Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 197

Văn bản gốc(Tây Tạng)

Trang 22 / 25 (50.000 ký tự/trang)
 །འདི་ནི་ཆོ་ག་མ་བྱས་ཀྱང་། །བླ་མ་དག་ལས་རིག་བྱེད་བཀླགས། །རང་

བཞིན་དག་པའི་ཤེལ་དག་ནི། །འདུ་བྱེད་གཞན་ལ་ལྟོས་པ་མེད། །སྐྱོན་ནི་མཐའ་དག་འདི་ལ་ཡང་། །རེས་འགའ་སྙན་ངག་མཁན་མཁས་པས། །སྐྱོན་གྱི་གྲངས་ལས་རབ་འདས་ནས། །ཡོན་ཏན་ལམ་ནི་རྣམ་པར་འཛིན། །རྒྱལ་པོ་དེ་ཡི་མཐུ་ཡིས་ནི། །དེ་ཡི་སྐྱེད་ཚལ་ལྷ་རྣམས་ཀྱི། །ལྗོན་པ་ཡལ་
འདབ་གོས་དམར་དང་། །ལྡན་པ་དག་གི་གནས་སུ་གྱུར། །རྒྱལ་པོ་འཇིགས་པ་གསལ་བྱེད་པ། །ཀ་དམ་པ་ཡི་རྡུལ་དང་འགྲོགས། །འདབ་བདུན་ལས་འཁྲུངས་སྐྱོད་བྱེད་ཅིང་། །དྲག་པོ་ཡི་ནི་རླུང་དག་རྒྱུ། །ཁྱོགས་ཀྱིས་རབ་བསྐུལ་སྐྲག་པ་ཡི། །སྐྱེ་བོ་བུད་མེད་ཁས་བརྗོད་གླུ། །སྟབས་མི་མཉམ་པས་འདོད་ལྡན་གྱི། །
ཆགས་པ་དག་ནི་འཕེལ་བར་བྱེད། །ཟླ་བའི་འོད་ཟེར་རབ་བསིལ་བས། །བསྲེག་བྱ་འཛིན་པ་འདོད་ལྡན་ནི། །བུད་མེད་དང་བྲལ་ཉོན་མོངས་ཀྱིས། །འཁྲུགས་པ་འདི་ཡིས་རྩི་བར་བྱེད། །གཞལ་བྱ་ཡིན་ཡང་གཞལ་བྱ་མིན། །ཆ་ལྡན་ཡིན་ཡང་ཆ་ལྡན་མིན། །གཅིག་ཉིད་ཡིན་ཡང་གཅིག་ཉིད་མིན། །སྣ་ཚོགས་
གཟུགས་ཁྱོད་ལ་ཕྱག་འཚལ། །སྐྱ་བསེང་བུ་ལྔ་དག་གི་ནི། །ཆུང་མ་ལྔ་ལེན་བུ་མོ་སྟེ། །དག་པ་རྣམས་ཀྱི་མཆོག་ཏུ་འགྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ། །སྒྲ་དོན་རྒྱན་ནི་བཀྲ་བ་དང་། །བྱ་སླ་བྱ་དཀའ་དག་གི་ལམ། །སྙན་ངག་རྣམས་ཀྱི་ཡོན་ཏན་སྐྱོན། །དེ་ལྟར་མདོར་བསྡུས་རབ་ཏུ་བསྟན། །སྒྲུབ་བྱེད་བསྟན་པའི་ལམ་འདིས་
སྐྱོན་དང་ཡོན་ཏན་དག །རབ་ཏུ་རྟོགས་པའི་བློ་ཅན་སྐལ་བཟང་དབང་གྱུར་པའི། །ཚིག་དང་མངོན་པར་འགྲོགས་བྱས་ཆང་མིག་མ་དག་དང་། །ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་གྱུར། །སྙན་ངག་མེ་ལོང་ལས་ལེའུ་སྟེ་གསུམ་པའོ།། །།སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་
ལོང་གི་གཞུང་འདི་ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་བ་དང་། དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སྙན་ངག་མཁན་ཆེན་པོ་ཤྲཱི་ལ་ཀྵྨཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་
བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་རྗེས་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་གོ་དཀའ་བའི་ཆ་ཤས་སུ་གྱུར་པ་རྣམས་དང་དོན་ཆེ་བ་རྣམས་ལ་འགྱུར་བཅོས་བགྱིས་པ་ལ་ཕྱིས་སྙེ་ཐང་བློ་བརྟན་བཞི་པས་ལེགས་པར་འགྱུར་བཅོས་བགྱིས་པ་ལགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། མེ་གྷ་དཱུ་ཏ་ནཱ་མ། བོད་སྐད་དུ། སྤྲིན་གྱི་ཕོ་ཉ་ཞེས་བྱ་བ། ཡང་དག་པར་རྫོགས་པའི་སངས་རྒྱས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་། །གནོད་སྦྱིན་འགའ་ཞིག་ལ་ནི་རང་
ཉིད་བག་མེད་དབང་གྱུར་མཛེས་མ་སྤངས་ལ་ལོ་ཡི་བར། །ཡིད་འོང་སྐྱེད་བྱེད་བུ་མོའི་ཁྲུས་བྱ་བསོད་ནམས་ཆེ་བ་རྣམས་དང་ཤིན་ཏུ་རབ་མཛེས་པའི། །རབ་བཟང་ལྗོན་ཤིང་གྲིབ་མ་དང་ལྡན་དྲ་མའི་དྲི་བོར་སོང་ལ་སྤྱོད་པས་གནས་པར་གྱིས། །འདོད་ལྡན་དེ་ནི་མཛེས་མ་སྤངས་ཤིང་ཟླ་བ་འགའ་ཡིས་རི་བོ་དེར་ནི་
ཕྱིན་བྱས་པས། །ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུད་པའི་བར་དུ་རྒྱུ་བར་བྱེད། །ཆུ་སྟོད་ཟླ་བ་རྫོགས་པའི་ཉིན་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་གྱུར་པ་ནི། །མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་ཡིན་ནམ་སྙམ་དུ་རྟོག་ཅིང་མཐོང་བར་གྱུར། །ནོར་ཅིང་རྒྱལ་པོའི་རྗེས་
འབྲངས་དེ་ལྟར་གནས་དེ་མདུན་དུ་ཀེ་ཏའི་མེ་ཏོག་རྒྱས་སྟོབས་ཀྱིས། །ནང་དུ་ཡིད་ལ་རབ་ཏུ་གདུང་བའི་མཆི་མ་ཡུན་རིང་དག་ཏུ་ཅི་ཡང་བྱུང་གྱུར་ཏེ། །མགྲིན་པར་འཁྱུད་བྱ་དགའ་མ་རིང་ན་གནས་པར་གྱུར་པའི་སྐྱེ་བོའི་སེམས་ལ་ནི། །ཆུ་འཛིན་མཐོང་ན་བདེ་ལྡན་ཡང་ནི་རྣམ་པ་གཞན་དུ་གདུང་བ་ཅི་ཡང་འཇུག་
པར་འགྱུར། །དབྱར་དུས་ཟླ་བ་གཉིས་པ་འོངས་པར་གྱུར་ཚེ་བརྩེ་ལྡན་མ་ཡི་ཆེད་དུ་སྲོག་ཆགས་ནི། །བདེ་ལ་ཆར་སྤྲིན་དག་གིས་རང་ཉིད་བདེའམ་ཞེས་པའི་ཚིག་འདི་ཁྱེར་ནས་འཇུག་པ་བཞིན། ཀུན་དའི་ཟླ་ཡི་ཆུ་སྐྱེས་འཛུམ་པ་རྣམས་ཀྱིས་དེ་ལ་མཆོད་པའི་ཆེད་དུ་དགའ་བྱེད་བཞིན། །མཛའ་བ་མངོན་དུ་གྱུར་པའི་ཚིག་
དེ་ལེགས་པར་འོངས་སམ་དགའ་བཞིན་བརྗོད་པ་བཞིན། །གང་དུ་དུ་བ་གཟི་ལྡན་ཆུ་གཏེར་མྱུར་འགྲོ་རྣམས་ཀྱི་ཚོར་བ་ལས་ནི་ཆར་སྤྲིན་ཏེ། །གང་དུ་མཁས་པའི་བྱེད་པ་རྣམས་དང་སྲོག་རྣམས་ཀྱིས་ནི་ལེགས་བཤད་ཆེད་དུ་ཐོབ་པར་བྱེད། །ཅེས་པ་མཆོག་ཏུ་དགའ་བའི་གསང་བ་པ་ནི་དེ་ལས་ཡོངས་སུ་མི་ཤེས་གང་གིས་
ནི། །འདོད་པའི་དོན་དུ་མཁས་དང་མི་མཁས་རྣམས་དང་སེམས་ལྡན་སེམས་མེད་རྣམས་ལ་ཞུ་བར་བྱེད། །ཁྱོད་ནི་རིགས་མཆོག་དང་ལྡན་མཆོད་སྦྱིན་བརྒྱ་པའི་བློན་པོ་མཆོག་སྟེ་འདོད་འཇོའི་ངོ་བོ་ཉིད། །ས་གསུམ་མཐའ་དག་རིག་ཅིང་བསྐལ་པར་འཇུག་པའི་ཆེ་བའི་ཆུ་འཛིན་ཉིད་དུ་བདག་གིས་ཤེས། །དེས་

ན་ཁྱོད་ནི་དོན་གཉིས་ཉིད་ལ་སྐལ་བའི་དབང་གིས་དམན་མིན་འདོད་པ་ཐོབ་པ་ཉིད། །མཆོད་སྦྱིན་འབྲས་མེད་བདག་གི་རིང་གནས་གཉེན་འདུན་དག་ཏུ་ཡོན་ཏན་མཆོག་དབང་ཁྱོད་གཤེགས་མཛོད། །ཀ་ཡེ་ཆུ་ལྡན་ཁྱོད་ནི་ཤིན་ཏུ་གདུངས་གྱུར་སྐབས་ཉིད་དེ་ཕྱིར་བདག་གི་དགའ་བ་ལ། །གཏམ་གྱི་
བདག་པོ་ཆེད་ཆེར་ཁྲོས་པས་འཁྱམས་ཤིང་བྲལ་བ་དག་གི་ཕྲིན་ནི་མཛད་དུ་གསོལ། །ཕྱི་རོལ་སྐྱེད་མོས་མཆོག་གནས་འཕྲོག་བྱེད་གཙུག་གི་ཟླ་བའི་འོད་ཀྱིས་སྣང་བྱས་ཁང་བཟངས་ཅན།།གསང་བའི་བདག་པོའི་བསྟི་གནས་ཆེན་པོ་ལྕང་ལོ་ཅན་ཞེས་བྱ་བའི་གནས་སུ་ཁྱོད་གཤེགས་མཛོད། །ཁྱོད་ནི་དྲི་ཡི་བཞོན་
པ་དང་ལྡན་མཁའ་ལམ་གཤེགས་པའི་དབང་གིས་ལམ་བགྲོད་མཛེས་མ་རྣམས། །བསམ་པ་དགའ་བར་གྱུར་ཏེ་ལེན་བུའི་རྩེ་མོ་རྒྱབ་ཏུ་བྱས་ནས་བལྟ་ཞིང་གུས་པར་བྱེད། །ཁྱོད་འོངས་ཚོན་བྲེལ་བས་མཆོག་ཏུ་ཉེན་ཅིང་གཡོག་བཞིན་གཞན་དབང་གྱུར་པ་བདག་འདྲ་དང་། །གང་ཞིག་གཞན་ཡང་མི་ཡི་སྐྱེ་བོ་སུ་
ཞིག་གུས་ཤིང་དགའ་བ་རྒྱ་ཆེར་བྱེད་མི་འགྱུར། །དལ་བུ་དལ་བུས་བསྐྱོད་པའི་དྲི་བཞོན་དག་གིས་ཁྱོད་ལ་མཛེས་མཐུན་ཞབས་ཏོག་བྱེད་པ་བཞིན། །མྱོས་པའི་ཙ་ཏ་ཀ་འདིའང་ཁྱོད་ལ་སྙན་པའི་བསྟོད་པའི་བསྟོད་པ་གཡོན་ནས་སྒྲོགས་པ་དང་། །ཆུ་སྐྱར་མཛེས་མ་རྣམས་ཀྱང་སྐལ་བཟང་མིག་གིས་མཁའ་ལ་ཁྱོད་
མཐོང་ཕྲེང་བར་བྱས་ནས་བརྟེན། །ངེས་པར་མངལ་ནི་རབ་ཏུ་འཛིན་པ་ཡོངས་སུ་གསལ་བ་ཉིད་དུ་བྱ་བ་བཟོད་པར་ནུས། །བདག་གིས་མཛེས་མ་དེ་ཡང་ཉིན་ཞག་གྲངས་བཞིན་བདག་པོ་གཅིག་པུ་ཡིད་ལ་འདྲི་བར་ནི། །གདོན་མི་ཟ་བར་མྱུར་དུ་གཤེགས་ཏེ་བདག་ནི་མ་ཤི་བ་ཉིད་ཁྱོད་ཀྱིས་བསྟན་པར་མཛོད། །གང་ཕྱིར་
འཕྲལ་ལ་ཆུ་སྐྱེད་ཕལ་ཆེར་ཕྲེང་བས་བཅིངས་པས་ལྟུང་བ་མེད་པར་གྱུར་པ་བཞིན། །ལྷ་མོའི་སྙིང་གི་དགའ་བ་བྲལ་ལས་ལྟུང་བ་ཕྲལ་ལ་འགོག་ཅིང་མཛའ་བས་འཆིང་བར་བྱེད། །གང་ཞིག་ཁྱོད་ཀྱི་འབྲུག་སྒྲ་སྒྲོགས་པ་དེ་ནི་སྐལ་བཟང་རྣ་བས་ཐོས་བྱས་ནས། །མཆོག་ཏུ་རྒྱས་པའི་མེ་ཏོག་དག་གིས་ས་
གཞིའི་ཆེད་དུ་གདུགས་དག་བྱས་པར་གྱུར་པ་ཉིད། །ཁྱོད་ནི་ནམ་མཁའ་དག་ལ་གཤེགས་ཚེ་དགའ་བའི་ཡིད་ཀྱིས་མཚོ་དང་གངས་ཅན་བར་ལ་ནི། །པདྨའི་རྩ་བ་ལོ་མའི་ལམ་རྒྱགས་ལྡན་པའི་ངང་པའི་རྒྱལ་པོ་རྣམས་ཀྱང་གྲོགས་སུ་འགྱུར། རགྷུའི་བདག་པོའི་ཞབས་ཀྱིས་མཚན་པའི་རི་ངོས་རྣམས་ལ་སྐྱེ་

བོ་ཀུན་གྱིས་ཕྱག་བྱེད་པའི། །ཆེ་བའི་རི་བོ་འདི་ནི་ཁྱོད་ཀྱི་དགའ་བའི་གྲོགས་བཟང་ཁྱོད་ལང་འཁྱུད་པ་སྔོན་འགྲོ་བའི། །མཛའ་བ་གསལ་བྱས་ཡུན་རིང་འབྲལ་ལས་བྱུང་བའི་མཆི་མའི་དྲོ་བའང་འབྱུང་བ་ཡོངས་མཐོང་ལ། །ཁྱོད་དང་གང་དེ་དུས་དུས་དག་ཏུ་ཡང་དག་མཇལ་འགྱུར་ཞེས་ནི་བྱས་ནས་ཁམས་
བདེ་མཛོད། །ཀྭ་ཡེ་ཆུ་འཛིན་རེ་ཞིག་ཁྱོད་ནི་ལམ་ལ་བགྲོད་པའི་ཐབས་ཀྱིས་གཏམ་ནི་མཉན་པར་མཛོད། །དེ་ཡི་རྗེས་སུ་བདག་གི་འཕྲིན་ནི་རྣ་བའི་བདེ་བ་སྐྱེད་ཁྱོད་རྣ་བར་གཟུང་བར་མཛོད། །ཤིན་ཏུ་ངལ་ཞིང་རབ་ཏུ་ངལ་ཚེ་རི་བོའི་རྩེ་ལ་རྐང་བཀོད་ངལ་བ་བསལ་ནས་གཤེགས། །གང་དུ་སྐོམ་ཤིང་ཤིན་ཏུ་སྐོམ་
ན་ཉུང་ངུའི་ཆུ་དང་ཆེ་བའི་མཚོ་ལའང་བཏུང་བར་བྱ། །ནི་ཙུ་ལ་ནི་གསར་པས་གནས་འདི་ལས་ནི་ཁྱོད་ལངས་མཁའ་ལ་བྱང་དུ་གདོང་ཕྱོགས་མཛོད། །ཕྱོགས་ཀྱི་གླང་པོ་རྣམས་ཀྱི་ལག་པ་ཆེ་བས་བཅིངས་པའི་ལམ་ནི་ཡོངས་སུ་དོར་བར་གྱིས། །རི་ཡི་རྩེ་མོ་ཕྲོགས་ནས་དྲི་བཞོན་འགྲོ་བའམ་ཆུ་འཛིན་ལངས་
ནས་འགྲོ་བའི་ཅི་ཞེས་ཐེ་ཚོམ་དུ། །གྱུར་ནས་གྲུབ་པའི་བུད་མེད་རྣམས་ཀྱིས་གྱེན་ཕྱོགས་བལྟས་ཏེ་འཇིགས་ཤིང་སྐྲག་པས་རྨོངས་པར་འགྱུར། །རིན་ཆེན་འོད་ཀྱིས་སྣང་བ་བཞིན་དུ་རབ་མཛེས་མཆོད་སྦྱིན་བརྒྱ་པའི་གཞུ་ཡི་དུམ་བུ་ནི། །ཆེ་བའི་གྲོག་མཁར་རྩེ་ལས་བྱུང་བ་དེ་ནི་མདུན་དུ་ཡང་དག་མཐོང་བར་
འགྱུར། །ཁྱབ་འཇུག་གླང་རྫིའི་ཚུལ་བཟུང་རྨ་བྱའི་སྒྲོ་ཡི་འོད་ཀྱིས་ཁྱབ་པར་གྱུར་པ་བཞིན། །ཁྱོད་སྐུ་མཆོག་ཏུ་མཛེས་པ་མཐིང་ནག་གང་གིས་ཀུན་དུ་ཁྱབ་པར་བྱེད་པ་ཐོབ་པར་འགྱུར། །ཁྱོད་འོངས་ཏེ་ན་གྲོང་ཁྱེར་ན་ཆུང་དགའ་ཞིང་ཆགས་པའི་མིག་རྣམས་ཀྱིས་ནི་སྨིན་མ་ཡི། །རྣམ་འགྱུར་མངོན་པར་མི་
ཤེས་བཞིན་དུ་བལྟ་ཞིང་འབྲུ་རྣམས་ཀུན་ནི་འཕེལ་བར་བྱེད་པའི་ཕྱིར། །ཁྱོད་ནི་ཅུང་ཟད་ནུབ་ཏུ་བསྐྱོད་ཅིང་གནས་བྱ་འཕྲིན་ལ་སྨོན་གྱི་རོལ་དགའ་བ་ཡི། །གནམ་ཆུ་སྒུག་པའི་ཞིང་ལ་གྲུ་ཆར་རྒྱས་བྱ་སླར་ཡང་བྱང་དུ་མྱུར་བར་དལ་གྱིས་གཤེགས། །ལམ་དུ་ཡོངས་སུ་ངལ་བའི་ཚེ་ན་ངོས་ལྡན་ཨ་སྨ་བརྩེགས་
པའི་རི་རྩེར་གནས་བྱ་སྟེ། །ཁྱོད་ཀྱི་ནགས་ནང་ཤིང་སྐམ་རྣམས་ནི་ཆར་གྱིས་བརླན་པར་བྱས་བཞིན་ལེགས་པར་མཛོད། །གང་ཕྱིར་ཆེ་བའི་སྐྱེ་བོ་དང་པོར་ལེགས་བྱས་རྒྱུ་མཚན་ཐོབ་པའི་གྲོགས་བཟང་ལ། །དེ་ལྟའི་བྱ་བས་གནས་ཆེད་ཅི་ཡང་གྱུར་ལ་ཕྱིར་ཕྱོགས་ངན་པའི་སྐྱེ་བོའང་འགྱུར་མ་ཡིན། །ཀྭ་ཡེ་ཆུ་

འཛིན་ཁྱོད་ནི་ལམ་ལ་ངལ་ཚེ་སྣ་ཚོགས་བརྩེགས་པ་ཞེས་པའི་རི་བོ་ནི། །ངོས་ལྡན་རྩེ་མོ་ཡངས་ལ་བསྡད་ནས་ཕན་ཚུན་མངོན་དུ་ཕྱོགས་པའི་བསྙུན་ནི་བྱེད་བཞིན་པས། །ཁྱོད་ཀྱང་དེ་ཡི་སོ་ཀའི་མ་ནི་བདུད་རྩིས་ཞི་བྱེད་དེ་ཡང་ཕན་པའི་དངོས་བོའི་རྟེན་དུ་འགྱུར། །ཆེན་པོ་རྣམས་ལ་ཕན་
བཏགས་ལན་དུ་འཕྲལ་ལ་འབྲས་བུ་དམ་པས་བརླན་པ་ཉིད། །ཁྱོད་ནི་གཡོ་མེད་རྩེ་མོར་གནས་ཚེ་ཨ་མྲའི་ནགས་ཀྱི་འབྲས་བུ་རྒྱས་པར་སྨིན་པ་ནི། །ཕྱོགས་ཀུན་ཁྱབ་པར་བཀྲམ་པ་དགའ་མའི་རྣམ་མཛེས་ལེན་བུ་དག་དང་མཚུངས་པ་བཞིན་དུ་གྱུར། །ས་གཞིའི་མཛེས་མའི་ནུ་རྒྱས་ལྷག་མ་དཀར་ཞིང་ཐིག་ལེ་
སྔོན་པོས་མཛེས་པ་བཞིན། །འཆི་མེད་ཁྱོ་ཤུག་དག་ནི་ཡ་མཚན་ངེས་པ་ཐོབ་པའི་མིག་གིས་རབ་ཏུ་ལྟ་བར་བྱེད། །དེ་ནས་རི་དགས་པ་དག་པོའི་ཆུང་མའི་ནགས་ཀྱི་ཁང་པ་དེ་ལ་ཡུད་ཙམ་གནས་བྱས་ནས། །དེ་ཡི་ཕ་རོལ་ཆུ་ལས་ཐོན་ནས་མཆོག་ཏུ་མྱུར་བས་ལམ་གཞན་དག་ཏུ་གཤེགས་ཤིང་བགྲོད་པ་ན། །
དྲང་སྲོང་བུ་མོའི་ཆུ་བོ་འབིགས་བྱེད་རི་ཡི་ཞབས་ནི་རྩུབ་པའི་རྡོལ་འོག་ཏུ་འབབ་ལྡན་མ། །སོ་གཉིས་ཡན་ལག་མཆོག་ལས་དཀར་མོ་ཚོན་གྱིས་ལེགས་བྲིས་བཞིན་དུ་ཁྱོད་ཀྱིས་མཐོང་བར་འགྱུར། །ཁྱོད་ཀྱིས་ཐོག་མར་ཆར་པ་སྒྱུག་བྱ་དེ་ཡི་ཆུ་ནི་འཐུངས་ནས་བགྲོད་པར་བྱ་སྟེ་ཕྱིན་ནས་ནི། །ནགས་ཀྱི་གླང་པོ་མྱོས་
པའི་ཏིག་ཏའི་རོ་དང་འཛམ་བུའི་ཤིང་གི་ཆུ་དེའང་མྱུར་དུ་འགེངས། །ཀྭ་ཡེ་སྤྲིན་སྟུག་ཁྱོད་ནི་ནང་གི་སྙིང་པོ་ལྡན་ན་དྲི་བཞོན་དག་གིས་གཡོ་མི་ནུས། །གང་ཕྱིར་ཐམས་ཅད་སྟོང་ན་ཡང་བར་འགྱུར་ཞིང་ཡོངས་སུ་གང་ན་ཀུན་ཀྱང་ལྗི་བ་ཉིད། །དང་པོར་ཀནྡ་ལི་ཡི་མེ་ཏོག་ཁ་འབུས་རྣམས་ནི་ཤུན་པས་བསྒྲིབས་པ་བྱུང་བ་དང་། །
འདབ་མ་ལྗང་ཞིང་གེ་སར་དཀར་སེར་ཕྱེ་ལྡན་བརྟན་པ་རྣམས་ཀྱི་ཆུ་སྐྱེས་མེ་ཏོག་མཐོང་ནས་ཀྱང་། །འབྲོག་དགོན་རྣམས་སུ་མེས་བསྲེགས་ས་གཞིར་དྲི་འཛིན་མནམ་བྱ་དྲི་བཟང་མང་པོ་བྱུང་བ་ན། །ཆུ་འཛིན་དལ་བུས་ཆར་བསྐྲུན་ཁྱོད་ལ་སཱ་རིགས་རྣམས་ནི་སྟོན་པར་བྱེད་པར་འགྱུར། །ཁྱོད་ནི་ལེགས་པར་འོངས་ཆེ་
སྙན་པའི་སྒྲ་བསྒྲགས་དུས་ན་གྲུབ་པ་རྣམས་ཀྱིས་མཆོད་བྱེད་ཅིང་། །ཙཱུ་ཏ་ཀ་རྣམས་ཆུ་ཡི་ཐིགས་པ་བཟུང་ནས་དགའ་བས་འཐུང་ལ་ལྟ་བར་བྱེད་བཞིན་དང་། །ཆུ་སྒྲོགས་རྣམས་ནི་ཕྲིང་བར་བསྒྲིགས་རྣམས་ཡོངས་སུ་བསྒྲེང་ཞིང་ཅི་ཞེས་ངེས་པར་ལྟ་བཞིན་དང་། །མཆོག་ཏུ་འདར་བྱས་དགའ་བས་དགའ་མ་ལ་ནི་

དམ་དུ་འཁྱུད་པ་རྣམས་ནི་བྱེད་པ་ཡིན། །ཀྭ་ཡེ་གྲོགས་པོ་ཁྱོད་ནི་བདག་གི་དགའ་བའི་དོན་ལ་མྱུར་དུ་འགྲོ་སྙམ་ཡོད་ན་ཡང་། །ཀ་ཀུ་བྷ་ཡི་དྲི་ལྡན་རི་བོ་རི་བོ་རྣམས་ལ་ཡུན་རིང་ཐོགས་པར་བདག་གིས་ཤེས། །གཙུག་ཕུད་ཅན་གྱི་འདྲེན་བྱེད་ཆུ་དང་བཅས་པས་ལེགས་པར་འོངས་སམ་བྱས་ནས་ཡུན་རིང་
གནས་པར་འདོད། །དེ་སླད་ཁྱོད་ནི་ཤིན་ཏུ་ཤིན་ཏུ་མྱུར་བ་འགྲོ་བར་འགྱུར་བ་དག་ཀྱང་ཇི་ལྟར་ཡིན། །ཁྱོད་འོངས་ཚེ་ན་ངང་པ་རྣམས་ནི་དེ་ཉིད་ཅུང་ཟད་གནས་ནས་འགྲོ་ཞིང་འབྲས་བུ་ནི། །ཡོངས་སུ་སྨིན་པ་ལྗང་སྔོན་དང་ལྡན་འཛམ་བུའི་ནགས་ཀྱིས་བསྐོར་དབུས་དཀར་པོའི་འོད་ལྡན་ཆེ་བ་ཡི། །ནགས་ཀྱི་འཁྲི་ཤིང་ཀེ་
ཏའི་ཆུ་སྐྱེས་གེ་སར་གསལ་བར་རྒྱས་ཤིང་གྲོང་དང་མཆོད་རྟེན་གྱིས། །བསྐོར་བའི་ཁང་པར་གཏོར་ལེན་ཚང་སྐྱེད་རྩོམ་པའི་གྲོང་ཁྱེར་ཏམ་ཤ་ཞེས་པས་མཆོད་པར་འགྱུར། །དེ་ཡི་བྱང་ཕྱོགས་གཞི་ལ་བི་དི་ཤ་ཞེས་མཆོད་ཆ་རྒྱལ་པོའི་ཁབ་ཏུ་མྱུར་སོང་ནས། །དེར་ནི་ཁྱོད་ཀྱིས་ཤིན་ཏུ་ཆེ་བའི་འབྲས་བུ་ཐོབ་མཆོག་གོ་
འཕང་འཕྲལ་ལ་ཐོབ་འགྱུར་ཞིང་། །ཆེ་བའི་ཁ་ཞེང་དང་ལྡན་མཐའ་ནས་ལྷུང་ལྷུང་སྐད་སྙན་སྒྲོགས་ཤིང་དང་ཞིང་བསིལ་ལྡན་པ། །གཡོ་བའི་རླབས་ཕྲེང་གདོང་ཁ་སྨིན་མ་གཡོ་བཞིན་པ་འདྲའི་མཚོ་དེའང་སྐལ་བཟང་ཁྱོད་འཐུང་འགྱུར། །གང་ཞིག་ནི་ཙ་ཞེས་གྲགས་རི་བོར་ཁྱོད་འོངས་ཐོབ་ལས་དེར་ནི་ངལ་
བསོའི་ཆེད་དུ་གནས། །ཀ་དམ་པ་ཡི་མེ་ཏོག་དགའ་བས་སྤུ་ལོང་རྒྱས་ཤིང་གེ་སར་འཛུམ་པར་བྱེད་པ་བཞིན། །གྲོང་ཁྱེར་རྣམས་ནི་སྨན་འཚོང་མ་རྣམས་དགའ་བར་བྱེད་པའི་དྲི་བཟངས་དག་གིས་གང་བ་རྣམས། །རྡོ་ཡི་ཕྲག་ཕྲུག་རྣམས་ཀྱི་མཆོག་ཏུ་མཛེས་པའི་ལང་ཚོ་མ་རྣམས་སྨྲ་རུ་འཇུག་པ་བཞིན། །
ངལ་སོས་གྱུར་ན་བགྲོང་བྱ་གསར་སྐྱེས་རྣམས་ཀྱི་མེ་ཏོག་གསར་པའི་དྲ་བ་མཛེས་པ་རྣམས། །ཆུ་བོ་ཆུ་ངོགས་སྐྱེས་པ་རྣམས་ནི་ཆུ་ཐིགས་རྣམས་ཀྱིས་བྲན་པ་འཕྲལ་དུ་འོངས་འགྱུར་ཞིང་། །ཆུ་སྐྱེས་ཐོག་མའི་གདོང་གི་འགྲམ་པའི་རྔུལ་ཐིགས་སེར་ལ་རྣ་བའི་ཨུཏྤལ་ངལ་བ་དང་། །རྙིངས་གྱུར་ལ་ནི་ཉིད་ཀྱིས་
སྐད་ཅིག་བདེ་བའི་གྲིབ་བསིལ་ཡོངས་སུ་གནང་བར་མཛོད་ཅིག་ཀྱེ། །ཡང་ནི་བྱང་གི་ཕྱོགས་སུ་བགྲོད་ཅིང་གང་ཞིག་ཁྱེད་ནི་འཁྱོག་པོའི་ལམ་ལ་ཞུགས་པའི་ཚེ། །གྲོང་ཁྱེར་ཨུཛྫ་ཡ་ནའི་རྒྱལ་པོའི་ཕོ་བྲང་ནང་དུ་ཕྱིར་ཕྱོགས་མིན་པར་གནས་པར་མཛོད། །དེ་ན་གྲོང་གི་དགའ་མ་རྣམས་ཀྱི་རོལ་སྒེག་ཟུར་མིག་གློག་གི་

ཐག་པ་གཡོ་བ་ནི། །སྐྱོང་བྱེད་མིག་གིས་གལ་ཏེ་ཁྱོད་ནི་མ་མཐོང་འབྲས་བུ་མེད་ཅིང་བསླུས་པ་ཉིད་དུ་འང་འགྱུར། །རླབས་ཕྲེང་གཡོ་ལྡན་སྙན་པར་སྒྲོགས་ཤིང་འདབ་ཆགས་ཕྲེང་བའི་རྐེད་རྒྱན་སྐ་རགས་སིལ་སིལ་ཅན། །དལ་གྱིས་དལ་གྱིས་འགྲོ་ཞིང་ལང་ལིང་མཛེས་པའི་སྐལ་བཟང་
འཁོར་ལོའི་ལྟེ་བ་དང་ལྡན་པ། །རོ་མཆོག་དང་ལྡན་ཆུ་བོའི་ན་ཆུང་བིར་བིནྡྷ་ནི་ཁྱོད་ནི་ལམ་ན་མངོན་བཞུགས་ནས། །དགའ་མ་རྣམས་ཀྱིས་མཛའ་བོ་རྣམས་ལ་རོལ་སྒེག་ཐོག་མར་སྟོན་ཅིང་རྐེད་རྒྱན་འགྲོལ་འདྲ་མཐོང་། །དེ་རྒལ་སིནྡྷུའི་ཆུ་ནི་ལེན་བུ་བཞིན་དུ་ལུས་ནི་རབ་ཏུ་ཕྲ་བར་གྱུར་པ་ཅན། །དགོས་སུ་གྱུར་
པའི་ཤིང་ནི་རྙིངས་པའི་འདབ་མ་ལྷུང་བ་རྣམས་ཀྱིས་ཁྱབ་པར་བཀྲམ་པས་དཀར། །ཀྭ་ཡེ་སྐལ་བཟང་ཁྱོད་དང་བྲལ་བར་གནས་པས་ལུས་ཀྱི་གནས་སྐབས་འདི་འདྲར་འགྱུར། །གང་གི་ཆུང་མ་སྤངས་ནས་ཆེ་བའི་གནས་སྐབས་མཛད་དམ་ཁྱོད་མཁྱེན་དེ་ནི་རྗོད་པར་བྱེད། །ཨ་ཝནྟའི་ཡུལ་ཐོག་ན་ཨུ་ད་ཡ་ནའི་
གཏམ་ནི་གྲོང་གི་རྒན་མོས་ཤེས་པ་ཡོད། །དེ་རྗེས་གྲོང་ཁྱེར་སྔར་བསྟན་ཁང་པ་ཡངས་ཤིང་དཔལ་དང་ཕུན་ཚོགས་ཆེ་ལྡན་ཡངས་པ་ཅན། །འཛམ་གླིང་ས་གཞིར་མཐོ་རིས་མཛེས་ལྡན་དུམ་བུ་བསོད་ནམས་ལྷག་མ་རྣམས་ཀྱི་སྐབས་གསུམ་པའི། །ལེགས་བཤད་འབྲས་བུར་གྱུར་པ་ཉུང་ཤས་འགའ་ཞིག་དག་ནི་
ཕྲོགས་ནས་འོངས་པར་གྱུར་པ་བཞིན། །གང་དུ་བཞད་རྣམས་མྱོས་པའི་གདངས་སྙན་ཆེ་བར་སྒྲོགས་ཤིང་ཡིད་འོང་སྒྲ་ནི་གསལ་བར་བྱེད། །ཉི་གཞོན་གྱིས་རྒྱས་ཆུ་སྐྱེས་དྲི་བཟངས་དགའ་སྐྱེད་བསྐ་བའི་རོ་ལྡན་ཡིད་དུ་འོང་གྱུར་ཅིང་། །ཆུ་ཐིགས་ཀྱིས་བྲན་དྲི་བཞོན་བུད་མེད་ཆགས་གཟིར་གདུང་བ་ཕྲོག་བྱེད་ལུས་
ཀྱི་རྗེས་མཐུན་པ། །བདག་པོ་མཆོག་ནི་འདོད་དོན་གཉེར་བར་བྱེད་ལ་སྙན་པར་སྒྲོགས་ཤིང་དགའ་བར་བྱེད་པ་བཞིན། །དེ་ཡི་ནོར་ལྡན་ཁང་པ་རྣམས་ན་ལེན་བུ་སྤོས་ཀྱིས་བདུགས་པའི་དྲི་བཟངས་དྲ་བ་ནས། །འཐོན་པས་ཁྱོད་ལུས་ཆེར་འགྱུར་ཁྱིམ་གྱི་གཙུག་ཕུད་ཅན་ནི་དགའ་བས་གཉེན་མཐོང་གར་གྱིས་ནི། །
མཆོད་འབུལ་ཆུ་སྐྱེས་དྲི་བཟངས་ལྡན་པ་བུད་མེད་རོལ་སྒེག་ལྡན་པའི་རྐང་པའི་ཚོན་རྣམས་ཀྱིས། །མཚན་པ་རྣམས་ཀྱི་དབུས་སུ་དུབ་པར་གྱུར་པའི་རང་ཉིད་སྡུག་བསྔལ་བསལ་བར་བྱ། །ཡང་ནི་སྲིད་པ་གསུམ་གྱི་བླ་མ་དཔལ་མགྲིན་གནས་སུ་བསོད་ནམས་ལྡན་ཁྱོད་བགྲོད་པར་བྱ། །འཁོར་ཚོགས་ཆོས་ཀྱིས་

ཁྱབ་བདག་མགྲིན་འོད་མཚུངས་བཞིན་ཞེས་གུས་དང་བཅས་པས་ལྟ་བར་བྱེད། །ཡིད་འོང་དྲི་ལྡན་ཆུ་ལ་ལང་ཚོ་མ་རྣམས་རོལ་སྒེག་ཁྲུས་ནི་བྱེད་པའི་དྲི་ལྡང་ཞིང་། །ཨུཏྤལ་གེ་སར་ལྡན་པའི་དྲི་རྣམས་ཀྱིས་བསྒོས་རླུང་གི་སྐྱེད་ཚལ་གཡོ་བར་བྱེད་པ་ཡོད། །ཀྭ་ཡེ་ཆུ་འཛིན་ནག་པོ་ཆེན་པོའི་གནས་སུ་བགྲོད་ནས་
ཉིན་ཞག་གཞན་པའི་དུས་ལ་ཡང་། །ཉིན་མོར་བྱེད་པ་འདྲེན་བྱེད་ཡུལ་དུ་འོངས་པར་གྱུར་གྱི་བར་དུ་ཁྱོད་ནི་གནས་པར་མཛོད། །རྩེ་གསུམ་ཅན་ལ་ཐུན་མཚམས་ལ་ནི་གཏོར་མ་རྔ་ཆེན་བསྒྲགས་ཤིང་བསྟོད་དབྱངས་བྱེད་པ་བཞིན། །ཁྱོད་ཀྱིས་འབྲུག་དབྱངས་བསྒྲགས་ཚེ་མ་ཚང་མེད་པའི་འབྲས་བུ་ཐོབ་པས་
ཀུན་གྱི་དོན་ཡང་བྱེད། །དེ་ནས་རྐང་པ་བཀོད་པར་གྱུར་ཚེ་འོག་ཕག་དག་ལས་སིལ་སིལ་སྙན་པའི་སྒྲ་འབྱུང་ཞིང་། །རོལ་སྒེག་གཡོ་བའི་རིན་ཆེན་འོད་འཕྲོས་ལུས་མཛེས་རྔ་ཡབ་འཛིན་པས་ངལ་བའི་ལག་པ་ཅན། །ཚོགས་ཀྱི་མཛེས་མ་སེན་རྗེས་གསར་པས་གདུངས་ལ་ཁྱོད་ལས་ཆར་ཐིགས་ཐོབ་ན་ཚིམ་
བྱེད་པ། །ཁྱོད་ལ་སྦྲང་རྩི་བྱེད་པའི་ཕྲེང་བ་བཞིན་དུ་གཡོ་བའི་ཟུར་མིག་རིང་བ་དག་གིས་བལྟ་བར་འགྱུར། །ཕྱུགས་བདག་གླང་ཆེན་ལྤགས་རློན་འདོད་བཞིན་གྱོན་ནས་གར་ནི་རྩོམ་པ་འཕྲོགས་པར་གྱུར་པ་བཞིན། །ཁྱོད་འོངས་སྔ་དྲོའི་ཐུན་མཚམས་ཉི་གཞོན་དམར་བའི་འོད་ཀྱིས་དམར་བའི་ཆུ་སྐྱེས་འཛིན་བྱེད་
ཅིང་། །རྒྱབ་ནས་མཐོ་བའི་ལག་པ་ཟླུམ་པོའི་ནགས་ཀྱི་ཤིང་ཆེན་དག་གིས་བརྒྱངས་ནས་འཛིན་ཅིང་གནས། །ཞི་བའི་ཆར་རྒྱུན་འབབ་ཚེ་རི་ཡི་སྲས་མོས་གཡོ་མེད་མིག་གིས་གུས་པས་ལྟ་བར་བྱེད། །དེས་ན་བདག་པོའི་གནས་སུ་མཆོག་གི་བཙུན་མོ་རྣམས་ནི་རབ་དགས་སྒེག་པར་བྱེད་པ་ན། །མཚན་
མོའི་མུན་པ་སྟུག་པོ་རྣམས་ཀྱིས་མི་ཡི་བདག་པོའི་ལམ་གྱི་སྣང་བ་འགོག་བྱེད་པས། །ཁྱོད་ཀྱི་གློག་འོད་གསེར་མཚུངས་འོད་ཀྱི་སྣང་བས་ས་གཞིའི་ལམ་ནི་ཀུན་ནས་བསྟན་པར་མཛོད། །ཆུ་ཆར་འབྲུག་དབྱངས་སྒྲ་ཆེན་མང་པོ་མ་བྱེད་མཛེས་པ་དེ་རྣམས་སྐྲག་ཅིང་འཆི་བར་འགྱུར། །དེ་རྣམས་ཀྱིས་ནི་ཁང་
བཟངས་ཕུག་ནོར་ཉལ་ས་སྟེང་གི་རྒྱ་ཕུབས་འགའ་ཞིག་དག་ཏུ་ནི། །ཡུན་རིང་འོངས་ལས་དུབ་པའི་རང་གི་དགའ་མ་གློག་མའི་དོན་དུ་མཚན་མོ་གནས་བྱས་ནས། །ཉི་མ་མཐོང་ཚེ་ཁྱོད་ནི་སླར་ཡང་ལྷག་མའི་ལམ་དག་ཤིན་ཏུ་མགྱོགས་པས་བགྲོད་པར་བྱ། །གང་ཕྱིར་སྙིང་གྲོགས་དག་གི་དོན་དུ་འབད་པ་

བྱས་པ་ངེས་པར་བྱ་བ་བྱས་པ་ཉིད། །དེ་ཡི་དུས་སུ་ཉིན་མོར་བྱེད་པས་ལམ་ནི་དོར་ནས་མྱུར་དུ་འགྲོ་བར་བྱ། །འོད་ཟེར་རབ་ཏུ་འཕྲོ་བ་བསྒྲགས་ན་ཁྲོ་བ་ཆུང་བ་མིན་པ་ཁྱོད་ལ་བྱེད་པར་འགྱུར། །མཚན་མོ་བདག་པོ་སོང་བའི་བུད་མེད་མིག་གི་མཆི་མ་སེལ་ལ་བདག་པོ་འོང་བ་བཞིན། །པདྨོའི་
ཡུམ་གྱི་ཆུ་སྐྱེས་གདོང་གི་མིག་ཆུ་དེ་ཡང་རབ་ཏུ་སེལ་བ་བྱེད་པར་འགྱུར། །རབ་ཏུ་དང་བའི་སེམས་བཞིན་ཤིན་ཏུ་ཟབ་མོ་དང་ལྡན་མཚོ་ཡི་ཆུ་ཡི་ནང་དུ་ནི། །ཁྱོད་ཀྱི་གཟུགས་བརྙན་ཡང་ནི་རང་བཞིན་སྐལ་བ་བཟང་པོ་བདག་ཉིད་འཆར་བ་ཐོབ་པར་འགྱུར། །དེ་སླད་དེ་ཡི་ཀུ་མུ་ཏ་ནི་དཀར་པོ་རྣམས་ཀྱིས་ཁྱོད་ལ་
བཀུར་སྟི་བསྙེན་བཀུར་བྱེད། །བརྟགས་པས་དོན་ཡོད་བྱ་བའི་ཆེད་དུ་གཡོ་ལྡན་ཉ་རྣམས་གྱེན་དུ་འཕར་ཞིང་ལྟ་བར་བྱེད། །དེ་ཡི་ཆུ་གོས་སྔོན་པོས་ཆུ་ཡི་དོགས་ཀྱི་ཚིང་ར་འཕྲོགས་པར་བྱས་ནས་སྤངས་པ་ན། །མ་འཕྲོག་ཅེས་ནི་ཤིང་ཆེན་ཡལ་གའི་ལག་པ་དག་གིས་དབུས་སུ་ཅུང་ཟད་འཛིན་པ་བཞིན། །ཀྭ་
ཡེ་གྲོགས་པོ་ཆུ་འཐུངས་ལྟོ་ཁེངས་ལྗི་ནས་ལམ་དུ་འགྲོ་བ་ཡང་ནི་ཇི་ལྟར་ཡིན། །མཛེས་མའི་སྒྲོན་མ་མཛེས་པའི་བྲོ་བ་ཤེས་ན་ཇི་ལྟར་འདོར་བའི་ནུས་པ་ཡོད་པ་ཡིན། །ཁྱོད་ནི་དེ་པའི་རི་ལས་ཉེ་བར་འགྲོ་ཚེ་དལ་བུ་དལ་བུའི་རླུང་ནི་ལྡང་འགྱུར་ཞིང་། །བསིལ་བའི་རླུང་གིས་བསྒོས་པའི་ཨུ་དུ་མྺཱ་རའི་ནགས་ཀྱི་
འབྲས་བུ་འཆང་ཞིང་རོལ་རྩེད་བྱེད། །ཁྱོད་ཀྱིས་ཆར་ཆེན་ཕབ་པས་ནོར་འཛིན་མ་ཡི་དྲི་དང་རླངས་པ་གཙང་མ་ཚོགས་པ་ནི། །སོ་ལྡན་རྣམས་ཀྱི་སྣ་ཡིས་རྔུབ་ཅིང་བུ་གའི་ནང་དུ་སྐལ་བཟང་གླུ་དབྱངས་སྒྲོགས་པར་བྱེད། །དེར་ནི་སྐྱེ་མཆེད་ཉི་མ་ལས་ལྷག་གཟི་ལྡན་སྲེག་ཟླ་ལས་སྐྱེས་སོན་དུ་ཕྱོགས་པ་ཅན། །
གཙུག་ན་ཟླ་བ་རིན་ཆེན་མང་གི་དམག་ཚོགས་བསྲུང་པའི་དོན་དུ་བསྐོས་པ་དེ་ནི་གནས། །ཁྱོད་ཀྱི་མཁའ་ཡི་གངྒཱའི་ཆུ་ལས་སྤྲིན་གྱི་མེ་ཏོག་གཤེར་བ་མང་པོ་རྣམས་ཀྱིས་ནི། །མེ་ཏོག་གྲུ་ཆར་བདག་ཉིད་ཕབ་པ་རྣམས་ཀྱིས་གང་ཞིག་དེ་ནི་ཁྲུས་ནི་བྱེད་པར་འགྱུར། །གཙུག་ཕུད་ལྡན་དེ་ཆུ་འཐུངས་དགའ་བས་
ཕྱིན་ནས་རི་གཟུང་སྙན་པའི་སྒྲ་སྒྲོགས་གར་དག་བྱེད། །མིག་ཟུར་དཀར་བའི་ཟེར་གྱིས་འཕྲོག་བྱེད་གཙུག་གི་ཟླ་བའི་འོད་ཀྱི་ཟེར་ནི་སྐྱེངས་བྱེད་ཀྱང་། །གང་གི་ཆེ་བའི་མཇུག་སྒྲོ་མདོངས་འོད་ཚོན་རྩིས་བྲིས་བཞིན་མཛེས་པ་འོད་གྱུར་པ། །ཨུ་མའི་སྲས་ནི་དགའ་བར་བྱེད་པ་ཆུ་སྐྱེས་འདབ་མ་བཞིན་དུ་རྣ་

བར་བྱེད་པ་ཡོད། །སྨྱིག་མའི་ཚལ་ནས་སྐྱེས་པའི་ལྷ་དེ་ཡང་དག་མཆོད་ནས་སླར་ཡང་ལམ་ནི་བརྒལ་བར་མཛོད། །གྲུབ་པའི་ཁྱོ་ཤུག་དག་གི་ལག་པའི་པི་ཝང་ཆུ་ཐིགས་བརླན་ལ་འཇིགས་པས་ལམ་ནི་སྟེར། །ཁྱོད་ཀྱིས་མཐོང་བར་འགྱུར་བའི་ས་བདག་དགའ་བའི་ལྷ་ཡི་སྲས་པོ་ཆུ་གཏེར་གཟུགས་འཛིན་
ནི། །ས་ཡི་གཞི་ལ་བྱུང་ཞིང་ལྷུན་པོ་འདོད་འཇོའི་བུ་མོས་འོངས་ནས་མཆོད་པ་བྱེད་པར་འགྱུར། །ཁྱོད་ཀྱི་དེ་ཡི་རླབས་ལྡན་མཚོ་ཡི་ཆུ་འཐུངས་འོངས་པའི་ཚེ་ན་ཐག་རིང་མཐུ་ལས་ནི། །ཆེན་པོ་ཡིན་ཡང་ཕྲ་མོ་དང་ནི་སྦྲང་རྩིའི་བུ་ཡི་ཁ་དོག་བསྐུས་པར་གྱུར་པ་དང་། །ཆེན་པོའི་ས་ལ་ཨིནྡྲ་ནཱི་ལ་མུ་ཏིག་དོ་ཤལ་དག་ནི་
གཅིག་ཏུ་བཀོད་པ་བཞིན། །མཁའ་ལ་བགྲོད་པ་རྣམས་ཀྱི་མིག་རྣམས་དག་གིས་འོག་ཏུ་བལྟ་ཞིང་ངེས་པར་མཐོང་བར་འགྱུར། །དེ་རྣམས་བརྒལ་ནས་བགྲོད་ཚེ་སྨིན་མ་འཁྲི་ཤིང་གཞོན་ནུ་རོལ་པ་རྣམས་ཀྱིས་མཛེས་པ་ཅན། །དཀར་ནག་འོད་ཟེར་དང་ལྡན་རྣམས་ཀྱི་རྫི་མ་སྟེང་དུ་བསྐྱོད་པར་གྱུར་པའི་མཛེས་པ་དག །
ཀུན་དའི་མེ་ཏོག་གཡོ་བའི་རྗེས་འགྲོ་སྦྲང་རྩི་བྱེད་པའི་དཔལ་གྱི་མཛེས་པ་བཞིན་དུ་ནི། །མཛེས་ལྡན་ད་ཤ་ཞེས་བྱའི་གྲོང་ཁྱེར་ན་ཆུང་མིག་གིས་བལྟ་འདོད་ལ་ནི་རང་ལུས་བསྟན་པར་མཛོད། །དང་པོར་ཚངས་ཕ་འཇུག་པ་ཞེས་བྱའི་ལྗོངས་ལ་ཁྱོད་ནི་བགྲོད་བྱ་འོག་ཏུ་གྲིབ་བསིལ་བྱ། །དེ་ནས་རྒྱལ་རིགས་བཅོམ་པའི་
དུར་ལྡན་ཀུ་རུ་བ་ཡི་བཞིན་ནི་ཁྱོད་ཀྱིས་བསྟན་པར་བྱ། །གང་དུ་སྲིད་སྒྲུབ་མདའ་རྣོན་བརྒྱ་ཕྲག་དག་གིས་རྒྱལ་རིགས་མང་པོའི་མགོ་བོ་བཅད་པ་ནི། །ཁྱོད་ཀྱི་གྲུ་ཆར་ཆེན་པོ་རབ་ཏུ་མང་པོ་ཕབ་པས་པདྨ་རྣམས་ནི་ཆད་པ་བཞིན། །མྱོས་པར་བྱེད་པའི་རོ་ལྡན་དགའ་མ་སྣར་མའི་ཚིག་གིས་མཚན་པའི་ཆང་ནི་སྤང་བྱས་ནས། །
རང་གི་གཉེན་ལ་དགའ་བར་འགྱུར་བས་ཡུལ་ལས་ཕྱིར་ཕྱོགས་སྟོབས་བཟང་གང་དེ་བལྟ་བར་བྱ། །ཀྭ་ཡེ་ཞི་ལྡན་སཱ་ར་སྭ་ཏིའི་ཆུ་ལ་མངོན་པར་ཕྱོགས་ཚེ་ཁྱོད་ཀྱིས་འཐུངས་བྱས་ནས། །ལུས་ཀྱི་ཁ་དོག་དག་ནི་ནག་པོར་འགྱུར་ཞིང་ནང་གི་བསམ་པ་ཡང་ནི་དཀར་བ་ཉིད། །དེ་ནས་བགྲོད་པའི་ཕྱི་ནས་ཀ་ཁ་པ་ཡི་གྲོང་
ཡོད་ཛ་ཧུའི་བུ་མོ་རི་རྒྱལ་གྱི། །ངོས་ལ་བགྲོད་པ་དུག་ཅན་རྒྱལ་པོའི་བུ་ནི་མཐོ་རིས་དེ་ཡི་ཐེམ་སྐས་བགྲོད་པ་བཞིན། །གང་གི་དབུ་བའི་ཕྲེང་བ་རྣམས་ཀྱིས་གཽ་རཱིའི་ཞལ་གྱི་ཁྲོ་གཉེར་རྣམས་ལ་དགོད་པ་བཞིན། །བདེ་འབྱུང་སྐྲ་ནས་རླབས་ཀྱི་ལག་པ་དག་གིས་བཟུང་ནས་ཟླ་ཕྱེད་འཕྲོག་པར་བྱེད་པ་བཞིན། །ཁྱོད་ནི་གལ་ཏེ་

དེ་ཡི་ཆུ་འཐུངས་བསམས་ནས་ལུས་ཕྱེད་སྔ་མ་མཁར་ལས་འཕྱང་བ་ནི། །ལྷ་ཡི་གླང་པོ་བཞིན་ཏེ་ཆུ་དེའི་ཞིང་ནི་དྲི་མེད་དཀར་བའི་ཤེལ་བཞིན་སྣང་བ་ཉིད། །ཆུ་བོ་དེ་ལ་ཁྱོད་ཀྱི་གླག་མ་བསམ་པས་འཕྲལ་ལ་ཡང་དག་འབྱུང་འགྱུར་མཛེས་པ་ནི། །ཡ་མུ་ན་ཡི་ཆུ་དང་གངྒཱ་འགྲོགས་བའི་མཛེས་པ་ལས་
འོངས་གྱུར་ལ་གནས་མ་ཡིན། །རྡོ་ལེབ་སྟེང་དུ་རི་དགས་གནས་པས་རི་དགས་ལྟེ་བའི་དྲི་བཟང་འཛིན་པའི་རྡོ་ལྡན་ཞིང་། །གངྒཱ་ཉིད་ཀྱི་ཡབ་གྱུར་ཁ་བར་དཀར་བའི་གཡོ་མེད་གངས་ལྡན་དེ་ཉིད་ཐོབ་བྱས་ནས། །ལམ་གྱིས་དལ་བ་རྣམ་པར་འདུལ་བའི་ཆེད་དུ་དེ་ཡི་རྩེ་ལ་སླེབས་ནས་འདུག་པ་ཡི། །མཛེས་པ་མིག་གསུམ་
པ་ཡི་བཞོན་པ་དཀར་བའི་ཁྱུ་མཆོག་རྭ་ཡིས་འདམ་ནི་བླངས་པ་བཞིན། །དེ་ལ་གལ་ཏེ་རླུང་གིས་རབ་བསྐྱོད་ཐང་ཤིང་ལག་པ་ཀུན་དུ་འཐབས་པ་ལས་བྱུང་བའི། །མེ་ཡི་དུག་དང་མེ་སྟག་དག་གིས་འབྲོང་གི་དགའ་མའི་སྤུ་ཚོགས་མང་པོ་སྲེག་བྱེད་ན། །ཁྱོད་ཀྱིས་དེ་རྣམས་ཞི་བའི་ཆེད་དུ་ཆུ་འཛིན་སྟོང་ཕྲག་མང་པོ་ཆར་
ནི་བྱ་བར་འོས། །གང་ཕྱིར་ཆེན་པོ་རྣམས་ཀྱི་ཕུན་ཚོགས་འབྲས་བུ་མང་པོའི་སྡུག་བསྔལ་ཞི་བར་བྱེད་པ་ཉིད། །དེར་ནི་ཁྱོད་ཀྱིས་སྒྲ་ཆེན་བསྒྲགས་ལ་མ་བཟོད་ཆེ་བའི་དྲེགས་པ་ཀུན་དུ་ལྡན་པའི་རྐང་བརྒྱད་པ། །ཁྱོད་ཀྱི་སྟེང་དུ་མཆོང་བར་བྱའོ་སྙམ་ནས་མ་མཆོངས་རང་གི་ཡན་ལག་ཀུན་དུ་རྨས། །དེ་རྣམས་དག་ལ་རབ་
ཏུ་བཞད་ལྡན་ཐོག་སེར་ཆར་པ་དྲག་ཕབ་མང་པོས་གཞོམ་པར་མཛོད། །རང་བཞིན་ངན་པའི་གནས་པ་དག་གི་འབྲས་མེད་རྩོམ་པའི་འབད་པ་རྣམས་ནི་ཅི་ཡང་མེད། །དེར་ནི་ཆེ་ཞིང་གསལ་བའི་རྡོལ་གཙུག་ན་ཟླ་ཕྱེད་འཛིན་པའི་རྐང་བཀོད་རྗེས་ལ་ནི། །རྟག་ཏུ་གྲུབ་པ་རྣམས་ཀྱིས་གཏོར་མ་མཆོད་ཀྱིས་གུས་པས་
ཕྱག་དང་བསྐོར་བ་མཛོད། །གང་ཞིག་མཐོང་ན་བྱེད་པས་བྱས་པའི་སྡིག་པ་རྣམས་ནི་ཤིན་ཏུ་རིང་པོར་འདོར་བྱེད་ཅིང་། །གུས་པ་འཛིན་པ་རྣམས་ནི་དེ་ཡི་འཁོར་དུ་གནས་པ་ཐོབ་བྱེད་བརྟན་པ་ཐོབ་པར་འགྱུར། །དྲི་ཞིམ་རྣམས་ཀྱིས་ཁེངས་པར་གྱུར་པའི་ཁང་པ་ནང་ནས་སྙན་པའི་ཡིད་འོང་སྒྲ་འབྱུང་ཞིང་། །མིའམ་ཅི་
མོ་རྣམས་ཀྱིས་གྲོང་ཁྱེར་གསུམ་རྒྱལ་འགྱུར་ལས་ཡང་དག་དགའ་བས་གླུ་དབྱངས་སྒྲོགས། །རྡ་ཟླུམ་སྙན་པའི་སྒྲ་བཞིན་གལ་ཏེ་ཁྱོད་ཀྱིས་རྡོ་ཡི་གཙུག་ལག་ཁང་དེར་སྒྲ་སྙན་ནི།།བསྒྲགས་པར་གྱུར་ན་ངེས་པར་ཕྱུགས་བདག་དྲུང་དུ་གསུམ་འདུས་དབྱངས་སྙན་དོན་གྱི་ཚོགས་པ་འབྱུང་། །གངས་ཀྱི་རིལ་ཉེ་བའི་ཐང་ལ་

རྐང་པ་བསྐྱོད་ཚེ་དེ་དང་དེ་ཡི་ཁྱད་པར་ལ། །ཀྲཽཉྩའི་རི་ཡི་ལམ་ལ་རབ་གྲགས་བྷྲི་གུའི་བདག་པོའི་མདའ་ཕུག་ངང་པའི་སྒོ་ཅན་ཡོད། །དེ་ནས་ནོར་སྦྱིན་ཕྱོགས་སུ་ཁྱོད་ནི་རྗེས་སུ་འགྲོ་ཚེ་འཁྱོག་པོར་འགྲོ་བའི་མཛེས་པ་ནི། །སྟོབས་ལྡན་སླུ་བའི་ཆེད་དུ་ཁྱབ་འཇུགས་འཇལ་རྐང་པ་སྔོ་བསངས་ཡང་དག་བཀོད་པ་བཞིན། །
མགྲིན་བཅུའི་ལག་པས་བསྐྱོད་བྱ་རི་ངོས་ཡངས་པ་དང་ལྡན་ཤེལ་གྱི་ཀཻ་ལ་ཤ་ཡི་རི། །སྐབས་གསུམ་མཛེས་མའི་གདོང་གི་མེ་ལོང་བསྟན་བྱའི་སྟེང་དུའང་སོང་སྟེ་ཅུང་ཟད་གནས་པར་བྱ། །གང་གི་རྩེ་མོ་ཤིན་ཏུ་མཐོ་བ་ཀུ་མུ་ཏ་ལྟར་མཁའ་ལ་ཁྱབ་པར་གནས་པ་ནི། །མིག་གསུམ་པ་ཡིས་རབ་ཏུ་བརྒད་པ་ཕྱོགས་བཅུ་
དག་ནས་གཅིག་ཏུ་སྤུངས་པར་གྱུར་པ་བཞིན། །དེ་ཡི་རི་ངོས་དག་ལ་ཁྱོད་ནི་འགྲོ་ཚེ་སྣུམ་པའི་སྨན་མཆོག་དག་དང་མཚུངས་པ་དང་། །དེ་ནི་གཉིས་འཐུང་སོ་ནི་འཕྲལ་ལ་བཅད་པར་བྱས་པ་ལྟ་བུར་དཀར་ཞིང་མཛེས་པ་དེ། །མཛེས་པའི་རི་བོ་ལ་ནི་གཡོ་བ་མེད་པའི་མིག་གིས་བལྟ་བྱ་ཉིད་དུ་འགྱུར་བ་དང་། །སྟོབས་
ལྡན་དཀར་བའི་དཔུང་པ་དག་ལ་གོས་སྔོན་བཀོད་པར་གྱུར་བཞིན་འབྱུང་བ་བདག་གིས་ཤེས། །དེར་ནི་བདེ་འབྱུང་སྦྲུལ་གྱི་གདུ་བུ་དོར་ནས་གཽ་རཱིའི་ལག་པ་དག་ལ་འཛིན་བྱེད་ཅིང་། །གལ་ཏེ་ཡང་ནི་རོལ་རྩེད་ཆེད་དུ་ཞབས་ཀྱིས་འགྲོ་བས་རི་ལ་དེ་དག་དལ་འགྲོ་ན། །ཁྱོད་བགྲོད་ལུས་ནི་འཁྱོག་པོར་འགྲོ་ཞིང་ནང་ན་
གནས་པའི་ཆུ་ཆེན་དག་ནི་སྤང་བྱ་ཞིང་། །བཀབ་པར་བྱས་ནས་སྟེང་དུ་འགྲོ་བ་རྣམས་ལ་རྐང་པའི་བདེ་བ་རེག་པར་བྱ་བ་མཛོད། །རིགས་གནས་དེར་ནི་ཁྱོད་ཀྱིས་ཆུ་རྣམས་སྐྱུགས་པར་བྱས་པས་ངེས་པར་ནང་ན་མེད་པ་ན། །ལྷ་ཡི་ན་ཆུང་རྣམས་ཀྱིས་ཁྱོད་ནི་འཁྲུལ་འཁོར་གྱིས་བཟུང་ཁང་བཟངས་ནང་དུ་འཁྱེར་
བར་བྱེད། །ཀྭ་ཡེ་གྲོགས་བཟང་ཚ་བས་གདུངས་པ་དེ་རྣམས་ཆེད་དུ་གལ་ཏེ་ཁྱོད་ནི་མི་གཏོང་ན། །རོལ་སྒེག་གཡོ་བའི་མཛེས་མ་དེ་རྣམས་རྣ་བར་རྩུབ་པའི་སྒྲ་ཆེན་བསྒྲགས་པས་འཇིགས་པར་བྱ། །ཆུ་ཐིགས་དག་གིས་བྲན་པ་དང་ལྡན་དྲི་བཞོན་གྱིས་བསྐྱོད་དཔག་བསམ་ཤིང་ལ་གཡོ་བཞིན་དུ། །ཁྱོད་ཀྱི་
གྲིབ་འོད་ཤེལ་ལྟར་དཀར་བའི་གོས་ཀྱིས་རི་དབང་དེ་ནི་ཡོངས་སུ་གཡོགས་བྱ་ཞིང་། །ཡིད་འོང་ཆུ་བོ་བཞི་ཡི་རྒྱུན་ནི་གསེར་གྱི་ཆུ་སྐྱེས་གསར་པ་ལྟར་དེའང་འཐུང་བ་དང་། །ས་སྲུང་བུ་ཡི་གདོང་པའི་གོས་ནི་ཅི་འདོད་སྤྱད་ཅིང་དགའ་བའང་སྐད་ཅིག་བྱ་བར་མཛོད། །ཀྭ་ཡེ་འདོད་བཞིན་རྒྱུ་བྱེད་ཁྱོད་ནི་དེས་

ལས་རྒལ་ཚེ་ལྕང་ལོ་ལྡན་མ་ཤེས་པར་འགྱུར། །སླར་ཡང་རི་དེ་གཡོ་ལྡན་གངྒཱའི་ཆུ་གོས་ལྡན་མའི་བདག་པོ་བཞིན་དུ་མི་མཐོང་མིན། །མཐོང་བའི་གཞལ་མེད་ཁང་སྟེང་ཆར་སྤྲིན་ཆེ་ལས་ཁྱོད་ཀྱི་ཆུ་བྱས་སྒྱུགས་བྱས་དུས་སུ་ནི། །གང་ཞིག་འདོད་ལྡན་མ་ནི་ལེན་བུ་མུ་ཏིག་དྲ་བས་བསྒྲིགས་པའི་
ཕྲེང་བ་ལྡན་པ་བཞིན། །ཁྱོད་ལ་གློག་འོད་ལྡན་བཞིན་སྒེག་པའི་མཛེས་མ་དང་ལྡན་དབང་པོའི་གཞུ་བཞིན་བཀྲ་བར་ལྡན། །སྙན་པའི་དབྱངས་ནི་ཟབ་པ་བཞིན་དུ་གླུ་དབྱངས་དག་དང་རོལ་མོའི་དབྱངས་སྙན་རྣམས་དང་ལྡན། །ཆུ་ཡི་སྙིང་པོ་ཅན་བཞིན་ས་གཞི་ནོར་བུའི་རང་བཞིན་མཐོ་བཞིན་རྩེ་མོ་མཁའ་ལ་རེག །
གང་དུ་ཁྱད་པར་དེ་རྣམས་ཀྱིས་ནི་ཁྱོད་དང་ཁང་བཟངས་མཚུངས་པའི་ཆེད་དུ་ནོར་བུར་ལྡན། །གང་དུ་ན་ཆུང་རྣམས་ནི་ལག་པད་མཛེས་ཤིང་ལེན་བུའི་ཀུན་ད་གཞོན་ནུའི་སྐྲ་ནི་འཆིང་། །གདོང་གི་ཆུ་སྐྱེས་འཛུམ་ཞིང་དཀར་བའི་གེ་སར་དཔལ་ནི་གསར་པ་དག་གིས་མཛེས་བྱས་ཤིང་། །གཙུག་ཕུད་ཀུ་རུ་བ་
ཀའི་མེ་ཏོག་ཞགས་པས་བཅིངས་པ་མཛེས་ཤིང་རྣ་བར་ཨུཏྤལ་ཅན། །སྐྲ་མཚམས་བཀྲ་བའི་མེ་ཏོག་དག་དང་ལྡན་པའང་ཁྱོད་ནི་ཉེ་བར་འོངས་ལས་སྐྱེས་པ་ཡིན། །གང་གི་དཀར་པོའི་ནོར་བུ་དང་ལྡན་རིན་ཆེན་འོད་ཀྱིས་ཁྱབ་པ་ཆུ་སྐྱེས་ལྟར་མཛེས་པའི། །ཡང་ཐོག་གཞི་ལ་གནོད་སྦྱིན་རྣམས་ནི་མཆོག་གིས་
དགའ་མ་དང་བཅས་ཡང་དག་གནས་བྱས་ནས། །དཔག་བསམ་ཤིང་ལས་རབ་ཏུ་འཁྲུངས་པའི་དགའ་མའི་རོ་ལྡན་ཆང་ནི་ཀུན་དུ་འཐུང་བྱེད་ཅིང་། །དལ་བུ་རྣམས་ཀྱིས་རྔ་རྣམས་ལ་ནི་བརྡུངས་པ་ཁྱོད་ཀྱི་འབྲུག་སྒྲ་ཟབ་པའི་དབྱངས་སྙན་བཞིན། །གང་དུ་རབ་བགྲོད་ཆེས་ཆེར་འདར་བས་ལེན་བུ་ལྷུང་ཞིང་མནྡ་
ར་བའི་མེ་ཏོག་ནི། །མཚར་བར་གྱུར་ཅིང་རྣ་བའི་རྒྱན་གྱུར་རབ་མཛེས་གསེར་གྱི་མེ་ཏོག་ལྷུང་བར་གྱུར་པ་དང་། །ནུ་རྒྱས་མུ་ཏིག་དྲ་བ་མཚར་བར་གྱུར་ཅིང་དོ་ཤལ་སྲད་བུ་ཆད་པར་གྱུར་པ་ཡི། །འདོད་ལྡན་མ་རྣམས་མཚན་མོ་ལམ་དུ་འགྲོ་ལ་བྱུང་བ་འོད་ལྡན་ཤར་ཚེ་གསལ་བར་བྱེད། །གང་ཆེད་ཆགས་པས་གནོད་སྦྱིན་
བུད་མེད་རྣམས་ཀྱི་འོག་པག་བཅིངས་པ་འགྲོལ་ཞིང་གོས་དག་ནི། །བསལ་ལ་མཛའ་བོ་རྣམས་ལ་འདོད་མས་འདར་བར་གྱུར་ཅིང་གཡོ་བའི་ལག་པ་འཕེན་པ་ན། །མཆོག་ཏུ་ཆེ་བའི་འོད་ཟེར་དང་ལྡན་རིན་ཆེན་མར་མེ་མངོན་དུ་མཐོང་བར་བྱེད་པ་ནི། །ངོ་ཚས་རྨོངས་པ་རྣམས་ཀྱི་ལག་པ་དག་གིས་ཕྱེ་མ་གཏོར་

བར་གྱུར་པ་འབྲས་མེད་འགྱུར། །གང་དུ་ཆུ་འཛིན་ས་སྟེང་གནས་རྣམས་འདྲེན་བྱེད་རྟག་འགྲོས་གཞལ་མེད་ཁང་ནང་ངེད་པ་ན། །གང་ཞིག་རང་གི་ཆུ་ཐིགས་དག་གིས་བཀྲ་བའི་རི་མོ་རྣམས་ལ་འཕྲལ་དུ་སྐྱོན་བྱུང་ནས། །ངོ་ཚ་རེག་པ་བཞིན་དུ་ཁྱོད་འདྲ་དུམ་བུ་དུམ་བུ་དག་ཏུ་འཐོན་པར་བྱེད་པ་ནི། །དྲ་མིག་
རྣམས་ཀྱི་ནང་ནས་དུ་བ་ཞུགས་པ་འཐོན་པ་རྣམས་ཀྱི་རྗེས་སུ་བྱེད་པ་བཞིན། །གང་དུ་བུད་མེད་མཆོག་རྣམས་བདག་པོ་མཆོག་གིས་ཀུན་ནས་འཁྱུད་པ་རྣམས་ནི་བཏང་བ་ན། །ལུས་ནི་ཀུན་ནས་གདུང་བར་བྱེད་ལ་ཟླ་བ་ཆུ་ཤེལ་སྲད་བུའི་དྲ་བ་འཕྱང་བ་ཅན། །ཁྱོད་ཀྱིས་བསྒྲིབས་པ་མེད་ཅིང་དཀར་བའི་ཟླ་བའི་འོད་
རྣམས་གསལ་བར་མཐོང་བར་གྱུར་པ་ན། །ཆུ་ཐིགས་འབབ་པ་ཀུན་ནས་བྱུགས་པས་ཞི་བར་བྱེད་ཅིང་མཆོག་ཏུ་དགའ་བ་སྐྱེད་པ་ཉིད། །གང་དུ་གནོད་སྦྱིན་བདག་པོའི་གྲོགས་བཟང་ལྷ་ཉིད་མངོན་སུམ་ཉིད་དུ་གནས་པ་ཤེས་བྱས་ནས། །འཇིགས་པ་མང་ལས་ཡིད་སྲུབས་གཞུ་ནི་རྐང་དྲུག་པ་ཡི་གཞུ་
རྒྱུད་ཅན་དེ་དོར་བས་ཆོག །བདག་པོའི་འབེན་ལ་མཛེས་མའི་སྨིན་མ་འཁྱོག་པོའི་གཞུ་ལ་ཟུར་མིག་གཡོ་བ་དག་གི་མདའ། །རོལ་སྒེག་གཡོ་བ་རྩོམ་པར་བྱེད་པ་ཉིད་ཀྱིས་དེ་ཡི་འབྲས་བུ་ངེས་པར་གྲུབ་པ་ཉིད། །དེ་ན་ནོར་གྱི་བདག་པོའི་ཁང་བཟངས་ལས་ནི་བྱང་གི་ཕྱོགས་ན་བདག་གི་གྲོང་ཁྱེར་ནི། །མཐོ་
རིས་བདག་པོའི་གཞུ་དང་འདྲ་བའི་རྟ་བབས་མཛེས་པས་རིང་ནས་འཚམ་པར་བྱས་པ་སྟེ། །གང་གི་སྐྱེད་ཚལ་མནྡ་ར་དང་ལྗོན་ཤིང་གཞོན་ནུ་བདག་གི་མཛེས་མའི་བུ་ལྟར་ནི། །བསྐྱངས་པའི་མཐུ་ལས་འཕེལ་བའི་མེ་ཏོག་ཆུན་འཕྱང་ཐུར་དུ་འཕྱང་བ་ལག་པས་ཐོབ་བྱ་ཡོད། །བཀོད་མ་བཟང་མོའི་ཆུ་ནི་མར་ཀ་ཏའི་
རྡོ་ཡི་ཕྲིང་བ་བསྒྲིགས་པའི་ལམ་སྐས་ཅན། །འདི་ནས་མཛེས་པའི་གསེར་གྱི་པདྨ་རྒྱས་པ་རིན་ཆེན་རྩ་ལྡན་རྣམས་ཀྱིས་ཁྱབ་པ་སྟེ། །གདུང་བ་དང་བྲལ་ངང་པའི་ཚོགས་རྣམས་དག་ནི་གངྒཱའི་ཆུ་ལ་གནས་པར་བྱས་པའི་ཚེ། །ཁྱོད་ཉིད་ཡང་དག་མཐོང་བར་གྱུར་ཀྱང་ཉེ་བར་གནས་པའི་ཡིད་འོང་མཚོ་ལས་འགྲོ་
མི་འགྱུར། །ཀྭ་ཡེ་གྲོགས་བཟང་ཁྱོད་ནི་གློག་གི་དགའ་མ་གཡོ་བཞིན་ཉེ་བར་མཐོང་བར་གྱུར་པ་ན། །མཚོ་དེའི་དོགས་ན་མཛེས་པའི་རི་བོ་ཡིད་འོང་མཆོག་གི་ཨིནྡྲ་ནཱི་ལ་རྣམས་ཀྱིས་ནི། །རྩེ་མོ་མཛེས་པར་བྱས་པར་གསར་གྱི་བསྐོར་བ་རྣམས་ཀྱིས་བསྐོར་བ་ཁྱོད་ཀྱིས་བལྟ་བྱ་བ། བདག་གི་དགའ་མ་དགའ་བྱེད་

དང་བཅས་དེ་ཉིད་སེམས་གདུངས་བདག་ནི་ཤིན་ཏུ་དྲན་པར་གྱུར། །དེ་ལ་ཀུ་རུ་བ་ཀའི་ཤིང་གིས་བསྐོར་བའི་ཡལ་གའི་ཁང་བཟངས་དང་ལྡན་ཉེ་བ་ན། །མྱ་ངན་མེད་ཤིང་དམར་དང་ཀེ་ས་ར་ཡི་ཤིང་ཆེན་ཡལ་འདབ་གཡོ་བ་མཛེས་པ་ཡོད། །གཅིག་ལ་ཁྱོད་ཀྱི་གྲོགས་སུ་གྱུར་བའི་དགའ་མ་བདག་དང་
བཅས་པའི་གཡོན་པས་བསྒྲུན་འདོད་ཅིང་། །གཞན་ལ་གདོང་གི་ཆང་འཐུངས་མེ་ཏོག་འབྱུང་བའི་དོན་དུ་དགའ་མ་དེ་ནི་བདག་འདོད་གྱུར། །དེ་ཡི་དབུས་ན་རབ་དཀར་ཤེལ་གྱི་གཞི་ལ་གསེར་གྱི་སྡོང་པོ་ཆེ་ཞིང་མཐོ་བར་གནས། །རྩ་བ་རིན་ཆེན་ཕྲེང་བས་བཅིངས་པ་རྡོ་རྗེ་ཕ་ལམ་ཆེ་བ་མིན་པ་འོད་འཕྲོ་བ། །གང་ལ་ཁྱོད་
ཀྱི་གྲོགས་བཟང་མགྲིན་སྔོན་གནས་ནས་ཉིན་ཕྱེད་སོང་ཚེ་རོལ་སྒེག་གར་བྱེད་ཅིང་། །བདག་གི་མཛེས་མ་རིན་ཆེན་གདུ་བུ་འཐབ་པའི་དབྱངས་སྙན་སྐལ་བཟང་མཆོག་ཏུ་མཛེས་པ་ཡོད། །དེ་རྣམས་ཀྱིས་ནི་ལེགས་པར་མཚན་པ་ཀྭ་ཡེ་ལེགས་པའི་ཐུགས་འཛིན་ཁྱོད་ཀྱིས་བལྟ་བར་བྱ། །སྒོ་ཡི་མཐའ་དང་ཉེ་བ་དག་
ན་དུང་དང་པདྨའི་གཟུགས་བྲིས་མཐོང་བར་བྱས་པ་ན། །ད་ལྟ་བདག་དང་བྲལ་བར་གྱུར་པས་ངེས་པར་མཛེས་པ་དམན་པ་ཉིད་དུ་གནས་པར་ངེས། །ཉི་མ་ནུབ་པར་གྱུར་པས་ངེས་པར་པདྨ་དག་གིས་མཛེས་པ་ཉམས་པར་གྱུར་པ་ཉིད། །མཛེས་མ་དེ་ནི་ཡོངས་སུ་བསྐྱངས་ཆེད་མྱུར་དུ་གཤེགས་ནས་གླང་ཕྲུག་ལུས་
བཞིན་ཆུང་བ་ཡིས། །མཛེས་པའི་རི་བོ་དེ་ཡི་ངོས་ལ་གནས་ནས་དང་པོར་ལེགས་བཤད་སྙན་པའི་གསུང་གླེང་མཛོད། །བདག་གི་ཁང་ནང་འཇུག་ཚེ་མེ་ཁྱེར་ཕྲེང་བ་ལྟ་བུའི་སྣང་བ་ཆུང་ཤིང་ཆུང་བ་ནི། །མཛེས་ཤིང་རོལ་པའི་སྨིན་མ་གཡོ་བའི་གློག་གི་མིག་ནི་བྱས་ནས་ཁྱོད་ཀྱིས་བལྟ་བར་འོས། །དེ་ན་བདག་གི་
དགའ་མ་ལུས་ཕྲ་མདོག་མཛེས་གཉིས་སྐྱེས་བཀྲ་བའི་ཕྲ་ལམ་མཆུ་དག་ནི། །བིལ་མ་སྨིན་པ་བསྐྱེད་པ་ཕྲ་ཞིང་འདྲེན་བྱེད་གཡོ་བའི་རི་དགས་མིག་ཅན་ལྟེ་བ་དམའ། །རོ་སྨད་སྦོམ་ཞིང་དལ་གྱིས་འགྲོ་མཁས་འོ་མ་འཛིན་པ་དག་གི་བར་དག་མཆོག་ཏུ་མཛེས། །ན་ཆུང་དག་གི་ཡུལ་ལ་མངོན་དུ་ཞེན་པར་བྱེད་པོ་
ཚངས་པས་དང་པོ་ཉིད་དུ་གྱུར། །གཞོན་མ་དེ་ནི་བདག་གི་སྲོག་ནི་གཉིས་པར་ཤེས་པར་མཛོད་ཅེས་དལ་གྱིས་སྨྲ་བར་བྱ། །བདག་དང་ལྷན་ཅིག་སྤྱོད་ལ་ཤིན་ཏུ་རིང་བར་གྱུར་ཏེ་ངང་མོ་གཅིག་པུར་གྱུར་པ་བཞིན། །འདི་ལ་ཉིན་ཞག་མང་པོ་འོང་བ་རྣམས་སུ་ཡིད་ལ་གཅགས་པ་མེད་པ་ཉིད་དུ་གྱུར། །དགུན་སྨད་པདྨ་ཅན་

ནི་ཁ་བས་ཉམས་པ་བཞིན་དུ་གཟུགས་གཞན་ཐོབ་པར་བདག་གིས་ཤེས། །དགའ་མ་དེ་ནི་ངེས་པར་མཆི་མ་མང་པོ་བབས་ལས་མིག་འཕུར་ཆེ་བ་དག་ཏུ་གྱུར། །སྟེང་འོག་ཆུ་ཡི་པགས་པ་དག་ནི་ཤུགས་རིང་ཤིན་ཏུ་དྲོ་བའི་དབུགས་ནི་དུ་མ་བྱས། །གདོང་ནི་ལེགས་པར་བཀོད་ལ་ལེན་བུ་འཕྱང་བས་བསྒྲིབས་
པས་མཐའ་དག་གསལ་བ་མིན་པ་ནི། །ཟླ་བའི་འོད་ཀྱིས་མཛེས་པ་ཁྱོད་ནི་འོངས་པས་བསྒྲིབས་ལས་སྣང་མིན་སྨན་པ་འཛིན་པ་བཞིན། །གཏོར་མ་བྱེད་པའང་བྲལ་བས་བཏུད་པར་གྱུར་པ་བདག་འདྲ་ཡིད་ཀྱིས་རྟོགས་བྱ་འདྲི་བའམ། །སྙན་པའི་ཚིག་གིས་སྨྲ་བའི་ཤ་རི་ཀ་ནི་གུར་གྱི་ནང་ན་གནས་ཤིང་གནས་པ་ལ། །
ཀྭ་ཡེ་གྲོགས་མོ་དེ་ཡི་དགའ་བ་དྲན་ནམ་ཞེས་པའི་དྲི་བ་བྱེད་པ་བདག་ཀྱང་ནི། །ཁྱོད་ནི་མཐོང་བར་གྱུར་པ་ན་ནི་ང་ནི་མདུན་དུ་འོངས་ཤིང་དགའ་བར་བྱེད་པར་འགྱུར། །ཀྭ་ཡེ་གྲོགས་བཟང་དྲི་མའི་གོས་དང་བཅས་པའི་རང་གི་ཕང་པར་པི་ཝང་བཞག་བྱས་ནས། །བདག་གི་མིང་ནས་བོད་པས་མཚན་ཅིང་འདོད་པའི་དབྱངས་
སྙན་ཆེར་སྒྲོགས་སྙན་པར་གྱུར་པའི་ཚེ། །རང་གིས་བྱས་པར་གྱུར་ཀྱང་དབྱངས་སྙན་དུམ་བུ་དུམ་བུར་བཅས་ནས་སེམས་ཞིང་ཡང་ཡང་ནི། །མིག་ཆུས་བརླན་པའི་རྒྱུད་མངས་ཅུང་ཟད་ཕྱི་བར་བྱས་ནས་ཀྱང་ནི་དེ་ནི་འོང་བར་འགྱུར། །བདག་ནི་འོངས་པའི་ཉིན་ནས་བརྩམས་ཏེ་ཉིན་ཞག་དང་ནི་ཟླ་བ་སོང་བའི་ལྷག་མ་རྣམས། །
ས་ལ་རྣམ་པར་འགོད་ཅིང་སྒོ་ཡི་ནང་དུ་གངས་ཀྱི་མེ་ཏོག་རྣམས་ནི་སྒྱུར་བར་བྱེད། །བདག་ཅན་ནམ་ནི་ཕྲད་པར་འགྱུར་རམ་སྙམ་པ་སྙིང་ལ་སེམས་པའི་རྩོམ་པ་མང་པོ་བྱེད། །ཕལ་ཆེར་བུད་མེད་རྣམས་ནི་བདག་པོ་བྲལ་བས་ཡིད་ཀྱི་ལས་ཀྱི་གདུང་བ་མང་པོ་ཉིད། །ཉིན་མོའི་བར་ལ་བྱ་བ་དང་ལྡན་བདག་དང་བྲལ་ལས་དེ་
ལྟར་ཤིན་ཏུ་མིན་ན་ཡང་། །མཚན་མོ་ཤིན་ཏུ་རིང་ལས་ཁྱོད་ཀྱི་གྲོགས་མོ་བྱ་མེད་གདུང་བ་ཆེ་བར་བདག་གིས་ཤེས། །ལེགས་མ་མཚན་རིང་རྣམས་ལ་གཉིད་བྲལ་སྟན་མེད་ས་ལ་ཉལ་ཚེ་དྲ་མི་གཉེ་བར་ནི། །གནས་ནས་བལྟ་བྱ་བདག་གི་ཕྲིན་རྣམས་བཟླས་པ་རྣམས་ནི་བདེ་བའི་ཆེད་དུ་ནུས་པ་ཉིད། །བྲལ་བས་ལྷག་པར་
གདུངས་པས་ས་ཡི་གཞིལ་གཞོགས་གཅིག་བརྟེན་ཏེ་ཉལ་བར་གྱུར་པ་ནི། །ཚེས་གཅིག་ཟླ་བ་ཤར་བ་ཆ་གཅིག་ལྷག་མ་རྩ་བར་གནས་པའི་ལུས་བཞིན་དུ་ནི་གྱུར། །བདག་དང་ལྷན་ཅིག་གནས་ཚེ་འདོད་པའི་དགའ་མ་རྣམས་ཀྱི་མཚན་མོ་སྐད་ཅིག་བཞིན་དུ་སོང་། །གང་དེ་ད་ལྟར་བྲལ་བ་ལས་སྐྱེས་མཆི་མ་དྲོན་མོ་རྣམས་བཅས་

ཤིན་ཏུ་རིང་བ་ཉིད། །ཁྲུས་ཀྱིས་དག་ཅིང་ཡངས་ཤིང་རྩུབ་པའི་སྐྲ་ཡི་ལེན་བུ་འགྲམ་པ་དག་ལས་འཕྱང་བ་རྣམས། །དབུགས་ཀྱི་རླུང་གིས་སེལ་བར་བྱེད་པ་རྣམས་ལ་མཆུ་ཡི་འདབ་མ་དག་ནི་དལ་བར་ངེས། །གཉིད་ནི་འདོད་པ་མེད་ཅིང་བདག་དང་ཕྲད་པ་ལས་བྱུང་གཉིད་ནི་ཅུང་ཟད་འབྱུང་འགྱུར་ཞེས། །
དགའ་མ་དེ་ནི་འདྲེན་བྱེད་མཆི་མ་དང་བཅས་ཤིན་ཏུ་གདུངས་པ་མཐོང་བས་འགོག་པར་བྱེད། །བདག་གིས་བཅིངས་པའི་སྤྱི་གཙུག་ལེན་བུ་བྲལ་བའི་ཉི་མ་དང་པོ་ཉིད་ལ་དོར་བྱས་ནས། །ལེན་བུ་རྣམས་ནི་གཅིག་གྱུར་རེག་པ་རྩུབ་པ་མི་བཟད་འགྲམ་པ་དག་ལ་གནས་པ་ལས། །སེན་མོ་རིང་བའི་ལག་པས་རེག་པའི་ཉོན་
མོངས་ལྡན་པས་ལན་ཅིག་མིན་པར་སྒྱུར་བྱེད་མ། །རྗེ་བོ་ཁྲོས་པའི་བཀའ་ལུང་རྫོགས་པ་གདུང་བྲལ་གྱུར་པ་བདག་གིས་གང་བདེ་དགྲོལ་བར་བྱ། །མིག་ནི་མཆི་མ་མང་པོ་རྣམས་ཀྱིས་གདུངས་ལ་རྫི་མ་རྣམས་ཀྱིས་བཀབ་པར་བྱས་ནས་ནི། །ཟླ་བའི་རྐང་པའི་འོད་ཟེར་བདུད་རྩི་སིལ་མ་རྣམས་ནི་དྲ་མིག་ནང་ནས་ཞུགས་པ་ན། །
བཀབ་པ་བསལ་ཏེ་མངོན་དུ་འོངས་ནས་དང་པོར་དགའ་འགྱུར་ལྡོག་པ་ན་ནི་དེ་བཞིན་ཉིད། །སྤྲིན་དང་བཅས་པའི་ཉིན་མོ་ས་ལ་གནས་པའི་པདྨ་རྒྱས་མིན་ཟུམ་པ་མ་ཡིན་བཞིན། །དགའ་མ་དེ་ནི་ཉིན་པར་མཛའ་བོའི་གྲོགས་མོ་རྣམས་ཀྱིས་སྐད་ཅིག་ཀྱང་ནི་གཏོང་མིན་བཞིན། །ལུས་ཕྲ་མ་ལ་གཅིག་ནི་བལྟ་ཚེ་ཀུན་གྱི་རྨད་བྱུང་
བལྟ་བས་འཇུག་པར་འགྱུར་བ་ཉིད། །མཚན་མོ་སྐྱེ་བོ་རྣམས་ནི་ཉལ་བར་གྱུར་ལ་མཛེས་མ་གཉིད་བྲལ་ཀྭ་ཡེ་ཆུ་འཛིན་ཁྱོད། །དྲ་མིག་དང་ནི་ཉེ་བར་གནས་ནས་ཉལ་སར་ཉེ་བར་འོངས་ཏེ་དེ་ནི་དགའ་བར་མཛོད། །ལེན་བུ་གཅིག་ཏུ་གྱུར་ལ་རེག་པ་འགྲམ་པ་ལ་གནས་སེན་མོ་མཐོ་བའི་ལག་པ་ཡིས། །ཡང་དང་ཡང་དུ་སེལ་བར་
བྱེད་ཅིང་ས་ཡི་གཞི་ཡི་མལ་གྱི་སྟེང་དུ་གཞོགས་གཅིག་ནི། །ལྟུང་བར་གྱུར་ཅིང་དེ་ཡི་མཐའ་ན་མཆི་མ་རྣམས་ནི་འབབ་པ་དོ་ཤལ་ཆད་པ་དག །གཡོ་ཞིང་ལྟུང་བར་གྱུར་པ་བཞིན་དུ་གནས་པ་དེ་མཐོང་ཉིད་ཀྱིས་དལ་གྱིས་བརྗོད་པར་བྱ། །མཛེས་མ་དེ་ནི་རྒྱན་རྣམས་ཡང་དག་གཞག་ཅིང་ལུས་ནི་ཤིན་ཏུ་ཕྲལ་འཛིན་བྱེད་ཅིང་། །གདུང་
བའི་སྡུག་བསྔལ་དག་གིས་མལ་སྟན་སྟེང་ན་ཡང་དང་ཡང་དུ་འདྲེ་ལྡོག་བྱེད་པ་ན། །ཁྱོད་ཀྱང་འཕྲལ་ལ་ཆུ་ཡི་རང་བཞིན་མཆི་མ་འཛག་པ་ཉིད་དུ་འགྱུར་བ་གདོན་མི་ཟ། །ཕལ་ཆོས་ཐམས་ཅད་ནང་གི་བདག་ཉིད་བསྟན་པས་སྙིང་རྗེ་ཅི་ཡང་འཇུག་པར་འགྱུར་བ་ཉིད། །ཀྭ་ཡེ་གྲོགས་པོ་ཁྱོད་ཀྱི་གྲོགས་མོ་བདག་ལ་མཛའ་བ་མང་དུ་འཛིན་པ་

བདག་གིས་ཤེས། །དེ་ཕྱིར་དེ་ལྟར་གྱུར་པ་རྣམས་ནི་དང་པོར་བྲལ་ལ་དེ་ནི་བདག་ལ་སེམས་པར་བྱེད། །སྐལ་བཟང་ནང་གི་བསམ་པ་དག་གིས་བརྗོད་པ་ངེས་པར་བརྫུན་མིན་བདེན་པར་ཤེས་པ་ནི། །བདག་གིས་གང་གང་བརྗོད་པ་མ་ལུས་ཡུན་རིང་མིན་པར་ཁྱོད་ལ་མངོན་སུམ་ཉིད་དུ་འགྱུར། །ལེན་བུ་རྣམས་ཀྱིས་མི་གཟུང་
གཉིས་པོ་གཡོ་བ་འགོག་ཅིང་མིག་སྨན་བྱུག་པས་གཏོར་བ་དང་། །ཉེས་པར་བྱེད་པ་ནམ་ཡང་མེད་པར་གྱུར་ལས་སྨིན་མའི་རྣམ་འགྱུར་བརྗེད་པར་འགྱུར་ན་ཡང་། །ཁྱོད་ནི་ཡང་ལ་རི་དགས་མིག་ཅན་འདྲེན་བྱེད་སྟེང་ནི་གཡོ་བར་བྱེད་པར་བདག་གིས་ཤེས། །གང་ཞིག་ཉ་ཡིས་བསྐྱོད་ལས་ཆུ་སྐྱེས་གཡོ་བའི་དཔལ་ནི་འཛིན་
པར་བྱེད་པ་ཉིད་དང་མཚུངས། །དེ་ཡི་བདག་གི་ལག་པའི་སེན་མོའི་རྗེས་ནི་མེད་ཅིང་མུ་ཏིག་རྣམས་ཀྱི་དྲ་བ་ནི། །ཡུན་རིང་ཉིད་ནས་འདོར་བར་བྱས་པར་གྱུར་ཅིང་ལོངས་སྤྱོད་ཉིད་ཀྱིས་རྫོགས་པའི་མཐའ་རུ་ནི། །བདག་གིས་ལག་པ་རྣམས་ཀྱིས་མཉེས་པར་བྱས་པ་མེད་ཀྱང་ཁྱོད་འོངས་སྐལ་བཟང་དབང་གིས་ནི། །དེ་ཡི་ཆུ་ཤིང་གསར་
པའི་སྡོང་པོ་བརླ་ཡང་གཡོན་པ་གཡོ་བ་ཉིད་ནི་ཐོབ་པར་གྱུར། །ཀྭ་ཡེ་ཆུ་འཛིན་དེ་ལ་དེ་ཡི་དུས་སུ་གལ་ཏེ་བདེ་བའི་ཉིད་ནི་ཐོབ་གྱུར་ན། །དེ་ཚེ་ཁྱོད་ནི་ཐུན་ཚོད་བར་དུ་སྒྲ་སྒྲོགས་མིན་པར་ལྷན་ཅིག་དག་ཏུ་གནས་པར་མཛོད། །དེ་ཡི་བདག་པོར་གྱུར་བ་བདག་ལ་དཀའ་ཚེགས་ཆེན་པོས་ཐོབ་པར་འགྱུར་བའི་རྨི་ལམ་ནི། །མགྲིན་པར་
ལག་པའི་འཁྲི་ཤིང་དག་གིས་ཆེ་བར་འཁྱུད་པའི་མདུད་པ་འཕྲལ་ལ་གཏོང་བར་བྱེད། །རང་གི་ཆུ་ཡི་ཐིགས་པ་བསིལ་བས་བསྒོས་པའི་རླུང་གི་མཱ་ལ་ཏ་ཡ་རྣམས་ཀྱིས་ནི། །ཤིན་ཏུ་གཞོན་པའི་མེ་ཏོག་བཅས་པ་དེ་ནི་བསླད་ནས་ཀྱང་ནི་དེ་ཡི་དབུགས་དབྱུང་མཛོད། །ཁྱོད་ནི་གློག་གི་འདྲེན་བྱེད་གཡོ་ཞིང་གཡོ་བ་ཁྱོད་མདོག་དང་
མཚུངས་གནས་སུ་གནས་བྱས་ནས། །ཁེངས་ལྡན་མ་ལ་འབྲུག་དབྱངས་ཚིག་ནི་སྙན་པའི་བརྗོད་པ་ཁྱོད་ཀྱིས་ཡང་ཡང་རྩོམ་པར་མཛོད། །ཀྭ་ཡེ་ཁྱོད་ལྡན་ཆུ་གཞོན་མིང་ཅན་བདག་ནི་རྗེ་ཡི་གྲོགས་བཟང་ཡིན་པར་ཤེས་པར་མཛོད། །དེ་ཡི་འཕྲིན་སྙན་ཡིད་ལ་བཟུང་ནས་ཁྱོད་ཀྱི་དྲུང་དུ་ཉེ་བར་འོངས་པར་གྱུར་བ་ཉིད། །བདག་གི་སྒྲ་ནི་
བསྒྲགས་ཚེ་ལམ་བགྲོད་དུབ་པའི་ཚོགས་རྣམས་སྒོ་ཡི་ནང་དུ་འབྲོས་པར་བྱེད། །སྙན་པའི་སྒྲ་དབྱངས་རྣམས་ཀྱིས་བུད་མེད་ལེན་བུ་འགྲོལ་ཞིང་འདོད་པས་གཟིར་བར་མཚོན་པར་བྱེད། །ཅེས་པ་དེ་སྐད་བཤད་ཚེ་དྲི་བཞོན་བུ་ནི་མི་ཐིལ་ཡི་བུ་མོས་མཐོང་བ་བཞིན། །དེ་ནི་དགའ་བདེའི་སྙིང་གིས་ཁྱོད་ལ་མངོན་ཕྱོགས་བལྟ་ཞིང་བདེན་པ་ཉིད་

དུའང་ངེས་པ་ཉིད། །ཀྭ་ཡེ་གྲོགས་བཟང་དེ་ནས་ལེགས་པར་གནས་ལ་གཞན་ཡང་ཉན་འདོད་སྒྲ་ལྡན་མ་རྣམས་ནི། །བདག་པོའི་ཚིག་ནི་སྙིང་གྲོགས་བདག་གིས་ཁྱེར་འོངས་གྱུར་ལས་ཕྲད་ལྟར་ལྷག་མར་ལུས་པ་ཉིད། །ཀྭ་ཡེ་ཚེ་ལྡན་བདག་གི་ཚིག་དང་ཉིད་ཀྱིས་ཀྱང་ནི་དེ་ལ་ཕན་པའི་ཆེད་དུ་ནི། །ཁྱོད་ཀྱི་རྒྱལ་པོ་མཆོག་
ནི་རྒྱལ་པོར་མ་ཡི་རི་ཡི་གནས་ན་གནས་ཤིང་འཚོ་བ་ཉིད། །ཁྱོད་ནི་སྤངས་པར་གྱུར་ལ་ཀྭ་ཡེ་མཛེས་མ་དགེའམ་དྲི་ཞེས་དེ་ལྟར་སྨྲ་བར་མཛོད། །གང་ཕྱིར་སྐྱེ་བོ་རྣམས་ནི་བྱེད་པ་ཉམས་ལ་དང་པོར་དེ་འདྲའི་དབུགས་དབྱུང་བྱེད་པ་ཉིད། །ལུས་ཀྱི་ནང་ནས་ཤིན་ཏུ་ཕྲ་པས་ཕྲ་གྱུར་དང་ནི་ཤིན་ཏུ་གདུང་བས་གདུངས་གྱུར་དང་། །མཆི་མ་
འཛགས་པས་མཆི་མ་འཛག་གྱུར་ཆེ་བར་ཕྲད་འདོད་ཉིད་ཀྱི་ཕྲད་འདོད་མཆོག་ཏུ་གྱུར། །དབུགས་དྲོན་ཤུགས་རིངས་ལྷགས་པས་དབུགས་དྲོན་ཤུགས་རིངས་མཆོག་ཏུ་ལྷགས་གྱུར་རིང་ནས་འཇུག་པ་ཅན། །བསོད་ནམས་ཆོམ་རྐུན་དག་གིས་ལམ་བཀག་གྱུར་ཅིང་དེ་རྣམས་ཡིད་ལ་སིམ་ཞིང་འཇུག་པ་ཡིན། །གྲོགས་མོའི་མདུན་དུ་
དེ་ཡི་རྣ་བ་ལ་ནི་ཁྱོད་ཀྱི་གདོང་ནི་རེག་པར་ཐོབ་གྱུར་པས། །ཁྱོད་ཀྱི་གང་ཡང་གུས་པའི་གཏམ་གྱི་ཆེད་དུ་གྱུར་པའི་ཆེ་བའི་སྒྲ་འདི་བརྗོད་པར་འོས། །གང་དེ་རྣ་བའི་ཡུལ་ལས་ཤིན་ཏུ་གང་ཡང་འདས་ཤིང་མིག་དག་གིས་ནི་མཐོང་བྱ་མིན། །ཁྱོད་དང་དགའ་བས་འཕྲད་འདོད་གྱུར་ཞེས་བདག་གིས་ཁ་ཡི་ཚིག་འདི་ཟེར་ཞེས་སྨྲ་བར་
མཛོད། །འཁྲི་ཤིང་འགའ་ལ་ཡན་ལག་མཛེས་པ་འཇིགས་པ་བཅས་རི་དགས་མོ་ལ་མིག་མཛེས་གཡོ་བ་མཐོང་། །འགྲམ་པའི་མཛེས་འོད་རི་བོང་ཅན་ལ་སྐྲ་རྣམས་གཙུག་ཕུད་ཅན་གྱི་མཇུག་སྒྲོའི་ཚོགས་ལ་མཐོང་། །སྨིན་མའི་རོལ་སྒེག་མཛེས་མ་རྣམས་ནི་ཆུ་ཀླུང་རླབས་ཕྲེང་ཕྲ་མོ་རྣམས་ལ་རབ་ཏུ་མཐོང་། །ཨེ་མ་གཅིག་ཏུ་ཚོགས་པ་དང་
ལྡན་གཡོན་མིག་ཁྱོད་དང་མཚུངས་པ་འགའ་ཡང་ཡོད་མ་ཡིན། །ཆར་གྱིས་བརླན་ལས་དྲི་མེད་སྦྲང་རྩི་ཅན་བཞིན་ཁྱོད་ཀྱི་གདོང་འདི་མཛེས་སོ་ལུས་ཕྲ་མ། །ཁྱོད་ནི་རིང་གྱུར་བདག་ནི་ཕྲ་བའི་ལུས་གྱུར་མདའ་ལྔ་པ་ཡི་གདུང་བ་ཡང་ཡང་བྱིན། །སོ་ཀ་རྫོགས་པའི་མཐའ་རུ་ཕྱོགས་ཀུན་ཆེ་བའི་ཆུ་འཛིན་སྟུག་པོས་བསྒྲིབས་པས་ཉི་མ་ཡི། །སྣང་བ་རྣམས་ནི་
ཉམས་ཤིང་རྒྱུན་དུ་ཆར་འོང་བདག་གིས་ཞག་གི་གྲངས་ཇི་ལྟ་བ་ཡིན། །ཁྱོད་ནི་རྡོ་ལེབ་གཞི་ལ་ཁམས་ཀྱི་མཚོན་རྣམས་ཀྱིས་ནི་དགའ་དང་ཁྲོ་བས་ལེགས་བྲིས་ཏེ། །དེ་རྙེད་རྫོགས་ནས་འདོད་པ་བྱ་བའི་ཆེད་དུ་ཁྱོད་ཀྱི་ཞབས་དྲུང་ལྷུང་བར་གྱུར་པ་ན། །ཚིག་ལན་མ་བྱུང་བདག་ལ་མཆི་མ་མང་པོ་ཡང་ཡང་བྱུང་བས་ཟུགས་པས་མིག་ལ་ཁྲོ། །དེར་ཡང་

བདག་ཅག་གཉིས་ནི་ལྷན་ཅིག་འགྲོགས་པའི་སྐལ་བ་མེད་པས་ཉིད་དུ་གྱུར་པ་ཞིག །ཁྱོད་ནི་བདག་གི་རྨི་ལམ་དག་ཏུ་འོངས་ཤིང་ཐོབ་པ་ཅི་ཡང་མཐོང་བར་གྱུར་པ་ན། །ཁོ་བོས་དམ་དུ་འཁྱུད་པར་བྱ་བའི་ཆེད་དུ་ནམ་མཁའ་དག་ལ་ལག་ཡུག་བྱ་བ་ནི། །ས་ལ་གནས་པའི་ནགས་ཀྱི་ལྷ་རྣམས་ཀྱིས་ནི་ངེས་པར་མ་མཐོང་མ་ཡིན་མང་པོ་རུ། །
མུ་ཏིག་བརྒྱུད་པ་བཞིན་དུ་ཤིང་གི་ཡལ་ག་རྣམས་ལ་མཆི་མའི་དུམ་བུ་ལྷུང་བར་འགྱུར། །དེ་ཝ་དཱ་རུའི་ལྗོན་པ་རྣམས་ཀྱི་ཡལ་གའི་འདབ་མ་རྣམས་ནི་འཕྲལ་དུ་བཅད་བྱས་ནས། །དེ་རྣམས་ཀྱི་ནི་འོ་མ་ཟགས་པའི་དྲི་བཟང་དང་ལྡན་ལྷོ་ཕྱོགས་ཞུགས་པའི་དྲི་བཞོན་རྣམས། །གང་ཞིག་བདག་ལ་དང་པོར་རབ་ཏུ་འཁྱུད་དོ་ཀྭ་ཡེ་ཡོན་ཏན་མ་ལུས་དེ་རྣམས་
ནི། །གངས་ཀྱི་རི་ལ་གལ་ཏེ་སོང་ན་ཁྱོད་ཀྱི་ལུས་ལ་རེག་པ་ངེས་པར་གྱུར་རོ་ཅེའོ། །ཐུན་གསུམ་མུན་པ་ཅན་མ་ཡུན་རིང་གྱུར་བ་སྐད་ཅིག་བཞིན་དུ་བསྡུས་པ་ཅི་ལྟར་ཡིན། །ཉིན་པར་ཡང་ནི་གནས་སྐབས་ཀུན་དུ་ཅུང་ཟད་གདུང་བའང་ཇི་ལྟར་གྱུར་པ་ཡིན། །ཀྭ་ཡེ་འདྲེན་བྱེད་གཡོ་བ་དེ་ལྟར་གྱུར་པས་བདག་སེམས་དོན་གཉེར་སྐལ་བ་དམན་པར་
གྱུར། །ཁྱོད་དང་བྲལ་བའི་གདུང་བ་རྣམས་དང་ཆེ་བའི་སྡུག་བསྔལ་རྣམས་ཀྱིས་བརྟན་པར་མིན་པར་བྱས། །བདག་ནི་ཞག་གྲངས་མང་པོའི་བདག་ཉིད་བགྲང་ཞིང་ནང་གི་བསམ་པས་མི་འཆི་བར་ནི་ཤེས། །ཀྭ་ཡེ་དགེ་ལེགས་ལྡན་མ་ཁྱོད་ཀྱང་མྱ་ངན་མང་པོ་ཤིན་ཏུ་བྱ་བ་མ་ཡིན་ཏེ། །བདེ་བ་མཐའ་གཅིག་ལྡན་པས་སུ་ཡིན་རྟག་ཏུ་སྡུག་བསྔལ་
མཐའ་གཅིག་པ་ཡང་སུ་ཞིག་ཡིན། །དེ་དག་འཁོར་ལོ་རྩིབས་ནི་ཅུང་ཟད་འོག་ཏུ་འགྲོ་ཞིང་སྟེང་དུའང་རིམ་གྱིས་བསྐོར་བ་བཞིན། །ཁྱབ་འཇུག་ལག་འགྲོའི་གནས་ན་གཉིད་ལས་ལངས་ཚེ་རྗེ་བོ་ཁྲོས་པའི་བཀའ་ལུང་རྫོགས་པ་ཉིད། །དེ་ལ་ཟླ་བ་བཞིན་ཡོད་དེ་བར་མིག་ནི་ཟུམ་པར་བྱས་ནས་ཁྱོད་ནི་གནས་པར་མཛོད། །ཕྱི་ནས་བདག་ཅག་གཉིས་ནི་
ཡུན་རིང་བྲལ་བར་ལས་བྱུང་འདོད་པའི་ལོངས་སྤྱོད་དེ་ཐོབ་སྟེ། །སྟོན་ཀའི་ཟླ་བ་རྫོགས་པའི་མཚན་མ་རྣམས་ལ་འདོད་པའི་ལོངས་སྤྱོད་དེ་དག་ལྡན་པར་འགྱུར། །ཡང་ནི་བརྗོད་པ་སྔོན་ནི་བདག་དང་ཁྱོད་ནི་མལ་སྟན་གནས་ན་མགྲིན་འཁྱུད་གཉིད་སོང་བས། །བདག་ནི་ཕྲལ་ལ་རབ་ཏུ་སད་པར་གྱུར་ནས་ཅི་ཡང་ངུ་བར་བྱས་པར་གྱུར་པ་ན། །ནང་ནས་
རྒོད་པ་དང་བཅས་ལན་ཅིག་མིན་པར་ཁྱོད་ཀྱིས་བདག་ལ་དྲི་བ་བརྗོད་པ་ན། །ཀྭ་ཡེ་གཡོ་མ་འགའ་ཞིག་དང་ཡང་དགའ་བྱེད་རྨི་ལམ་མཐོང་ཞེས་བདག་གིས་ཁྱོད་ལའོ། །དེ་ལ་བདག་ནི་ཁྱོད་ལ་མཚན་མ་བཟང་པོ་སྦྱིན་པར་བྱེད་པ་ཡིན་པར་རིག་བྱས་ན། །ཀྭ་ཡེ་འདྲེན་བྱེད་དཀར་མིན་སྐྱེ་བོ་ངན་པའི་ཚིག་ལས་བདག་མི་གུས་འོས་མ་ཡིན། །གང་ཕྱིར་

བྲལ་བས་གདུངས་པ་ལོངས་སྤྱོད་བྲལ་ལ་དེ་རྣམས་མཛའ་བོའི་བརྗོད་པ་ཅི་ཞིག་ཡིན། །དངོས་པོ་རྣམས་ནི་མཐོང་ཚེ་མཆོག་ཏུ་དགའ་བའི་རི་ནི་མང་པོའི་ཕུང་པོ་ཉིད་དུ་འགྱུར། །འདི་རྣམས་ཀྱིས་ནི་དང་པོར་བྲལ་བས་གདུངས་པར་གྱུར་པའི་གྲོགས་མོ་དེ་ནི་དབུགས་དབྱུང་མཛོད། །མིག་གསུམ་པ་ཡི་ཁྱུ་མཆོག་ལྟ་
བུར་དཀར་བའི་ཀཻ་ལཱ་ཤ་ཡི་རི་ལས་སླར་ལྡོག་བྱ། །དེ་ལའང་རང་གི་དགེ་བའི་མཚན་མ་ཁྱེར་འོངས་དེ་དང་དེ་ནི་བདག་ལ་བཤད་པར་བྱ། །ཁྱོད་ནི་ཀུན་དའི་གེ་སར་གཡོ་ལྡན་མྱུར་འགྲོ་རྣམས་ཀྱིས་བསྐུལ་བྱས་མྱུར་བར་འོང་བར་བྱ། །ཀྭ་ཡེ་གྲོགས་བཟང་ཁྱོད་ཀྱིས་བདག་གི་གཉེན་འདུན་དག་ཏུ་ཅུང་ཟད་གནས་པ་འདི་བྱས་ནས། །སླར་
ཡང་འཕྲིན་རྣམས་བརྟན་པ་ཁྱོད་ལས་ངེས་པར་བདག་ལ་འོང་བར་འགྱུར་ཞེས་བདག་སེམས་སོ། །ཙཱུཏ་ཀ་རྣམས་སྒྲ་མེད་པར་ཡང་ཆུ་ནི་སྦྱིན་པར་མཛོད་ཅེས་ཁྱོད་ལ་ཞུ་བར་སེམས། །གང་ཕྱིར་སྐྱེ་བོ་རྣམས་ལ་འདོད་པར་གྱུར་པ་རྣམས་ཀྱི་བྱ་བའི་དོན་ཉིད་ལན་གྱི་ཚིག །ཀྭ་ཡེ་ཆུ་འཛིན་གདུང་ལྡན་བདག་གི་བརྗོད་པ་བདག་གི་སེམས་
ལ་དོན་གཉེར་དགའ་བ་ཡི། །ཚོགས་འདི་བྱམས་པར་གྱུར་པའམ་རྗེས་སུ་རབ་ཏུ་བརྩེ་བའི་བློས་ནི་འདི་རྣམས་ཀུན་བྱས་ནས། །ཁྱོད་ཀྱང་འདོད་པའི་ཡུལ་ནི་ཐོབ་ཅིང་མཛེས་པའི་ཆར་སྤྲིན་ཚོགས་འཛིན་དཔལ་དང་ལྡན་པ་དང་། །གློག་མ་དང་ཡང་ནམ་ཡང་མི་འབྲལ་གྱུར་ཅིག་དེ་བཞིན་ཀུན་ཀྱང་དགེ་ཞིང་ཤིས་གྱུར་ཅིག །སྙན་ངག་མཁན་
ཆེན་པོ་ནག་མོའི་ཁོལ་གྱིས་མཛད་པའི་སྤྲིན་གྱི་ཕོ་ཉ་རྫོགས་སོ།། །།བློ་གྲོས་དང་སྙིང་རྗེ་དང་། བརྟུལ་བ་དང་དེས་པ་དང་། གཏོང་བ་ལ་སོགས་པའི་ཡོན་ཏན་ཕུལ་དུ་ཕྱུང་བ་དཔག་ཏུ་མེད་པས་སྤྲས་པའི་དཔོན་ཆེན་ནམ་མཁའ་བརྟན་པའི་བཀའ་ལུང་གིས། ཁ་ཆེའི་པཎྜི་ཏ་སྙན་ངག་མཁན་ཆེན་པོ་སུ་མ་ན་ཤྲཱི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་མང་
དུ་ཐོས་པའི་དགེ་སློང་བྱང་ཆུབ་རྩེ་མོ་དང་། ལོ་ཙཱ་བར་གཏོགས་པ་ལུང་རིགས་སྨྲ་བ་ནམ་མཁའ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །གང་ཞིག་ཐུགས་དགོངས་རྣམ་པར་དག་པ་ཡིས། །འདི་ལ་བསྐུལ་ཞིང་མཐུན་རྐྱེན་བསྒྲུབས་པ་དང་། །བདག་ཅག་འབད་ལས་བསོད་
ནམས་གང་བསྒྲུབས་པས། །འཁོར་བ་ལས་རྒལ་སྐུ་གསུམ་ཐོབ་པར་ཤོག །བྱང་གི་བདག་པོའི་གསུང་བཟང་ལས། །སྙན་ངག་འདི་ནི་བོད་སྐད་དུ། །ཁ་ཆེ་པཎ་ཆེན་དང་ལྷན་ཅིག །དགེ་སློང་བྱང་ཆུབ་རྩེ་མོས་བསྒྱུར། །འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་ནས་བཀྲ་ཤིས་ཤིང་བདེ་ལེགས་སུ་གྱུར་ཅིག། །།

༄༅༅། །རྒྱ་གར་སྐད་དུ། ཙྪནྡ་རཏྣཱ་ཀ་ར་ནཱ་མ། ཨོཾ་ན་མོ་ཝཱ་གཱི་ཤྭ་རཱ་ཡ། ཛི་ནཱ་ཡ་མུ་ནི་སཱུ་ཪྱཱ་ཡ་པ་ར་མ་ཛྱོ་ཏི་རཱཏྨ་ནི། ཨནྟ་རྣི་ཤི་བི་མི་ཏྲ་ཎཱ་མནྟ་རྡི་ན་ཀྲྀ་ཏེ་ནཱ་མཿ། པ་དྱཾ་ཙ་ཏུཥྤ་དཱི་ཏཙྩ་བྲྀཏྟ་ཛཱ་
༄༅༅། །བོད་སྐད་དུ། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞེས་བྱ་བ། ཨོཾ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྒྱལ་བ་ཐུབ་པ་ཉི་མ་ནི། །སྣང་བ་མཆོག་གི་བདག་ཉིད་ཅན། །ནང་གི་མཚན་མོ་བཤེས་བྲལ་གྱི། །ནང་གི་ཉིན་བྱེད་ལ་ཕྱག་འཚལ། །ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲྀཏྟ་
ཏི་པྲ་བྷེ་ད་ཏོ་དྭི་བི་དྷཾ། ཨ་ཀྵ་ར་སཾ་ཁྱཱ་བྲྀཏྟི། མཱ་ཏྲཱ་སཾ་ཁྱཱ་བྷ་བ་ཏི་ཛཱ་ཏི། ཧྲ་སྭཿསྭ་རོ་ལ་གྷུ་ལྲྀ་ཛུཿ། པ་དཱནྟེ་ཥུ་བ་ཧུ་ལཾ་གུ་རུ་གྭ་ཀྲཿ། པཱུརྦཿསྭ་རཱ་ར་ཧི་ཏ་བྱཉྫ་ནཱཙྩ། དཱིརྒྷ་པླུ་ཏཽ་ཙཻ་བ། བྷ་དི་གུ་
ཛཱ་ཏི་རྣམ་གཉིས་དབྱེ། །ཡི་གེ་བགྲང་བ་བྲྀཏྟ་ཡིན། །ཕྱི་མོ་བགྲང་བ་ཛཱ་ཏིར་འགྱུར། །དབྱངས་ཐུང་ངུ་ནི་ཡང་བ་ངང་ལ་སྟེ་དྲང་པོའོ། །རྐང་པའི་མཐའ་རྣམས་སུ་མང་པོ་ཞིག་ལྕི་བ་དང་ག་སྟེ་འཁྱོག་པོའོ། །དབྱངས་དང་བྲལ་བའི་གསལ་བྱེད་ལས་སྔ་མའོ། །རིང་པོ་དང་པླུ་ཏ་ཉིད་ཀྱང་ངོ་། །གསུམ་གྱི་
རུ་ཊི་ཀ་མེ་ཊཾ། ཛནྟ་རྒུ་རུ། སནྟ་གུ་རུ། མ་ཤེ་ཥ་གུ་རུ། ཡཱ་དི་ལ་གྷུ་ཙ། རནྟ་རླ་གྷུ། ཏནྟ་ལ་གྷུ། ན་ཤེ་ཥ་ལ་གྷུ། ཙྪནྡཱཾ་སི་བི་དུཿཥཊྐ་རཽ་ཉ་རཾ་བྷྱཻ་ཀཻ་ཀ་བྲྀཏྟི་བྷིཿཔཱ་དཻཿ། །གཱ་ཡ་ཏྱུཥྞི་ཀ་ནུཥྚུ་པྤྲྀ་ཧ་ཏཱིཔྶཾ་ཀྟི་ཏ་ཐཱ་
ཐོག་མ་ལྕི་བ་བྷ་རུ་འདོད། ཛ་དབུས་ལྕི་བ། ས་མཐའ་ལྕི་བ། མ་ཀུན་ལྕི། ཡ་ཐོག་ཡང་བ། ར་དབུས་ཡང་། ཏ་མཐའ་ཡང་བ། ན་ཀུན་ཡང་། དྲུག་པ་ནས་བརྩམས་ཏེ་རེ་རེ་འཕེལ་བའི་རྐང་པས་སྡེབ་སྦྱོར་རྣམས་རྟོགས་པར་བྱེད་དོ། །དབྱངས་སྒྲོགས་རབ་དགའ་རྗེས་བསྔགས་བྲྀ་ཧ་ཏཱི། །ཕྲེང་ལྡན་དང་ནི་

ཏྲྀཥྚུཔྲ། ཛ་ག་ཏཱི་ཤརྐརྻཥྞི་དྷྲྀ་ཏ་ཡཿ། པྲྀ་ཐཀྐེ་གེ་ཀཻ་ཀ་ཨ་ཏི་པ་རཱཤྩ། ཤུདྡྷ་པྲཱ་བི་ས་མ་ཏྱ་དྷེཿཔ་རཱ་ཙ་ཀྲྀ་ཏིཿ། ཨི་ཏི་ཥ་ཌཥྚ་ཧ་ཡཱཿ། ས་མ་མརྡྷ་ས་མཾ་བི་ཥ་མཾ། ཙེ་ཏི་ཏྲི་བི་དྷཾ་པྲ་
དེ་བཞིན་གསུམ་བསྔགས་སོ། །སྐྱེ་འགྲོ་ནུས་ལྡན་ལེགས་སྤྱོད་བརྟན་འཛིན་རྣམས། །སོ་སོ་རེ་རེ་ཕྱི་མ་ཤིན་ཏུ་པའོ། །བྱེད་ལྡན་དག་པ་རབ་ཀུན་རྣམ་ལེགས་ཤིན་ཏུ་ལྷག་པ་ལས་ཕྱི་མའང་ངོ་། །དེ་ལྟར་དྲུག་བརྒྱད་རྟ་རྣམས་སོ། །མཉམ་དང་ཕྱེད་མཉམ་མི་མཉམ་ཞེས་བྱ་བ། །བྲྀཏྟ་རྣམ་པ་གསུམ་
ཙཀྵ་ཏེ་བྲྀཏྟཾ། ཏ་ནུ་མ་དྷྱཱ་དི་ཀ་མུ་བ་ཙི་ཏྲ་ཀཱ་དི་བཀྟྲཱ་དི་ཏཏྐྲ་མ་ཤཿ། སྠཱ་ནཾ་ཡ་ཏི་རིཥྚཻཿཏདྦཱ་ནུ་ཏི་བྷཱ་དིཿ། ཨནྟེ་ཙ་ར་ཎཱ་ནཱཾ། གྺཿ། ལྐཿ། པྲ་ཏི་པཱ་དཾ། ཏྻཽཙཻཏྟ་ནུ་མ་དྷྱཱ། ཀུ་མཱ་ར་ལ་ལི་ཏཱ་ཛྶཽགྲ །
དུ་རབ་པ་བཤད་བྱ། །དེ་ནི་དབུས་ཕྲ་སོགས་དང་ཉེར་བཀྲ་སོགས། །ཁ་སྒོ་ལ་སོགས་རྣམས་དང་གོ་རིམས་བཞིན། །འདོད་པ་རྣམས་ཀྱི་གནས་པ་སྡོད། །བྷ་སོགས་ཨུཏ་ལ་དེ་ལྡན་ནོ། །རྐང་པ་རྣམས་ཀྱི་མཐའ་ལའོ། །ལྕི་བ་ཝ། ཡང་བ་ཀ། །རྐང་པ་སོ་སོ་ལའོ། །གལ་ཏེ་ཏ་ཡ་དབུས་ཕྲའོ། །གཞོན་ནུ་རལ་པ་ཛས་ག །
གླཽ་ཙི་ཏུཿས་མཱ་ནྱ་སཽ་ཧི། །ལ་གཽ་ཙ་ཏུཿ་པྲ་མཱ་ཎྱ་སོཽ། ཙ་ཏྲ་པ་དཱ་ཡ་དི་བྷཽ་གཽ། མཽ་གཽ་ཙེཏྶཱ་བི་དྱུནྨཱ་ལཱ། བྷཱཏྟ་ལ་གཱ་མཱ་ཎ་བ་ཀཾ། རཱནྣ་སཽ་ཡ་དི་ཧ་ལ་མུ་ཁཱི། བྷུ་ཛ་ག་ཤི་ཤུ་སུ་ཏཱ་ནཽ་མཿ། ཛྙེ་ཡ་ཤུདྡྷ་བི་རཱཎྨ་སཽ་ཛ་གཽ། །མྣཽ་
ལྕི་ཡང་བཞི་པ་དེ་ནི་འདྲ་མཚུངས་སོ། །ལག་བཞི་པ་དེ་ནི་གཞལ་དཔག་གོ། །གལ་ཏེ་བྷ་དག་ག་དག་རྐང་བཀྲ། གལ་ཏེ་མ་དག་ག་དག་གློག་ཕྲེང་། བྷ་ལས་ཏ་ལ་ག་བྲམ་ཟེའི་བུ། གལ་ཏེ་ར་ལས་ན་ས་དག་གཤོལ་གདོང་། །ན་དག་མ་ནི་ལག་འགྲོ་ཁྱེའུའི་བུ། །མས་ཛ་ག་དག་པའི་སྣང་བར་ཤེས་པར་བྱ། །མ་ན་

ཡཱདྒཿཁ་ལུ་པ་ཎ་བཿཁྱཱ་ཏཿ། །སྱཱནྨ་ཡཱུ་ར་སཱ་རི་ཎཱི་ར་ཛཽ་རྒཽ། །རུགྨ་བ་ཏཱི་སཱ་ཡ་ཏྲ་བྷ་མཽ་སྒཽ། །ཛྙེ་ཡཱ་མཏྟཱ་མ་བྷ་ས་ག་པྲྀཥྚཱ། །ཏཱཛྫཽ་ག་གི་ཏཱི་ཡ་མུ་པ་སྠི་ཏཱ་སྱཱཏྲ། །སྱཱ་དིནྡྲ་བཛྲཱ་ཡ་དི་ཏཽ་ཛ་གཽ་གཿ། །ཨུ་བེནྡྲ་བཛྲ་ཧི་ཛ་ཏཽ་ཛ་གཽ་གཿ། །ཨ་
ཡ་ལས་ལྕི་ངེས་འཁར་རྔར་བཤད། །ར་ཛ་ར་དང་ག་ནི་རྨ་བྱའི་འགྲོས་ཡིན། གང་ལ་བྷ་མ་ས་ག་དེ་ནི་གསེར་ལྡན། མ་བྷ་ས་གས་བསྐྱེད་པ་མྱོས་མར་ཤེས་པར་བྱ། །ཏ་ལས་ཛ་གཉིས་ག་ག་ཞེས་འདི་ཉེར་འཁོད་འགྱུར། །གལ་ཏེ་དབང་པོ་རྡོ་རྗེ་ཏ་གཉིས་ཛ་ལྕི་གཉིས། །ཛ་ཏ་ཛ་ལྕི་གཉིས་ནི་ཉེ་དབང་རྡོ་རྗེ་སྟེ། །དེ་མ་ཐག་ཏུ་
ནནྟ་རོདྦྷཱ་བི་ཏ་ལཀྵ་ཎཱ་དྱཽ། །པཱ་དཽ་བྷ་བེ་ཏཱཾ་བི་བི་དྷཻརྦི་ཀལྤཻཿ། །ཡཱ་སཱ་མུ་བྷཽ་ཤྲ་བྱ་ཡ་ཏི་པྲ་པཉྩཽ། །སྨྲྀ་ཏཱཿསྨྲྀ་ཏཱི་ཤཻ་རུ་པ་ཛཱ་ཏ་ཡསྟཱ། །དོ་དྷ་ཀ་མིཙྪ་ཏི་བྷ་ཏྲི་ཏི་ཡཱདྒཽ། །མོ་བཱ་རོ་བཱ་ཤཱ་ལི་ནཱི་བེ་ད་ལོ་ཀཻཿ། །མོ་
བརྗོད་ཟིན་ལ་སོགས་མཚན་ཉིད་དག །སྣ་ཚོགས་རྣམ་རྟོག་རྣམས་ཀྱིས་རྐང་པ་དག་ཏུ་འགྱུར། །གང་དེ་གཉིས་ཀ་མཉན་འོས་ངལ་བསོའི་སྤྲོས་བ་ཅན། །དེ་རྣམས་ཉེར་བསྐྱེད་རྣམས་སུ་དྲན་པའི་དབང་པོས་བཤད། །བྷ་གསུམ་ལས་ནི་ག་དག་འཇོ་བ་པོར་འདོད་དོ། །མ་བ་ར་གཉིས་པ་རིག་འཇིག་རྟེན་ཤཱ་ལི་ནི། །གལ་ཏེ་
བཱཿསྲཽ་བཱ་ཡ་དི་བཱ་ཏོརྨི་མཱ་ལཱ། །མོ་བཱ་ནཽ་བཱ་བྷྲ་མ་ར་བི་ལ་སི་ཏཱ། །རཱཏྤ་རེ་ན་ར་ལ་གཱ་ར་ཐོདྡྷ་ཏཱ། །སྭཱ་ག་ཏཱ་ར་ན་བྷ་གཻ་རྒུ་རུ་ཎཱ་ཙ། །ན་ན་ས་ག་གི་ཏི་ཙ་བྷ་བེདྦྲྀཏྟཱ། །ན་ན་ར་ལ་གི་ཏི་ཙཻ་ཝ་བྷ་དྲི་ཀཱ། །ཤྱནྻུ་དཱི་རི་ཏཱ་ར་ཛཽ་ར་ལཽ་གུ་རུཿ། །ཛ་སཽ་ཙ་ཏ་ག་གཤྩོ་
མ་བསར་བ་ནི་ཆུ་རླབས་ཕྲེད། །མ་ཝ་ན་དག་ཝ་ནི་བུང་བ་རོལ་བའོ། །ར་ལས་ཕ་རོལ་ན་ར་ལ་ག་ཤིང་རྟ་དྲེགས། །ར་ན་བྷ་ག་རྣམས་དང་ལྕི་བས་ལེགས་འོངས་སོ། །ན་ན་ས་ག་ག་ཞེས་བྱ་བ་ཟླུམ་པོར་འགྱུར། །ན་ན་ར་ལ་ག་ཞེས་བྱ་བ་བཟང་ལྡན་ཉིད། །ར་ཛ་ར་ལ་དང་ནི་ལྕི་བ་དཀར་མོར་བརྗོད། །ཛ་ས་ཏ་དང་ག་ག་རྣམས་ནི་

པསྠི་ཏི་སྱཱ་ཏ། །ཙནྡྲ་བརྟྨ་ཙ་ར་ཡནྟྲི་ར་ན་བྷ་སཻཿ། །ཨུ་ཤནྟི་བཾ་ཤསྠ་མི་དཾ་ཛ་ཏཽ་ཛ་རཽ། །སྱཱ་དིནྡྲ་བཾ་ཤཱ་ཁ་ལུ་ཡ་ཏྲ་ཏཽ་ཛ་རཽ། །པུ་ཏྲ་ཨི་ཧ་བ་སུ་བེ་དཱ་ནཽ་ག་བཽརྦཽ། །རྀ་ཏཱུ་ཛ་སུ་ཛ་སཱུ་ཛ་ལོདྡྷ་ཏ་ག་ཏིཿ། །ཨ་ཐ་ཏོ་ཊ་ཀ་མབྡྷི་ས་ཀཱ་ར་ཀྲྀ་
༄༅། །ཉེར་གནས་འགྱུར། །ར་ན་བྷ་སས་རྒྱུ་ཞིང་འཁོར་བ་ཟླ་བའི་ལམ། །ཛ་ཏ་ཛ་ར་འདི་ནི་རིག་གནས་ཉིད་དུ་འདོད། །གང་ལ་ཏ་གཉིས་ཛ་ར་ངེས་པར་དབང་པོའི་རྒྱུད་འགྱུར་རོ། །ན་དག་ག་བ་ར་བ་ནོར་རིག་བྱེད་འདིར་སྦྱོར་བའོ། །དུས་དག་ལ་ནི་ཛ་སུ་ཛ་སུ་ཆུ་འཐོར་འགྲོ། །ས་ཡིག་ཆུ་གཏེར་བྱས་པ་དེ་ནས་འགྲོ་བྱེད་
ཏཾ། །དྲུ་ཏ་བི་ལཾ་བི་ཏ་མཱ་ཧ་ན་བྷཽ་བྷ་རཽ། །བྷུ་ཛདྒ་པྲ་ཡཱ་ཏཾ་ཙ་ཏུ་རྦྷིརྻ་ཀཱ་རཻཿ། །ཀཱིརྟི་ཏཻ་ཥཱ་ཙ་ཏཱུ་རེ་ཕི་ཀཱ་པྲགྦི་ཎཱི། །པྲ་མི་ཏཱཀྵ་རཱ་ས་ཛ་ས་སཻཿ་ཀ་ཐི་ཏཱ། །མ་གྭཱ་རེ་ཕཽ་བཱ་བཻ་ཤྭ་དེ་བཱི་ཤ་ར་ཤྭཻཿ། །མོ་བ་ནྱ་གྭཱ་ཛ་ལ་དྷ་རམཱ་ལཱབྡྷྱདྒཻཿ། །ན་ན་ར་ར་གྷ་ཊི་ཏཱ་
ཡིན། །ན་དང་བྷ་དང་བྷ་ར་དལ་མྱུར་ཡིན་པར་སྨྲ། །ཡ་ཡིག་བཞི་རྣམས་ཀྱིས་ནི་ལག་འགྲོ་ལྟུང་བ་ཡིན། །ར་ཡིག་བཞི་པ་དེ་ནི་མེ་ཏོག་ཕྲེང་ཅན་གྲགས། །ས་ཛ་ས་ས་རྣམས་ཀྱི་ཡི་གེ་ཉུང་ངུར་གྲགས། །མ་ག་ཝ་ར་ར་ཝ་མདའ་རྟས་སྣ་ཚོགས་ལྷ་མོའོ། །མ་བ་ན་ཡ་ག་ཝ་རྒྱ་མཚོ་ཡན་ལག་ཆུ་འཛིན་ཕྲེང་། །ན་ན་ར་ར་འདུས་པ་དལ་
ཙ་མནྡཱ་ཀི་ནཱི། །བ་ད་ཏི་མུ་ནིརྻ་མུ་མཱཾ་ན་ཛཽ་ཛ་རཽ། །ཨི་ཧ་ན་བ་མཱ་ལི་ནཱི་ཡ་དི་ན་ཛཽ་བྷྱཽ། །ཏྲྻཱ་ཤཱ་བྷིརྨུ་ན་ཛ་ར་ཝཱཿཔྲ་ཧཪྵི་ཎཱི་སྱཱཏ། །ཛ་བཽ་ན་ཛཽ་རི་ཏི་རུ་ཙི་རཱ་ཙ་ཏུརྒྲ་ཧཻཿ། །མོ་བོ་བྷཏྱཱཿ་སཻ་བ་ཡ་ཏིརྨཏྟ་མ་ཡཱུ་རཿ། །ས་ཛ་སཱཿ་ས་གཽ་ཙ་ཀ་ཐི་ཏཿཀ་ལ་
གྱིས་འབབ་པ་ཡིན། །ན་ཛ་ཛ་ར་ཡ་མུ་ནཱ་རུ་ཐུབ་པ་སྨྲ། །གལ་ཏེ་འདིར་ནི་ན་ཛ་བྷ་ཡ་ཕྲེང་བ་གསར་བའོ། །མུ་ན་ཛ་ར་ཝ་རྣམས་གསུམ་དང་ཕྱོགས་ཀྱིས་རབ་དགའ་ཅན། །ཛ་ཝ་ན་ཛ་ར་ཞེས་བཞི་དང་གཟའ་ཡིས་མཛེས་མ་ཡིན། །མ་བ་བྷ་ཏ་ཡ་རྣམས་དེ་ཉིད་ངལ་བསོ་རྨ་བྱ་མྱོས། །ས་ཛ་ས་དང་ས་ག་རྣམས་ནི་སྙན་པའི་ངང་པར་

ཧཾ་སཿ། །ས་ཛ་སཱ་ཛ་གཽ་ཙ་ཡ་དི་མཉྫུ་བྷཱ་ཥི་ཎི། །མཱ་གཱ་བཱ་ནཽ་མཱཿཤ་ར་ན་བ་བྷི་ར་སཾ་བཱ་དྷཱ། །ན་ན་བི་ཛ་ཛ་བི་ཙ་སྭ་རཻ་ར་པ་རཱ་ཛི་ཏཱ། །པྲ་ཧ་ར་ཎ་ཀ་ལི་ཏཱ་ན་ན་བི་ན་ན་བི་ཏཻཿ། །ཛྙེ་ཡཾ་བ་སནྟ་ཏི་ལ་ཀཾ་ཏ་བྷ་ཛཱ་ཛ་གཽ་གཿ། །
བཤད། །གལ་ཏེ་ས་ཛ་ས་རྣམས་དང་ནི་ཛ་ག་འཇམ་པའི་ངག །མ་ག་ཝ་དང་ན་གཉིས་མ་རྣམས་མདའ་དང་དགུ་ཡིས་གནོད་མེད་དོ། །ན་ན་བ་དང་ཛ་ཛ་ཝ་རྣམས་དབྱངས་ཀྱིས་གཞན་གྱི་མི་ཐུབ་པ། །ན་ན་ཝ་དང་ན་ན་ཝ་རྣམས་དེ་ཡིས་མཚོན་ཆ་ཁ་འབུས་སོ། །ཏ་བྷ་ཛ་ཛ་ག་ག་དཔྱིད་ཀྱི་ཐིག་ལེར་ཤེས་པར་བྱ། །ས་
བ་སུ་དྷཱ་སླ་བོ་ན་པི་ཙ་རཽ་ཙ་པཉྩ་གྲ་ཧཻཿ། །གུ་རུ་ནི་དྷ་ན་མ་ནུ་ལ་གྷུ་རི་ཧ་ཤ་ཤི་ཀ་ལཱ། །པྲ་གི་ཡ་མ་པི་ཙ་ར་ས་ན་བ་ཀ་བི་ར་མ་ཎཱ། །བ་སུ་མུ་ནི་ཡ་ཏི་རི་ཏི་མ་ཎི་གུ་ཎ་ནི་ཀ་རཿ། །ན་ན་ག་བ་ར་ར་བཱཿ་སྱུ་རྨཱ་ལི་ནཱི་ཏྭཥྚ་ལོ་ཀཻཿ།
ལ་ཝ་ན་གཞན་ཡང་ར་དག་ལྔ་དང་གཟའ་ཡིས་ནོར་འཛིན་ནོ། །ལྕི་བ་ཐ་མ་ཡང་བ་མ་ནུས་འདིར་ནི་རི་བོང་ཅན་གྱི་ཆ། །འདིར་ནི་གཞན་ཡང་རོ་དང་དགུ་ཡི་ངལ་བསོར་གྱུར་ན་ཕྲེང་བའོ། །དེ་ལྟ་བུ་ལ་ནོར་དང་ཐུབ་པར་ངལ་གསོ་ཡོན་ཏན་ནོར་བུའི་ཚོགས། །ན་ན་ག་ཝ་ར་ར་ཝ་རྣམས་བརྒྱད་དང་འཇིག་རྟེན་ཕྲེང་ལྡན་མ། །
ན་ཛ་བྷ་ཛ་རཻརྦི་རཱ་ཛི་ཏ་མི་དཾ་ས་མཱུ་དྲ་ཀཾ །བྷྲཀྣ་ན་སཱ་མུ་ནེཿཁ་བྲྀ་ཥ་བྷ་ག་ཛ་བི་ལ་སི་ཏཾ། །ན་ཛ་བྷ་ཛ་རཱ་གུ་རུཤྩ་ཡ་དི་ཏཏྟ་དཱ་ཀུ་སུམྦྷཾ། །ཡ་མཱུ་ནཱ་སཱ་བྷཱ་ལྺཱ་ར་ས་ཧ་ར་བི་རཱ་མཱ་ཤི་ཥ་རི་ཎཱི། །ཛ་སཱ་ལྺ་ན་ར་རཱ་ཝ་སུ་གྲ་ཧ་ཡ་ཏིསྟུ་པྲྀ་ཐྭཱི་མ་
ན་ཛ་བྷ་ཛ་ར་རྣམས་རྣམ་པར་སྤེལ་བ་འདི་ནི་རྒྱ་མཚོ་ཅན། །བྷ་ར་ཀ་ན་ན་ས་ཐུབ་ལས་མཁའ་ལ་ཁྱུ་མཆོག་གླང་ཆེན་རྩན། །གལ་ཏེ་ན་ཛ་བྷ་ཛ་ར་ལྕི་དེ་ནི་དེ་ཚེ་ལེ་བརྒན་རྩི། །ཡ་མུ་ན་སུ་བྷ་ལ་ཝ་རྣམས་རོ་དང་འཕྲོག་བྱེད་ངལ་བསོ་གཙུག་ཕུད་ཅན། །ཛ་ས་ལ་ཝ་ན་ར་ར་རྣམས་ནོར་དང་གཟའ་ལ་སྡོད་པ་ཡངས་

ཏཱ། །དིདྨུ་ནི་བཾ་ཤ་པཏྟྲ་པ་ཏི་ཏཾ་བྷ་ར་ན་བ་ན་ན་བཻཿ། །ན་སུ་མ་ཝ་ཛ་ཛཱ་བཱཿསྭཱ་དཱབྡྷི་སྭ་རཻརྷ་རི་ཎཱི་མ་ཏཱ། །མནྡཱ་ཀྲནྟཱ་མ་བ་ན་སུ་ར་རཱ་བཿས་མུ་དྲརྟུ་ལོ་ཀཻཿ། །ན་ཛ་བྷ་ཛ་ཛཱ་ལ་གཽ་ཙ་ཡ་དི་ནརྐུ་ཊ་ཀནྟུ་ཏ་དཱ། །ན་ཛ་བཾ་ན་
༄༅། །ལྡན་མ། །བྷ་ར་ན་ཝ་ན་ན་ཝ་རྣམས་ཕྱོགས་དང་ཐུབ་པར་འོད་མའི་འདབ་མ་ལྟུང་། །ན་སུ་མ་ཝ་ཛ་ཛ་ཝ་རྣམས་རོ་ཆུ་དབྱངས་ལ་རི་དགས་མོ་རུ་འདོད། །མ་ཝ་ན་སུ་ར་ར་ཝ་རྣམས་མཚོ་དུས་འཇིག་རྟེན་དལ་གྱིས་གནོན་པ་ཡིན། །གལ་ཏེ་ན་ཛ་བྷ་ཛ་ཛ་ལ་ག་རྣམས་དེ་ཚེ་བུམ་བ་ཅན་དུ་འདོད། །ན་ཛ་ཝ་ན་བྷཱུ་དང་
བྷ་བྷཱུ་བྷ་བཽ་མུ་ནི་ར་སོ་ད་དྷི་ཀོ་ཀི་ལ་ཀཾ། །མ་གྭཱནྶཱུ་རཽ་བཿཀུ་སུ་མི་ཏ་ལ་ཏཱ་བེལླི་ཏཀྵརྟུ་ལོ་ཀཻཿ། །ཨི་ཧ་ན་ན་ར་ཙ་ཏུཥྐ་སྲྀཥྚནྟུ་ནཱ་རཱ་ཙ་མཱ་ཙཀྵ་ཏེ། །ཡ་མཱུནྶཱུ་རེ་ཕཽ་བཿཥ་དྷྲི་ཏུ་ཏུ་ར་གཻརྨེ་གྷ་བི་སྥུ་རྫི་ཏཱ་སྱཱཏ། །ཨརྐ་ཤྭཻརྻ་དི་
ཝ་ཐུབ་པ་རོ་དང་ཆུ་གཏེར་ཁུ་བྱུག་ཅན། །མ་ག་བ་ན་སུ་དང་ར་གཉིས་པ་རྣམས་དབང་དུས་འཇིག་རྟེན་མེ་ཏོག་གཡོ་བའི་འཁྲི་ཤིང་ངོ་། །འདིར་ནི་ན་གཉིས་ར་བཞི་བསྒྲིགས་པ་དེ་ནི་ལྕགས་ཀྱི་མདའ་རུ་འཆད་པར་བྱེད། །ཡ་མུ་ན་སུ་ར་ར་ཝ་རྣམས་དྲུག་དུས་མགྱོགས་འགྲོའི་སྤྲིན་རྣམས་སྒྲོགས་སུ་འགྱུར། །གལ་ཏེ་མ་ས་ཛ་སུ་ཏ་
མཿས་ཛཽ་སུ་ཏ་ཏཱ་བཱཿཤརྡཱུ་ལ་བི་ཀྲཱི་ཌི་ཏཾ། །སཔྟཱ་ཤྭ་སྭཱ་ད་བྷི་ནྣཱ་མ་ར་བ་ན་ན་བ་ཏཱཿསུཤྩེཏྶུ་བ་ད་ནཱ། །བྲྀཏྟི་མཱི་དྲྀ་ཤནྟུ་ནཱ་མ་ཏོ་ར་ཛཽ་ར་ཛཽ་ར་ཛཽ་གུ་རུརླ་གྷུཤྩ། །མྲཽ་བོ་ནཽ་བཤྩ་རཽ་བསྟྲི་བྷི་རི་ཏི་བྷི་ར་ཏིཿསཔྟཱ་ཀཻཿཔྲགྡྷ་ར་སྱཱཏ། །ཡ་ཏྲ་བྷ་རཽ་ན་བཽ་ཛ་ཏ་
ཝ་རྣམས་ཉི་མ་རྟ་ཡིས་སྟག་རྣམས་རྩེ་ན་པ་ཡི། །གལ་ཏེ་མ་ར་ཝ་ན་ན་བ་ཏ་སུ་རྣམས་ལ་བདུན་རྟ་རོ་ཡིས་ཕྱེ་བ་ཁ་མཛེས་སོ། །ར་ཛ་ར་ཛ་ར་ཛ་ལྕི་བ་ཡང་བ་འདི་ལྟ་བུ་རྣམས་ཟླུམ་པོ་ཞེས་བྱར་འདོད། །མ་ར་ཝ་ན་ན་ཝ་ར་ར་ཝ་རྣམས་བདུན་པ་གསུམ་གྱིས་སྡོད་པ་ཕྲེང་འཛིན་ཞེས་བྱར་འགྱུར། །གང་ལ་བྷ་ར་ན་ཝ་ཛ་ས་ཛ་སུ་

ས་ཛ་སཱ་ད་ཤོཥྞ་གུ་བི་རཱ་མི་མ་དྲ་ཀ་མི་དཾ། །ཧ་ར་ར་བི་བྷིནྣ་མ་ཤྭ་ལ་ལི་ཏཾ་ན་ཛཽ་ཙ་བྷ་ལ་བཱ་ཛ་སཽ་ཙ་ཛ་སུ་ཙ། །མཏྟཱ་ཀྲཱྀ་ཌཾ་བ་སྭཀྵཱ་ཤཱ་ཡ་དི་མ་མི་ཙ་ག་བི་ཙ་ན་ལ་ཀ་ན་ན་ན་བཱཿ། །སྱཱ་དི་ཧ་ཏ་ནྭཱི་བྷ་ག་ཝ་ཐ་ན་ན་བཱ་བྷཽནྻུ་ཤ་ར་སྭ་ར་ཏ་ར་ཎི་བི་རཱ་མཱ། །
ཕྱོགས་དང་ཉི་མར་ངལ་བསོ་འདི་ནི་ཟབ་མོའི་དབྱངས། །ན་ཛ་བྷ་ལ་ཝ་དང་ཛ་ས་དག་དང་ཛ་སུའང་འཕྲོག་བྱེད་ཉི་མར་ཐ་དད་པ་ནི་རྟ་རོལ་པ། །གལ་ཏེ་མ་མ་ག་ཝ་ན་ལ་ཀ་ན་ན་ན་ཝ་རྣམས་ནོར་དབང་ཕྱོགས་ཀྱི་མྱོས་མ་རྩེན་པའོ། །འདིར་བྷ་ལྕི་བ་ཝ་དང་དེ་ནས་ན་ན་ཝ་དང་བྷ་དག་ན་ཡུ་མདའ་དབྱངས་སྒྲོལ་བྱེད་ངལ་བསོ་ལུས་ཕྲར་འགྱུར། །
ཀྲཽཉྩ་པ་དཱ་བྷ་གྭཱ་བྷ་ག་ཝཱ་ནཽལྐ་ན་ན་ཝ་ཨི་ཥུ་ཤ་ར་བ་སུ་མུ་ནི་བི་ར་ཏིཿ། །མཽ་གྭཽ་ནཽ་ལྐཽ་སུརྫོ་བཱཿསྱདྤ་སུ་མ་ད་ན་ད་ཧ་ན་མུ་ནི་བྷིརྦྷུ་ཛཾ་ག་བི་ཛྲྀམྦྷི་ཏཾ། །མྣཽ་ནུརྡྭིརྣ་ནུ་ས་ག་བི་ཏི་ན་བ་ར་ས་ར་ས་ཀ་ར་ཎ་བི་ར་ཏི་ར་བ་བཱ་
བྷ་ག་ཝ་བྷ་ག་ཝ་ན་དག་ལ་ཀ་ན་ན་ཝ་རྣམས་མདའ་མདའ་ནོར་དང་ཐུབ་པར་ངལ་བསོ་ཁྲུང་ཁྲུང་རྐང་། །མ་དག་ག་ཝ་ན་དག་ལ་ཀ་སུ་དང་ཛ་དག་ཝ་རྣམས་ནོར་ལྷ་མྱོས་བྱེད་མེ་དང་ཐུབ་པ་རྣམས་ཀྱིས་ལག་འགྲོ་རྣམས་བསྒྱིངས་སོ། །མ་ན་ནུ་དང་ན་ནུ་རྣམ་གཉིས་ས་ག་ཝ་ཞེས་བྱ་རྣམས་དགུ་དང་རོ་རོ་བྱེད་པ་ངལ་བསོ་བཟློག་
ཧཿསྱཱཏ། །པྲ་ཐ་མ་ཀ་ཨི་ཧ་དཎྜ་ཀཤྩཎྜ་བྲྀཥྚི་པྲ་ཡཱ་ཏོ་བྷ་བེནྣ་དྭ་ཡེ་ནཱ་ཐ་རཻཿསཔྟ་བྷིཿ། །པྲ་ཏི་པ་ད་མི་ཧ་རེ་ཕ་བྲྀདྡྷཱཿསྱུ་རརྞྞཱརྞྞ་བ་བྱཱ་ལ་ཛཱི་མཱུ་ཏ་ལཱི་ལཱ་ཀ་རོདྡཱ་མ་ཤངྑཱ་ད་ཡཿ། །པྲ་ཙི་ཏ་ཨི་
ཕྱོགས་འབབ་ཏུ་འགྱུར། །འདི་ཉིད་དུ་ནི་རྒྱུན་ཆགས་དང་པོ་གཏུམ་པའི་ཆར་འབེབས་དག་ཏུ་འགྱུར་ཏེ་ན་གཉིས་དང་ནི་དེ་ནས་ར་བདུན་རྣམས་ཀྱིས་སོ། །འདིར་ནི་རྐང་པ་སོ་སོར་རེ་ཕ་འཕེལ་བར་འགྱུར་རྣམས་ཆུ་རྒྱུན་རྒྱ་མཚོ་སྤྲུལ་དང་ཆར་སྤྲིན་རོལ་བའི་འབྱུང་གནས་ཤིན་ཏུ་ཀླུབས་དང་དུང་སོགས་སོ། །འདིར་ནི་ན་ཟུང་

ཧ་ན་ཡུ་གཱ་དྱཻསྟ་ཐཱ་ཙཎྜ་བྲྀཥྚ་པྲ་ཡཱ་ཏཱ་ད་ཡོ་ཡཻཪྻ་ཐཱ་དཎྜ་ཀོ་རཻཿ། །ས་མ་བྲྀཏྟཱ་ནི།། །།ཨུ་པ་ཙི་ཏྲ་ཀ་མཱ་ཧུ་ར་ཡུགྨ་ཡུ་ཀྶཽ་ས་ལ་གཱ་ཡ་དི་བྷ་ཏྲི་ཏ་ཡཱདྒཽ། །བྷ་ཏྲི་ཏ་ཡཱངྱ་དི་གཽ་དྲུ་ཏ་
༄༅། །དག་ལས་ཡ་རྣམས་ཀྱིས་ནི་རབ་བསགས་གཏུམ་པའི་ཆར་འབེབས་སོགས་བཞིན་ར་ཡི་རྒྱུན་ཆགས་བཞིན་དུ་ཡ་ཡིས་སོ། །མཉམ་པའི་བྲྀཏྟཱ་རྣམས་སོ།། །།གལ་ཏེ་ཟུང་མིན་ས་དག་ས་དང་ལག་དག །ཟུང་ལ་བྷ་གསུམ་ཅན་ལས་ག་དག་ཉེར་བཀྲར་སྨྲ། །གལ་ཏེ་བྷ་གསུམ་ཅན་ལས་ག་དག་གྱུར་
མ་དྷྱཱ་ཡ་དི་པུ་ན་རེ་བ་བྷ་བནྟི་ན་ཛཽ་ཛྱཽ། །ཡ་དི་ས་ཏྲི་ཏ་ཡཾ་གུ་རུ་ཡུཀྟཾ་བེ་ག་བ་ཏཱི་ཡ་དི་བྷ་ཏྲི་ཏ་ཡཱདྒཽ། །ཡ་སྱཱ་ཏ་ཛ་རེ་ཕ་གཱ་ཨ་ཡུགྨཾ་ཡུགྨཾ་བྷ་དྲ་བི་རཱཎྨ་སཽ་ཛ་གཽ་གཿ། །བི་ཥ་མཾ་ས་མཾ་ཡ་དི་ས་ཛཽ་སྒཽ་ཀེ་ཏུ་བ་ཏཱི་བྷ་རེ་ཕ་ན་ག་གཱཤྩ། །
པ་ལ། །གལ་ཏེ་སླར་ཉིད་ན་ཛ་ཛ་ཡ་མྱུར་བའི་དབུས་ཡིན། །གལ་ཏེ་ས་གསུམ་ཅན་ལས་ལྕི་བ་དང་ལྡན་ཞིང་། །གལ་ཏེ་བྷ་གསུམ་ཅན་ལས་ག་དག་ཤུགས་ལྡན་མ། །གང་ལ་ཟུང་མིན་ཏ་ཛ་རེ་ཕ་ལྕི་བ། །ཟུང་ལ་མ་ས་ཛ་ལྕི་ག་ནི་བཟང་པོའི་སྣང་། །གལ་ཏེ་མི་མཉམ་ས་ཛས་དང་ལྕི་བ། །མཉམ་པ་བྷ་ར་ན་ག་ལྕི་བ་ཏོག་ལྡན་མ། །
ཨཱ་ཁྱཱ་ནི་ཀ་སྱཱཏྱ་དི་ཏཽ་ཛ་གཽ་གསྟྭ་ཡུ་ཀྲ་དཾ་ཡུཀྟ་ཛ་ཏཽ་ཛ་གཽ་གཿ། །ཛ་ཏཽ་ཛ་གཽ་གྱ་ཏྲ་ཙ་ཏཽ་ཛ་གཽ་གཱ་ཨཱ་ཁྱཱ་ནི་ཀཱ་སཽ་བི་པ་རཱི་ཏ་པཱུརྦྦཱ། །ཡ་དི་ས་ཏྲི་ཏ་ཡཱདྦྷ་བ་ཏོ་ལ་གཽ་ན་བྷ་བྷ་རཱཤྩ་ཏ་དཱ་ཧ་རི་ཎ་པླུ་ཏཱ། །ཡ་དི་ན་ན་ར་ལ་གཱ་ན་ཛཽ་ཛ་རཽ་ཡ་དི་ཙ་ཏ་དཱ྅
གལ་ཏེ་རྐང་པ་ཟུང་མིན་ཏ་དག་ཛ་ལྕི་ག །ཟུང་ནི་ཛ་ཏ་ཛ་ག་ལྕི་བ་ཀུན་བསྒྲགས་སོ། །འདིར་ཡང་ཛ་ཏ་ཛ་ག་ག་ཏ་དག་དང་ཛ་ག་ལྕི། །དེ་ནི་ཀུན་བསྒྲགས་ཟློག་པ་སྔ་མ་ཅན། །གལ་ཏེ་ས་གསུམ་ཅན་ལས་ལ་དང་ག་ཡིན་ཞིང་། །ན་བྷ་བྷ་ར་རྣམས་ཀྱང་དེ་ཚེ་རི་དགས་འཕྱོང་། །གལ་ཏེ་ན་ན་ར་དང་ལ་དང་ག་ཡིན་ཞིང་། །གལ་ཏེ་ན་ཛ་

པ་ར་བཀྟྲ་མི་ཥྱ་ཏེ། །ཨ་ཡུ་གི་ཧ་ཡ་དི་ནཽ་ར་ཡཽཤྩ་ཡུགྨཾ་ན་ཛ་ཛ་ར་གཱཿཀ་ཐ་ཡནྟི་པུཥྤི་ཏཱ་གྲཾ། །རེ་ཕ་ཛཽ་ར་ཛཽ་ཏ་ཐཱ་ཛ་རཽ་ཛྲ་གཤྩ་ཡ་བ་དྷྭ་ནཱཏྨ་ཏུསྶྟྲི་ཡཱ་ས་མཱ་བྷི་དྷཱ་ནཱ། །ད་ཤ་ད་ཤ་བ་སུ་ལ་གྷུ་ཙ་ཡ་དི་བི་ཥ་མ་མི་ཏ་ར་ད་བི་
ཛ་ར་དེ་ཚེ་གཞན་སྒོར་འདོད། །གལ་ཏེ་འདིར་ནི་ཟུང་མིན་ན་དགར་ཡའོ་ཟུང་ལ། །ན་ཛ་ཛ་ར་ག་རྣམས་མེ་ཏོག་རྒྱས་པའི་རྩེ་མོར་བརྗོད། །ར་ཛ་ར་ཛ་དེ་བཞིན་ཛ་ར་ཛ་ར་ག་རྣམས། །ཡ་བའི་སྒྲ་ལས་མ་ཏུ་ས་ཡིན་ཏེ་བུད་མེད་མཚུངས་པར་བརྗོད། །གལ་ཏེ་མི་མཉམ་བཅུ་དང་བཅུ་དང་ནོར་ལྡན་དག་ནི་ཡང་བ་ཡིན་ལ་ཅིག་ཤོས་དག་ཀྱང་
ཙ་ད་ཤ་ད་ཤ་ད་ཤ་ལ་གྷུ་ཀཾ། །གུ་རུ་ནི་དྷ་ན་མུ་བྷ་ཡ་མ་པི་བི་ཧི་ཏ་ལ་ལི་ཏ་པ་ད་བི་སྲྀ་ཏི་ཡ་དི་བྷ་བ་ཏི་བྷ་བ་ཏི་ཤི་ཁཱ། །ས་མ་བི་ཥ་མ་ཙ་ར་ཎ་པ་རི་ག་དི་ཏ་ནི་ཛ་ནི་ལ་ཡ་བི་ནི་མ་ཡ་བི་ཧི་ཏ་ད་ལ་བི་ར་ཙ་
བཅུ་དང་བཅུ་དང་བཅུ་རྣམས་ཡང་བ་ཡིན་ཞིང་། །གལ་ཏེ་ཐ་མ་གཉིས་ཀ་དག་ཀྱང་ལྕི་བར་བྱས་པ་རོལ་པའི་རྐང་པ་རྣམ་པར་སྤྲོ་བར་གྱུར་བ་དག་ནི་གཙུག་ཕུད་ཅན་དུ་འགྱུར། །མཉམ་དང་མི་མཉམ་རྐང་པ་དག་གིས་ཡོངས་སུ་བརྗོད་པའི་ངེས་པའི་གནས་ནི་ངེས་པ་དང་བྲལ་བྱས་ལ་འདབ་མར་བཀོད་པའི་ངེས་
ནཱ། །ནི་ཡ་ཏ་མི་ཡ་མི་ཧ་བྷ་བ་ཏི་ཛ་ག་ཏི་ཀུ་ཊི་ལ་པ་ད་ནི་ག་ད་ན་ས་དྲྀ་ཤ་ས་མ་བྷི་དྷཱ། །ཨརྡྷ་ས་མ་བྲྀ་ཏྟཱ་ནི།། །།ཨཥྚཱཀྵ་རེ་ཥུ་པཱ་དེ་ཥུ། །ནཱ་དྱཱཏྶྣཽ་ཡོ྅མྦུ་དྷེརྦ་ཀྟྲཾ། །ཡུཀྤཱ་ད་ཡོརྫ་ཀཱ་རེ་ཎ། །བཀྟྲཾ་པ་ཐྱེ་ཏི་ཀཱིརྟྟི་
པ་འདི་དག་ནི། །འདིར་ནི་རྐང་པ་འཁྱོག་པོའི་འགྲོ་བ་དང་ལྡན་འཐེང་པོ་དང་ནི་མཚུངས་ཤིང་འདྲ་བར་མངོན་པར་བརྗོད་པ་ཡིན། །ཕྱེད་མཉམ་པའི་བྲྀཏྟཱ་རྣམས་སོ།། །།རྐང་པ་ཡིག་བརྒྱད་དང་པོ་ལས། །ས་ན་མིན་མཚོ་ལས་ཡ་ཁ་སྒོ། །རྐང་པ་ཟུང་དག་ཛ་ཡིག་གིས་ནི།