Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 021_འབུམ།_ཉ

Văn bản gốc(Tây Tạng)

Trang 21 / 23 (50.000 ký tự/trang)
།ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། །ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མྱི་གནས་ཏེ། གང་གི་ཚེ་
གཟུགས་ལ་མྱི་གནས་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་དོ། །ཚོར་བ་ལ་མྱི་གནས་ཏེ། གང་གི་ཚེ་ཚོར་བ་ལ་མྱི་གནས་པ་དེའི་ཚེ། ཚོར་བ་ལ་བརྩོན་པར་བྱེད་དོ། །འདུ་ཤེས་ལ་མྱི་གནས་ཏེ། གང་གི་ཚེ་འདུ་ཤེས་ལ་མྱི་
གནས་པ་དེའི་ཚེ། འདུ་ཤེས་ལ་བརྩོན་པར་བྱེད་དོ། །འདུ་བྱེད་ལ་མྱི་གནས་ཏེ། གང་གི་ཚེ་འདུ་བྱེད་ལ་མྱི་གནས་པ་དེའི་ཚེ། འདུ་བྱེད་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པ་ལ་མྱི་གནས་ཏེ། གང་གི་ཚེ་རྣམ་པར་ཤེས་པ་ལ་མྱི་

གནས་པ་དེའི་ཚེ། རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །མྱིག་ལ་མྱི་གནས་ཏེ། གང་གི་ཚེ་མྱིག་ལ་མྱི་གནས་པ་དེའི་ཚེ། མྱིག་ལ་བརྩོན་པར་བྱེད་དོ། །རྣ་བ་ལ་མྱི་གནས་ཏེ། གང་གི་ཚེ་རྣ་བ་ལ་མྱི་གནས་པ་དེའི་ཚེ། རྣ་བ་ལ་བརྩོན་
པར་བྱེད་དོ། །སྣ་ལ་མྱི་གནས་ཏེ། གང་གི་ཚེ་སྣ་ལ་མྱི་གནས་པ་དེའི་ཚེ། སྣ་ལ་བརྩོན་པར་བྱེད་དོ། །ལྕེ་ལ་མྱི་གནས་ཏེ། གང་གི་ཚེ་ལྕེ་ལ་མྱི་གནས་པ་དེའི་ཚེ། ལྕེ་ལ་བརྩོན་པར་བྱེད་དོ། །ལུས་ལ་མྱི་གནས་ཏེ། གང་གི་ཚེ་ལུས་ལ་
མྱི་གནས་པ་དེའི་ཚེ། ལུས་ལ་བརྩོན་པར་བྱེད་དོ། །ཡིད་ལ་མྱི་གནས་ཏེ། གང་གི་ཚེ་ཡིད་ལ་མྱི་གནས་པ་དེའི་ཚེ། ཡིད་ལ་བརྩོན་པར་བྱེད་དོ། །གཟུགས་ལ་མྱི་གནས་ཏེ། གང་གི་ཚེ་གཟུགས་ལ་མྱི་གནས་པ་དེའི་ཚེ། གཟུགས་ལ་
བརྩོན་པར་བྱེད་དོ། །སྒྲ་ལ་མྱི་གནས་ཏེ། གང་གི་ཚེ་སྒྲ་ལ་མྱི་གནས་པ་དེའི་ཚེ། སྒྲ་ལ་བརྩོན་པར་བྱེད་དོ། །དྲི་ལ་མྱི་གནས་ཏེ། གང་གི་ཚེ་དྲི་ལ་མྱི་གནས་པ་དེའི་ཚེ། དྲི་ལ་བརྩོན་པར་བྱེད་དོ། །རོ་ལ་མྱི་གནས་ཏེ། གང་གི་ཚེ་རོ་
ལ་མྱི་གནས་པ་དེའི་ཚེ། རོ་ལ་བརྩོན་པར་བྱེད་དོ། །རེག་ལ་མྱི་གནས་ཏེ། གང་གི་ཚེ་རེག་ལ་མྱི་གནས་པ་དེའི་ཚེ། རེག་ལ་བརྩོན་པར་བྱེད་དོ། །ཆོས་ལ་མྱི་གནས་ཏེ། གང་གི་ཚེ་ཆོས་ལ་མྱི་གནས་པ་དེའི་ཚེ། ཆོས་ལ་བརྩོན་པར་
བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ལ་མྱི་གནས་ཏེ། གང་གི་ཚེ་མྱིག་གི་རྣམ་པར་ཤེས་པ་ལ་མྱི་གནས་པ་དེའི་ཚེ། མྱིག་གི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་མྱི་གནས་ཏེ། གང་གི་ཚེ་རྣ་བའི་
རྣམ་པར་ཤེས་པ་ལ་མྱི་གནས་པ་དེའི་ཚེ། རྣ་བའི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །སྣའི་རྣམ་པར་ཤེས་པ་ལ་མྱི་གནས་ཏེ། གང་གི་ཚེ་སྣའི་རྣམ་པར་ཤེས་པ་ལ་མྱི་གནས་པ་དེའི་ཚེ། སྣའི་རྣམ་པར་ཤེས་པ་

ལ་བརྩོན་པར་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་ལ་མྱི་གནས་ཏེ། གང་གི་ཚེ་ལྕེའི་རྣམ་པར་ཤེས་པ་ལ་མྱི་གནས་པ་དེའི་ཚེ། ལྕེའི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་གནས་
ཏེ། གང་གི་ཚེ་ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་གནས་པ་དེའི་ཚེ། ལུས་ཀྱི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་གནས་ཏེ། གང་གི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་གནས་པ་དེའི་ཚེ། ཡིད་ཀྱི་རྣམ་པར་
ཤེས་པ་ལ་བརྩོན་པར་བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལ་མྱི་གནས་ཏེ། གང་གི་ཚེ་མྱིག་གི་འདུས་ཏེ་རེག་པ་ལ་མྱི་གནས་པ་དེའི་ཚེ། མྱིག་གི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་མྱི་གནས་ཏེ།
གང་གི་ཚེ་རྣ་བའི་འདུས་ཏེ་རེག་པ་ལ་མྱི་གནས་པ་དེའི་ཚེ། རྣ་བའི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །སྣའི་འདུས་ཏེ་རེག་པ་ལ་མྱི་གནས་ཏེ། གང་གི་ཚེ་སྣའི་འདུས་ཏེ་རེག་པ་ལ་མྱི་གནས་པ་དེའི་ཚེ། སྣའི་འདུས་ཏེ་རེག་པ་ལ་
བརྩོན་པར་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་མྱི་གནས་ཏེ། གང་གི་ཚེ་ལྕེའི་འདུས་ཏེ་རེག་པ་ལ་མྱི་གནས་པ་དེའི་ཚེ། ལྕེའི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་གནས་ཏེ། གང་གི་ཚེ་ལུས་ཀྱི་འདུས་
ཏེ་རེག་པ་ལ་མྱི་གནས་པ་དེའི་ཚེ། ལུས་ཀྱི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་གནས་ཏེ། གང་གི་ཚེ་ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་གནས་པ་དེའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །
མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་ཏེ། གང་གི་ཚེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་པ་དེའི་ཚེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་

རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་ཏེ། གང་གི་ཚེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་པ་དེའི་ཚེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་ཏེ།
གང་གི་ཚེ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་པ་དེའི་ཚེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་ཏེ། གང་གི་ཚེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་ལ་མྱི་གནས་པ་དེའི་ཚེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་ཏེ། གང་གི་ཚེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་པ་དེའི་ཚེ། ལུས་
ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་ཏེ། གང་གི་ཚེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་གནས་པ་དེའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
ཚོར་བ་ལ་བརྩོན་པར་བྱེད་དོ། །སའི་ཁམས་ལ་མྱི་གནས་ཏེ། གང་གི་ཚེ་སའི་ཁམས་ལ་མྱི་གནས་པ་དེའི་ཚེ། སའི་ཁམས་ལ་བརྩོན་པར་བྱེད་དོ། །ཆུའི་ཁམས་ལ་མྱི་གནས་ཏེ། གང་གི་ཚེ་ཆུའི་ཁམས་ལ་མྱི་གནས་པ་དེའི་ཚེ། ཆུའི་
ཁམས་ལ་བརྩོན་པར་བྱེད་དོ། །མྱེའི་ཁམས་ལ་མྱི་གནས་ཏེ། གང་གི་ཚེ་མྱེའི་ཁམས་ལ་མྱི་གནས་པ་དེའི་ཚེ། མྱེའི་ཁམས་ལ་བརྩོན་པར་བྱེད་དོ། །རླུང་གི་ཁམས་ལ་མྱི་གནས་ཏེ། གང་གི་ཚེ་རླུང་གི་ཁམས་ལ་མྱི་གནས་པ་དེའི་ཚེ། རླུང་གི་
ཁམས་ལ་བརྩོན་པར་བྱེད་དོ། །ནམ་མཁའི་ཁམས་ལ་མྱི་གནས་ཏེ། གང་གི་ཚེ་ནམ་མཁའི་ཁམས་ལ་མྱི་གནས་པ་དེའི་ཚེ། ནམ་མཁའི་ཁམས་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་མྱི་གནས་ཏེ། གང་གི་ཚེ་

རྣམ་པར་ཤེས་པའི་ཁམས་ལ་མྱི་གནས་པ་དེའི་ཚེ། རྣམ་པར་ཤེས་པའི་ཁམས་ལ་བརྩོན་པར་བྱེད་དོ། །མ་རིག་པ་ལ་མྱི་གནས་ཏེ། གང་གི་ཚེ་མ་རིག་པ་ལ་མྱི་གནས་པ་དེའི་ཚེ། མ་རིག་པ་ལ་བརྩོན་པར་བྱེད་དོ། །
འདུ་བྱེད་ལ་མྱི་གནས་ཏེ། གང་གི་ཚེ་འདུ་བྱེད་ལ་མྱི་གནས་པ་དེའི་ཚེ། འདུ་བྱེད་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པ་ལ་མྱི་གནས་ཏེ། གང་གི་ཚེ་རྣམ་པར་ཤེས་པ་ལ་མྱི་གནས་པ་དེའི་ཚེ། རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །
མྱིང་དང་གཟུགས་ལ་མྱི་གནས་ཏེ། གང་གི་ཚེ་མྱིང་དང་གཟུགས་ལ་མྱི་གནས་པ་དེའི་ཚེ། མྱིང་དང་གཟུགས་ལ་བརྩོན་པར་བྱེད་དོ། །སྐྱེ་མཆེད་དྲུག་ལ་མྱི་གནས་ཏེ། གང་གི་ཚེ་སྐྱེ་མཆེད་དྲུག་ལ་མྱི་གནས་པ་དེའི་ཚེ། སྐྱེ་མཆེད་དྲུག་ལ་
བརྩོན་པར་བྱེད་དོ། །རེག་པ་ལ་མྱི་གནས་ཏེ། གང་གི་ཚེ་རེག་པ་ལ་མྱི་གནས་པ་དེའི་ཚེ། རེག་པ་ལ་བརྩོན་པར་བྱེད་དོ། །ཚོར་བ་ལ་མྱི་གནས་ཏེ། གང་གི་ཚེ་ཚོར་བ་ལ་མྱི་གནས་པ་དེའི་ཚེ། ཚོར་བ་ལ་བརྩོན་པར་བྱེད་དོ། །སྲེད་
པ་ལ་མྱི་གནས་ཏེ། གང་གི་ཚེ་སྲེད་པ་ལ་མྱི་གནས་པ་དེའི་ཚེ། སྲེད་པ་ལ་བརྩོན་པར་བྱེད་དོ། །ལེན་པ་ལ་མྱི་གནས་ཏེ། གང་གི་ཚེ་ལེན་པ་ལ་མྱི་གནས་པ་དེའི་ཚེ། ལེན་པ་ལ་བརྩོན་པར་བྱེད་དོ། །སྲིད་པ་ལ་མྱི་གནས་ཏེ། གང་གི་ཚེ་
སྲིད་པ་ལ་མྱི་གནས་པ་དེའི་ཚེ། སྲིད་པ་ལ་བརྩོན་པར་བྱེད་དོ། །སྐྱེ་བ་ལ་མྱི་གནས་ཏེ། གང་གི་ཚེ་སྐྱེ་བ་ལ་མྱི་གནས་པ་དེའི་ཚེ། སྐྱེ་བ་ལ་བརྩོན་པར་བྱེད་དོ། །རྒ་ཤི་ལ་མྱི་གནས་ཏེ། གང་གི་ཚེ་རྒ་ཤི་ལ་མྱི་གནས་པ་དེའི་ཚེ། རྒ་ཤི་ལ་
བརྩོན་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་ཏེ། གང་གི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་པ་དེའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་ཏེ།

གང་གི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་པ་དེའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་ཏེ། གང་གི་ཚེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་པ་དེའི་
ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་ཏེ། གང་གི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་པ་དེའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་ཏེ། གང་གི་ཚེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་པ་དེའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་ཏེ། གང་གི་ཚེ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །ནང་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ནང་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། ནང་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཕྱི་སྟོང་པ་
ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ཕྱི་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། ཕྱི་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ཕྱི་ནང་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། ཕྱི་ནང་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །
སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ཆེན་པོ་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། ཆེན་པོ་
སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་དོན་དམ་པ་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། དོན་དམ་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་འདུས་

བྱས་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། འདུས་བྱས་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་འདུས་མ་བྱས་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། འདུས་མ་བྱས་སྟོང་
པ་ཉིད་ལ་བརྩོན་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་
ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་
གནས་པ་དེའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་རང་བཞིན་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། རང་བཞིན་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་
ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་གནས་
པ་དེའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དངོས་པོ་མྱེད་
པ་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ།

ངོ་བོ་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་གནས་པ་དེའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །
དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་གནས་པ་དེའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་ལ་བརྩོན་པར་བྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་ཡང་དག་པར་
སྤོང་བ་རྣམས་ལ་མྱི་གནས་པ་དེའི་ཚེ། ཡང་དག་པར་སྤོང་བ་རྣམས་ལ་བརྩོན་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་གནས་པ་དེའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བརྩོན་པར་
བྱེད་དོ། །དབང་པོ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་དབང་པོ་རྣམས་ལ་མྱི་གནས་པ་དེའི་ཚེ། དབང་པོ་རྣམས་ལ་བརྩོན་པར་བྱེད་དོ། །སྟོབས་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་སྟོབས་རྣམས་ལ་མྱི་གནས་པ་དེའི་ཚེ། སྟོབས་རྣམས་ལ་བརྩོན་
པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་གནས་པ་དེའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བརྩོན་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་གནས་ཏེ། གང་
གི་ཚེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་གནས་པ་དེའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བརྩོན་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་འཕགས་པའི་བདེན་པ་རྣམས་ལ་མྱི་གནས་པ་དེའི་
ཚེ། འཕགས་པའི་བདེན་པ་རྣམས་ལ་བརྩོན་པར་བྱེད་དོ། །བསམ་གཏན་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་བསམ་གཏན་རྣམས་ལ་མྱི་གནས་པ་དེའི་ཚེ། བསམ་གཏན་རྣམས་ལ་བརྩོན་པར་བྱེད་དོ། །ཚད་མྱེད་པ་རྣམས་ལ་མྱི་གནས་

ཏེ། གང་གི་ཚེ་ཚད་མྱེད་པ་རྣམས་ལ་མྱི་གནས་པ་དེའི་ཚེ། ཚད་མྱེད་པ་རྣམས་ལ་བརྩོན་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་
རྣམས་ལ་མྱི་གནས་པ་དེའི་ཚེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བརྩོན་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ལ་མྱི་གནས་ཏེ། གང་གི་ཚེ་རྣམ་པར་ཐར་པ་བརྒྱད་ལ་མྱི་གནས་པ་དེའི་ཚེ། རྣམ་པར་ཐར་པ་བརྒྱད་ལ་བརྩོན་པར་
བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་གནས་ཏེ། གང་གི་ཚེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་གནས་པ་དེའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བརྩོན་པར་བྱེད་དོ། །
རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་གནས་ཏེ། གང་གི་ཚེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་གནས་པ་དེའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་
པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་བརྩོན་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་མངོན་པར་ཤེས་པ་རྣམས་ལ་མྱི་གནས་པ་དེའི་ཚེ། མངོན་པར་ཤེས་པ་རྣམས་ལ་བརྩོན་པར་བྱེད་དོ། །
ཏིང་ངེ་འཛིན་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་ཏིང་ངེ་འཛིན་རྣམས་ལ་མྱི་གནས་པ་དེའི་ཚེ། ཏིང་ངེ་འཛིན་རྣམས་ལ་བརྩོན་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་མྱི་གནས་ཏེ། གང་གི་ཚེ་གཟུངས་ཀྱི་སྒོ་རྣམས་ལ་མྱི་གནས་པ་དེའི་ཚེ།
གཟུངས་ཀྱི་སྒོ་རྣམས་ལ་བརྩོན་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་གནས་ཏེ། གང་གི་ཚེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་གནས་པ་དེའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བརྩོན་པར་བྱེད་དོ། །

མྱི་འཇིགས་པ་བཞི་ལ་མྱི་གནས་ཏེ། གང་གི་ཚེ་མྱི་འཇིགས་པ་བཞི་ལ་མྱི་གནས་པ་དེའི་ཚེ། མྱི་འཇིགས་པ་བཞི་ལ་བརྩོན་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་མྱི་གནས་ཏེ། གང་གི་ཚེ་སོ་སོ་ཡང་དག་པར་རིག་པ་བཞི་ལ་མྱི་གནས་
པ་དེའི་ཚེ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་བརྩོན་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མྱི་གནས་ཏེ། གང་གི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མྱི་གནས་པ་དེའི་ཚེ། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅོ་བརྒྱད་ལ་བརྩོན་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མྱི་གནས་ཏེ། གང་གི་ཚེ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་མྱི་གནས་པ་དེའི་ཚེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བརྩོན་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་
འབྲས་བུ་ལ་མྱི་གནས་ཏེ། གང་གི་ཚེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མྱི་གནས་པ་དེའི་ཚེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བརྩོན་པར་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་མྱི་གནས་ཏེ། གང་གི་ཚེ་ཕྱིར་མྱི་འོང་བའི་འབྲས་བུ་
ལ་མྱི་གནས་པ་དེའི་ཚེ། ཕྱིར་མྱི་འོང་བའི་འབྲས་བུ་ལ་བརྩོན་པར་བྱེད་དོ། །དགྲ་བཅོམ་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་དགྲ་བཅོམ་པ་ཉིད་ལ་མྱི་གནས་པ་དེའི་ཚེ། དགྲ་བཅོམ་པ་ཉིད་ལ་བརྩོན་པར་བྱེད་དོ། །རང་བྱང་ཆུབ་ལ་མྱི་
གནས་ཏེ། གང་གི་ཚེ་རང་བྱང་ཆུབ་ལ་མྱི་གནས་པ་དེའི་ཚེ། རང་བྱང་ཆུབ་ལ་བརྩོན་པར་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་གནས་པ་དེའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་
ལ་བརྩོན་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་གནས་ཏེ། གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་གནས་པ་དེའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་

ནི་འདི་ལྟར་གང་ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་གཟུགས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཚོར་བ་མྱི་དམྱིགས་སོ། །གང་ལ་གནས་པར་
བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་འདུ་ཤེས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་འདུ་བྱེད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཤེས་པ་མྱི་
དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱིག་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣ་བ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་
བུའི་སྣ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལྕེ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལུས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་
དེ་ལྟ་བུའི་ཡིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་གཟུགས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྒྲ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་
ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དྲི་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རོ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རེག་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་
བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཆོས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣ་བའི་

རྣམ་པར་ཤེས་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྣའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །
གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལུས་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་།
གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྣའི་
འདུས་ཏེ་རེག་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་
སོ། །གང་ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཡིད་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མྱི་དམྱིགས་སོ། །གང་
ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་དམྱིགས་སོ། །གང་
ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་། གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་དམྱིགས་སོ། །

གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སའི་ཁམས་མྱི་དམྱིགས་སོ། །
གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཆུའི་ཁམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱེའི་ཁམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་
བུའི་རླུང་གི་ཁམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ནམ་མཁའི་ཁམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཤེས་པའི་ཁམས་མྱི་དམྱིགས་
སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མ་རིག་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་འདུ་བྱེད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་
བུའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱིང་དང་གཟུགས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྐྱེ་མཆེད་དྲུག་མྱི་དམྱིགས་སོ། །གང་
ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རེག་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཚོར་བ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྲེད་པ་མྱི་
དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལེན་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྲིད་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་

བ་དེ་ལྟ་བུའི་སྐྱེ་བ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྒ་ཤི་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །གང་ལ་གནས་
པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་
ལ་བརྩོན་པར་བྱ་བ་དེ་ལྟ་བུའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་
པར་བྱ་བ་དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ནང་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཕྱི་སྟོང་པ་ཉིད་མྱི་
དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་
པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཆེན་པོ་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་
ལྟ་བུའི་འདུས་བྱས་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མཐའ་ལས་འདས་པ་

སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དོར་བ་
མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རང་བཞིན་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་སོ། །
གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱི་དམྱིགས་པ་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་།
གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དངོས་
པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དྲན་པ་ཉེ་བར་གཞག་པ་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཡང་དག་པར་
སྤོང་བ་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དབང་པོ་རྣམས་མྱི་དམྱིགས་སོ། །
གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྟོབས་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་

བརྩོན་པར་བྱ་བ་དེ་ལྟ་བུའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་འཕགས་པའི་བདེན་པ་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་
བྱ་བ་དེ་ལྟ་བུའི་བསམ་གཏན་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཚད་མྱེད་པ་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་གཟུགས་མྱེད་པའི་
སྙོམས་པར་འཇུག་པ་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མཐར་ཀྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་
པར་བྱ་བ་དེ་ལྟ་བུའི་མངོན་པར་ཤེས་པ་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཏིང་ངེ་འཛིན་རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་གཟུངས་ཀྱི་སྒོ་
རྣམས་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་མྱི་འཇིགས་པ་བཞི་མྱི་དམྱིགས་
སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སོ་སོ་ཡང་དག་པར་རིག་པ་བཞི་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་བྱམས་པ་ཆེན་པོ་མྱི་དམྱིགས་སོ། །གང་ལ་གནས་

པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སྙིང་རྗེ་ཆེན་པོ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མྱི་དམྱིགས་སོ། །གང་ལ་
གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་སོ། །གང་ལ་གནས་པར་
བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ཕྱིར་མྱི་འོང་བའི་འབྲས་བུ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་དགྲ་བཅོམ་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་
བྱ་བ་དེ་ལྟ་བུའི་རང་བྱང་ཆུབ་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་སོ། །གང་ལ་གནས་པར་བྱ་བ་དང་གང་ལ་བརྩོན་པར་བྱ་བ་དེ་ལྟ་བུའི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་མྱི་དམྱིགས་སོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་གཟུགས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ།
གཟུགས་ལ་བརྩོན་པར་བྱེད་དོ། །ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཚོར་བ་ལ་བརྩོན་པར་བྱེད་དོ། །འདུ་ཤེས་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་འདུ་ཤེས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། འདུ་
ཤེས་ལ་བརྩོན་པར་བྱེད་དོ། །འདུ་བྱེད་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་འདུ་བྱེད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། འདུ་བྱེད་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་པ་

དེའི་ཚེ། རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །མྱིག་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་མྱིག་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མྱིག་ལ་བརྩོན་པར་བྱེད་དོ། །རྣ་བ་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་རྣ་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣ་བ་
ལ་བརྩོན་པར་བྱེད་དོ། །སྣ་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་སྣ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྣ་ལ་བརྩོན་པར་བྱེད་དོ། །ལྕེ་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་ལྕེ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ལྕེ་ལ་བརྩོན་པར་བྱེད་དོ། །ལུས་ལ་མྱི་སྦྱོར་མྱི་
འབྱེད་དེ་གང་གི་ཚེ་ལུས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ལུས་ལ་བརྩོན་པར་བྱེད་དོ། །ཡིད་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་ཡིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཡིད་ལ་བརྩོན་པར་བྱེད་དོ། །གཟུགས་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་གཟུགས་
ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་དོ། །སྒྲ་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་སྒྲ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྒྲ་ལ་བརྩོན་པར་བྱེད་དོ། །དྲི་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་དྲི་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། དྲི་ལ་
བརྩོན་པར་བྱེད་དོ། །རོ་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་རོ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རོ་ལ་བརྩོན་པར་བྱེད་དོ། །རེག་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་རེག་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རེག་ལ་བརྩོན་པར་བྱེད་དོ། །ཆོས་ལ་མྱི་སྦྱོར་མྱི་
འབྱེད་དེ་གང་གི་ཚེ་ཆོས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཆོས་ལ་བརྩོན་པར་བྱེད་དོ། །མྱིག་གི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མྱིག་གི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མྱིག་གི་རྣམ་པར་ཤེས་པ་ལ་བརྩོན་
པར་བྱེད་དོ། །རྣ་བའི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྣ་བའི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣ་བའི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །སྣའི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ།

གང་གི་ཚེ་སྣའི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྣའི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །ལྕེའི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལྕེའི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་
པ་དེའི་ཚེ། ལྕེའི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལུས་ཀྱི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ལུས་ཀྱི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །ཡིད་ཀྱི་རྣམ་
པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །མྱིག་གི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མྱིག་གི་འདུས་ཏེ་རེག་པ་
ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མྱིག་གི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྣ་བའི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣ་བའི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །
སྣའི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སྣའི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྣའི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །ལྕེའི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལྕེའི་འདུས་ཏེ་
རེག་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ལྕེའི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལུས་ཀྱི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ལུས་ཀྱི་འདུས་ཏེ་རེག་པ་ལ་བརྩོན་པར་
བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཡིད་ཀྱི་འདུས་ཏེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པ་ལ་བརྩོན་པར་བྱེད་དོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་

འབྱེད་དེ། གང་གི་ཚེ་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་
གི་ཚེ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སྣའི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་
སྦྱོར་མྱི་འབྱེད་པ་དེའི་ཚེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་པ་
དེའི་ཚེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཡིད་
ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་བརྩོན་པར་བྱེད་དོ། །སའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སའི་ཁམས་ལ་བརྩོན་པར་བྱེད་དོ། །ཆུའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་
གི་ཚེ་ཆུའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཆུའི་ཁམས་ལ་བརྩོན་པར་བྱེད་དོ། །མྱེའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མྱེའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མྱེའི་ཁམས་ལ་བརྩོན་པར་བྱེད་དོ། །རླུང་གི་ཁམས་

ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རླུང་གི་ཁམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རླུང་གི་ཁམས་ལ་བརྩོན་པར་བྱེད་དོ། །ནམ་མཁའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ནམ་མཁའི་ཁམས་ལ་མྱི་སྦྱོར་མྱི་
འབྱེད་བ་དེའི་ཚེ། ནམ་མཁའི་ཁམས་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྣམ་པར་ཤེས་པའི་ཁམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣམ་པར་ཤེས་པའི་ཁམས་ལ་བརྩོན་པར་བྱེད་
དོ། །མ་རིག་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མ་རིག་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མ་རིག་པ་ལ་བརྩོན་པར་བྱེད་དོ། །འདུ་བྱེད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་འདུ་བྱེད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། འདུ་བྱེད་ལ་བརྩོན་པར་
བྱེད་དོ། །རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྣམ་པར་ཤེས་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣམ་པར་ཤེས་པ་ལ་བརྩོན་པར་བྱེད་དོ། །མྱིང་དང་གཟུགས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མྱིང་དང་གཟུགས་ལ་མྱི་སྦྱོར་
མྱི་འབྱེད་པ་དེའི་ཚེ། མྱིང་དང་གཟུགས་ལ་བརྩོན་པར་བྱེད་དོ། །སྐྱེ་མཆེད་དྲུག་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སྐྱེ་མཆེད་དྲུག་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྐྱེ་མཆེད་དྲུག་ལ་བརྩོན་པར་བྱེད་དོ། །རེག་པ་ལ་མྱི་སྦྱོར་མྱི་འབྱེད་དེ།
གང་གི་ཚེ་རེག་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རེག་པ་ལ་བརྩོན་པར་བྱེད་དོ། །ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཚོར་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཚོར་བ་ལ་བརྩོན་པར་བྱེད་དོ། །སྲེད་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་
གི་ཚེ་སྲེད་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྲེད་པ་ལ་བརྩོན་པར་བྱེད་དོ། །ལེན་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལེན་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ལེན་པ་ལ་བརྩོན་པར་བྱེད་དོ། །སྲིད་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་

སྲིད་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྲིད་པ་ལ་བརྩོན་པར་བྱེད་དོ། །སྐྱེ་བ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སྐྱེ་བ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྐྱེ་བ་ལ་བརྩོན་པར་བྱེད་དོ། །རྒ་ཤི་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྒ་ཤི་ལ་མྱི་སྦྱོར་མྱི་
འབྱེད་པ་དེའི་ཚེ། རྒ་ཤི་ལ་བརྩོན་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །ཚུལ་ཁྲིམས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་
ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
ལ་བརྩོན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་དོ། །ནང་སྟོང་པ་ཉིད་ལ་མྱི་སྦྱོར་
མྱི་འབྱེད་དེ། གང་གི་ཚེ་ནང་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ནང་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཕྱི་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཕྱི་སྟོང་པ་ཉིད་ལ་

བརྩོན་པར་བྱེད་དེ། །ཕྱི་ནང་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཕྱི་ནང་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཕྱི་ནང་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་
སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཆེན་པོ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཆེན་པོ་སྟོང་པ་ཉིད་ལ་བརྩོན་པར་བྱེད་
དོ། །དོན་དམ་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ་གང་གི་ཚེ་དོན་དམ་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། དོན་དམ་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་འདུས་བྱས་སྟོང་པ་ཉིད་
ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། འདུས་བྱས་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་འདུས་མ་བྱས་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། འདུས་མ་བྱས་སྟོང་པ་ཉིད་ལ་བརྩོན་པར་བྱེད་
དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སྦྱོར་
མྱི་འབྱེད་དེ། གང་གི་ཚེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་དོར་བ་མྱེད་པ་སྟོང་པ་ཉིད་ལ་མྱི་
སྦྱོར་མྱི་འབྱེད་པ་དེའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རང་བཞིན་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རང་བཞིན་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ཆོས་

ཐམས་ཅད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རང་གི་མཚན་ཉིད་
སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་ལ་བརྩོན་
པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་
ཚེ་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ།
དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བརྩོན་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་ལ་བརྩོན་པར་བྱེད་དོ། །
ཡང་དག་པར་སྤོང་བ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཡང་དག་པར་སྤོང་བ་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཡང་དག་པར་སྤོང་བ་རྣམས་ལ་བརྩོན་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྫུ་འཕྲུལ་
གྱི་རྐང་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བརྩོན་པར་བྱེད་དོ། །དབང་པོ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་དབང་པོ་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། དབང་པོ་རྣམས་ལ་བརྩོན་པར་བྱེད་དོ། །

སྟོབས་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སྟོབས་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྟོབས་རྣམས་ལ་བརྩོན་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་བྱང་ཆུབ་ཀྱི་ཡན་ལག་
རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བརྩོན་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ།
འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བརྩོན་པར་བྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་འཕགས་པའི་བདེན་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། འཕགས་པའི་བདེན་པ་རྣམས་ལ་བརྩོན་པར་
བྱེད་དོ། །བསམ་གཏན་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་བསམ་གཏན་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། བསམ་གཏན་རྣམས་ལ་བརྩོན་པར་བྱེད་དོ། །ཚད་མྱེད་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཚད་མྱེད་པ་རྣམས་
ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཚད་མྱེད་པ་རྣམས་ལ་བརྩོན་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ།
གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་བརྩོན་པར་བྱེད་དོ། །རྣམ་པར་ཐར་པ་བརྒྱད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྣམ་པར་ཐར་པ་བརྒྱད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣམ་པར་ཐར་པ་བརྒྱད་ལ་བརྩོན་པར་བྱེད་དོ། །མཐར་
ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་བརྩོན་པར་བྱེད་དོ། །

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་
ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་ལ་བརྩོན་པར་བྱེད་དོ། །མངོན་པར་ཤེས་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མངོན་པར་ཤེས་པ་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མངོན་པར་ཤེས་པ་རྣམས་ལ་བརྩོན་པར་བྱེད་དོ། །
ཏིང་ངེ་འཛིན་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ཏིང་ངེ་འཛིན་རྣམས་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཏིང་ངེ་འཛིན་རྣམས་ལ་བརྩོན་པར་བྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་གཟུངས་ཀྱི་སྒོ་རྣམས་ལ་
མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། གཟུངས་ཀྱི་སྒོ་རྣམས་ལ་བརྩོན་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། དེ་བཞིན་གཤེགས་
པའི་སྟོབས་བཅུ་ལ་བརྩོན་པར་བྱེད་དོ། །མྱི་འཇིགས་པ་བཞི་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་མྱི་འཇིགས་པ་བཞི་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། མྱི་འཇིགས་པ་བཞི་ལ་བརྩོན་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་མྱི་སྦྱོར་
མྱི་འབྱེད་དེ། གང་གི་ཚེ་སོ་སོ་ཡང་དག་པར་རིག་པ་བཞི་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སོ་སོ་ཡང་དག་པར་རིག་པ་བཞི་ལ་བརྩོན་པར་བྱེད་དོ། །བྱམས་པ་ཆེན་པོ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་བྱམས་པ་ཆེན་པོ་ལ་མྱི་སྦྱོར་མྱི་འབྱེད་པ་
དེའི་ཚེ། བྱམས་པ་ཆེན་པོ་ལ་བརྩོན་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་སྙིང་རྗེ་ཆེན་པོ་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སྙིང་རྗེ་ཆེན་པོ་ལ་བརྩོན་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་

མྱི་སྦྱོར་མྱི་འབྱེད་དོ། གང་གི་ཚེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བརྩོན་པར་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་ལ་མྱི་སྦྱོར་མྱི་
འབྱེད་དོ། གང་གི་ཚེ་ཐམས་ཅད་ཤེས་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། ཐམས་ཅད་ཤེས་པ་ཉིད་ལ་བརྩོན་པར་བྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་
པ་དེའི་ཚེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བརྩོན་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་དེ། གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་སྦྱོར་མྱི་འབྱེད་པ་དེའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་
བརྩོན་པར་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་ལྔ་པ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚོར་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །
ཚོར་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཚོར་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་ཤེས་སྔོན་གྱི་མཐར་མྱི་དམྱིགས་སོ། །འདུ་ཤེས་ཕྱི་མའི་མཐར་མྱི་དམྱིགས་སོ། །འདུ་ཤེས་དབུས་སུ་མྱི་
དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་བྱེད་སྔོན་གྱི་མཐར་མྱི་དམྱིགས་སོ། །འདུ་བྱེད་ཕྱི་མའི་མཐར་མྱི་དམྱིགས་སོ། །འདུ་བྱེད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

རྣམ་པར་ཤེས་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་སྔོན་གྱི་མཐར་མྱི་དམྱིགས་སོ། །
མྱིག་ཕྱི་མའི་མཐར་མྱི་དམྱིགས་སོ། །མྱིག་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣ་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣ་བ་དབུས་སུ་མྱི་དམྱིགས་སོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྣ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྣ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྣ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེ་སྔོན་གྱི་མཐར་མྱི་དམྱིགས་སོ། །ལྕེ་
ཕྱི་མའི་མཐར་མྱི་དམྱིགས་སོ། །ལྕེ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་སྔོན་གྱི་མཐར་མྱི་དམྱིགས་སོ། །ལུས་ཕྱི་མའི་མཐར་མྱི་དམྱིགས་སོ། །ལུས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྔོན་གྱི་མཐར་མྱི་དམྱིགས་
སོ། །གཟུགས་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྒྲ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྒྲ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྒྲ་དབུས་སུ་མྱི་དམྱིགས་
སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲི་སྔོན་གྱི་མཐར་མྱི་དམྱིགས་སོ། །དྲི་ཕྱི་མའི་མཐར་མྱི་དམྱིགས་སོ། །དྲི་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རོ་སྔོན་གྱི་མཐར་མྱི་དམྱིགས་སོ།

རོ་ཕྱི་མའི་མཐར་མྱི་དམྱིགས་སོ། །རོ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རེག་སྔོན་གྱི་མཐར་མྱི་དམྱིགས་སོ། །རེག་ཕྱི་མའི་མཐར་མྱི་དམྱིགས་སོ། །རེག་དབུས་སུ་མྱི་
དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་སྔོན་གྱི་མཐར་མྱི་དམྱིགས་སོ། །ཆོས་ཕྱི་མའི་མཐར་མྱི་དམྱིགས་སོ། །ཆོས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་རྣམ་
པར་ཤེས་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བའི་རྣམ་པར་ཤེས་པ་སྔོན་
གྱི་མཐར་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྣའི་རྣམ་པར་ཤེས་པ་སྔོན་གྱི་མཐར་མྱི་དམྱིགས་
སོ། །སྣའི་རྣམ་པར་ཤེས་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྣའི་རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེའི་རྣམ་པར་ཤེས་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ལྕེའི་རྣམ་
པར་ཤེས་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་རྣམ་པར་ཤེས་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་
ཕྱི་མའི་མཐར་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ཀྱི་རྣམ་པར་ཤེས་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་

ཕྱི་མའི་མཐར་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ཕྱི་མའི་མཐར་མྱི་
དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བའི་འདུས་ཏེ་རེག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣ་བའི་
འདུས་ཏེ་རེག་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྣའི་འདུས་ཏེ་རེག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་དབུས་སུ་མྱི་
དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེའི་འདུས་ཏེ་རེག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་འདུས་ཏེ་རེག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ཀྱི་འདུས་ཏེ་རེག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབུས་སུ་མྱི་

དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །
རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཕྱི་
མའི་མཐར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །ལྕེའི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྔོན་གྱི་
མཐར་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་
ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སའི་ཁམས་སྔོན་གྱི་མཐར་མྱི་དམྱིགས་སོ། །སའི་ཁམས་ཕྱི་མའི་མཐར་མྱི་དམྱིགས་སོ། །སའི་ཁམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆུའི་

ཁམས་སྔོན་གྱི་མཐར་མྱི་དམྱིགས་སོ། །ཆུའི་ཁམས་ཕྱི་མའི་མཐར་མྱི་དམྱིགས་སོ། །ཆུའི་ཁམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱེའི་ཁམས་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱེའི་
ཁམས་ཕྱི་མའི་མཐར་མྱི་དམྱིགས་སོ། །མྱེའི་ཁམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རླུང་གི་ཁམས་སྔོན་གྱི་མཐར་མྱི་དམྱིགས་སོ། །རླུང་གི་ཁམས་ཕྱི་མའི་མཐར་མྱི་དམྱིགས་སོ། །རླུང་
གི་ཁམས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་མཁའི་ཁམས་སྔོན་གྱི་མཐར་མྱི་དམྱིགས་སོ། །ནམ་མཁའི་ཁམས་ཕྱི་མའི་མཐར་མྱི་དམྱིགས་སོ། །ནམ་མཁའི་ཁམས་དབུས་སུ་མྱི་
དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པའི་ཁམས་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་དབུས་སུ་མྱི་དམྱིགས་
སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །མ་རིག་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །མ་རིག་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་
བྱེད་སྔོན་གྱི་མཐར་མྱི་དམྱིགས་སོ། །འདུ་བྱེད་ཕྱི་མའི་མཐར་མྱི་དམྱིགས་སོ། །འདུ་བྱེད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་
ཕྱི་མའི་མཐར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིང་དང་གཟུགས་སྔོན་གྱི་མཐར་མྱི་དམྱིགས་སོ། །མྱིང་དང་གཟུགས་ཕྱི་མའི་མཐར་མྱི་དམྱིགས་སོ། །

མྱིང་དང་གཟུགས་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྐྱེ་མཆེད་དྲུག་སྔོན་གྱི་མཐར་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་ཕྱི་མའི་མཐར་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་དབུས་
སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རེག་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །རེག་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །རེག་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་
ཚོར་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཚོར་བ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཚོར་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྲེད་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྲེད་པ་ཕྱི་མའི་མཐར་མྱི་དམྱིགས་
སོ། །སྲེད་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལེན་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ལེན་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །ལེན་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། སྲིད་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྲིད་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྲིད་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྐྱེ་བ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྐྱེ་བ་ཕྱི་
མའི་མཐར་མྱི་དམྱིགས་སོ། །སྐྱེ་བ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྒ་ཤི་སྔོན་གྱི་མཐར་མྱི་དམྱིགས་སོ། །རྒ་ཤི་ཕྱི་མའི་མཐར་མྱི་དམྱིགས་སོ། །རྒ་ཤི་དབུས་སུ་མྱི་དམྱིགས་སོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབུས་སུ་མྱི་དམྱིགས་སོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབུས་སུ་མྱི་དམྱིགས་སོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དབུས་སུ་མྱི་དམྱིགས་སོ། །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་གྱི་མཐར་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕྱི་མའི་མཐར་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱི་སྟོང་པ་
ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱི་ནང་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །

ཕྱི་ནང་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །སྟོང་པ་ཉིད་
སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆེན་པོ་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ཕྱི་མའི་མཐར་མྱི་
དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོན་དམ་པ་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །དོན་དམ་པ་
སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་བྱས་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་དབུས་སུ་མྱི་
དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་
སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དབུས་

སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་སྔོན་གྱི་མཐར་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཕྱི་མའི་མཐར་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དབུས་སུ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་