Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 021_འབུམ།_ཉ
Văn bản gốc(Tây Tạng)
Trang 8 / 23 (50.000 ký tự/trang)
ུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣ་བའི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྣའི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ལྕེའི་ འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཤ་ར་དྭ་ཏིའི་བུ་མྱིག་གི་དུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་ དག་པ་སྣང་བའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཤ་ར་དྭ་ཏིའི་བུ་སའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཆུའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མྱེའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་ པར་དག་པ་སྣང་བའོ། །རླུང་གི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ནམ་མཁའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། ། ཤ་ར་དྭ་ཏིའི་བུ་མ་རིག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །འདུ་བྱེད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣམ་པར་ཤེས་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མྱིང་དང་གཟུགས་རྣམ་པར་ དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྐྱེ་མཆེད་དྲུག་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རེག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཚོར་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྲེད་པ་རྣམ་ པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ལེན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྲིད་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྐྱེ་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྒ་ཤི་རྣམ་པར་དག་ པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཤ་ར་དྭ་ཏིའི་བུ་ནང་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཕྱི་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཕྱི་ནང་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཆེན་པོ་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དོན་དམ་པ་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། ། འདུས་བྱས་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རང་བཞིན་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཆོས་ ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དངོས་པོ་མྱེད་ པ་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དྲན་པ་ཉེ་བར་ གཞག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཡང་དག་པར་སྤོང་བ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དབང་པོ་རྣམ་པར་དག་པའི་ཕྱིར། རྣམ་པར་ དག་པ་སྣང་བའོ། །སྟོབས་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་ བའོ། །འཕགས་པའི་བདེན་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །བསམ་གཏན་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཚད་མྱེད་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་དག་པའི་ཕྱིར། རྣམ་པར་ དག་པ་སྣང་བའོ། །སྟོང་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མཚན་མ་མྱེད་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སྨོན་པ་མྱེད་པ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མངོན་པར་ཤེས་པ་རྣམ་པར་ དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཏིང་ངེ་འཛིན་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་པའོ། །གཟུངས་ཀྱི་སྒོ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །མྱི་འཇིགས་པ་བཞི་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་དག་པའི་ཕྱིར་ རྣམ་པར་དག་པ་སྣང་བའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ཕྱིར་མྱི་འོད་བའི་འབྲས་བུ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །དགྲ་བཅོམ་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །རང་བྱང་ཆུབ་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་ཕྱིར། རྣམ་པར་དག་པ་སྣང་བའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་གི་མཚམས་སྦྱོར་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་ པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་ཉིང་གི་མཚམས་སྦྱོར་བ་མ་མཆིས་པ་ནི་རྣམ་པར་དག་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་ པའོ། །ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུ་ཤེས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུ་བྱེད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། ། རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱིག་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣ་ལ་ འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལུས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡིད་ལ་འཕོ་བ་མྱེད་ཅིང་ ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །གཟུགས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྒྲ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །དྲི་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་ སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རོ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རེག་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆོས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་ རྣམ་པར་དག་པའོ། །མྱིག་གི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བའི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣའི་རྣམ་པར་ཤེས་པ་ལ་ འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེའི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་ སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱིག་གི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བའི་འདུས་ ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་ རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་ མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མེད་པ་ནི་ རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སའི་ཁམས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆུའི་ཁམས་ལ་འཕོ་བ་མྱེད་ ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱེའི་ཁམས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རླུང་གི་ཁམས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ནམ་མཁའི་ ཁམས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པའི་ཁམས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མ་རིག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་ དག་པའོ། །འདུ་བྱེད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱིང་དང་གཟུགས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་ མྱེད་པ་ནི་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རེག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཚོར་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་ སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྲེད་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ། །ལེན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྲིད་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་ བ་མྱེད་པ་ནི་རྣམ་པར་དག་པའོ། །སྐྱེ་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྒ་ཤི་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་ སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ནང་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཕྱི་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། ། ཕྱི་ནང་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆེན་པོ་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ ནི་རྣམ་པར་དག་པའོ། །དོན་དམ་པ་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུས་བྱས་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུས་མ་བྱས་སྟོང་པ་ཉིད་ལ་འཕོ་ བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ ནི་རྣམ་པར་དག་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རང་བཞིན་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་འཕོ་ བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་ དག་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འཕོ་བ་མྱེད་ ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །དྲན་པ་ཉེ་བར་གཞག་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡང་དག་པར་སྤོང་བ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྫུ་འཕྲུལ་ གྱི་རྐང་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །དབང་པོ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྟོབས་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །བྱང་ཆུབ་ ཀྱི་ཡན་ལག་ལ་འཕོ་བ་མེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །འཕགས་པའི་བདེན་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་ སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །བསམ་གཏན་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཚད་མྱེད་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པར་ཐར་པ་བརྒྱད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་ བ་མྱེད་པ་ནི་རྣམ་པར་དག་པའོ། །སྟོང་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མཚན་མ་མྱེད་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྨོན་པ་མྱེད་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་ མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མངོན་པར་ཤེས་པ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ཏིང་ངེ་འཛིན་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། ། གཟུངས་ཀྱི་སྒོ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱི་འཇིགས་པ་བཞི་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་ བ་མྱེད་པ་ནི་རྣམ་པར་དག་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སྙིང་རྗེ་ཆེན་པོ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭོ་བརྒྱད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་ བ་མྱེད་པ་ནི་རྣམ་པར་དག་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །དགྲ་བཅོམ་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རང་བྱང་ཆུབ་ལ་འཕོ་བ་མྱེད་ཅིང་ཉིང་ གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཕོ་བ་མྱེད་ཅིང་ཉིང་གི་མཚམས་སྦྱོར་བ་མྱེད་པ་ནི་རྣམ་པར་དག་པའོ། ། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་ཀུན་ནས་ཉོན་མོངས་པ་མ་ མཆིས་པའི་སླད་དུ། ཀུན་ནས་ཉོན་མོངས་པ་མ་མཆིས་པ་རྣམ་པར་དག་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཚོར་བ་རང་བཞིན་གྱིས་འོད་ གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །འདུ་ཤེས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །འདུ་བྱེད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ ཉོན་མོངས་པ་མྱེད་པའོ། །རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མྱིག་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྣ་བ་རང་བཞིན་ གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྣ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལྕེ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ ཉོན་མོངས་པ་མྱེད་པའོ། །ལུས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཡིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །གཟུགས་རང་བཞིན་གྱིས་ འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྒྲ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །དྲི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་ མྱེད་པའོ། །རོ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རེག་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཆོས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་ པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །མིག་གི་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྣའི་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་ པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ ཉོན་མོངས་པ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་ མྱེད་པའོ། །སྣའི་འདུས་ཏེ་རེག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལུས་ ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མྱིག་གི་འདུས་ ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་ པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་ པ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་ མོངས་པ་མྱེད་པའོ། །སའི་ཁམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཆུའི་ཁམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མྱེའི་ཁམས་དང་ བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རླུང་གི་ཁམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ནམ་མཁའི་ཁམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། །རྣམ་པར་ཤེས་པའི་ཁམས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མ་རིག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་ དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །འདུ་བྱེད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། ། མྱིང་དང་གཟུགས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྐྱེ་མཆེད་དྲུག་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རེག་པ་རང་བཞིན་གྱིས་ འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཚོར་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྲེད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་ པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལེན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྲིད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྐྱེ་བ་ རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྒ་ཤི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་ པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་ དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ནང་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་ མོངས་པ་མྱེད་པའོ། །ཕྱི་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྟོང་པ་ཉིད་ སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་ བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་ པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ ཀུན་ནས་ཉོན་མོངས་པ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་ པ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། ། མྱི་དམྱིགས་པ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །དངོས་པ་མྱེད་པ་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་ རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཡང་དག་པར་སྤོང་བ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་ རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །དབང་པོ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྟོབས་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ ནས་ཉོན་མོངས་པ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །འཕགས་པའི་ལམ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མེད་པའོ། ། འཕགས་པའི་བདེན་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །བསམ་གཏན་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཚད་མྱེད་པ་རང་བཞིན་གྱིས་འོད་གསལ་ བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྣམ་པར་ཐར་བ་བརྒྱད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་ དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མཚན་མ་མྱེད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སྨོན་པ་མྱེད་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། ། མངོན་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ཏིང་ངེ་འཛིན་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །གཟུངས་ཀྱི་སྒོ་རང་བཞིན་གྱིས་འོད་གསལ་ བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །མྱི་འཇིགས་པ་བཞི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་ དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །བྱམས་པ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་ པ་མྱེད་པའོ། །སྙིང་རྗེ་ཆེན་པོ་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་ པའོ། །ཐམས་ཅད་ཤེས་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཕྱིར། རྣམ་པར་དག་པ་ཀུན་ནས་ཉོན་མོངས་པ་མྱེད་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཐོབ་པར་བགྱི་བ་དང་། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པའོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་བ། བཅོམ་ལྡན་འདས་གང་ལ་ཐོབ་པར་བགྱི་བ་མ་མཆིས་པ་དང་། མངོན་པར་རྟོགས་པར་བགྱི་བ་མ་མཆིས་པ་རྣམ་པར་དག་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། གཟུགས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུ་ཤེས་ཐོབ་པར་བྱ་བ་མྱེད་པ་ དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུ་བྱེད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་ པའོ། །ཤ་ར་དྭ་ཏིའི་བུ་མྱིག་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་ པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལུས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་ རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་གཟུགས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྒྲ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །དྲི་ཐོབ་པར་བྱང་ མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རོ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རེག་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆོས་ཐོབ་པར་ བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་མྱིག་གི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བའི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣའི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེའི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་ རྣམ་པར་དག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ ཏིའི་བུ་མྱིག་གི་འདུས་ཏེ་རེག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པ་ཐོབ་ པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་ རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་ པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་ པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་ པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་སའི་ཁམས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་ པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆུའི་ཁམས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱེའི་ཁམས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རླུང་ གི་ཁམས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ནམ་མཁའི་ཁམས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པའི་ཁམས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་མ་རིག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུ་བྱེད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་ པའོ། །རྣམ་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱིང་དང་གཟུགས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་ རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རེག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཚོར་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྲེད་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལེན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྲིད་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྐྱེ་བ་ཐོབ་པར་ བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྒ་ཤི་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤ་ར་དྭ་ཏིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་ བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ནང་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཕྱི་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་ རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཕྱི་ནང་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆེན་ པོ་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །དོན་དམ་པ་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུས་བྱས་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །འདུས་མ་བྱས་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་ པ་ནི་རྣམ་པར་དག་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ ནི་རྣམ་པར་དག་པའོ། །རང་བཞིན་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རང་གི་ མཚན་ཉིད་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཐོབ་པར་ བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་ པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །དྲན་པ་ཉེ་བར་གཞག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཡང་དག་པར་སྤོང་བ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་ པའོ། །རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །དབང་པོ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྟོབས་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་ པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཡན་ལག་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་ པའོ། །འཕགས་པའི་བདེན་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །བསམ་གཏན་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཚད་མྱེད་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་ པར་རྟོགས་པར་བྱ་བ་མེད་པ་ནི་རྣམ་པར་དག་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པར་ཐར་པ་བརྒྱད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་ པ་ནི་རྣམ་པར་དག་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྟོང་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། ། མཚན་མ་མྱེད་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྨོན་པ་མྱེད་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །མངོན་པར་ཤེས་པ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་ པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཏིང་ངེ་འཛིན་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །གཟུངས་ཀྱི་སྒོ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །དེ་བཞིན་ གཤེགས་པའི་སྟོབས་བཅུ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །མྱི་འཇིགས་པ་བཞི་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་ པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །བྱམས་པ་ཆེན་པོ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །སྙིང་རྗེ་ཆེན་པོ་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ ནི་རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་ པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་མྱེད་པ་དང་། མངོན་པར་རྟོགས་པར་བྱ་བ་མྱེད་པ་ནི་རྣམ་པར་ དག་པའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གཅིག་པ། །གསོལད་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལད་པ། བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་རྣམ་པར་དག་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལད་པ། ཤ་ར་དྭ་ཏིའི་བུ་གཟུགས་མངོན་པར་མ་གྲུབ་ནི་རྣམ་པར་དག་པའོ། ། ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །འདུ་ཤེས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །འདུ་བྱེད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མྱིག་མངོན་པར་མ་གྲུབ་པ་ ནི་རྣམ་པར་དག་པའོ། །རྣ་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྣ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ལྕེ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ལུས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཡིད་མངོན་པར་མ་གྲུབ་ པ་ནི་རྣམ་པར་དག་པའོ། །གཟུགས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྒྲ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །དྲི་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རོ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རེག་མངོན་པར་མ་གྲུབ་ པ་ནི་རྣམ་པར་དག་པའོ། །ཆོས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མྱིག་གི་རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣ་བའི་རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྣའི་རྣམ་པར་ཤེས་པ་མངོན་ པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ལྕེའི་རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ལུས་ཀྱི་རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མྱིག་ གི་འདུས་ཏེ་རེག་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པ་མངོན་པར་མ་གྲུབ་པ་ནི་རྣམ་ པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣ་ བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སའི་ཁམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཆུའི་ཁམས་མངོན་ པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མྱེའི་ཁམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རླུང་གི་ཁམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ནམ་མཁའི་ཁམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པའི་ ཁམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མ་རིག་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །འདུ་བྱེད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣམ་པར་ཤེས་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། ། མྱིང་དང་གཟུགས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རེག་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཚོར་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྲེད་པ་མངོན་ པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ལེན་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྲིད་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྐྱེ་བ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྒ་ཤི་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ནང་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་ པར་དག་པའོ། །ཕྱི་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཕྱི་ནང་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྟོང་པ་ཉིད་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཆེན་པོ་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་ པར་དག་པའོ། །དོན་དམ་པ་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །འདུས་བྱས་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །འདུས་མ་བྱས་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མཐའ་ལས་འདས་པ་ སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རང་བཞིན་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་ པར་དག་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །དངོས་པོ་མྱེད་ པ་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་མངོན་པར་མ་གྲུབ་ པ་ནི་རྣམ་པར་དག་པའོ། །ཡང་དག་པར་སྤོང་བ་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །དབང་པོ་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྟོབས་རྣམས་མངོན་ པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །འཕགས་པའི་བདེན་པ་རྣམས་མངོན་པར་མ་གྲུབ་པ་ནི་ རྣམ་པར་དག་པའོ། །བསམ་གཏན་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཚད་མྱེད་པ་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣམ་ པར་ཐར་བ་བརྒྱད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མངོན་པར་མ་ གྲུབ་པ་ནི་རྣམ་པར་དག་པའོ། །མངོན་པར་ཤེས་པ་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཏིང་ངེ་འཛིན་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །གཟུངས་ཀྱི་སྒོ་རྣམས་མངོན་པར་མ་གྲུབ་པ་ནི་རྣམ་ པར་དག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །མྱི་འཇིགས་པ་བཞི་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །བྱམས་པ་ ཆེན་པོ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སྙིང་རྗེ་ཆེན་པོ་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །ཐམས་ཅད་ཤེས་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་ དག་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་མ་གྲུབ་པ་ནི་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེ་བ་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་འདོད་པའི་ཁམས་སུ་སྐྱེ་བ་མ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདོད་པའི་ཁམས་རང་བཞིན་གྱིས་མྱི་དམྱིགས་པའི་ཕྱིར། རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་གཟུགས་ཀྱི་ཁམས་སུ་སྐྱེ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་ཁམས་རང་བཞིན་གྱིས་ མྱི་དམྱིགས་པའི་ཕྱིར། རྣམ་པར་དག་པ་ནི་སྐྱེ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་གཟུགས་མྱེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པར་དག་པ་གཟུགས་མྱེད་པའི་ཁམས་སུ་སྐྱེ་བ་མ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་མྱེད་པའི་ཁམས་རང་བཞིན་གྱིས་མྱི་དམྱིགས་པའི་ཕྱིར་རྣམ་པར་ དག་པ་ནི་སྐྱེ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་ པར་དག་པ་འཚལ་བ་མ་མཆིས་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ལ་སེམས་མྱེད་པའི་ཕྱིར། རྣམ་པར་དག་པ་ལ་ཤེས་པ་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། གཟུགས་མ་འཚལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། གཟུགས་མ་འཚལ་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། གཟུགས་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ཚོར་བ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ཚོར་བ་མ་འཚལ་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། རྣམ་པར་དག་པས། ཚོར་བ་མྱི་ཤེས་སོ། ། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། འདུ་ཤེས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་ པས། འདུ་ཤེས་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། འདུ་ཤེས་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། འདུ་བྱེད་མ་འཚལ་ཏོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་འདུ་བྱེད་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་ པར་དག་པས་འདུ་བྱེད་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས་རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་ རྣམ་པར་ཤེས་པ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས་རྣམ་པར་ཤེས་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས་མྱིག་མ་འཚལ་ཏོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་མྱིག་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། མྱིག་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས་རྣ་བ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་རྣ་བ་མ་འཚལ་པ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། རྣ་བ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། སྣ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་ བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། སྣ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། སྣ་མྱི་ ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ལྕེ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ལྕེ་མ་ འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། ལྕེ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས་ལུས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་ལུས་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་ པར་དག་པས་ལུས་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས་ཡིད་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་ དག་པས། ཡིད་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། ཡིད་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། གཟུགས་མ་འཚལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། གཟུགས་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས་གཟུགས་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། སྒྲ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས་སྒྲ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། སྒྲ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་ རྣམ་པར་དག་པས། དྲི་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། དྲི་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། དྲི་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། རོ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་ པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། རོ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། རོ་མྱི་ཤེས་སོ། །གསོལ་པ་བཅོམ་ལྡན་ འདས་རྣམ་པར་དག་པས། རེག་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། རེག་མ་འཚལ་པ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། རེག་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ཆོས་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་ རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ཆོས་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། ཆོས་མྱི་ཤེས་སོ། ། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། མྱིག་གི་རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། མྱིག་གི་ རྣམ་པར་ཤེས་པ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། མྱིག་གི་རྣམ་པར་ཤེས་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། རྣ་བའི་ རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། རྣ་བའི་རྣམ་པར་ཤེས་པ་མ་འཚལ་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། རྣ་བའི་རྣམ་པར་ཤེས་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། སྣའི་རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། སྣའི་རྣམ་པར་ཤེས་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་ མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། སྣའི་རྣམ་པར་ཤེས་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ལྕེའི་རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་ དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ལྕེའི་རྣམ་པར་ཤེས་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་ པས། ལྕེའི་རྣམ་པར་ཤེས་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ལུས་ཀྱི་རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ལུས་ཀྱི་རྣམ་པར་ཤེས་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། ལུས་ཀྱི་རྣམ་པར་ཤེས་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ཡིད་ཀྱི་རྣམ་པར་ཤེས་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ཡིད་ཀྱི་རྣམ་པར་ ཤེས་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། ཡིད་ཀྱི་རྣམ་པར་ཤེས་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། མྱིག་གི་ འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། མྱིག་གི་འདུས་ཏེ་རེག་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། མྱིག་གི་འདུས་ཏེ་རེག་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། རྣ་བའི་འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། རྣ་བའི་འདུས་ཏེ་རེག་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ ཉིད་ཀྱི་ཕྱིར་རྣམ་པར་དག་པས། རྣ་བའི་འདུས་ཏེ་རེག་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། སྣའི་འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། སྣའི་འདུས་ཏེ་རེག་པ་མ་འཚལ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། སྣའི་འདུས་ཏེ་རེག་པ་མྱི་ཤེས་སོ། ། གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ལྕེའི་འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ལྕེའི་ འདུས་ཏེ་རེག་པ་མ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་དག་པས། ལྕེའི་འདུས་ཏེ་རེག་པ་མྱི་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པས། ལུས་ཀྱི་ འདུས་ཏེ་རེག་པ་མ་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་དག་པས། ལུས་ཀྱི་འདུས་ཏེ་རེག་པ་མ་འཚལ་བ་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་