Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 019_འབུམ།_ཆ
Văn bản gốc(Tây Tạng)
Trang 21 / 23 (50.000 ký tự/trang)
མཐའ་དངོས་པོ་མྱེད་པའི་ རང་བཞིན་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བའོ། །རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། ། རབ་འབྱོར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་ཡིད་ ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །རབ་འབྱོར་སའི་ཁམས་ཀྱི་སྔོན་ གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སའི་ཁམས་སོ། །རབ་འབྱོར་སའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་ མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སའི་ཁམས་སོ། །རབ་འབྱོར་སའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སའི་ཁམས་སོ། །རབ་འབྱོར་ ཆུའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆུའི་ཁམས་སོ། །རབ་འབྱོར་ཆུའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆུའི་ཁམས་སོ། །རབ་འབྱོར་ཆུའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཆུའི་ཁམས་སོ། །རབ་ འབྱོར་མེའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱེའི་ཁམས་སོ། །རབ་འབྱོར་མྱེའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱེའི་ཁམས་སོ། །རབ་འབྱོར་མེའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ མྱེའི་ཁམས་སོ། །རབ་འབྱོར་རླུང་གི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རླུང་གི་ཁམས་སོ། །རབ་འབྱོར་རླུང་གི་ཁམས་ཀྱི་ཕྱི་མའི་མཐའ་མ་ བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རླུང་གི་ཁམས་སོ། །རབ་འབྱོར་རླུང་གི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་ དངོས་པོ་མྱེད་པའི་རང་བཞིན་ནི་རླུང་གི་ཁམས་སོ། །རབ་འབྱོར་ནམ་མཁའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནམ་མཁའི་ཁམས་སོ། །རབ་འབྱོར་ནམ་ མཁའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནམ་མཁའི་ཁམས་སོ། །རབ་འབྱོར་ནམ་མཁའི་ཁམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ནམ་མཁའི་ཁམས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་ པར་ཤེས་པའི་ཁམས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པའི་ཁམས་སོ། །རབ་འབྱོར་རྣམ་པར་ཤེས་པའི་ཁམས་ ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་རྣམ་པར་ཤེས་པའི་ཁམས་སོ། །རབ་འབྱོར་མ་རིག་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་ དངོས་པོ་མྱེད་པའི་རང་བཞིན་ནི་མ་རིག་པའོ། །རབ་འབྱོར་མ་རིག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་མ་རིག་པའོ། །རབ་འབྱོར་མ་རིག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་ བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མ་རིག་པའོ། །རབ་འབྱོར་འདུ་བྱེད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་འདུ་ བྱེད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་འདུ་བྱེད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་ རང་བཞིན་ནི་འདུ་བྱེད་དོ། །རབ་འབྱོར་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་པའོ། །རབ་འབྱོར་རྣམ་པར་ཤེས་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་ སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་པའོ། །རབ་འབྱོར་རྣམ་པར་ཤེས་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཤེས་ པའོ། །རབ་འབྱོར་མྱིང་དང་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིང་དང་གཟུགས་སོ། །རབ་འབྱོར་མྱིང་དང་གཟུགས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་ བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིང་དང་གཟུགས་སོ་རབ་འབྱོར་མྱིང་དང་གཟུགས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མྱིང་དང་གཟུགས་སོ། ། རབ་འབྱོར་སྐྱེ་མཆེད་དྲུག་གི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་སྐྱེ་མཆེད་དྲུག་གི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་ མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་སྐྱེ་མཆེད་དྲུག་གི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་རེག་པའི་སྔོན་གྱི་མཐའ་མ་ བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་པའོ། །རབ་འབྱོར་རེག་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་པའོ། ། རབ་འབྱོར་རེག་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རེག་པའོ། །རབ་འབྱོར་ཚོར་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་ མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་ཚོར་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་ཚོར་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཚོར་བའོ། །རབ་འབྱོར་སྲེད་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྲེད་པའོ། །རབ་འབྱོར་སྲེད་པའི་ཕྱི་མའི་མཐའ་མ་བཅིངས་ མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྲེད་པའོ། །རབ་འབྱོར་སྲེད་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ སྲེད་པའོ། །རབ་འབྱོར་ལེན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལེན་པའོ། །རབ་འབྱོར་ལེན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལེན་པའོ། །རབ་འབྱོར་ལེན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལེན་པའོ། །རབ་འབྱོར་སྲིད་པའི་སྔོན་གྱི་ མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྲིད་པའོ། །རབ་འབྱོར་སྲིད་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་ བཞིན་ནི་སྲིད་པའོ། །རབ་འབྱོར་སྲིད་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྲིད་པའོ། །རབ་འབྱོར་སྐྱེ་བའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་བའོ། །རབ་འབྱོར་སྐྱེ་བའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་བའོ། །རབ་འབྱོར་སྐྱེ་བའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་ གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྐྱེ་བའོ། །རབ་འབྱོར་རྒ་ཤིའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་ བཞིན་ནི་རྒ་ཤིའོ། །རབ་འབྱོར་རྒ་ཤིའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྒ་ཤིའོ། །རབ་འབྱོར་རྒ་ཤིའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྒ་ཤིའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། ། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་ བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་ པའི་རང་བཞིན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བཟོད་པའི་ཕ་རོལ་ ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་ གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་ མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་ མྱེད་པའི་རང་བཞིན་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ད་ལྟར་ བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། ། རབ་འབྱོརད་ནང་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་ མེད་པའི་རང་བཞིན་ནི་ཕྱི་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་ མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་ནང་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་ ནང་སྟོང་པ་ཉིད་དོ། །རབ་འབྱོར་ཕྱི་ནང་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཕྱི་ནང་སྟོང་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་ བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་ རང་བཞིན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་སྔོན་གྱི་ མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆེན་པོ་སྟོང་པ་ཉིད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་ པོ་མྱེད་པའི་རང་བཞིན་ནི་ཆེན་པོ་སྟོང་པ་ཉིད་དོ། །རབ་འབྱོར་ཆེན་པོ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཆེན་པོ་སྟོང་པ་ཉིད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་ སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དོན་དམ་པ་སྟོང་པ་ཉིད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་ མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དོན་དམ་པ་སྟོང་པ་ཉིད་དོ། །རབ་འབྱོར་དོན་དམ་པ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ དོན་དམ་པ་སྟོང་པ་ཉིད་དོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུས་བྱས་སྟོང་པ་ཉིད་དོ། །རབ་འབྱོར་འདུས་བྱས་ སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུས་བྱས་སྟོང་པ་ཉིད་དོ། །རབ་འབྱོར་འདུས་བྱས་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་འདུས་བྱས་སྟོང་པ་ཉིད་དོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུས་མ་ བྱས་སྟོང་པ་ཉིད་དོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །རབ་འབྱོར་འདུས་མ་བྱས་སྟོང་པ་ཉིད་ཀྱི་ ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་ རང་བཞིན་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མཐའ་ལས་འདས་པ་ སྟོང་པ་ཉིད་དོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་ ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་ བཞིན་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་ རང་བཞིན་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རང་བཞིན་སྟོང་པ་ཉིད་དོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་ སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རང་བཞིན་སྟོང་པ་ཉིད་དོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་ དངོས་པོ་མྱེད་པའི་རང་བཞིན་ནི་རང་བཞིན་སྟོང་པ་ཉིད་དོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆོས་ཐམས་ཅད་སྟོང་ པ་ཉིད་དོ། །རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རབ་འབྱོར་ཆོས་ཐམས་ཅད་ སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་ པའི་རང་བཞིན་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །རབ་ འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་ གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །རབ་འབྱོར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་ དངོས་པོ་མྱེད་པའི་རང་བཞིན་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པ་སྟོང་པ་ ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་ད་ལྟར་ བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་ གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་ སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་ པོ་མྱེད་པའི་རང་བཞིན་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དྲན་པ་ཉེ་བར་གཞག་ པ་རྣམས་སོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་ རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་དྲན་པ་ཉེ་བར་གཞག་པ་རྣམས་སོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཡང་དག་པར་སྤོང་བ་རྣམས་སོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་ བཞིན་ནི་ཡང་དག་པར་སྤོང་བ་རྣམས་སོ། །རབ་འབྱོར་ཡང་དག་པར་སྤོང་བ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཡང་དག་པར་སྤོང་བ་རྣམས་སོ། །རབ་འབྱོར་རྫུ་འཕྲུལ་ གྱི་རྐང་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །རབ་འབྱོར་དབང་པོ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དབང་པོ་རྣམས་སོ། །རབ་འབྱོར་དབང་པོ་རྣམས་ཀྱི་ཕྱི་མའི་མཐའ་མ་ བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དབང་པོ་རྣམས་སོ། །རབ་འབྱོར་དབང་པོ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་ དངོས་པོ་མྱེད་པའི་རང་བཞིན་ནི་དབང་པོ་རྣམས་སོ། །རབ་འབྱོར་སྟོབས་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྟོབས་རྣམས་སོ། །རབ་ འབྱོར་སྟོབས་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྟོབས་རྣམས་སོ། །རབ་འབྱོར་སྟོབས་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྟོབས་རྣམས་སོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་ བཞིན་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །རབ་ འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །རབ་འབྱོར་འཕགས་པའི་ལམ་ཡན་ ལག་བརྒྱད་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ཕྱི་མའི་ མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་སྟོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་ དངོས་པོ་མྱེད་པའི་རང་བཞིན་ནི་འཕགས་པའི་བདེན་པ་རྣམས་སོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་འཕགས་པའི་བདེན་ པ་རྣམས་སོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་འཕགས་པའི་བདེན་པ་རྣམས་སོ། །རབ་འབྱོར་བསམ་གཏན་རྣམས་ཀྱི་ སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བསམ་གཏན་རྣམས་སོ། །རབ་འབྱོར་བསམ་གཏན་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་ མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་བསམ་གཏན་རྣམས་སོ། །རབ་འབྱོར་བསམ་གཏན་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་བསམ་གཏན་རྣམས་སོ། ། རབ་འབྱོར་ཚད་མྱེད་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཚད་མྱེད་པ་རྣམས་སོ། །རབ་འབྱོར་ཚད་མྱེད་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་ གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཚད་མྱེད་པ་རྣམས་སོ། །རབ་འབྱོར་ཚད་མྱེད་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་ པོ་མྱེད་པའི་རང་བཞིན་ནི་ཚད་མྱེད་པ་རྣམས་སོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་མྱེད་པའི་ སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་སོ། །རབ་འབྱོར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ སོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཐར་པ་རྣམས་སོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་ གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཐར་པ་རྣམས་སོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་ བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཐར་པ་རྣམས་སོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མཐར་ཀྱིས་གནས་ པའི་སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱིད་པ་དང་སྨོན་པ་མྱེད་པའོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་ མེད་པའི་རང་བཞིན་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པའོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་ པའི་རང་བཞིན་ནི་མངོན་པར་ཤེས་པ་རྣམས་སོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མངོན་པར་ཤེས་པ་རྣམས་སོ། །རབ་འབྱོར་མངོན་ པར་ཤེས་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མངོན་པར་ཤེས་པ་རྣམས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཏིང་ངེ་འཛིན་རྣམས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཏིང་ངེ་འཛིན་ རྣམས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཏིང་ངེ་འཛིན་རྣམས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུངས་ཀྱི་སྒོ་རྣམས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ གཟུངས་ཀྱི་སྒོ་རྣམས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་གཟུངས་ཀྱི་སྒོ་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ཕྱི་མའི་མཐའ་མ་ བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །རབ་འབྱོར་མྱི་འཇིགས་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ མྱི་འཇིགས་པ་རྣམས་སོ། །རབ་འབྱོར་མྱི་འཇིགས་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་མྱི་འཇིགས་པ་རྣམས་སོ། །རབ་འབྱོར་མྱི་འཇིགས་པ་རྣམས་ཀྱི་ད་ལྟར་ བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་མྱི་འཇིགས་པ་རྣམས་སོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ སོ་སོ་ཡང་དག་པར་རིག་པ་རྣམས་སོ། །རབ་འབྱོར་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། ། རབ་འབྱོར་སྙིང་རྗེ་ཆེན་པོའི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྙིང་རྗེ་ཆེན་པོའོ། །རབ་འབྱོར་སྙིང་རྗེ་ཆེན་པོའི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སྙིང་རྗེ་ཆེན་པོའོ། །རབ་འབྱོར་སྙིང་རྗེ་ཆེན་པོའི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སྙིང་རྗེ་ཆེན་ པོའོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་ བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ཐམས་ཅད་ཤེས་པ་ཉིད་དོ། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་ དངོས་པོ་མྱེད་པའི་རང་བཞིན་ནི་ཐམས་ཅད་ཤེས་པ་ཉིད་དོ། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ཐམས་ཅད་ཤེས་པ་ཉིད་དོ། །རབ་ འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྔོན་གྱི་མཐའ་ དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱི་མའི་མཐའ་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱི་མའི་མཐའ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ད་ལྟར་བྱུང་བ་དངོས་པོ་མྱེད་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་བརྩོན་འགྲུས་ཆུང་བ། དགེ་བའི་རྩ་བ་མ་བསྐྱེད་པ། སྡིག་པའི་གྲོགས་པོའི་སུག་པར་ལྷུང་བ། བདུད་ཀྱི་དབང་དུ་གྱུར་པ། ལེ་ལོ་ཅན་བརྩོན་འགྲུས་བཏང་བ། དྲན་པ་ཉམས་པ་ཤེས་བཞིན་དང་མྱི་ལྡན་པ་རྣམས་ཀྱིས་མོས་པར་དཀའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཆུང་བ། དགེ་བའི་རྩ་བ་མ་བསྐྱེད་པ། སྡིག་པའི་གྲོགས་པོའི་ལག་ཏུ་ལྷུང་བ། བདུད་ཀྱི་དབང་དུ་གྱུར་པ། ལེ་ལོ་ཅན་བརྩོན་འགྲུས་བཏང་ བ། དྲན་པ་ཉམས་པ་ཤེས་བཞིན་དང་མི་ལྡན་པ་རྣམས་ཀྱིས་མོས་པར་དཀའོ། །རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། འདུ་ཤེས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འདུ་བྱེད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མིག་རྣམ་ པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣ་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྣ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ལྕེ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ འབྲས་བུ་རྣམ་པར་དག་པའོ། །ལུས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཡིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་ པའོ། །སྒྲ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དྲི་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རོ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རེག་རྣམ་པར་དག་པ་གང་ ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཆོས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མྱིག་གི་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣ་བའི་རྣམ་པར་ཤེས་པ་རྣམ་པར་ དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྣའི་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མྱིག་གི་འདུས་ཏེ་རེག་པ་རྣམ་ པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྣའི་འདུས་ཏེ་རེག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། ལྕེའི་འདུས་ཏེ་རེག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་རྣམ་པར་དག་པ་གང་ཡིན་པི་དེ་ནི་འབྲས་བུ་ རྣམ་པར་དག་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྣའི་ འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སའི་ཁམས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཆུའི་ ཁམས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མྱེའི་ཁམས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རླུང་གི་ཁམས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ནམ་མཁའི་ཁམས་ རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣམ་པར་ཤེས་པའི་ཁམས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མ་རིག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འདུ་བྱེད་རྣམ་ པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མིང་དང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་རྣམ་པར་དག་པ་ གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རེག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྲེད་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་ རྣམ་པར་དག་པའོ། །ལེན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྲིད་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྐྱེ་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྒ་ཤི་ རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ ནི་འབྲས་བུ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ནང་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཕྱི་སྟོང་པ་ཉིད་རྣམ་པར་དག་པ་ གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཕྱི་ནང་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྟོང་པ་ཉིད་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་ པའོ། །ཆེན་པོ་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དོན་དམ་པ་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འདུས་བྱས་སྟོང་པ་ཉིད་རྣམ་པར་དག་པ། གང་ཡིན་ པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འདུས་མ་བྱས་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རང་བཞིན་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་ རྣམ་པར་དག་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་རྣམ་པར་དག་པ་ གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཡང་དག་པར་སྤོང་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དབང་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྟོབས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཡན་ལག་ བདུན་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འཕགས་པའི་བདེན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་ པར་དག་པའོ། །བསམ་གཏན་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཚད་མྱེད་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམ་པར་དག་པ་གང་ཡིན་པ་ དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །མངོན་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཏིང་ངེ་འཛིན་ རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །གཟུངས་ཀྱི་སྒོ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། མྱི་འཇིགས་པ་བཞི་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །སྙིང་རྗེ་ཆེན་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་ རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཐམས་ཅད་ཤེས་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །རབ་འབྱོར་གཞན་ཡང་གཟུགས་ཡོངས་སུ་དག་པ་གང་ཡིན་ པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་གཟུགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཟུགས་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ཚོར་བ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དགེ་པ་གང་ཡིན་པ་དེ་ནི། ཚོར་ བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཚོར་བ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །འདུ་ཤེས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་འདུ་ཤེས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདུ་ཤེས་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །འདུ་བྱེད་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ འདུ་བྱེད་ཡོངས་སུ་དག་པ་སྟེ། དེ་ལྟར་ན་འདུ་བྱེད་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །རྣམ་པར་ཤེས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །མྱིག་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ ཡིན་པ་དེ་ནི། མྱིག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མྱིག་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །རྣ་བ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་རྣ་བ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་རྣ་བ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་ གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །སྣ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། སྣ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྣ་ཡོངས་ སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ལྕེ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ལྕེ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ལྕེ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ལུས་ ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ལུས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ལུས་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ཡིད་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཡིད་ཡོངས་སུ་དག་ པ་སྟེ། དེ་ལྟར་ན་ཡིད་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །གཟུགས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། གཟུགས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་གཟུགས་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་ མྱི་དད་དོ། །སྒྲ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། སྒྲ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྒྲ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །དྲི་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། དྲི་ཡོངས་ སུ་དག་པ་སྟེ། དེ་ལྟར་ན་དྲི་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །རོ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། རོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་རོ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །རེག་ ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། རེག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་རེག་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ཆོས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཆོས་ ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཆོས་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མྱིག་གི་རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་ པ་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་ སོ་སོ་མ་ཡིན་ཐ་མྱི་དད་དོ། །སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་ པ་སྟེ། དེ་ལྟར་ན་སྣའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ལུས་ཀྱི་ རྣམ་པར་ཤེས་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ། གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ཡིད་ཀྱི་རྣམ་པར་ ཤེས་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་ མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྣའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་ སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་ ཡོངས་སུ་དག་པ་སྟེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་སོ་སོ་མ་ཡིན་ཐ་མྱི་དད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་དག་པ་གང་ཡིན་པ་ དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མ