ་ཏིའི་བུ་ལུས་ཀྱི་རྣམ་པར་ཤེས་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་རྣམ་པར་ཤེས་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་ དཀའོ། །ཤ་ར་དྭ་ཏིའི་བུ་མྱིག་གི་འདུས་ཏེ་རེག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣ་བའི་འདུས་ཏེ་རེག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྣའི་འདུས་ཏེ་རེག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལྕེའི་འདུས་ཏེ་རེག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་འདུས་ཏེ་རེག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་འདུས་ཏེ་རེག་པ་གཏིང་དཔག་དཀའ་བའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣ་བའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། ། ཤ་ར་དྭ་ཏིའི་བུ་སའི་ཁམས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཆུའི་ཁམས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ ཏིའི་བུ་མྱེའི་ཁམས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རླུང་གི་ཁམས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ ཏིའི་བུ་ནམ་མཁའི་ཁམས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པའི་ཁམས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་ དཀའོ། །ཤ་ར་དྭ་ཏིའི་བུ་མ་རིག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་འདུ་བྱེད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་ དྭ་ཏིའི་བུ་རྣམ་པར་ཤེས་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་མྱིང་དང་གཟུགས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་ དྭ་ཏིའི་བུ་སྐྱེ་མཆེད་དྲུག་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རེག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། ། ཤ་ར་དྭ་ཏིའི་བུ་ཚོར་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྲེད་པ་གཏིང་དཔག་དཀའ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ལེན་པ་གཏིང་དཔག་ དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྲིད་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྐྱེ་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྒ་ཤི་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་ བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་བསམ་གཏན་གྱི་ཕ་རོལད་ ཏུ་ཕྱིན་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ནང་ སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཕྱི་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཕྱི་ནང་སྟོང་པ་ཉིད་ གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྟོང་པ་ཉིད་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཆེན་པོ་སྟོང་པ་ཉིད་ གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་དོན་དམ་པ་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་འདུས་བྱས་སྟོང་པ་ ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་འདུས་མ་བྱས་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་མཐའ་ལས་འདས་པ་ སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ དོར་བ་མྱེད་པ་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རང་བཞིན་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ ཆོས་ཐམས་ཅད་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། ། ཤ་ར་དྭ་ཏིའི་བུ་མྱི་དམྱིགས་པ་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་དངོས་པོ་མྱེད་པ་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ངོ་བོ་ཉིད་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་དྲན་པ་ཉེ་བར་གཞག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཡང་དག་པར་སྤོང་བ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྫུ་འཕྲུལ་གྱི་རྐང་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་དབང་པོ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་ དཀའོ། །ཤ་ར་དྭ་ཏིའི་བུ་སྟོབས་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་ཡན་ལག་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ ར་དྭ་ཏིའི་བུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་འཕགས་པའི་བདེན་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་ དཀའོ། །ཤ་ར་དྭ་ཏིའི་བུ་བསམ་གཏན་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཚད་མྱེད་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། ། ཤ་ར་དྭ་ཏིའི་བུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཐར་པ་བརྒྱད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། ། ཤ་ར་དྭ་ཏིའི་བུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གཏིང་ དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་མངོན་པར་ཤེས་པ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་གཏིང་དཔག་དཀའ་ བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་གཟུངས་ཀྱི་སྒོ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་གཏིང་ དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་མྱི་འཇིགས་པ་བཞི་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སོ་སོ་ཡང་དག་པར་རིག་པ་ བཞི་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་པོ་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭོ་བརྒྱད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་ཐམས་ཅད་ཤེས་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ ཏིའི་བུ་ལམ་གྱི་རྣམ་པ་ཤེས་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་འདུ་ཤེས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་འདུ་བྱེད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མྱིག་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣ་ བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྣ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལྕེ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ ཏིའི་བུ་ལུས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཡིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་གཟུགས་ཚད་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་ དོ། །ཤ་ར་དྭ་ཏིའི་བུ་སྒྲ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་དྲི་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རོ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རེག་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཆོས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མྱིག་གི་རྣམ་པར་ཤེས་པ་ཚད་མྱེད་པའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣ་བའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྣའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལྕེའི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ ཏིའི་བུ་ཡིད་ཀྱི་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མྱིག་གི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣ་བའི་འདུས་ཏེ་རེག་པ་ ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྣའི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལྕེའི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་འདུས་ཏེ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་ དྭ་ཏིའི་བུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ ཏིའི་བུ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཆུའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མྱེའི་ཁམས་ཚད་མྱེད་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རླུང་གི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ནམ་མཁའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་ མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པའི་ཁམས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མ་རིག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་འདུ་བྱེད་ཚད་མྱེད་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མྱིང་དང་གཟུགས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་ མྱེད་དོ། །ཤ་ར་དྭ་ཏིའི་བུ་སྐྱེ་མཆེད་དྲུག་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རེག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཚོར་བ་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྲེད་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལེན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྲིད་པ་ཚད་ མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྐྱེ་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྒ་ཤི་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་ དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཕྱི་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཕྱི་ནང་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ ཏིའི་བུ་སྟོང་པ་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཆེན་པོ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་དོན་དམ་པ་སྟོང་པ་ཉིད་ཚད་མྱེད་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་འདུས་བྱས་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་འདུས་མ་བྱས་སྟོང་པ་ཉིད་ཚད་མྱེད་པའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མཐའ་ལས་འདས་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་དོར་བ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རང་བཞིན་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་ དོ། །ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ མྱི་དམྱིགས་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་དངོས་པོ་མྱེད་པ་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ངོ་བོ་ཉིད་སྟོང་པ་ཉིད་ཚད་ མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་དྲན་པ་ཉེ་བར་གཞག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཡང་དག་པར་སྤོང་བ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྫུ་འཕྲུལ་གྱི་རྐང་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། ། ཤ་ར་དྭ་ཏིའི་བུ་དབང་པོ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྟོབས་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་ཡན་ལག་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་འཕགས་པའི་བདེན་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་བསམ་གཏན་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཚད་མྱེད་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་གཟུགས་ མྱེད་པའི་སྙོམས་པར་འཇུག་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཐར་པ་བརྒྱད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མངོན་པར་ཤེས་པ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་གཟུངས་ ཀྱི་སྒོ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་མྱི་འཇིགས་པ་བཞི་ཚད་མྱེད་ པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སོ་སོ་ཡང་དག་པར་རིག་པ་བཞི་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་པོ་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ཐམས་ཅད་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མྱེད་དོ། །ཤ་ར་དྭ་ཏིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མྱེད་པའི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཚད་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་དྲུག་པ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །གལ་ཏེ་གཟུགས་ཟབ་ཅེས་བྱ་བར་ མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུ་ཤེས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་འདུ་བྱེད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་ཟབ། ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྒྲ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲི་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་རོ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆོས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་སྣའི་རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་རྣམ་པར་ ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པ་ཟབ་ཅེས་བྱ་ བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ ཏེ་ཡིད་ཀྱི་འདུས་ཏེ་རེག་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཕ་ལ་སྤྱོད་དོ། །གལ་ཏེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣ་བའི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སའི་ཁམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆུའི་ཁམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལད་ཏུ་ ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱེའི་ཁམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རླུང་གི་ཁམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ནམ་མཁའི་ཁམས་ཟབ་ ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པའི་ཁམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མ་རིག་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་དོ། །གལ་ཏེ་འདུ་བྱེད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཤེས་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱིང་དང་གཟུགས་ཟབ་ཅེས་བྱ་བར་ མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་མཆེད་དྲུག་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རེག་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་ཚོར་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲེད་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལེན་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྲིད་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྐྱེ་བ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྒ་ཤི་ཟབ་ཅེས་བྱ་བར་མྱི་སྤྱོད་ ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་ནང་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཕྱི་ནང་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྟོང་པ་ཉིད་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆེན་པོ་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་དོན་དམ་པ་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུས་བྱས་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འདུས་མ་བྱས་སྟོང་པ་ཉིད་ ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མཐའ་ལས་འདས་པ་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཟབ་ཅེས་ བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དོར་བ་མྱེད་པ་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རང་བཞིན་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རང་གི་མཚན་ཉིད་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལད་ ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱི་དམྱིགས་པ་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དངོས་པོ་མྱེད་པ་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ ཏེ་ངོ་བོ་ཉིད་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དྲན་པ་ ཉེ་བར་གཞག་པ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་དོ། །གལ་ཏེ་ཡང་དག་པར་སྤོང་བ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྫུ་འཕྲུལ་གྱི་ རྐང་པ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་དབང་པོ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྟོབས་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་འཕགས་པའི་བདེན་པ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་བསམ་གཏན་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དོ། །གལ་ཏེ་ཚད་མྱེད་པ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་རྣམ་པར་ཐར་པ་བརྒྱད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མངོན་པར་ཤེས་པ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཏིང་ངེ་འཛིན་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་གཟུངས་ཀྱི་སྒོ་རྣམས་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། གལ་ཏེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མྱི་འཇིགས་པ་བཞི་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སོ་སོ་ཡང་དག་པར་ རིག་པ་བཞི་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སྙིང་རྗེ་ཆེན་པོ་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཟབ་ཅེས་བྱ་ བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ཐམས་ཅད་ཤེས་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམས་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེས་བྱ་བར་མྱི་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ནོ། ། ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན་ནོ། །འདུ་ཤེས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། འདུ་ཤེས་མ་ཡིན་ནོ། །འདུ་བྱེད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན་ནོ། །རྣམ་པར་ཤེས་པའི་ཟབ་པ་ཉིད་གང་ཡིན་ པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ནོ། །མྱིག་གི་ཟབ་པ་ཉིད་གང་ཡིན་པ་དེ་ནི། མྱིག་མ་ཡིན་ནོ། །རྣ་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རྣ་བ་མ་ཡིན་ནོ། །སྣའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྣ་མ་ཡིན་ནོ། །ལྕེའི་ཟབ་པ་ཉིད་གང་ཡིན་ པ་དེ་ནི། ལྕེ་མ་ཡིན་ནོ། །ལུས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ལུས་མ་ཡིན་ནོ། །ཡིད་ཀྱི་ཐབ་པ་ཉིད་གང་ཡིན་པ་དེ་ནི། ཡིད་མ་ཡིན་ནོ། །གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ནོ། །སྒྲའི་ཟབ་པ་ཉིད་གང་ཡིན་པ་ དེ་ནི། སྒྲ་མ་ཡིན་ནོ། །དྲིའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། དྲི་མ་ཡིན་ནོ། །རོའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རོ་མ་ཡིན་ནོ། །རེག་གི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རེག་མ་ཡིན་ནོ། །ཆོས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཆོས་མ་ཡིན་ནོ། ། མྱིག་གི་རྣམ་ཕར་ཤེས་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། མྱིག་གི་རྣམ་པར་ཤེས་པ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པ་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པའི་ཟབ་པ་ཉིད་གང་ཡིན་ པ་དེ་ནི། སྣའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། ། ཡིད་ཀྱི་རྣམ་པར་ཤེས་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་ཟབ་པ་ཉིད་ གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ལྕེའི་འདུས་ ཏེ་རེག་པ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ནོ། །སའི་ཁམས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སའི་ཁམས་མ་ཡིན་ནོ། །ཆུའི་ཁམས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཆུའི་ཁམས་མ་ཡིན་ནོ། །མྱེའི་ཁམས་ཀྱི་ཟབ་པ་ཉིད་ གང་ཡིན་པ་དེ་ནི། མྱེའི་ཁམས་མ་ཡིན་ནོ། །རླུང་གི་ཁམས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རླུང་གི་ཁམས་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་མ་ཡིན་ནོ། །རྣམ་པར་ཤེས་ པའི་ཁམས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །མ་རིག་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། མ་རིག་པ་མ་ཡིན་ནོ། །འདུ་བྱེད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན་ནོ། །རྣམ་ པར་ཤེས་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ནོ། །མྱིང་དང་གཟུགས་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། མྱིང་དང་གཟུགས་མ་ཡིན་ནོ། །སྐྱེ་མཆེད་དྲུག་གི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་ མ་ཡིན་ནོ། །རེག་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རེག་པ་མ་ཡིན་ནོ། །ཚོར་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན་ནོ། །སྲེད་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྲེད་པ་མ་ཡིན་ནོ། །ལེན་པའི་ཟབ་པ་ཉིད་གང་ཡིན་པ་ དེ་ནི། ལེན་པ་མ་ཡིན་ནོ། །སྲིད་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྲིད་པ་མ་ཡིན་ནོ། །སྐྱེ་བའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྐྱེ་བ་མ་ཡིན་ནོ། །རྒ་ཤིའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། རྒ་ཤི་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ཟབ་པ་ཉིད་ གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་པ་ཉིད་གང་ཡིན་ པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ནང་སྟོང་པ་ཉིད་མ་ཡིན་ནོ། ། ཕྱི་སྟོང་པ་ཉིད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་ པ་ཉིད་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཟབ་པ་ཉིད་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱི་ཟབ་པ་ཉིད་གང་ཡིན་པ་ དེ་ནི། འདུས་བྱས་སྟོང་