Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 019_འབུམ།_ཆ

Văn bản gốc(Tây Tạng)

Trang 17 / 23 (50.000 ký tự/trang)
ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། མྱི་དམྱིགས་པ་སྟོང་པ་ཉིད་ཆེ་བར་
བགྱིད་པ་འམ། ཆུང་བར་བགྱིད་པ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཆེ་བར་བགྱིད་པ་འམ།
ཆུང་བར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཡང་དག་པར་སྤོང་
བ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། དབང་པོ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྟོབས་རྣམས་ཆེ་བར་བགྱིད་པ་འམ།
ཆུང་བར་བགྱིད་པ་འམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། འཕགས་པའི་བདེན་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་

བར་བགྱིད་པ་འམ། བསམ་གཏན་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཚད་མྱེད་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ།
རྣམ་པར་ཐར་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་
པ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ཏིང་ངེ་འཛིན་
རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། གཟུངས་ཀྱི་སྒོ་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། མྱི་འཇིགས་པ་བཞི་ཆེ་བར་བགྱིད་པ་འམ།
ཆུང་བར་བགྱིད་པ་འམ། སོ་སོ་ཡང་དག་པར་རིག་པ་བཞི་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སྙིང་རྗེ་ཆེན་པོ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་
དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཆེ་བར་བགྱིད་པ་འམ།
ཆུང་བར་བགྱིད་པ་འམ། ཕྱིར་མྱི་འོང་བའི་འབྲས་བུ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། དགྲ་བཅོམ་པ་ཉིད་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། རང་བྱང་ཆུབ་ཆེ་བར་བགྱིད་པ་འམ། ཆུང་བར་བགྱིད་པ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཆེ་བར་

བགྱིད་པ་འམ། ཆུང་བར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཆེ་བར་བགྱིད་པ་འམ། ཆུང་བར་
བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འདུ་
ཤེས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འདུ་བྱེད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣ་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྣ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལྕེ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་
པ་འམ། ལུས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཡིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་འདུ་བར་
བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྒྲ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། དྲི་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རོ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རེག་འདུ་བར་བགྱིད་པ་འམ། ཡངས་པར་
བགྱིད་པ་འམ། ཆོས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་

པ་འམ། རྣ་བའི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྣའི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལྕེའི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལུས་ཀྱི་
རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། མྱིག་གི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣ་བའི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྣའི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལྕེའི་འདུས་ཏེ་
རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །
བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་
བགྱིད་པ་འམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་
ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་ལ་སྤྱོད་པའི་ཚེ། སའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཆུའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། མྱེའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རླུང་གི་
ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ནམ་མཁའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣམ་པར་ཤེས་པའི་ཁམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་
རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འདུ་བྱེད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣམ་པར་ཤེས་པ་འདུ་བར་བགྱིད་པ་འམ།
ཡངས་པར་བགྱིད་པ་འམ། མྱིང་དང་གཟུགས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྐྱེ་མཆེད་དྲུག་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རེག་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཚོར་བ་འདུ་བར་
བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྲེད་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལེན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྲིད་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྐྱེ་བ་འདུ་བར་བགྱིད་པ་
འམ། ཡངས་པར་བགྱིད་པ་འམ། རྒ་ཤི་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་
པ་འམ། ཡངས་པར་བགྱིད་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་པ་

འམ། ཡངས་པར་བགྱིད་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་
ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཕྱི་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཕྱི་ནང་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྟོང་པ་ཉིད་སྟོང་པ་ཉིད་འདུ་བར་བགྱིད་པ་
འམ། ཡངས་པར་བགྱིད་པ་འམ། ཆེན་པོ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། དོན་དམ་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འདུས་བྱས་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་
པར་བགྱིད་པ་འམ། འདུས་མ་བྱས་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ།
ཡངས་པར་བགྱིད་པ་འམ། དོར་བ་མྱེད་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རང་བཞིན་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་
པར་བགྱིད་པ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། མྱི་དམྱིགས་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་
པར་བགྱིད་པ་འམ། ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་

ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཡང་དག་པར་སྤོང་བ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་
བགྱིད་པ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། དབང་པོ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སྟོབས་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། བྱང་
ཆུབ་ཀྱི་ཡན་ལག་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། འཕགས་པའི་བདེན་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་
བགྱིད་པ་འམ། བསམ་གཏན་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཚད་མྱེད་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་
བགྱིད་པ་འམ། རྣམ་པར་ཐར་པ་བརྒྱད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།
སྨོན་པ་མྱེད་པ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་
པ་འམ། ཏིང་ངེ་འཛིན་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། གཟུངས་ཀྱི་སྒོ་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། མྱི་འཇིགས་པ་བཞི་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སོ་སོ་ཡང་དག་པར་རིག་པ་བཞི་འདུ་བར་བགྱིད་པ་འམ། ཡངས་པར་
བགྱིད་པ་འམ། སྙིང་རྗེ་ཆེན་པོ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འདུ་བར་བགྱིད་པ་
འམ། ཡངས་པར་བགྱིད་པ་འམ། དགྲ་བཅོམ་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། རང་བྱང་ཆུབ་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི།
དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་འདུ་བར་བགྱིད་པ་འམ། ཡངས་པར་བགྱིད་པ་འམ་དེ་ནི། དེའི་དམིགས་པ་ཆེན་པོར་
འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་
བགྱིད་པ་འམ། ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། འདུ་ཤེས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། འདུ་བྱེད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣམ་པར་

ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་
པར་བགྱིད་པ་འམ། རྣ་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྣ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལྕེ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལུས་ཚད་མཆིས་པར་བགྱིད་
པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཡིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཚད་མཆིས་པར་
བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྒྲ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། དྲི་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རོ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་
པ་འམ། རེག་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཆོས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། མྱིག་གི་རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣ་བའི་རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྣའི་རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ།
ཚད་མ་མཆིས་པར་བགྱིད་པ་འམ། ལྕེའི་རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་ཚད་མཆིས་པར་

བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣ་བའི་
འདུས་ཏེ་རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྣའི་འདུས་ཏེ་རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལྕེའི་འདུས་ཏེ་རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་
འམ། ལུས་ཀྱི་འདུས་ཏེ་རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་
དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་
མཆིས་པར་བགྱིད་པ་འམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལུས་
ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་
འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སའི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཆུའི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་

པ་འམ། མྱེའི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རླུང་གི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ནམ་མཁའི་ཁམས་ཚད་མཆིས་པར་
བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཤེས་པའི་ཁམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པའི་ཚེ། མ་རིག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། འདུ་བྱེད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཤེས་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་
བགྱིད་པ་འམ། མྱིང་དང་གཟུགས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྐྱེ་མཆེད་དྲུག་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རེག་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་
པར་བགྱིད་པ་འམ། ཚོར་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྲེད་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལེན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ།
སྲིད་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྐྱེ་བ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྒ་ཤི་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་
པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་

འམ། ཚད་མ་མཆིས་པར་བགྱིད་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ།
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ཚད་མཆིས་
པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཕྱི་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཕྱི་ནང་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྟོང་པ་ཉིད་སྟོང་པ་ཉིད་ཚད་
མཆིས་པར་བགྱིད་པ་འམ་ཚད་མ་མཆིས་པར་བགྱིད་པ་འམ། ཆེན་པོ་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ་ཚད་མ་མཆིས་པར་བགྱིད་པ་འམ། དོན་དམ་པ་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ་ཚད་མ་མཆིས་པར་བགྱིད་པ་འམ། འདུས་བྱས་སྟོང་པ་ཉིད་ཚད་མཆིས་པར་
བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། འདུས་མ་བྱས་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ་
ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། དོར་བ་མྱེད་པ་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རང་བཞིན་སྟོང་པ་ཉིད་ཚད་མཆིས་པར་
བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་

འམ། མྱི་དམྱིགས་པ་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ངོ་བོ་ཉིད་སྟོང་པ་ཉིད་
ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཡང་དག་པར་སྤོང་བ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྫུ་འཕྲུལ་
གྱི་རྐང་པ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། དབང་པོ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྟོབས་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ།
བྱང་ཆུབ་ཀྱི་ཡན་ལག་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། འཕགས་པའི་བདེན་པ་རྣམས་ཚད་མཆིས་པར་
བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ།
ཚད་མྱེད་པ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཐར་པ་བརྒྱད་ཚད་མཆིས་པར་བགྱིད་པ་འམ།

ཚད་མ་མཆིས་པར་བགྱིད་པ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ཚད་མཆིས་པར་བགྱིད་པ་
འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཏིང་
ངེ་འཛིན་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། གཟུངས་ཀྱི་སྒོ་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་
པར་བགྱིད་པ་འམ། མྱི་འཇིགས་པ་བཞི་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སོ་སོ་ཡང་དག་པར་རིག་པ་བཞི་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། སྙིང་རྗེ་ཆེན་པོ་ཚད་མཆིས་པར་བགྱིད་པ་འམ།
ཚད་མ་མཆིས་པར་བགྱིད་པ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལན་
ཅིག་ཕྱིར་འོང་བའི་འབྲས་བུ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ཕྱིར་མྱི་འོང་བའི་འབྲས་བུ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། དགྲ་བཅོམ་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་
མཆིས་པར་བགྱིད་པ་འམ། རང་བྱང་ཆུབ་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་

འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་ཚད་མཆིས་པར་བགྱིད་པ་འམ། ཚད་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་
ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། འདུ་ཤེས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་
པ་འམ། འདུ་བྱེད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣམ་པར་ཤེས་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ། མྱིག་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣ་བ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྣ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལྕེ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལུས་རྒྱ་ཆེན་
པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཡིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་རྒྱ་ཆེན་པོར་བགྱིད་པ་འམ།
རྒྱ་ཆུང་ངུར་བགྱིད་པ་འམ། སྒྲ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། དྲི་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རོ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རེག་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་
འམ། ཆོས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་རྣམ་པར་ཤེས་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ།

རྣ་བའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྣའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལྕེའི་རྣམ་པར་ཤེས་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་རྒྱ་
ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་
ཏེ་རེག་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣ་བའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྣའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལྕེའི་འདུས་ཏེ་རེག་པ་རྒྱ་ཆེན་པོར་བགྱིད་
པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་
ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྣའི་
འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་
པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བརྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སའི་

ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཆུའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། མྱེའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རླུང་གི་ཁམས་རྒྱ་ཆེན་པོར་
བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ནམ་མཁའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣམ་པར་ཤེས་པའི་ཁམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་
ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། འདུ་བྱེད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣམ་པར་ཤེས་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་
བགྱིད་པ་འམ། མྱིང་དང་གཟུགས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྐྱེ་མཆེད་དྲུག་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རེག་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཚོར་བ་རྒྱ་ཆེན་
པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྲེད་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལེན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྲིད་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྐྱེ་བ་རྒྱ་ཆེན་
པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྒ་ཤི་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལད་ཏུ་ཕྱིན་པ་རྒྱ་
ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་

པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
ནང་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཕྱི་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཕྱི་ནང་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྟོང་པ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་
བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཆེན་པོ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། དོན་དམ་པ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། འདུས་བྱས་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་
ཆུང་ངུར་བགྱིད་པ་འམ། འདུས་མ་བྱས་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་
འམ། རྒྱ་ཆུང་ངུར་བགྱིད་པ་འམ། དོར་བ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རང་བཞིན་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཆོས་ཐམས་ཅད་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་
འམ། རྒྱ་ཆུང་ངུར་བགྱིད་པ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། མྱི་དམྱིགས་པ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་
འམ། རྒྱ་ཆུང་ངུར་བགྱིད་པ་འམ། ངོ་བོ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་

ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཡང་དག་པར་སྤོང་བ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་
བགྱིད་པ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། དབང་པོ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སྟོབས་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། བྱང་
ཆུབ་ཀྱི་ཡན་ལག་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འཕགས་པའི་བདེན་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། བསམ་གཏན་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཚད་མྱེད་པ་རྣམས་རྒྱ་ཆེན་པོར་བགྱིད་པ་
འམ། རྒྱ་ཆུང་ངུར་བགྱིད་པ་འམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣམ་པར་ཐར་བ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། མཐར་ཀྱིས་གནས་པའི་སྙོམས་པར་
འཇུག་པ་དགུ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་
ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཏིང་ངེ་འཛིན་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། གཟུངས་ཀྱི་སྒོ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ།

རྒྱ་ཆུང་ངུར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། མྱི་འཇིགས་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། སོ་སོ་ཡང་དག་པར་རིག་པ་རྣམས་རྒྱ་ཆེན་པོར་བགྱིད་པ་འམ།
རྒྱ་ཆུང་ངུར་བགྱིད་པ་འམ། སྙིང་རྗེ་ཆེན་པོ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྒྱ་ཆེན་པོར་
བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ཕྱིར་མྱི་འོང་བའི་འབྲས་བུ་རྒྱ་ཆེན་པོར་བགྱིད་པ་
འམ། རྒྱ་ཆུང་ངུར་བགྱིད་པ་འམ། དགྲ་བཅོམ་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། རང་བྱང་ཆུབ་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི།
དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་རྒྱ་ཆེན་པོར་བགྱིད་པ་འམ། རྒྱ་ཆུང་ངུར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །
བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། འདུ་ཤེས་མཐུ་དང་ལྡན་པར་བགྱིད་
པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། འདུ་བྱེད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། །དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་

ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་མཐུ་དག་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣ་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྣ་མཐུ་དང་ལྡན་པར་བགྱིད་པ་
འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལྕེ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལུས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཡིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་
པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྒྲ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་
བགྱིད་པ་འམ། དྲི་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རོ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རེག་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཆོས་མཐུ་དང་ལྡན་
པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་
པ་འམ། རྣ་བའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྣའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལྕེའི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ།
མཐུ་མ་མཆིས་པར་བགྱིད་པ་འམ། ལུས་ཀྱི་རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཡིད་ཀྱི་རྣམ་པར་ཤེས་པ་མཐུ་དང་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་

པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིག་གི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣ་བའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་
མཆིས་པར་བགྱིད་པ་འམ། སྣའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལྕེའི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་མཐུ་དང་ལྡན་
པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་
ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་བགྱིད་
པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཚེ། སའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཆུའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། མའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་

མཆིས་པར་བགྱིད་པ་འམ། རླུང་གི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ནམ་མཁའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣམ་པར་
ཤེས་པའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མ་རིག་པ་མཐུ་དང་ལྡན་པར་བགྱིད་པ་འམ།
མཐུ་མ་མཆིས་པར་བགྱིད་པ་འམ། འདུ་བྱེད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། མྱིང་དང་གཟུགས་མཐུ་དང་ལྡན་པར་བགྱིད་
པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྐྱེ་མཆེད་དྲུག་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རེག་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་
མ་མཆིས་པར་བགྱིད་པ་འམ། སྲེད་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལེན་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྲིད་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་
འམ། སྐྱེ་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྒ་ཤི་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་

པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་
བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཕྱི་སྟོང་པ་ཉིད་མཐུ་དང་ལྡན་
པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཕྱི་ནང་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྟོང་པ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཆེན་པོ་
སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། དོན་དམ་པ་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། འདུས་བྱས་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་
པ་འམ། འདུས་མ་བྱས་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་
བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། དོར་བ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རང་བཞིན་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཆོས་ཐམས་ཅད་
སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རང་གི་མཚན་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། མྱི་དམྱིགས་པ་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་

བགྱིད་པ་འམ། དངོས་པོ་མྱེད་པ་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ངོ་བོ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། དངོས་
པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་
གཞག་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཡང་དག་པར་སྤོང་བ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྫུ་འཕྲུལ་གྱི་རྐང་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་
འམ། མཐུ་མ་མཆིས་པར་བགྱིད་པ་འམ། དབང་པོ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སྟོབས་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། བྱང་ཆུབ་ཀྱི་ཡན་
ལག་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། འཕགས་པའི་བདེན་པ་རྣམས་མཐུ་དང་ལྡན་པར་བགྱིད་
པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། བསམ་གཏན་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཚད་མྱེད་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། གཟུགས་མྱེད་པའི་སྙོམས་
པར་འཇུག་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པ་བརྒྱད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་

མཆིས་པར་བགྱིད་པ་འམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་
མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཏིང་ངེ་འཛིན་རྣམས་མཐུ་
དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། གཟུངས་ཀྱི་སྒོ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། དེ་བཞིན་གཤེགས་པའི་སྟོབས་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་
པ་འམ། མྱི་འཇིགས་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སོ་སོ་ཡང་དག་པར་རིག་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། བཅོམ་
ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ།
རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ཕྱིར་མྱི་འོང་བའི་འབྲས་བུ་མཐུ་དང་ལྡན་པར་བགྱིད་པ་
འམ། མཐུ་མ་མཆིས་པར་བགྱིད་པ་འམ། དགྲ་བཅོམ་པ་ཉིད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། རང་བྱང་ཆུབ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་འམ། ལམ་གྱི་རྣམ་པ་ཤེས་པ་ཉིད་མཐུ་དང་ལྡན་པར་

བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་མཐུ་དང་ལྡན་པར་
བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། དེའི་དམྱིགས་པ་ཆེན་པོར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། དམྱིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་ཅེས་བགྱི་བ་མ་མཆིས་ཏེ། དེ་ནི་འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །འདུ་ཤེས་སྐྱེ་བ་
མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །འདུ་བྱེད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མྱིག་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣ་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྣ་སྐྱེ་བ་མ་
མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལྕེ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལུས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་
མ་མཆིས་པར་བལྟའོ། །ཡིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྒྲ་སྐྱེ་བ་མ་མཆིས་པའི་

སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དྲི་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རོ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་
མཆིས་པར་བལྟའོ། །རེག་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཆོས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མྱིག་གི་རྣམ་པར་
ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྣའི་རྣམ་པར་ཤེས་པ་སྐྱེ་བ་མ་
མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལྕེའི་རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མྱིག་གི་འདུས་ཏེ་རེག་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
སྐྱེ་བ་མ་མཆིས་པར་བལྟའོ། །རྣ་བའི་འདུས་ཏེ་རེག་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྣའི་འདུས་ཏེ་རེག་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟ་
འོ། །ལྕེའི་འདུས་ཏེ་རེག་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཡིད་ཀྱི་འདུས་ཏེ་

རེག་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣ་བའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལྕེའི་འདུས་
ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། ཡིད་ཀྱི་འདུས་ཏེ་
རེག་པའི་རྐྱེན་ཀྱིས་ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སའི་ཁམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཆུའི་ཁམས་སྐྱེ་བ་མ་མཆིས་པའི་སླད་དུ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མྱེའི་ཁམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རླུང་གི་ཁམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །
ནམ་མཁའི་ཁམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣམ་པར་ཤེས་པའི་ཁམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མ་རིག་པ་སྐྱེ་བ་མ་མཆིས་པའི་
སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །འདུ་བྱེད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་

བལྟའོ། །མྱིང་དང་གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྐྱེ་མཆེད་དྲུག་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རེག་པ་སྐྱེ་བ་མ་མཆིས་པའི་སླད་དུ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཚོར་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྲེད་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལེན་
པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྲིད་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྐྱེ་བ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་
པར་བལྟའོ། །རྒ་ཤི་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་
མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་པ་མ་མཆིས་པར་བལྟའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པའི་སླད་དུ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ནང་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཕྱི་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཕྱི་ནང་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །

སྟོང་པ་ཉིད་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཆེན་པོ་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དོན་
དམ་པ་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །འདུས་བྱས་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །འདུས་མ་བྱས་
སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཐོག་མ་དང་ཐ་མ་
མྱེད་པ་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དོར་བ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རང་བཞིན་སྟོང་པ་ཉིད་
སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྐྱེ་བ་མ་
མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མྱི་དམྱིགས་པ་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་
དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དྲན་པ་ཉེ་བར་གཞག་པ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཡང་དག་པར་སྤོང་བ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དབང་པོ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་
པར་བལྟའོ། །སྟོབས་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །འཕགས་
པའི་ལམ་ཡན་ལག་བརྒྱད་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །འཕགས་པའི་བདེན་པ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །བསམ་གཏན་
རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། ཚད་མྱེད་པ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མ་
མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣམ་པར་ཐར་པ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་བ་མ་
མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མངོན་པར་ཤེས་པ་

རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཏིང་ངེ་འཛིན་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །གཟུངས་ཀྱི་སྒོ་
རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །མྱི་
འཇིགས་པ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། སྙིང་རྗེ་ཆེན་པོ་སྐྱེ་བ་མ་མཆིས་པའི་
སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྐྱེ་བ་མ་མཆིས་པའི་
སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །ཕྱིར་མྱི་འོང་བའི་འབྲས་བུ་སྐྱེ་བ་མ་མཆིས་པའི་
སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །དགྲ་བཅོམ་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །རང་བྱང་ཆུབ་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་
བ་མ་མཆིས་པར་བལྟའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །བྱང་ཆུབ་དང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་བལྟའོ། །སེམས་ཅན་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །གཟུགས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་
བཞིན་མ་མཆིས་པར་བལྟའོ། །ཚོར་བ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །འདུ་ཤེས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་
བལྟའོ། །འདུ་བྱེད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །
མྱིག་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རྣ་བ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སྣ་རང་བཞིན་མ་མཆིས་པའི་སླད་
དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལྕེ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལུས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་རང་བཞིན་མ་མཆིས་པར་བལྟའོ། །ཡིད་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །གཟུགས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་
བལྟའོ། །སྒྲ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །དྲི་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རོ་རང་བཞིན་མ་མཆིས་

པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རེག་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཆོས་རང་བཞིན་མ་མཆིས་པའི་སླད་དུ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །མྱིག་གི་རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རྣ་བའི་རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སྣའི་རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལྕེའི་རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལུས་ཀྱི་རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །མྱིག་གི་འདུས་ཏེ་རེག་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རྣ་བའི་འདུས་ཏེ་རེག་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སྣའི་འདུས་ཏེ་རེག་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལྕེའི་འདུས་ཏེ་རེག་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་
མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལྕེའི་
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་རང་བཞིན་མ་མཆིས་པར་བལྟའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་རང་བཞིན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མ་མཆིས་པར་བལྟའོ། །སའི་ཁམས་རང་བཞིན་མ