Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 196

Văn bản gốc(Tây Tạng)

Trang 4 / 21 (50.000 ký tự/trang)
 བྷིར་དུ་བསྒྱུར་བ་འང་མི་འགྱུར་ཏེ། དགག་པ་དེ་ཉིད་ལས་སོ། །ཨི་མ་ཀིཿ། ཨི་མ་ཀ་སྨཻ། ཞེས་པ་ལ་སོགས་པའོ། །བུད་མེད་ལ། ཨི་ཡ་ཀཾ། །ཨི་མེ་ཀེ ། ཨི་མི་ཀཱཿ། ཨི་མི་ཀཾ།
ཨི་མི་ཀེ ། ཨི་མི་ཀཱཿ། ཨི་མི་ཀ་ཡཱ། ཨི་མི་ཀ་བྷྱཾ། ཨི་མི་ཀ་བྷིཿ། ཞེས་པ་ལ་སོགས་པའོ། །མེ་ནིང་ལ། ཨཱི་ད་ཀཾ། །ཨི་མ་ཀེ ། ཨི་མ་ཀྵ་ནི་གཉིས་པ་ལ་འང་དེ་བཞིན་ནོ། །གསུམ་པ་ལ་སོགས་པ་ལ་ནི་སྐྱེས་པ་དང་མཚུངས་པའོ། །ཨེཏ་དའི་འང་རྗེས་སུ་བསྟན་པ་ལ་གཉིས་པ་
ལའང་ཨེ་ནའོ་ཞེས་པས་ཨི་དམ་ནི་རྗེས་སུ་བསྟན་པའི་ཡུལ་ཅན་གྱི་ཊཱ་ཨོས་དག་དང་གཉིས་པ་ལའང་ཨེ་ན་རུ་བསྒྱུར་བའོ། །ཨི་མཾ་གུ་རུ་པཱུ་ཛ་ལ། ཨ་ཐོ་ཨེ་ནཾ་བྷོ་ཛ་ཡ། ཨ་ཐོ་ཨེ་ནོ། ཨ་ཐོ་ཨེ་ནཱཾ། ཨ་ནེ་ན་ཚ་ཏྲེ་ཎ་ཙྪ་ཉྟོ་ཨ་དྷི་ཏེ། ཨ་ཐོ་ཨེ་ནེ་ན་བྷ་ཀ་ར་ཎ་མ་དྷི་ཏཾ། ཨ་ཡཾ་ད་ནྚོ་ཧ་རཱ་ནེ་ན།
ཞེས་པ་འདིར་ཅིའི་ཕྱིར་མི་འགྱུར་ཞེ་ན། འདི་ནི་རྗེས་སུ་བསྟན་པ་མ་ཡིན་ཏེ། གང་དུ་ཅུང་ཟད་བསྒྲུབས་ནས། ངག་གཞན་གྱིས་གཞན་ཉེ་བར་སྟོན་པ་དེ་རྗེས་སུ་བསྟན་པ་ཡིན་པ་ལ། འདིར་ནི་དངོས་པོ་ཙམ་ངེས་པར་བསྟན་པར་བྱས་ནས་གཅིག་ཁོ་ན་བསྒྲུབ་པའོ། །དེ་ལྟར་ནི།
ཨ་ཡཾ་དཎྜ་ཞེས་པ་འདིས་དབྱུག་པ་ཡོད་པའི་རང་གི་ངོ་བོ་ཉེ་བར་མཚོན་པ་ཙམ་བྱས་ནས། ཧ་ར་ཎེ་ན་ཞེས་པ་འདིས་འཕྲོག་པའི་བྱ་བ་སོ་སོར་བྱེད་པའི་དངོས་པོ་ངེས་པར་བསྟན་པར་བྱའོ། །ཨ་ན་ཡོར་དེ་ཝ་དཏྟ་ཡོ་ར་ཤྭ་བྷ་ནཾ་རཱུ་པཾ། ཨ་ཐོ་ཨེ་ན་ཡོར་པ་བྷུ་ཏ་སྭཱེ། ཨ་ན་ཡོར་གྲ་

མ་ཡོར་སུ་ཁཾ་པྲ་ཏི་བཱ་ས། ཨ་ཐོ་ཨེ་ན་ཡོར་གྷྲྀ་ཏེ་ན་བྷུ་ཉྫ་མ་ཧེ། བུད་མེད་ལ། ཨེ་ནཱ། ཨེ་ནེ། ཨེ་ནཱ། ཨ་ན་ཡཱ། ཨེ་ན་ཡོཿ། མ་ནིང་ལ། ཨེ་ནམ། ཁ་ཅིག་ནི་གཉིས་པའི་གཅིག་གི་ཚིག་ལ་མ་ནིང་ལ། ཨེ་ན་ཏ་རུ་བསྒྱུར་བ་འདོད་དོ། །པྲ་ཝ་རྟ་ཡ་ཨེ་
ནཏ། ཨེ་ཏདའི་སྒྲའི་གཟུགས་འདིའོ་ཞེས་ཁ་ཅིག་གོ། །ཨེ་ནེ། ཨ་ནཱ་ནི། ཨེ་ན་ན། ཨེ་ན་ཡཱཿ། ཨེ་ན་ཡོཿ། ཨི་དཾ་ཨཀ་དང་ལྡན་པ་ནི་རྗེས་སུ་བརྗོད་པ་ལ་ཨ་ཏྱ་རུ་འགྱུར་རོ་ཞེས་བཤད་པར་བྱ་སྟེ། གསལ་བྱེད་ལ་ཨཀ་མེད་པའི་ཨཏའོ་ཞེས་པའི་དགག་པ་ཐོབ་པ་ལའང་ངོ་། །
ཨི་མ་ཀཱ་བྷྱཱཾ། རཱ་ཏྲྀ་ར་དི་ཏ། ཨ་ཐོ་ཨཱ་བྷྱཿ། མ་ཧཱ་ར་པྱེ་ཏི་ཏཾ། ཨ་ཐོ་ཨ་སྱ། ཨ་ཐོ་ཨ་སྨཻ། རྗེས་སུ་བསྟན་པ་ལ་བརྗོད་པར་བྱ་བ་མ་ཡིན་ཏེ། མང་པོ་ཉིད་ཀྱི་ཕྱིར་ཨཀ་མེད་དོ་ཞེས་པའོ། །ཨེ་ཏདའི་སྒྲའི་ནི་སི་ལ་སོགས་པ་ལ་ཏྱད་ལ་སོགས་པའི་ཨ་ཉིད་ལ། ཏའིའང་ངོ་ཞེས་
པས་སི་ལ་ས་ཉིད་དོ། །ནཱ་མི་དང་ཀ་དང་ར་ལས་ཕ་རོལ་ཞེས་བྱ་བ་ལ་སོགས་པས་ཥ་ཡིག་གོ། །སིའི་རྣམ་པར་གཅད་བྱའོ། །ཨེ་ཤཿ། གཉིས་བརྗོད་པ་ལ་སོགས་པ་ལ་ཡད་ཀྱི་སྒྲ་དང་འདྲ་བར་དྲང་བར་བྱའོ། །ཨེ་ཏཽ། ཨེ་ཏེ། ཨེ་ཏཾ། ཨེ་ཏྱཽ། ཨེ་ཏན། ཨེ་ཏེ་ན། ཨེ་ཏཱ་
བྷྱཱཾ། ཨེ་ཏཻཿ། ཨེ་ཏེ་སྨཻ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་ཨེ་ཤཿ། ཧེ་ཨེ་ཏཽ། ཧེ་ཨེ་ཏེ། བུད་མེད་ལ། ཨེ་ཥཱ། ཨེ་ཏེ། ཨེ་ཏཱཿ། ཨེ་ཏཾ། ཨ་ཏེ། ཨེ་ཏཱཿ། ཨེ་ཏ་ཡཱ། ཨེ་ཏཱ་བྷྱཱཾ། ཨེ་ཏཱ་བྷིཿ། ཨེ་ཏ་སྱཻ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ། ཧེ་ཨེ་ཥེ།
ཧེ་ཨ་ཏེ། ཧེ་ཨ་ཏཱཿ། མ་ནིང་ལ། ཨེ་ཏད། ཨེ་ཏེ། ཨེ་ཏཱ་ནི། སླར་ཡང་དེ་བཞིན་ནོ། །གསུམ་པ་ལ་སོགས་པ་ལ་ནི་སྐྱེས་པ་དང་མཚུངས་སོ། །ཨ་ཀ་སྟེ། ཨེ་ཥ་ཀཿ། ཨེ་ཥ་ཀཽ །ཨེ་ཥ་ཀཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ། ཨེ་ཥཱ་ཞེས་པ་འདི་མང་བའི་སྤྱིར་བཏང་
བ་ལས་ཀའི་རྐྱེན་ལ་ཞེས་པ་ལ་སོགས་པས་ཨི་ཡིག་ཡང་ནའོ། །ཨེ་ཥཱ་ཀཱ། ཨི་ཥི་ཀ། །གཞན་ལ་རྟག་ཏུ་ཨི་ཉིད་དོ། །ཨེ་ཏི་ཀ །ཨེ་ཏི་ཀཱ། ཞེས་པ་ལ་སོགས་པའོ། །མ་ནིང་ལ། ཨེ་ཏ། ཀ་ད། ཨེ་ཏ་ཀེ །ཨེ་ཏ་ཀཱ་ནི་ཞེས་པ་ལ་སོགས་པའོ། །རྗེས་སུ་བསྟན་པའི་

ཡུལ་ཅན་གྱིས་ནི། ཨེ་ཏད་ཀྱིའང་རྗེས་སུ་བསྟན་པ་ལ་གཉིས་པ་ལའང་ཨེ་ནའོ་ཞེས་པས་གཉིས་པ་དང་། ཊཱ་དང་། ཨོས་ཞེས་པ་འདི་རྣམས་ཕ་རོལ་ལ་ཨེ་ཏད་ཀྱི་ཨེ་ན་རུ་བསྒྱུར་བའོ། །ཨི་ཏཾ་བྲཱ་ཧྨ་ཎི་བྷོ་ཛ་ཡ། ཨ་ཐོ་མེ་ནཾ་པ་རི་ད་བ་ཡྱ། ཨ་ཐོ་ཨེ་ནཽ། ཨ་ཐོ་ཨེ་ནྰཾ། ཨ་ཏ་མཱ་
ཏཾ་གི་ཏམ་བི་ཏྱད་ཅེས་པ་འདི་ལ་ཅིའི་ཕྱིར་འགྱུར་བ་མ་ཡིན་ཞེ་ན། འདི་ནི་རྗེས་སུ་བསྟན་པ་མ་ཡིན་ཏེ་སྒྲུབ་པ་གཅིག་པའི་ཕྱིར་རོ། །དེ་ལྟར་ནི་ཆུང་མའི་དོན་ཅན་གྱི་བྱ་བ་སྦྱོར་བའི་ལུགས་བརྗོད་པར་བྱ་བ་ལ། ཨ་ཞེས་པ་ཆུང་ངུའི་ལ་སོགས་པའི་དོན་ལ། ཨཱ་ཡིག་ཙམ་གྱིས་ངེས་
པར་བསྟན་པ་བྱས་ནས་ཨེ་ཏ་མ་ཏཾ་ནི་དྱད་ཅེས་པ་འདིས་རིགས་པར་བྱེད་པའི་བྱ་བ་ལ། ཨཱ་ཡི་ལས་ཀྱི་དངོས་པོ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཨ་ཐོ་ཨེ་ན་ཡོཿ། ཨ་ཐོ་ཨེ་ན་ཡོར་ནི་དྷེ་ཧི། བུད་མེད་ལ། ཨེ་ན་མ། ཨེ་ནེ། ཨེ་ནཱཿ། ཨེ་ན་ཡཱ། ཨེ་ན་ཡོཿ། མ་ནིང་ལ་རྟག་ཏུ་
བ་ཉིད་ཀྱི་ཕྱིར་ཨཾ་དབྱི་བ་ན་དེ་ལ་བརྗོད་པ་དགག་པའི་ཕྱིར་ཏྱད་ལ་སོགས་པའི་ཨ་ཉིད་མེད་དོ། །འོ་ན་ཅི་ལྟར་ཨེ་ནར་བསྒྱུར་བ་མ་ཡིན་ཞེ་ན། དེ་ལྟ་མ་ཡིན་ཏེ། གཉིས་པ་ལའང་ཞེས་པ་ཡུལ་གྱི་བདུན་པ་ཉིད་ཀྱི་ཕྱིར་འགྱུར་རོ། །ཨ་ཐོ་ཨེ་ནད། ཨེ་ནེ། ཨེ་ནཱ་ནི། ཨ་ནེ་
ན། ཨེ་ན་ཡོཿ། ཨ་ཀའི་སྒྲ་ནི་དུ་མའི་དོན་ཅན་ནོ། །འདི་ལྟ་སྟེ། ཨ་ཀ་དང་། གཉིས་དག་དང་། མང་པོ་རྣམས་ཤེས་པ། གྲངས་རྗོད་པར་བྱེད་པ་དང་། ཨེ་ཀཱ་ཀི་བྷིཿ། ཀྵུ་དྲ་ཀཻར་ཛི་ཏཾ་ཞེས་པ་གྲོགས་མེད་པའི་དོན་བརྗོད་པ་དང་། ཨེ་ཀེ་ཨཱ་ཙརྱཱ་མ་ནྱནྟེ། ཞེས་པ་གཞན་
པའི་དོན་རོད་པར་བྱེད་པ་དང་། ཏྭ་མེ་ཀཽ་ཨ་ཏྲ་ཞེས་པ་གཙོ་བོ་བརྗོད་པའོ། །དེ་ལ་གང་གི་ཚེ་གྲངས་བརྗོད་པ་དེའི་ཚེ་འདི་ལས་གཅིག་གི་ཚིག་ཁོ་ནར་འགྱུར་རོ། །གཞན་ལ་ནི་གཉིས་ཀྱི་ཚིག་ལ་སོགས་པའང་ངོ་། །དེ་ལ་སཪྺའི་སྒྲ་དང་འདྲ་བར་དྲང་བར་བྱའོ། །ཏྱད་ལ་
སོགས་པ་ཨ་ཉིད་ཀྱི་ཚིག་དང་འདྲ་བའི་མཚན་ཉིད་འཇུག་པས་སོ། །ཨེ་ཀཿ། ཨེ་ཀཽ། ཨེ་ཀེ །ཨེ་ཀཾ །ཨེ་ཀཽ། །ཨེ་ཀཱཾ། ཨེ་ཀེ་ན། ཨེ་ཀཱ་བྷྱཱཾ། ཨེ་ཀཻཿ། ཨེ་ཀ་སྨཻ། ཨ་ཀཱ་བྷྱཱཾ། ཨེ་ཀེ་བྷྱཿ། ཨེ་ཀེ་སྨཱ་ཏ། ཨེ་ཀཱ་བྷྱཱཾ། ཨེ་ཀེ་བྷྱཿ། ཨེ་ཀ་སྱ། ཨེ་ཀ་ཡོཿ། ཨེ་ཀེ་ཥྰཾ་

ཨེ་ཀ་སྨིན། ཨེ་ཀ་ཡོཿ། ཨེ་ཀ་ཥུ། བུད་མེད་ལ། ཨེ་ཀཱ། ཨེ་ཀེ །ཨེ་ཀཱཿ། ཨེ་ཀཾ །ཨེ་ཀེ །ཨེ་ཀཱཿ། ཨེ་ཀ་ཡཱ། ཨེ་ཀཱ་བྷྱཱཾ། ཨེ་ཀེ་བྷིཿ། ཨེ་ཀ་སྱཻ། ཨེ་ཀཱ་བྷྱཱཾ། ཨེ་ཀེ་བྷྱཿ། ཨེ་ཀ་སྱཱཿ། ཨེ་ཀཱ་བྷྱཱཾ། ཨེ་ཀེ་བྷྱཿ། ཨེ་ཀ་སྱཱཿ། ཨེ་ཀ་ཡོཿ།
ཨེ་ཀཱ་སཱཾ། ཨེ་ཀ་སྱཱ། ཨེ་ཀ་ཡོཿ། ཨེ་ཀཱ་སུ། མ་ནིང་ལ། ཨེ་ཀཾ། །ཨེ་ཀེ། །ཨེ་ཀཱ་ནི། སླར་ཡང་དེ་བཞིན་ནོ། །གསུམ་པ་ལ་སོགས་པ་ནི་སྐྱེས་པ་དང་མཚུངས་སོ། །ཨ་ཀ་སྟེ། ཨེ་ཀ་ཀ །བུད་མེད་ལ། ཨེ་ཀི་ཀཱ། མ་ནིང་ལ། ཨེ་ཀ་ཀཾ། །ཀཱ་ཡི་ཏི་ལས་ཌི་མའོ་ཞེས་
པས་ཀཱ་ཡ་ཏི་ལས་ཨུཎ་ལ་སོགས་པའི་ཌིམའོ། །ཌ་རྗེས་སུ་འབྲེལ་པ་ལས་ཞེས་པ་ལ་སོགས་པས་མཐའི་དབྱངས་དབྱིའོ། །ཀཾ་ཞེས་གནས་པ་ལ་སི་ལ་སོགས་པ་རྣམས་སོ། །ཀིམ་ཀའོ་ཞེས་པས་སི་ལ་སོགས་པ་རྣམས་སོ། །ཀིམ་ཀའོ་ཞེས་པས་ཀུན་ལ་ཀ་རུ་བསྒྱུར་
པའོ། །དེ་ནས་སཪྺ་དང་འདྲ་བར་དྲང་བར་བྱའོ། །ཀཿ། ཀཽ །ཀེ །ཀཾ །ཀཽ །ཀཾ །ཀེ་ན། ཀཱ་བྷྱཱཾ། ཀཻཿ། ཀསྨེ། ཞེས་པ་ལ་སོགས་པའོ། །བུད་མེད་ལ། ཀཱ། ཀེ །ཀཱཿ། ཀཾ །ཀེ །ཀཱཿ། ཀ་ཡཱ། ཀཱ་བྷྱཱཾ། ཀཱ་བྷིཿ། ཀ་སྱཻ། ཀ་བྷྱཱཾ། ཀཱ་བྷྱཿ། ཀ་སྱཱཿཞེས་པ་ལ་སོགས་
པའོ། །མ་ནིང་ལ་རྟག་ཏུ་བ་ཉིད་ཀྱི་ཕྱིར་སི་དང་ཨམ་དག་ཕྱིས་པ་ལ་ཀ་རུ་བསྒྱུར་བ་མེད་དོ། །ཀི་མ་ཀེ །ཀཱ་ནི། སླར་ཡང་དེ་བཞིན་ནོ། །གསུམ་པ་ལ་སོགས་པ་ལ་ནི་སྐྱེས་པ་དང་མཚུངས་པའོ། །ཨ་ཀ་སྟེ། ཏྱད་ལ་སོགས་པ་རྣམས་ཀྱི་རྣམ་དབྱེ་ལ་ཨའོ་ཞེས་པ་རྗེས་སུ་
འཇུག་པ་ན། ཨི་མའོ་ཞེས་པས་གྲུབ་པ་ལ་ཀི་མའི་ཀ་རུ་བསྒྱུར་བ་བསྒྲུབས་པ་ལས་དད། ཨི་དཾ་ཨཏ་དུ་འགྱུར་བ་ལ་ཨ་ཀ་སྤངས་པའི་ཕྱིར། ཨཀ་དང་བཅས་པའི་ཡང་ཀ་རུ་བསྒྱུར་བའོ། །དེའི་ཕྱིར་ཨཀ་ལའང་འདིའི་གཟུགས་འདི་རྣམས་ཁོ་ནར་འགྱུར་རོ། །ཁྱད་པར་
མེད་པའི་སྒྲུབ་པ་ལ་ཙིཏ་དང་ཙནའི་སྒྲ་དག་མི་ཟད་པར་རབ་ཏུ་སྦྱར་བར་བྱ་སྟེ། ཀཤྩི་ཏེ། ཀ་ཤྩ་ན། ཀཽ་ཙིཏ། ཀཽ་ཙན། ཀེ་ཙིཏ། ཀེ་ཙན། ཞེས་པ་ལ་སོགས་པའོ། །བུད་མེད་ལ། ཀ་ཙིཏ། ཀཱ་ཙིན། ཀེ་ཙིཏ། ཀེ་ཙན། ཀཱ་ཤྩི་ཏ། ཀཱ་ཤྩན། ཞེས་པ་ལ་སོགས་པའོ། །མ་ནིང་

ལ། ཀི་ཉྩིཏ། ཀིཉྩཾ། ཀེ་ཙིཏ། ཀེ་ཙན། ཀཱ་ནི་ཙིཏ། ཀཱ་ནི་ཙན། ཞེས་པ་ལ་སོགས་པའོ། །དྭའི་སྒྲ་ལས་གཉིས་ཀྱི་གྲངས་བརྗོད་པ་ཉིད་ཀྱི་ཕྱིར། གཉིས་ཀྱི་ཚིག་ཁོ་ནར་འགྱུར་ཏེ། ཏད་ལ་སོགས་པའི་ཨ་ཉིད་དོ། །དྭཽ། དྭཽ། དྭཱ་བྷྱཱཾ། དྭཱ་བྷྱཱཾ། དྭཱ་བྷྱཱཾ། དྱཽཿ། དྭྱོཿ། བུད་
མེད་ལ། ཨཱ་ཉིད་དུ་བྱས་པ་ན་བུད་མེད་ལ། ཨ་ལས་ཨཱའོ། །ཨཽ་ཨཱིའོ། །དྭེ། དྭེ། དྭཱ་བྷྱཱཾ། དྭཱ་བྷྱཱཾ། དྭོཿ། དྭོཿ། མ་ནིང་ལ། དྭེ། དྭེ། ཞེས་པ་ལ་སོགས་པའོ། །ཨཀ་སྟེ། དྭ་ཀཽ། །བུད་མེད་ལ། མང་པོའི་སྤྱིར་བཏང་བ་ལས་ཀའི་རྐྱེན་ལ་ཞེས་པ་ལ་སོགས་པས། དྭ་ཀེ་
དྭིཀེ ། མ་ནིང་ལ། དྭ་ཀི་ཞེས་པའོ། །ཨུཥྨཏ། ཨཥྨ་ཏ་དག་རྟྒས་མེད་པའོ་ཞེས་པས་རྟགས་གསུམ་ཀ་ལའང་གཟུགས་མཚུངས་པའོ། །ཐམས་ཅད་ལ་ཏྭ་ཏམ་དག་གི་གཅིག་ཉིད་ལ་ཏེ་མེ་སྟེ། ཏྭཱ་མཱ་ནི་གཉིས་པ་ལའོ་ཞེས་པའི་ཚིག་འདི་ཉིད་ལས་གཅིག་གི་དོན་ལ་འཇུག་
བཞིན་པའི་ཡུཥྨཏ་ཨཥྨཏ་དག་གི་གནས་སུ་ཏྭཏ་མཏ་དག་གྲུབ་པོ། །འདི་རྣམས་ཀྱི་རྣམ་དབྱེའི་མཐའ་དབྱིའོ་ཞེས་པས་རྣམ་དབྱེ་འཇུག་བཞིན་པ་འདི་རྣམས་ཀྱི་མཐའ་དབྱིའོ། །སི་ལ་རྣམ་དབྱེ་དང་བཅས་པ་དག་གི་ཏྭཾ་ཨ་ཧཾའོ་ཞེས་པས་སི་ལ་ཏྭཏ་དང་མཏ་རྣམས་ཨཥྨ་ཏ་རྣམ་
དབྱེ་དང་བཅས་པ་དག་གི་གནས་སུ་ཏྭཾ་དང་ཨ་ཧཾ་ཞེས་པ་འདི་དག་ཏུ་འགྱུར་རོ། །ཏྭཾ། ཨ་ཧཾ། ཡུ་ཝ་ཨ་ཝ་དག་གཉིས་བརྗོད་པ་རྣམས་ལའོ་ཞེས་པས་གཉིས་ཀྱི་ཚིག་ཐམས་ཅད་ལ་ཡུཥྨ་ཏ་ཨཥྨཏ་དག་གི་ཡུ་ཝ་དང་ཨ་ཝ་དག་གོ། །ཨཾ་དང་ཨཽའང་ཨཱ་མའོ་ཞེས་པས་ཡུཥྨཏ་
ལ་སོགས་པ་རྣམས་ལས་ཕ་རོལ་གྱི་ཨཾ་དང་ཨཽའང་དུ་འགྱུར་རོ། །མཚུངས་པ་དང་འདྲ་བའི་ཡི་གེ་ལ་རིང་པོའོ། །ཡུཝཾ། ཨཱ་ཝཾ། ཛས་ལ་ཡཱུ་ཡམ་དང་ཝ་ཡཾ་ཞེས་པ་རྣམ་དབྱེ་དང་བཅས་པ་དག་གི་ཡཱུ་ཡམ་དང་ཝ་ཡཾ་ཞེས་པ་འདི་དག་ཏུ་འགྱུར་རོ། །ཡཱུ་ཡཾ། ཝ་ཡཾ།
མཐའ་དབྱི་བ་དང་རིང་པོ་དག་གོ། །ཏྭཱཾ། མཱཾ། ཡུ་ཝཾ། ཨཱཝཾ། ཤྰ་སའི་ཨཱ་ནའོ་ཞེས་པས་ཤཱ་སའི་གནས་སུ་ཨནའོ། །ཡུཥྨཱ་ན། ཨཥྨཱ་ན། མ་བསྒྱུར་བ་ལ་ཨེ་ཉིད་དོ་ཞེས་པས་ཨེ་ཉིད་དོ། །ཨེ་ཨ་ཡའོ། །ཏྭཱ་ཡཱ། མཱ་ཡཱ། གསལ་བྱེད་དང་པོ་ཅན་ལ་ཨ་ཉིད་དོ་ཞེས་

པས་ཨུཥྨཏ། ཨཥྨཏ་དག་གི་མཐའ་བསྒྱུར་བ་མ་ཡིན་པའི་གསལ་བྱེད་དང་པོ་ཅན་ལ་ཨ་ཉིད་དོ། །ཡུ་ཝཱ་བྷྱཱཾ། མ་ཝ་བྷྱཱཾ། ཡུཥྨཱ་བྷིཿ། ངེ་ལ་ཏུ་བྷྱཾ་དང་མ་ཧྱཾའོ་ཞེས་པས་དེ་ལ་ཏྭཏ་མཏ་རམ་དབྱེ་དང་བཅས་པ་དག་གིས་ཏུ་བྷྱཱཾ་དང་མ་ཧྱཾ་ཞེས་པ་འདི་དག་ཏུ་འགྱུར་
རོ། །ཏུ་བྷྱཱཾ། མ་ཧྱཾ། ཡུ་ཝཱ་བྷྱཱཾ། ཨ་ཝ་བྷྱཱཾ། བྷྱ་སའི་ཨ་བྷྱཱཾའོ་ཞེས་པས་བྷ་སའི་ཨ་བྷྱཱཾའོ། །ཡུཥྨ་བྷྱཱཾ། ཨཥྨ་བྷྱཱཾ། ལྔ་པ་ལ་གཉིས་ཉིད་མ་ཡིན་པ་ལ་ཨཏའོ་ཞེས་པས་ང་སི་དང་བྷྱས་དག་གི་ཨཏའོ། །ཏྱཏ། མཏ། ཡུ་ཝཱ་བྷྱཱཾ། ཨ་ཝཱ་བྷྱཱཾ། ཨ་ཥྨ་ཏ། ཨཥྨཏ། ངས་ལ་ཏ་ཝ་མ།
མའི་ཞེས་པས་ཧྭཏ་མཏ་རྣམ་དབྱེ་དང་བཅས་པ་དག་གིས་ངས་ལ་ཏ་ཝ་དང་མ་མ་ཞེས་པ་འདི་དག་ཏུ་འགྱུར་རོ། །ཏེ་ཝ། མ་མ། མ་བསྒྱུར་བ་ལ་ཨེ་ཉིད་དོ་ཞེས་པས་ཨོས་ལ་ཨེ་ཉིད་དོ། །ཨེ་ཨ་ཡའོ། །ཡུ་ཝ་ཡོཿ། ཨཱ་ཝ་ཡོཿ། ཐམས་ཅད་ལ་ཨཱ་མ་ལས་སུའོ། །སཱཾ་ནི་ཨཱ་
ཀའོ་ཞེས་ཨཱ་ཀཾའོ། །ཡུཥྨཱ་ཀཾ། །ཨཥྨཱ་ཀཾ །དེ་ཉིད་དང་ཨ་ཡར་བསྒྱུར་བའང་སྔ་མ་བཞིན་ནོ། །ཏྭ་ཡི། མཾ་ཡི། ཡུ་ཝ་ཡོཿ། ཨཱ་ཝ་ཡོཿ། གསལ་བྱེད་དང་པོ་ཅན་ལ་ཨ་ཉིད་དོ། །ཡུཥྨ་སུ། ཨཥྨ་སུ། ཀུན་དུ་བོད་པ་ལའང་། ཧེ་ཏྭཾ། ཧེ་ཨ་ཧཾ། ཞེས་པ་ཁོ་ནར་འགྱུར་རོ།
མཐའ་བསྟན་པ་ལས་མཐའ་དབྱི་བ་བྱས་པ་ནའང་ཐུང་ངུའི་མཚན་ཉིད་ས་དབྱི་བར་མི་འགྱུར་ཏེ་བསྒྲུབས་པ་སྔ་མ་ཉིད་ཀྱི་ཕྱིར་རོ། །ཧེ་ཡུ་ཝམ། ཧེ་ཡཱུ་ཡཾ། ཧེ་ཝ་ཡཾ། འདིར་མང་པོའི་སྤྱིར་བཏང་བ་ལས། དེ་ལ་ཨོ་ཡིག་དང་། ས་ཡིག་དང་། ཁ་ཡིག་དང་པོ་ཅན་ལ་གཏོགས་པའི་རྣམ་
དབྱེ་ཁོ་ནའི་དབྱངས་ལས་སྔ་མར་ཨཀ་སྟེ། ཨོ་ཡིག་ལ་སོགས་པ་ལ་ནི་ཨུཥྨཏ་དག་གི་མཐའ་དབྱངས་ལས་སོ། །ཏྭ་ཀཾ། །ཨ་ཧ་ཀཾ། །ཨཱ་ཝ་ཀཾ །ཡུ་ཡ་ཀཾ །ཝ་ཡ་ཀཾ །འདི་ཅི་ལྟར་ཡིན་ཏེ། ནང་གི་ཡན་ལག་ཉིད་གྱི་ཕྱིར་ཨག་བྱས་པ་ན། ཨཀ་དང་བཅས་པ་ཁོ་ནའི་
ཡུཥྨཏ་ལ་སོགས་པ་རྣམས་ཀྱི་བསྒྱུར་བར་འགྱུར་རོ་ཞེ་ན། བདེན་མོད། ཇི་ཙམ་སྲིད་པ་དེ་ཙམ་གྱིས་སྒྲུབ་པའོ་ཞེས་པས་སླར་ཡང་ཨཀ་ཏུ་འགྱུར་རོ། །དེ་ལ་ཡང་ན་མང་པོ་ཉིད་ཀྱི་ཕྱིར་བསྒྱུར་བ་རྣམས་བྱས་པ་ན་ཕྱིས་ནས་ཨཀའོ། །ཏྭ་ཀཾ། མ་ཀཱཾ། ཡུ་ཝ་ཀཱཾ། ཨཱ་ཝ་ཀཱཾ། ཡུ་ཥྨ་ཀཱན། ཨཥྨ། ཀཱ་ན།

ཏྭ་ཡ་ཀཱ། མ་ཡ་ཀཱ། ཡུ་ཝ་ཀཱ་བྷྱཱཾ། ཨུཥྨ་ཀཱ་བྷྱཱཾ། ཡུཥྨ་ཀ་བྷིཿ། ཨཥྨ་ཀ་བྷིཿ། ཏུ་བྷྱཱཾ་ཀཾ །མ་བྷྱཱཾ་ཀཾ། ཡུ་བ་ཀཱ་བྷྱཱཾ། ཨ་ཝ་ཀཱ་བྷྱཱཾ། ཡུཥྨ་ཀཱ་བྷྱཱཾ། ཨཥྨ་ཀཱ་བྷྱཱཾ། ཏྭ་ཀ་ཏ། མ་ཀ་ཏ། ཡུ་ཝ་ཀཱ་བྷྱཱཾ། ཨཱ་ཝ་ཀཱ་བྷྱཱཾ། ཡུཥྨ་ཀཏ། ཨཥྨ་ཀཏ། ཏལྦ་ཀ །མ་མ་ཀ །ཡུ་ཝ་ཀ་ཡོཿ།
ཨ་ཝ་ཀ་ཡོཿ། ཡུཥྨ་ཀ་ཀཾ །ཨཥྨ་ཀཱ་ཀཾ །ཏྭཡི་ཀི །ཡུ་བ་ཀ་ཡོཿ། ཨ་ཝ་ཀ་ཡོཿ། ཨཥྨ་ཀཱ་སུ། ཨཥྨ་ཀཱ་སུ། ཚིག་ལ་ཡུཥྨ་ཏ་ཨཥྨཏ་དག་གི་དྲུག་པ་བཞི་པ་གཉིས་པ་རྣམས་ལ་ཝས་དང་ནས་དག་ཚིག་གོ་ཞེས་པས། ཡུཥྨཏ་དག་གི་ཚིག་ལས་དྲུག་པ་དང་བཞི་པ་དང་།
གཉིས་པའི་མང་པོའི་ཚིག་གི་མཐའ་དག་གི་ཚིག་ལས་ཕ་རོལ་ཏུ་ཝས་ནས་དག་ཡང་ན་འཐོབ་བོ། །གྲཱ་མོ་ཝཿསྭཾ། གྲཱ་མོ་ཡུཥྨ་ཀྰཾ་སྭཾ། གྲཱ་མོ་ནཿསྭ། གྲཱ་མོ་རྔསྨཱ་ཀཾ་སྭཾ། གཽར་ཝོ་དི་ཡ་ཏེ། གཽར་ཡུཥྨ་བྷྱཾ་ད་ཡ་ཏ། གཽར་ནོ་དི་ཡ་ཏེ། གཽར་ཤྨ་བྷྱཱཾ་དི་ཡ་ཏེ། ཛ་ནོ་ཝཱ་པ་ཤྱཱ་ཏེ། ཛ་ནོ་ཨུཥྨ་ན་པ་ཤྱ་
ཏེ། ཛ་ནཿཔ་ཤྱ་ཏི། ཛ་ནོ་ཨཤྨ་པ་ཤྱ་ཏི། ས་པ་ཙ་ཏི་ཡུཥྨ་ཀཱཾ་པུ་ཏྲོ་ག་ཡ་ཏི། ས་པ་ཙ་ཏི་ཨཤྨཱ་ཀཱཾ་པུ་ཏྲོ་ཎི་ཏེ་ཧི། ཞེས་པ་ལ་སོགས་པ་ལ་ངག་ཐ་དད་པའི་ཚིག་ལས་ཕ་རོལ་དག་གི་འགྱུར་བ་མ་ཡིན་ནོ། ཡུཥྨཏ་ཨཥྨཏ་དག་གི་ཞེས་པ་འདིས་གཉིས་ཀ་དག་ཀྱང་ལྷན་ཅིག་འབྲེལ་པའི་ཕྱིར།
ཡུཥྨཏ། ཨཥྨཏ་དག་འབྲེལ་པ་ཅན་གྱི་ཚིག་སྟེ། དེ་དག་ཁོ་ནའི་ཡུ་ཥྨཏ་ཨཥྨཏ་དག་འབྲེལ་པ་ལས་སོ། །ཚིག་ལས་ཞེས་པའི་འབྲེལ་པ་ནི་གཙོ་བོ་མ་ཡིན་པས་དོན་དང་འབྲེལ་བའི་མཚན་ཉིད་དོ། །འོ་ན་འབྲེལ་བ་གཅིག་ཁོ་ན་དཔྱད་ཟིན་པའི་དོན་མ་ཡིན་ནམ། ཅི་ལྟར་གཞན་དང་འབྲེལ་
པ་ཡིན་ཞེ་ན། བདེན་མོད། ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ནི་སྦྱོར་བ་པོའི་དབང་ཉིད་དོ་ཞེས་འཇིག་རྟེན་ན་རབ་ཏུ་གྲགས་སོ། །དེ་བཞིན་དུ་ཕྱི་མ་ལའང་རྟགས་པར་བྱའོ། །གཉིས་ཀྱི་ཚིག་གི་མཐའ་ཅན་དག་གི་ནི་གཉིས་ཉིད་ལ་ཝཱན་དང་ནོའོ་ཞེས་པས་ཚིག་ལ་ཝཱན་དང་ནོ་རུ་འཐོབ་
བོ། །གྲཱ་མོ་ཝཱཾ་སྭཱཾ། གྲཱ་མོ་ཡུཥྨ་བ་ཡོ་སྭཾ། གྲཱ་མོ་ནོ་སྭཾ། གྲཱ་མོ་ནོ་སྭཾ། གྲཱ་མོ་ཨཱ་ཝ་ཡོ་སྭཾ། གྲཱ་མོ་ཡུ་ཝ་བྷྱཱཾ་དི་ཡ་ཏི། །གྲཱ་མོ་ཝཱན་དི་ཡ་ཏི། གྲཱ་མ་ཨཱ་ཝ་བྷྱཱཾ་དི་ཡ་ཏེ། གྲཱ་མོ་ནེ་དི་ཡ་ཏེ། ཛ་ནོ་ཡུ་ཝ་པ་ཤྱ་ཏི། ཛ་ནོ་ཝ་པ་ཤྱ་ཏི། མེ་ཡི་ཀན་བི་ནི་ཏཽ་བཱན་ཞེས་པ། ར་གྷུ་སྟེ། དེ་ལ་ཡུ་ཝནའི་

སྒྲའི་དོན་ལ་རྣམ་པར་དབྱེ་བ་དང་མཐུན་པར་ཝཱཾ་གི་སྒྲ་མི་ཟད་པ་ཡིན་ནོ་ཞེས་ཁ་ཅིག་གོ། །ཝ་ཞེས་པར་བཀླག་གོ་ཞེས་གཞན་རྣམས་སོ། །ཏྭཏ་མཏ་དག་གི་གཅིག་ཉིད་ལ་ཏེ་མེ་སྟེ་ཏྭ་དང་མཱ་ནི་གཉིས་པའོ་ཞེས་པས་གཅིག་ཉིད་ལ་འཇུག་པའི་ཡུཥྨཏ་ཨཥྨཏ་དག་གི་ཏྭཏ་
མཏ་དུ་གྱུར་པ་དག་གི་དྲུག་པ་དང་བཞི་པའི་གཅིག་གི་ཚིག་གི་མཐའ་ཅན་དག་གི་ཏེ་དང་མེའི་ཚིག་ཏུ་འཐོབ་སྟེ། གཉིས་པ་ལ་ནི་ཏྭ་མའོ། །པུ་ཏྲ་སྟ་བ། པུ་ཏྲོ་མ་མ། པུ་ཏྲ་སྟེ་མེ། པུ་ཏྲ་སྟུ་བྷྱཾ། པུ་ཏྲ་སྟེ་དཱ་སྱ་ཏི། འོ་ན་གསུམ་པའི་མཐའ་ཅན་དག་ཀྱང་སྟེ། མེ་ཞེས་པར་མཐོང་བ་མ་ཡིན་
ནམ། པ་ཏ་ཝརྣ་ཨ་ཧཾ་ཨརྞ་མེ་པུ་རམ་དེ་ན་བྷ་ཥི་ཏཿ། ཤྲུ་ཏམྟེ་ཝན་ནཾ་ཏསྱ། ཞེས་པའོ་ཞེས་ན། འདི་དག་བསྒྱུར་བ་དང་གཟུགས་མཐུན་པའི་མི་ཟད་པ་དག་ཁོ་ནའི་སྦྱོར་བ་ཡིན་པས་སོ། །དེ་སྐད་དུ་ནི་ར་བྷ་སའི་མཛོད་དུ་མི་ཟད་པའི་སྡེ་རུ་གསུངས་པ་སྟེ་ཞེས་པ་ཁྱོད་ཀྱིས་ཤེས་པའི་དོན་ལ་འགྱུར་ཏེ།
མེ་ནི་བདག་གིས་ཞེས་པའི་དོན་ལའོ་ཞེས་སོ། །ཛ་ན་ཏྭ་པ་ཤྱ་ཏི་ཏྭཱ། ཞེས་པ་ཡང་ནའོ། །ཛ་ནོ་མཱ་པ་ཤྱ་ཏི་མཾ། ཞེས་པ་ཡང་ནའོ། །རྗེས་སུ་བསྟན་པ་ལ་ཚིག་བསྒྱུར་བ་རྣམ་པར་གཞག་པ་རྣམ་པར་བཤད་པས་དང་པོའི་མཐའ་ཅན་ལས་དང་། སྔ་མ་དང་བཅས་པ་ལས་ཕ་རོལ་ལ་ཡུཥྨཏ་
ལ་སོགས་པ་རྣམས་མ་ཡིན་ནོ། །གྲཱ་མོ་ཡུཥྨཱ་ཀཾ། །ཨ་ཐ་ཛ་ན་པ་དེ་ཝཿསྭཾ། གྲཱ་མོ་ཨཤྨཱ་ཀཱ་སྭཱ། ཨ་ཐ་ཛ་ན་པ་དོ་ནཿསྭཾ། དེ་བཞིན་དུ་ཝ་མཱ་སོགས་ཀྱང་དྲང་བར་བྱའོ། །གལ་ཏེ་ཡང་སྔ་མའི་ཚིག་དང་ལྡན་པའི་དང་པོའི་མཐའ་ཅན་ལས་ཕ་རོལ་དུ་འགྱུར་ན། དེའི་ཚེ་རྣམ་པར་བརྟག་པ་
ཁོ་ནའོ། །གྲཱ་མེ་པ་ཊོ་ཡུཥྨ་ཀཾ་སྭཾ། ཨ་ཐ་ན་ཀེ་རེ་ཀཾ་བ་ལོ་ཝཿསྭཾ། ཕྱོགས་ལ་ཡུཥྨ་ཀཾ་སྭཾ། འདི་དང་པོའི་མཐའ་ལས་ཞེས་པ་ཅི་ཞེ་ན། ཕ་ཊོ་གྲཱ་མེ་ཡུཥཱ་ཀཾ་སྭཾ། རྟག་ཏུ་ཁོ་ནའོ། །སྔ་མ་དང་བཅས་པ་ལས་ཞེས་པ་ཅི་ཞེ་ན། གྲཱ་མོ་ཡུཥྨཱ་ཀཾ་སྭཾ། ཨ་ཐ་ཛིན་པ་དོ་ཝཿསྭཾ། ལྟ་བའི་དོན་རྣམས་ཀྱི་
ཡིད་དུ་འོང་བ་ལ་འཇུག་པའི་ལྟ་བའི་དོན་ཅན་རྣམས་ཀྱིས་དགག་པ་སྟེ། གྲཱ་མོ་ཡུཥཱ་ན། གྲཱ་མོ་ཨཥྨཱན་སནྡྲྀ་ཤྱཱ་ག་ཏ། །གྲ་མ་སྟ་ཝ་སྭཾ། གྲཱ་མོ་མ་སྭཾ། ས་མཱི་ཀྵྱ་ག་ཏཿ། གྲཱ་མ་སྟཱ་སཾ་པྲེཀྵྱ་ག་ཏཿ། ས་མཱཀྵྱི་ཡང་ནའོ། །ཡིད་ཀྱིས་བལྟས་ནས་འོངས་སོ་ཞེས་པའི་དོན་ཏོ། །གཞན་ལ།

གྲཱ་མ་སྟྭཱ་ལོ་ཙ་ཡ་ཏི་སྟྭཾ་ཞེས་པ་ཡང་ནའོ། །ལྟ་བར་བྱེད་དོ་ཞེས་པའི་དོན་ཏོ། །ཨ་ལོ་ཙ་ན་ན་ལས་འདི་ནི་རྣམ་པར་བརྟགས་པར་མ་ཡིན་པར་མངོན་པར་འདོད་དོ། །ཡིད་དུ་འོང་བ་ལས་གཞན་ལ་ཡིད་དུ་འོང་བ་ནི་དེ་དྲན་པའོ་ཞེས་པའོ། །སྔ་མའི་བོད་པ་ནི་མེད་པ་དང་འདྲའོ། །
མའི་ཀུན་དུ་བོད་པའི་ཚིག་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་པ་དང་འདྲ་བར་འགྱུར་ཏེ། དེའི་རྟེན་ཅན་ནི་བསྒྱུར་བར་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཚ་ཏྲ་ཡུཥྨ་ཀཱནྶྭཾ། ཚ་ཏྲཽ་ཡུ་ཝ་ཡོ་སྭཾ། མེ་ཏྲ་ཏ་ཝ་སྭཾ། མེ་ཏྲ་མ་མ་སྭཾ། ཙི་ཏྭཱཾ་ག་ད། ཨཥྨཱན་པ་ཤྱ། གུ་ནཱ་ནཱ། བྷི་ནཽ་མི་དེ་ཝི་ཏེ་
ཞེས་པ་ཅི་ལྟར་ཞེ་ན། དེ་ཝི་ཞེས་པ་འདི་ཡོད་པ་མ་ཡིན་པ་དང་འདྲ་བར་གྱུར་པ་ན་སྔ་མའི་རྟེན་ཅན་དུ་བསྒྱུར་བ་སྟེ། དེ་ཝི་ཏེ་པཱ་ད་ཡོ་ར་སྟུ་མེ་མཱ་ན་སྭཾ། ཞེས་པ་ནི་རྣམ་དབྱེ་དང་གཟུགས་མཐུན་པའི་མི་ཟད་པའོ་ཞེས་གཞུང་འཛུགས་བར་བྱེད་དོ། །འདྲ་བ་སྨོས་པ་ནི་ཅི་ཞེ་ན། ཡོད་པ་མ་ཡིན་
པ་ཉིད་དུ་མ་གྱུར་ཅིག་པའོ། །སྔར་ཞེས་པ་ཅི་ཞེ་ན། ཡ་མེ་དཏྟ་སཪྺཾ་ཨཱ་ཀྵཱ་ཧཾ་ཡུཥྨཱ་ཀཾ་ཛཾ་ན་པུཾ་ག་ཝཱཿ། འདིར་ཡོད་པ་མ་ཡིན་པ་དང་འདྲ་བལ་རྐང་པའི་དང་པོ་ཉིད་མེད་པའི་ཕྱིར་དགག་པར་འགྱུར་བ་མ་ཡིན་ནོ། །སྦྱིའི་ཚིག་མཚུངས་པའི་དོན་ཅན་ཕ་རོལ་ལ་མ་ཡིན་ཏེ། མཱ་ཎ་ཝ་ཀ་ཛཱ་
ཊི་ལ་ཀ་ཏེ་སྭཾ། མཱ་ཎ་ཝ་ཀ་ཞེས་པ་སྤྱིའི་རྗོད་པར་བྱེད་པ་སྟེ། ཀུན་དུ་བོད་པའི་ཛ་ཊི་ལ་ཀ་ཞེས་པ་གཞི་མཐུན་པའི་ཚིག་ལ་མ་གྲུབ་པར་འགྱུར་བ་མ་ཡིན་ནོ། །དེའི་རྟེན་ཅན་ན་བསྒྱུར་བར་འགྱུར་བ་ཁོ་ནའོ། །ཕྱིའི་ཞེས་པ་ཅི་ཞེ་ན། དེ་ཝ་དཏྟ་མཱ་ཎ་ཝ་ཀ་ཏ་ཀ་ཝ་སྭཾ། མཚུངས་པའི་དོན་
ཅན་ཞེས་པ་ཅི་ཞེ་ན། མཱ་ཎ་ཝ་ཀ་བྲཱ་ཧྨ་ཎ་ཡུ་ཝ་ཡོ་སྭཾ། འདི་གཉི་ག་དག་གི་ཀུན་དུ་བོད་པའོ། །མང་པོ་ལ་རྣམ་པར་བརྟག་པས་སོ། །ཨ་ཐོ་བྲཱ་ཧྨ་ཎཱཿ། ཤཱ་ར་ལ་འཇུག་བཞིན་པའི་ཀུན་དུ་བོད་པ་ལ་སྤྱིའི་ཚིག་ནི་མཚུངས་པའི་དོན་ཅན་ལ་མེད་པ་དང་འདྲ་བར་ཡང་ན་འགྱུར་རོ། །
བྲཱ་ཧྨ་ཎཿཤཱ་ར་ནྱ་ཡུཥྨཱ་ཀཾ་སྭཾ། བྲཱ་ཧྨ་ནྱཿཤཱ་ར་ནྱ་ཝ་སྭཾ། ཨ་ཐོ་བྲཱ་ཧྨ་ཎཱཿཤཱ་ར་ནྱ་ཝ་སྭ་ཛ་ན་པ་ཏ། ཨ་ཐོ་བྲཱ་ཧྨ་ཎཱཿ། ཤཱ་ར་ནྱཱ་ཡུཥྨཱ་ཀཾ་སྭཾ་ཛ་ན་པ་ཏཿ། སྔ་མས་མེད་པ་དང་འདྲ་བ་བཀག་པ་ལས་མང་པོ་ཉིད་ལ་རྣམ་པར་བརྟག་པ་གྲུབ་པ་ཁོ་ནའོ་ཞེས་པ་རྗེས་སུ་ཀུན་ནས་བསྟན་པའི་

དོན་ཅན་གྱི་ཚིག་གོ། །རྐང་པའི་དང་པོ་ལ་མ་ཡིན་ནོ། །བྲྀཏྟ་རྣམས་དང་འཕགས་པ་ལ་སོགས་པ་རྣམས་ཀྱིའང་བཞི་ཆ་ནི་རྐང་པའོ། །དེའི་དང་པོ་ལ་ཡུཥྨཏ་ལ་སོགས་པ་རྣམས་ཀྱི་ཚིག་ཝས་ནས་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །དྲག་པོ་སྣ་
ཚོགས་དབང་ཕྱུག་ལྷ། །ཡུཥྨཱ་ཀཾ་ཀུ་ལ་དེ་ཝ་ཏ། ཐམས་ཅད་མཁྱེན་པ་བདུད་འཇོམས་ལ། །ཨཥྨཱ་ཀཾ་ཀུ་ལ་ནནྟ་ནཿ། ཙ་ལ་སོགས་པ་སྦྱོར་བ་ལའང་ངོ་། །ཙ་ལ་སོགས་པ་སྦྱོར་བ་ལ་ཡུཥྨཏ་ལ་སོགས་པ་རྣམས་ཀྱི་ཝས་ནས་ལ་སོགས་པ་རྣམས་ཚིག་ཏུ་འཐོབ་པ་མ་ཡིན་ནོ། །
པུ་ཏྲོ་ཡུཥྨ་ཀཾ་ཙ། པུ་ཏྲོ་ཨཥྨ་ཀཉྩ། དེ་བཞིན་དུ་ཝ་དང་། ཧཱ་དང་། ཨ་ཧ་དང་། ཨེ་ཧའི་སྒྲ་རྣམས་ཀྱིས་ཀྱང་དཔེར་བརྗོད་པར་བྱའོ། །བྷ་གསལ་བ་ལའོ། །གསལ་བར་བྱེད་དོ་ཞེ་པས་བྷ་ཏི་ལས་ཌ་ཝནྟུའོ་ཞེས་པ་ཨུ་ན་དི་ལ་སོགས་པའི་ཌ་ཝནྟུའོ། །ཌ་རྗེས་སུ་འབྲེལ་པ་ལ་
མཐའི་དབྱངས་དང་པོ་དབྱིའོ། །བྷཱ་ཝནྟུའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །བྱིངས་མ་ཡིན་པའི་ཨནྟུ་དང་ལས་མཐའི་འང་སི་ལཱང་ངོ་ཞེས་པས་རིང་པོའོ། །སི་དབྱི་བ་དང་བརྩེགས་པའི་མཐའ་དབྱི་བ་དག་གོ། །བྷཱ་ཝཱན། །བྷ་ཝནྟཽ། །བྷ་ཝནྟཿ། བྷ་ཝནྟཾ།
བྷ་ཝནྟཽ། །ཨ་ནུ་ཥཾ་གའང་ཀྲུཉྩ་དང་ཨིཏ་མ་ཡིན་པའོ། །བྷ་ཝ་ཏཿ། བྷ་ཝ་ཏཱི། ཞེས་པ་ལ་སོགས་པ་ཨཪྩིཥྨནྟའི་སྒྲ་དང་འདྲའོ། བུད་མེད་ལ། །བྷ་ཝ་ཏཱི། །ན་དཱི་དང་འདྲའོ། མ་ནིང་ལ་བྷ་ཝཱ་ཏ། བྷཝ་ཏཱི། །བྷཝ་ནྟི། །ཞེས་པ་ལ་སོགས་པའོ། །ཀུན་དུ་པོད་པ་ལ།
བྷ་ཝ་ནའི་དང་པོའོ་ཨུ་ཉིད་དོ་ཞེས་པས་བྷ་ཝནྣའི་ཆ་ཤས་ཀྱི་ཝ་དང་པོའི་ཨུ་ཉིད་དུ་སཾ་བུདྡྷི་ལ་འགྱུར་ཏེ་ཡང་ནའོ། །ཧེ་བྷོཿ། ཧེ་བྷ་ཝན། རྟགས་སྨོས་པའི་ཡོངས་སུ་བཤད་པས། །ཧེ་བྷོ་བྲཱ་ཧྨ་ཎི། །ཧེ་བྷ་ཝ་ཏི་བྲཱ་ཧྨ་ནི། །ཞེས་པ་ལའང་ངོ་། །བྷོ་བྲྰ་ཧྨ་ནཽ། །བྷོ་བྲཱ་ཧྨ་ཎ་ཞེས་པ་
ཅི་ལྟར་ཞེ་ན། བྷོཿའི་སྒྲ་འདི་ནི་མི་ཟད་པ་ཀུན་དུ་བོད་པའི་དོན་ཅན་ཡོད་དེ། དེས་ན་གཉིས་ཀྱི་ཚིག་དང་མང་པོའི་ཚིག་དག་ལའང་སྐྱོན་མེད་དོ། །འོ་ན་ཨུ་ཉིད་དུ་གྱུར་པ་ན་སཾ་བུདྡྷི་ལང་ངོ་ཞེས་པས་ཨཽ་ཉིད་ལ་ཨ་ཡིག་ཨཽ་ཉིད་དུ་ཐོབ་པར་འགྱུར་པ་མ་ཡིན་ནམ་ཞེ་ན།

བདེན་མོད། རང་བཞིན་གྱིས་སྔ་མ་སྔ་མའི་ནང་གི་ཡན་ལག་གོ་ཞེས་པས་ཨུའི་ཡི་གེ་ལ་ཨོ་རུ་འགྱུར་རོ། །ཡང་ན་དབྱངས་བསྒྱུར་བ་ཕ་རོལ་གྱི་རྒྱུ་མཚན་ཅན་ནི་ཆོ་ག་སྔ་མ་ལ་སོ་སོའི་གནས་ཅན་བཞིན་ནོ་ཞེས་པས་ཨུའི་ཡི་གེ་ཨོ་ཉིད་ཁོ་ནར་འགྱུར་རོ། །ས་ནི་སཱ་
ཏའི་མཚན་ཉིད་ལས་སཾ་བུ་དྡྷིའི་དབྱི་བ་མ་ཡིན་ནོ། །འོ་ན་ཡི་གེ་སྨོས་པ་ན་རྒྱུ་མཚན་ཅན་ཉིད་ལས་ཞེས་པའི་ཚིག་འདིར་བྲི་ཀྵཱ་ཡ་ཞེས་པ་ལ་སོགས་པ་གྲུབ་པའི་དོན་དུ་ཁས་བླངས་པར་བྱས་པ་མ་ཡིན་ནམ། ཡི་གེའང་ཐུང་ངུ་ཡིན་པ་ཞེས་པ་ཅི་ལྟར་སི་དབྱི་བ་མ་ཡིན་ཞེ་ན། བདེན་
མོད། བྷ་ཝནྟུའི་སཾ་བུདྡྷི་ལ་བྷོཿ། ཞེས་གྲུབ་པ་ན། གང་འདི་ཝ་དང་པོའི་ཨུ་ཉིད་གྲུབ་པ་དེ་ནི་རྟག་ཏུ་བ་མ་ཡིན་པའོ་ཞེས་ཤེས་པར་བྱེད་དོ་ཞེས་པའོ། །གཞན་དུ་ན་ཡི་གེ་སྨོས་པ་ན་རྒྱུ་མཚན་ཉིད་ལས་སོ་ཞེས་པས་སིད་བྱི་བར་འགྱུར་རོ། །ཨ་ཀ་ལ་བྷ་ཝ་ཀནྟུའི་སྒྲ་ཡང་འདི་
ལྟར་དྲང་བར་བྱ་སྟེ། རྟགས་གསུམ་ཀ་ལའང་ངོ་། །བྷ་བ་ཀཱན། བྷ་བ་ཀནྟཽ། བྷ་བ་ཀནྟཿ། ཞེས་པ་ལ་སོགས་པའོ། །བུད་མེད་ལ། བྷ་ཝ་ཀ་ཏི། མ་ནིང་ལ། བྷ་ཝ་ཀ་ཏ། བྷ་ཝ་ཀ་ཏཱི། བྷ་ཝ་ཀནྟི། །ཞེས་པ་ལ་སོགས་པའོ། །ནང་གི་ཡན་ལག་ཉིད་ཀྱི་ཕྱིར། ཨཀ་བྱས་
པ་ནའང་སཾ་བུདྡྷི་ལ་ཡང་ན་ཨུ་ཉིད་དོ། །ཧེ་བྷོ། ཧེ་བྷ་ཝ་ཀན། ཞེས་པ་ལ་སོགས་པའོ། །སཪྺའི་མིང་ཅན་རྣམས་བརྗོད་ཟིན་ཏོ། །བྱ་ཐྰ་དྭ་ཡེ་ཥ་མ་པི་མེ་དེ་ནི་བྷྲྀ་ཏཾ་ཞེ་སྤ་མཱ་གྷའི་སྦྱོར་བ་སྟེ། ཇི་ལྟར་སཪྺའི་མིང་གི་ཚོགས་ལ་དྲ་ཡའི་སྒྲ་བཀླག་པར་བྱ་བ་མ་ཡིན་ནོ། །ཨལྤ་ལ་སོགས་
པ་ལས་ཡང་ནའོ་ཞེས་པ་འདིས་ཀྱང་རྫས་ཀྱི་ཨི་ཉིད་ཁོ་ན་རྣམ་པར་བརྟག་པ་སྟེ། སཪྺའི་མིང་ཅན་གྱི་བྱ་བ་ཐམས་ཅད་ནི་མ་ཡིན་ནོ་ཞེས་ཁ་ཅིག་གོ། །གཞན་རྣམས་ནི་ཨལྤ་སོགས་ལས་ཡང་ནའོ་ཞེས་པ་རྣམ་པར་གཞག་པ་རྣམ་པར་བཤད་པ་འདིས་གཞན་ཡང་འགྱུར་རོ་ཞེས་སོ། །
སཪྺ་བི་ཤྭ་ཨུ་བྷ་ཡ་དང་ཌ་ཏ་ར། །ཌ་ཏ་མ་དང་ཨི་ཏ་ར་དང་ཨ་ནྱ་རྣམས་དང་ནི། །ཨ་ནྱ་ཏ་ར་ཏྭད་དག་དང་ནི་ཏྭ་དང་ན་མ་དང་། །ས་མ་དག་དང་སི་མ་ཡང་སྟེ་པཱུརྦ་དང་། །པ་ར་ཨ་ཝ་ར་དང་ཨ་པ་ར་རྣམས་དང་། །ཨུཏྟ་ར་དང་དཀྵི་ན་དང་ཨནྟར་དང་ནི། །ཨ་ཏ་ར་རྣམས་པཱུཪྺ་ལ་སོགས་ཚོགས་

པར་བཀླགས་པ་སྟེ། །དེ་བཞིན་དུ་ནིར་སྭ་ཡི་སྒྲ་དང་ལྡན་པ་དེ་རྣམས་སོ། །ཏྱཏ་དང་ཏད་དང་ཡད་དང་ཨ་ཏད་ཨ་དས་དང་། །དེ་བཞིན་ཨི་དམ་ཨེ་ཀ་དྭི་དང་ཡུཥྨཏ་ཀྱང་། །བྷ་ཝནྟུ་དང་ཀིམ་ཞེས་བྱ་བ་འདི་ལྟ་བུ་འདི་ནི། །སཪྺ་ལ་སོགས་ཚོགས་པ་མཁས་པ་རྣམས་
ཀྱིས་མངོན་པར་བརྗོད། །ཅེས་པ་བསྡུ་བའི་ཚིགས་སུ་བཅད་པའོ།། །།ད་ནི་གྲངས་རྣམས་བརྗོད་པར་བྱའོ། །ཨེ་ཀ་ལ་སོགས་པ་ཨཥྚ་ད་ཤའི་མཐར་ཐུག་པ་རྣམས་རྟགས་གསུམ་པ་བགྲང་བར་བྱ་བ་ལ་འཇུག་པ་སྟེ། དེ་དང་གཞི་མཐུན་པ་ཉིད་དུ་འགྱུར་རོ། །ཨེ་ཀ་བྲཱ་ཧྨ་ཎཿ། ཨེ་ཀ་
སྟྲཱི། །ཨ་ཀ་ཀུ་ལམ། གཞི་མི་མཐུན་པ་ཅན་ནི་མ་ཡིན་ཏེ། བྲཱ་ཧྨ་ཎཱ་ནཾ་ད་ཤ་ཞེས་པའོ། །དེ་ལ་ཨེ་ཀ་དང་དྭིའི་སྒྲ་དག་བཤད་ཟིན་ཏོ། །ཏྲི་ལ་སོགས་པ་རྣམས་ལས་མང་པོའི་དོན་ཅན་ཉིད་ཀྱི་ཕྱིར་མང་པོའི་ཚིག་རྣམས་ཁོ་ནར་འགྱུར་རོ། །དེ་ལ་ཏྲིའི་སྒྲ་ནི་ཛས་ལ་ཨི་ཨེཏ་དང་ཨུ་ཨོཏའོ་ཞེས་
པས་ཨེཏའོ། །ཨེ་ཨ་ཡའོ། །ཏྲ་ཡཿ ཤས་ཀྱི་ཨ་ཡིག་སྟེ་སའི་འང་བུད་མེད་མ་ཡིན་པ་ལ་ནའོ། །ཏྲཻཿ། ཏྲི་བྷྱིཿ། ཏྲི་བྷྱཿ། ཏྲི་བྷྱཿ། ཏྲིའི་ཏྲ་ཡའང་ངོ་ཞེས་པས་ཨཱཾ་ལ་ཏྲ་ཡར་བསྒྱུར་བ་དང་། ནུ་ཨཱ་ག་མ་དང་། རིང་པོ་ཉིད་ཀྱང་ངོ་། །ཏྲ་ཡཱ་ཎཱཾ། ཏྲི་ཥུ། བུད་མེད་ལ། ཏྲི་དང་ཙ་ཏྭར་དག་གི་རྣམ་
དབྱེ་ལ་ཏི་སྲྀ་ཙ་ཏ་སྲྀའོ་ཞེས་པས་བུད་མེད་ལ་འཇུག་བཞིན་པའི་ཏྲི་དང་། ཙ་ཏྭར་དག་གི་རྣམ་དབྱེ་ལ་ཏི་སྲྀ་ཞེས་པ་འདི་དག་ཏུ་འགྱུར་རོ། །དེ་དག་དབྱངས་ལ་རའོ་ཞེས་པས་ཏི་སྲྀ་དང་ཙ་ཏ་སྲྀ་དག་དབྱངས་ལ་ར་རུ་འཐོབ་བོ། །ཏི་སྲཿ། ཏི་སྲཿ། ཏི་སྲྀ་བྷིཿ། ནུ་ཨཱ་ག་མ་སྟེ། ནཱཾ་ལས་རིང་པོ་མ་ཡིན་ནོ་ཞེས་
པས་ནུ་དང་བཅས་པའི་ཨཱམ་ཕ་རོལ་ལ་ཏི་སྲྀ་དང་། ཙ་ཏ་སྲི་དག་རིང་པོར་མི་འཐོབ་བོ། །ཏི་སྲྀ་ནཱཾ། ཤ་ཉིད་དོ། །ཏི་སྲྀ་ཤུ། །མ་ནིང་ལ། །ཏྲཱི་ཎི། །ལྷག་མ་སྐྱེས་པ་དང་མཚུངས་པའོ། །ཙ་ཏྭཱ་རའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །ཙ་ཏྭཱ་རཿ། ཙཏྭཱ་རའི་ཝ་སྒྲའི་ཨུ་ཉིད་དོ་ཞེས་པས་གྷུཊ་མ་ཡིན་པའི་དབྱངས་
དང་གསལ་བྱེད་དག་ཝ་སྒྲའི་ཨུ་ཉིད་དོ། །ཙ་ཏུ་རཿ། །ཙ་ཏུ་རྦྷྱཿ། ཙ་ཏུརྦྷྱཿ། །ཙ་ཏྭཱ་ར་ལས་སོ་ཞེས་ཨཱཾ་ལས་ནུ་ཨཱ་ག་མ་སྟེ་ཎ་ཉིད་དོ། །ཙ་ཏུརྞཱཾ། ཙ་ཏུཪྵུ། །བུད་མེད་ལ། ཙ་ཏ་སྲྀ་དང་ར་ཉིད་དག་སྔ་མ་བཞིན་ནོ། །ཙ་ཏ་སྲཿ། ཙ་ཏ་སྲཿ། །ཙིཏ་སྲྀ་བྷིཿ། ཙ་ཏ་སྲི་བྷྱཿ། ཙ་ཏ་སྲི་བྷྱཿ། ཙ་ཏ་སྲིཎཱཾ། མ་ནིང་ལ་

ཛས་ཤས་དག་གི་ཤིའོ། །ཙ་ཏྭཱ་རི། ཙ་ཏཱ་རི། ལྷག་མ་སྐྱེས་པ་དང་མཚུངས་པའི། །པཉྩནའི་སྒྲ་ལས་ཛས་ཤས་དག་འཇིག་གོ། །རྟགས་མཐའི་ན་ཡིག་གིའོ་ཞེས་པས་ན་དབྱིའོ། །པཉྩ། པཉྩ། པཉྩ་བྷིཿ། པཉྩ་བྷྱཿ། པྲཉྩ་བྷྱཿ། །གྲངས་ལས་ཥ་དང་ན་མཐའ་ལས་སོ་ཞེས་པས་གྲངས་ལ་ཥ་
ཡིག་དང་ན་མཐའ་ཅན་ལས་ཨམ་ཕ་རོལ་ལེ་ནུ་ཨཱ་ག་མའོ། །ན་མཐའི་འང་ཨུ་པ་དྷཱའིའོ་ཞེས་པས་རིང་པོའོ། །རྟགས་མཐའི་ན་ཡིག་གོ་ཞེས་པས་རང་བཞིན་གྱིས་ན་ཡིག་དབྱིའོ། །པཉྩ་ནཱཾ། པཉྩ་སུ། བུད་མེད་དང་མ་ནིང་དག་ལའང་དེ་བཞིན་ནོ། །ཥ་ཥའི་སྒྲ་ལས་སྔ་མ་བཞིན་དུ་ཛས་ཤས་
དག་འཇིག་གོ། །ཧ་ཤ་ཥ་ཚ་མཐའ་དང་ཡ་ཛ་སོགས་རྣམས་ཀྱི་ཌའོ་ཞེས་པས་ཌ་ཉིད་དོ། །རྫོགས་པ་ལ་ཡང་ནའོ། །ཥཊ། ཥཌ། ཥཊ། ཥད། ཥཌྦྷིཿ། ཥཌྦྷྱཿ། །ཥཌྦྱཿ། སྔ་མ་བཞིན་དུ་ནུ་དང་ཌ་ཉིད་དོ། ཥཌའི་ན་ལ་ནའོ་ཞེས་པས་ཌའི་ན་ཉིད་ནྡོ། ཏ་སྡེའི་ཙ་ཏའི་སྡེ་པ་སྦྱོར་བ་ལ་ཙ་
ཏའི་སྡེ་པ་དག་གོ་ཞེས་པས་ན་ཡི་གེ་ཎ་ཉིད་དོ་། །ཤཎྞཱམ། །སྒྲ་མེད་པ་ལ་དང་པོའོ། ཥཊྶུ། །བུད་མེ་དང་མ་ནིང་དག་ལའང་དེ་བཞིན་ནོ། །སཔྟ་ནའི་སྒྲ་ནི་པཉྩ་ནའི་སྒྲ་དང་འདྲ་སྟེ། སཔྟ། སཔྟ། སཔྟ་བྷིཿ། སཔྟ་བྷྱཿ། སཔྟ་བྷྱཿ། སཔྟ་ནཱཾ། །སཔྟ་སུ། དེ་བཞིན་དུ་བུད་མེད་དང་མ་ནིང་དག་
ལའང་ངོ་། །ཨཤྟ་ནའི་སྒྲ་ལས་སི་ལ་སོགས་པ་རྣམས་སོ། །དེ་ལས་ཛས་ཤས་དག་གི་ཨཽའོ་ཞེས་པ་དེ་ལས་ཏེ། ཨཥྚན་ཨ་ཡིག་ཏུ་བྱས་པ་ལས་ཕ་རོལ་གྱི་ཛས་ཤས་དག་གི་གནས་སུ་ཨཽའོ། །ཨཥྚཽ། །ཨཥྚཽ། །ཨཥྚ་ནའི་ཐམས་ཅད་ལའོ་ཞེས་པས། །ཨཥྚ་ནའི་རྣམ་དབྱེ་རྣམས་ཐམས་
ཅད་ལ་ཨཱ་ཉིད་དོ། །ཨཥྚཱ་བྷིཿ། ཨཥྚཱ་བྷྱཿ། །ཨཥྚཱ་བྷྱཿ། ཨཥྚ་ནཱཾ། ཨཥྚཱ་སུ། །དེ་ལས་ཛས་ཤས་དག་གི་ཨཽའོ། །ཞེས་པས་འདིར་དེ་ལས་སྨོས་པ་ནི། ཨཱ་ཉིད་རྟག་ཏུ་བ་མ་ཡིན་པའི་དོན་ཏོ། །དེས་ན་ཕྱོགས་ལ་ཨཱ་ཉིད་དུ་འགྱུར་པ་ཡིན་ནོ། །ཨཤྟ། ཨཥྚ། ཨཥྚཱ་བྷིཿ། །ཨཥྚཱ་བྷྱཿ། །ཨཥྚཱ་བྷྱཿ།
ཨཥྚ་ནཱཾ། ཨཥྚཱ་སུ། །བུད་མེད་དང་མ་ནིང་ད་ལའང་དེ་བཞིན་ནོ། །ན་ཝན་དང་། ད་ཤན་དང་། ཨེ་ཀ་ད་ཤན་དང་། དྭ་ད་ཤད་དང་། ཏྲ་ཡོད་ཤན་དང་། ཙ་ཏུར་ད་ཤན་དང་། པཉྩ་ད་ཤན་དང་། ཥཌ་ད་ཤན་དང་། སཔྟ་ད་ཤན་དང་། ཨཥྚ་ད་ཤནའི་སྒྲ་རྣམས་པཉྩའི་སྒྲ་དང་འདྲ་བར་དྲང་བར་བྱའོ།

ཨུ་ན་བིཾ་ཤ་ཏི་ལ་སོགས་པ་ན་ཝ་ཏིའི་མཐར་ཐུག་པ་རྣམས་དང་བགྲང་བར་བྱ་བ་ལའང་འཇུག་སྟེ། ཚོགས་པ་བརྗོད་པ་ཉིད་ཀྱི་ཕྱིར་རྟག་ཏུ་གཅིག་གི་ཚིག་ཅན་བུད་མེད་ཀྱི་རྟགས་ཅན་ནོ། །དེ་ལ་གྲངས་ལ་ནི་ག་ཝཱ་མུ་ན་བིཾ་ཤ་ཏི་ཤེས་པ་ལ་སོག་པར་འགྱུར་ཏེ། བགྲང་བར་བྱ་བ་
ལའང་ཨུ་ཤ་བིཾ་ཤ་ཏིར་ག་ཝཿ། ཞེས་པའོ། །གང་གི་ཚེའང་ཚོགས་པ་གཉིས་ལ་སོགས་པ་བརྗོད་པ་དེའི་ཚེ། གཉིས་ཀྱི་ཚིག་དང་མང་པོའི་ཚིག་རྣམས་ཀྱང་འགྱུར་རོ། །དྭེ་ཨུན་པིཾ་ཤ་ཏི་ཞེས་པ་དང་ཥ་ཌ་ཨུ་ན་བིཾ་ཤ་ཏ་ཡཿ། ཞེས་པ་ལ་སོགས་པ་མ་ཏིའི་སྒྲ་དང་འདྲ་བར་དྲང་བར་བྱའོ། །
དེ་བཞིན་དུ་ཨེ་ཀོ་ན་བིཾ་ཤ་ཏི་དང་། ཨེ་ཀཱནྣ་བིཾ་ཤ་ཏི་དང་། ཨེ་ཀཱ་དཱུ་ན་བིཾ་ཤ་ཏི་དང་། བིཾ་ཤ་ཏི་དང་། ཨེ་ཀ་བིཾ་ཤ་ཏི་དང་། དྭི་བིཾ་ཤ་ཏི་དང་། ཏྲ་ཡོ་བིཾ་ཤ་ཏི་དང་། ཙ་ཏུ་རྦིཾ་ཤ་ཏི་དང་། པཉྩ་བིཾ་ཤ་ཏི་དང་། ཥ་ཌ་བིཾ་ཤ་ཏི་དང་། སཔྟ་བིཾ་ཤ་ཏི་དང་། ཨཥྟ་བིཾ་ཤ་ཏིའི་སྒྲ་རྣམས་སོ། །བཅུའི་གྲངས་རྗོད་
པར་བྱེད་པ་ཕྲེང་བའི་སྒྲ་ཡང་ངོ་། །ཨུ་ན་ཏྲིཾ་ཤདའི་སྒྲ་ནི་ཡོ་ཥི་དའི་སྒྲ་དང་འདྲའོ། །ཨུ་ན་ཏྲིཾ་ཤ་ཏ། །ཨུ་ན་ཏྲིཾ་ཤད། ཨུ་ན་ཏྲིཾ་ཤ་ཏཾ། ཨུ་ན་ཏྲིཾ་ཤ་ཏ། ཨུ་ན་ཏྲིཾ་ཤ་སྟེ། ཨུ་ན་ཏྲིཾ་ཤ་ཏཿ། ཨུ་ན་ཏྲིཾ་ཤ་ཏི། །གང་གི་ཚེ་ཚོགས་པ་གཉིས་ལ་སོགས་པ་བརྗོད་པ་དེའི་ཚེ། གཉིས་ཀྱི་ཚིག་ལ་
སོགས་པ་སྔ་མ་བཞིན་ནོ། །དེ་བཞིན་དུ། །ཨེ་ཀོནྣོ་ཏྲིཾ་ཤ་ཏ། ཨེ་ཀཱནྣ་ཏྲིཾ་ཤ་ཏ། །ཨེ་ཀ་དཱུ་ན་ཏྲིཾ་ཤ་ཏ། ཏྲིཾ་ཤ་ཏ། ཨེ་ཀ་ཏྲིཾ་ཤ་ཏ། དྭཱ་ཏྲིཾ་ཤ་ཏ། ཏྲ་ཡ་ཏྲིཾ་ཤ་ཏ། ཙ་ཏུ་སྟིཾ་ཤ་ཏ། པཉྩ་ཏྲིཾ་ཤ་ཏ། ཤ་ཌ་ཏྲིཾ་ཤ་ཏ། སཔྟ་ཏྲིཾ་ཤ་ཏ། ཨཤྟ་ཏྲིཾ་ཤ་ཏ། ཨཱུ་ན་ཙ་ཏྲ་རིཾ་ཤ་ཏ། ཨེ་ཀེ་ན་ཙཏྭཱ་རིཾ་ཤ་ཏ།
ཨེ་ཀོནྣ་ཙཏྭཱ་རིཾ་ཤ་ཏ། །ཨེ་ཀཱ་དཱུ་ན་ཙ་ཏྭཱ་རི་ཤ་ཏ། ཙ་ཏྭཱ་རི་ཤ་ཏ། ཨེ་ཀ་ཙ་ཏྭཱ་རི་ཤ་ཏ། དྭཱ་ཙ་ཏྭཱ་རི་ཤ་ཏ། དྲྭི་ཙ་ཏྭཱ་རིཾ་ཤ་ཏ། ཏྲ་ཡཤྩ་ཏྭཱ་རིཾ་ཤ་ཏེ། ཏྲི་ཙ་ཏྭཱ་རིཾ་ཤ་ཏ། ཙ་ཏུ་ཤྩ་ཏྭཱ་རིཾ་ཤ་ཏ། །པཉྩ་ཙ་ཏྭཱ་རིཾ་ཤ་ཏ། ཥ་ཌ་ཙ་དྭཱ་རིཾ་ཤ་ཏ། སཔྟ་ཙ་ཏྭཱ་རིཾ་ཤ་ཏ། ཨཤྟ་ཙ་ཏྭཱ་རིཾ་ཤ་ཏ། །ཨཤྟ་ཙ་ཏྭཱ་རིཾ་ཤ་ཏ། ཨུ་ན་པཉྩཱ་
ཤཏ། །ཨེ་ཀོ་ན་པཉྩཱ་ཤ་ཏ། ཨེ་ཀཱནྣ་པཉྩཱ་ཤ་ཏ། ཨེ་ཀ་དཱུ་ན་པཉྩཱ་ཤ་ཏ། པཉྩཱ་ཤ་ཏ། ཨེ་ཀ་པཉྩཱ་ཤ་ཏ། དྭཱ་པ་ཉྩཱ་ཤ་ཏ། དྭི་པ་ཉྩ་ཤ་ཏ། ཏྲ་ཡཿཔཉྩཱ་ཤ་ཏ། ཏྲི་པཉྩཱ་ཤ་ཏ། ཙ་ཏུ་ཤྤཉྩཱ་ཤ་ཏ། པཉྩ་པཉྩཱ་ཤ་ཏ། ཤ་ཌ་པཉྩཱ་ཤ་ཏ། སཔྟ་པཉྩཱ་ཤ་ཏ། ཨཤྟ་པ་ཉྩཱ་ཤ་ཏ། ཨཥྚཱ་པཉྩཱ་ཤ་

ཏའོ། །ཨུ་ན་ཥ་ཥྚིའི་སྒྲ་ནི་བིཾ་ཤ་ཏའི་སྲ་དང་འདྲའོ། དེ་བཞིན་དུ། ཨེ་ཀེ་ན་ཥ་ཥྚི། །ཨེ་ཀཱནྣ་ཥཥྚི། ཨ་ཀཱ་དུ་ཥ་ཤྟི། ཥཥྜི། །ཨེ་ཀ་ཥ་ཥྚི། །དྭཱ་ཥཥྵི། །དྭཱེཥ་ཥྚི། །ཏྲ་ཡཿ་ཥཥྚི། །ཏྲི་ཥཥྚི། །ཙ་ཏུཿཥ་ཥྚི། །པཉྩ་ཥཥྚི། །ཥཊ་ཥཥྚི། །སཔྟ་ཥཥྚི། །ཨཥྚ་ཥཥྚི། །ཨཥྚ་ཥཥྚི། །ཨཱུ་ནས་སཔྟི་ཏ།
ཨེ་ཀཱ་ནྣ་སཔྟི། །ཨེ་ཀཱ་དཱུ་སཔྟ་ཏི། །སབྷ་ཏི། ཨེ་ཀ་སཔྟ་ཏི། །དྭཱསཔྟ་ཏི། །དྭི་སབྷ་ཏི། །ཏྲ་ཡཿསཔྟ་ཏི། ཏྲི་ས་པྟ་ཏི། །ཙ་ཏུཿསཔྟ་ཏི། པཉྩ་སཔྟ་ཏི། ཤཊ་སཔྟ་ཏི། སབྟ་སཔྟ་ཏི། །ཨཥྚ་སཔྟ། །སཔྟ་སཔྟ་ཏི། །ཨུ་ན་ཤཱི་ཏི། ཨ་ཀ་ན་ཤཱི་ཏི། །ཨེ་ཀཱནྣ་ཤཱི་ཏི། །ཨེ་ཀཱ་དུ་ཤཱི་ཏི། །ཨཱ་ཤཱི་ཏི། །ཨེ་ཀཱ་ཤཱི་ཏི།
དྭཱ་ཤཱི་ཏི། །དྭི་ཤཱི་ཏི། །ཙ་ཏུར་ཤཱི་ཏི། །ཤ་ཊ་ཤཱི་ཏི། །སཔྟ་ཤཱི་ཏི། ཨཥྚཱ་ཤཱི་ཏི། ཨ་ཥྚཱ་ཤཱི་ཏི། །ཨུ་ནན་ཝ་ཏི། །ཨེ་ཀེ་ནན་ཝ་ཏི། །ཨེ་ཀཱནྣ་ན་ཝ་ཏི། ཨེ་ཀཱ་དཱུ་ན་ལྦ་ཏི། ན་ལྦ་ཏི། ཨེ་ཀཱ་ན་ལྦ་ཏི། དྭཱ་ན་ལྦ་ཏི། དྭི་ན་ལྦ་ཏི། ཏྲ་ཡོ་ན་ལྦ་ཏི། ཏྲི་ན་ལྦ་ཏི། ཙ་ཏུ་ར་ན་ལྦ་ཏི། །པཉྩ་ན་ཝ་ཏི། །ཥཎྞ་ན་ཝ་ཏི། སཔྟན་ཝ་ཏི།
ཨཥྚ་ན་ཝ་ཏི། ཨཥྚཱ་ན་ཝ་ཏིའི་སྒྲ་རྣམས་སོ།། །།ཨུ་ན་ཥ་ཏའི་སྒྲ་ནི་མ་ནིང་གི་རྟགས་ཅན་ཏེ། ཝ་ནའི་སྒྲ་དང་འདྲའོ། །ཨཱུ་ན་ཤ་ཏཾ། གང་གི་ཚེ་ཚོག་པ་གཉིས་ལ་སོགས་པ་བརྗོད་པ་དེའི་ཚེ་གཉིས་ཀྱི་ཚིག་ལ་སོགས་པ་སྡ་མ་བཞིན་ནོ། དྭེ་ཨུ་ན་ཤ་ཏེ། ཏྲེ་ནྱ་ན་ཤ་ཏ་ནི་ཞེས་པ་ལ་སོགས་པའོ། །
དེ་བཞིན་དུ་ཨེ་ཀོ་ན་ཤེ་ཏ། ཨེ་ཀཱ་ན་ཤ་ཏ། ཀཱ་དཱུ་ཤ་ཏ། ཤ་ཏ། །ས་ཧ་སྲ་ཨ་ཡུ་ཏེ། ནི་ཡུ་ཏ། བྲ་ཡུ་ཏ་སོགས་རྣམས་སོ། །དུ་རྒས་ནི་རྟགས་ཀྱི་ཚིག་ལེའུར་བྱས་པ་ཤ་དང་། ས་ཧ་སྲ་དང་། པྲ་ཡུ་ཏའི་སྒྲ་རྣམས་མ་ནིང་གི་སྐབས་སུ་བཀླགས་སོ། །ལཀྵའི་སྒྲ་ནི་རྟགས་གཉིས་
པའོ། །དེ་ལ་མ་ནིང་ལ་ཝ་ན་དང་འདྲའོ། །བུད་མེད་ལ་ཛཱ་ཡ་དང་འདྲའོ། །ཀོ་ཊི་ནི་མ་ཏི་དང་འདྲའོ། །ཨརྦུ་ཏནི་སྐྱེས་པ་དང་མ་ནིང་ལ་སྟེ། དེ་ལ་སྐྱེས་པ་ལ་བི་པྲ་དང་འདྲ་ཞིང་། མ་ནིང་ལ་ཝ་ན་དང་འདྲའོ། །ཤ་ཏ་དང་། ས་ཧ་སྲ་དང་། ཨ་ཡུ་ཏ་དང་། ནི་ཡུ་ཏ་དང་།
ལ་ཀྴ་དང་། པྲ་ཡུ་ཏ་བརྗོད་པར་བྱ་སྟེ། ཀོ་ཊི་དང་། ཨརྦུ་ཏ་ནི་རིམ་པས་ཕྱི་མ་བཅུར་འགྱུར་རོ། །ཀ་ཏའི་སྒྲ་ནི་རྟགས་མེད་པ་དང་། རྟག་ཏུ་མང་པོའི་ཚིག་གི་མཐའ་ཅན་ནོ། །དེ་ལ་འདི་རྣམས་ཀྱི་གྲངས་ཅི་ཞིག་ཡིན་ཞེས་པ་གྲངས་ལ་འཇུག་པའི་ཀ་ལས་ཌ་ཏི་ཚིག་ཕྲད་དུ་བྱས་

ཏེ། སདྱ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ། །གཞན་རྣམས་ཡད་དང་ཏད་དག་ལས་ཀྱང་ཌ་ཏི་རྗོད་པར་བྱེད་དོ། །ཀ་ཏི་ལས་ཀྱང་ཛས་ཤས་དག་འཇིག་གོ། །ཀ་ཏི་ཏིཥྛི་ནྟ། ཀ་ཏི་པྲ་ཤྱ། ཀ་ཏི་བྷིཿ། ཀ་ཏི་བྷྱེཿ། །ཏཱི་ནཱཾ། ཀ་ཏི་ཤུ། །ཀ་ཏི་ལས་ཀྱང་ཞེས་པ་འདིར་ཀ་ཏིའི་སྒྲ་ཉེ་བར་
མཚོན་པ་ཉིད་ཀྱི་ཕྱིར་ཡ་ཏི་དང་། ཏ་ཏི་དག་གིའང་ཛས་ཤས་དག་འཇིག་གོ་ཞེས་ཁ་ཅིག་གོ། །ཡ་ཏི་ཧེ་ནཱ་ག་ཤིཪྵཱ་ནི་ཏ་ཏི་ཏེ་ན་ག་བེ་ད་ནཱཿ། ཡ་ཏི་ཏ་ཏི་ཡ་ཏི་བྷིཿ། ཏ་ཏི་བྷིཿ། ཞེས་པ་ལ་སོགས་པ་ཀ་ཏིའི་སྒྲ་དང་འདྲ་བར་དྲང་བར་བྱའོ། །འདིར་བསྡུ་བའི་ཚིགས་སུ་བཅད་པ་རྣམས་སུ་འགྱུར་ཏེ།
ཨེ་ཀ་ལ་སོགས་ད་ཤའི་མཐར་ཐུག་པ། །གྲངས་དང་བགྲང་བྱ་རྣམས་ལ་འགྱུར་བ་སྟེ། བིཾ་ཤ་ཏི་སོགས་ཐམས་ཅད་རྟག་ཏུ་ནི། །གྲངས་དང་བགྲང་བྱ་དག་ལ་གཅིག་ཉིད་ལའོ། །བིཾ་ཤ་ཏི་སོགས་གཅིག་མིན་ཉིད་ལ་ནི། །འཇུག་པ་གཉིས་ཉིད་ལ་སོགས་རྣམས་ལ་ཡང་། །
ཙ་ཏྭཱང་བར་ནི་རྟགས་གསུམ་རྣམས་ལ་ཡང་། །ད་ཤའི་བར་ནི་རྟགས་མེད་པ་རྣམས་སོ། །དེ་ལ་ན་ཝ་ཏི་ཡི་བུད་མེད་ལ། །ཤ་ཏ་ལ་སོགས་རྣམས་ནི་མ་ནིང་ལ། །བུད་མེད་མ་ནིང་དག་ལ་ལཀྵའོ། །ཨརྦུ་ད་ནི་སྐྱེས་པ་མ་ནིང་ངོ་། །ཀོ་ཏི་བུད་མེད་ཁོ་ན་ཉིད་ལ་འགྱུར། །ཀ་ཏི་མང་པོ་ལ་སྟེ་
རྟགས་མེད་པའོ། །ཡ་ཏི་ཏ་ཏིའང་ཞེས་ཁ་ཅིག་གོ། །མོ་ལ་པིདྐྟ་ད་ཤ་ཨརྟི་ཀཱ། ཞེས་པ་རྟགས་གསུམ་པ་ལས་སྐབས་བཞི་པ་རྫོགས་སོ།། །།བདག་གིས་འདི་ནི་བྱས་ནས་དགེ་བ་གང་བསགས་པ། །དེ་ལས་འདིར་ནི་ངག་གི་འོད་ཟེར་ཡང་དག་དོན། །སྟོན་བྱེད་རྣམས་ཀྱིས་ཉི་
མས་བཞིན་དུ་སྐྱེ་བོ་ཡི། །ཡིད་ཀྱི་མུན་པའི་ཚོགས་རྣམས་སེལ་བར་ནུས་གྱུར་ཅིག །བྱ་བ་དམ་པ་འདི་ནི་གཙུག་ལག་ཁང་བཟངས་སོ། །རྣམ་པར་གནོན་པའི་ངང་ཚུལ་པདྨའི་འབྱུང་གནས་ཀྱིས། །ངང་པའི་རྒྱལ་པོ་སྒྲ་ཡི་རྒྱ་མཚོའི་སྐྱ་བ་འཛིན། །མཁས་པ་དཔལ་ལྡན་འཇམ་པའི་
གྲགས་པས་བྱས་པར་གྱུར། །ལོ་ཙཱ་བའི་མིང་ཙམ་འཛིན་པ་སྙོམ་ལས་པ། དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། དཔལ་གནས་པོ་ཆེའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། ཀ་ལཱ་པ་སཱུ་ཏྲ་སཾ་བནྡྷ་སྱཱ་དི་བི་བྷ་ཀྟི་པྲ་ཀྲི་ཡ། བོད་སྐད་དུ། ཀ་ལཱ་པའི་མདོ་དང་འབྲེལ་བའི་སི་ལ་སོགས་པའི་རྣམ་དབྱེའི་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གདོང་བཞི་གདོང་གི་ཟླ་བ་ལས། །བྱུང་བ་བདུད་རྩིའི་རྦ་རླབས་ཅན། །
ཤིན་ཏུ་མཁས་པའི་ངག་གིས་འདིར། །ཞི་བ་དམ་པ་ཐོབ་གྱུར་ཅིག །བརྗོད་པར་བྱ་བ་གྲགས་པའི་སྒྲ་རྣམས་ནི། །སྐྱེས་པ་མ་ནིང་བུད་མེད་རྣམས་ལ་ཡང་། །ཡོན་ཏན་རྫས་དང་བྱ་བ་སྦྱོར་བ་ལས། །དེ་རྣམས་ཐུན་མོང་གྱུར་པ་བཤད་པར་བྱ། །སཱུ་ཪྱ་དང་ཨགྣི་དང་ས་ཁི་དང་པ་ཏི་དང་པནྠི་དང་ཨདྴུ་དང་ཀྲོ་ཤྟུ་དང་
སྭ་ཡམྦྷཱུ་དང་པི་ཏྲྀ་དང་ནྲྀ་དང་བྲ་ཤསྟི་དང་རཻ་དང་གོ་དང་གླཽ་རྣམས་ནི་དབྱངས་མཐའ་ཅན་རྣམས་ཏེ་སྐྱེས་པ་ལ་བཤད་པར་བྱའོ། །གསལ་བྱེད་ཀྱི་མཐའ་ཅན་རྣམས་བི་ཨམྦུ་མུཙ་དང་ཀྵྨཱ་བྷུ་ཛྲ་དང་མ་རུཏྲ་དང་ཀྲ་བྱད་དང་མྲི་གཱ་བིདྷ་དང་ཨཏ་མ་ནྲ་དང་རྰ་ཛནྲ་ད་ཡུ་བནྲ་དང་པཱུ་ཥན་དང་བྲ་ཧྨ་ཧན་དང་ཧ་ལིན་དང་ཨུ་ཤ་ན་སྲ་དང་
ཨ་ན་ཌྭཱེ་ཧྲ་དང་མ་དྷུ་ལི་ཧ་དང་ཀཤྛ་ཧཀྵ་ཞེས་པ་ལ་སོགས་པ་སྟེ། སི་ལ་སོགས་པའི་མཐའ་ཅན་རྣམས་བྱིས་པ་རྣམས་བྱིས་པ་རྣམས་ཀྱིས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་ཡང་དག་པར་བཤད་པར་བྱའོ། །དེ་ལ་སཱུརྱའི་སྒྲ་ནི་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ་ཞེས་པས་རྟགས་ཀྱི་མིང་ཅན་ནོ། །དེ་ལས་
ཕ་རོལ་རྣམས་རྣམ་དབྱེའོ་ཞེས་པ་ནི་དང་པོ་ལ་སོགས་པའི་རྣམ་དབྱེ་བདུན་པོ་རྣམས་ལ་འགྱུར་ཏེ། དོན་ཤིན་ཏུ་རྣམ་པར་འབྱེད་པའི་ཕྱིར་ཞེས་པས་རྣམ་དབྱེའོ། །དེ་ལ་སི་ཨཽ་ཛས་དང་པོའོ། །ཨམ་ཨཽ་ཤས་གཉིས་པའོ། །ཏཱ་བྷྱཱམྲ། །བྷིས་གསུམ་པའོ། །དེ་བྷྱཱཾམ། བྷྱས་བཞི་པའོ། །ང་སི། བྷྱཱཾམ། བྷྱས་ལྔ་
པའོ། །ངས་ཨོས་ཨཱ་མ་དྲུག་པའོ། །ངི་ཨོས་སུ་པྲ་བདུན་པའོ། །དེ་ལ་ཐམས་ཅད་དུ་སི་ལ་སོགས་པ་རྣམས་ཐོབ་པ་ལ་རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པས་དང་པོའི་རྣམ་དབྱེར་འགྱུར་རོ། དེའང་དོན་གཅིག་ལ་གཅིག་གི་ཚིག་སིའོ། །རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཨི་
ཡིག་ནི་འདིར་གང་རྗེས་སུ་འབྲེལ་པ་རྣམས་མི་སྦྱོར་རོ་ཞེས་པས་ཁྱད་པར་གྱི་དོན་ཏོ། །རྫོགས་པ་ལ་ཡང་ནའོ་ཞེས་པ་སྤྱིར་བཏང་ནས་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ་ཞེས་པས་ས་ཡིག་ནི་རྣམ་པར་གཅད་བྱའོ། །སཱུརྱཿ། གཉིས་ཀྱི་དོན་དག་ལ་གཉིས་ཀྱི་ཚིག་ཨཽའོ། །རིམ་པ་ལས་མ་འདས་པར་ཕྲལ་

བར་བྱའོ། །ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་ཞེས་པས་ཨཽ་ཡིག་ཏུ་འགྱུར་ཏེ་ཕ་རོལ་དབྱི་བའང་འཐོབ་བོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་། །སྲུརྻཽ། མང་པོའི་དོན་རྣམས་ལ་མང་པོའི་ཚིག་ཛས་སོ། །ཨ་ཡིག་ཕྲལ་བར་བྱའོ། །ཛ་ཡིག་ནི་ཛས་ལའོ་ཞེས་
པའི་ཁྱད་པར་གྱི་དོན་ཏོ། །ཨ་ཡིག་ལ་དབྱིའོ་ཞེས་པས་དབྱི་བ་ཐོབ་པ་ལ་ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་སྤྱིར་བཏང་ནས་ཛས་ལའོ་ཞེས་པས་རིང་པོར་ཐོབ་ཅིང་རིང་པོ་ལས་ཕ་རོལ་དབྱིའོ། །སྲུཪྻཱཿ། གཉིས་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་ལས་ལ་
གཉིས་པར་འགྱུར་ཏེ། སྔ་མ་བཞིན་དུ་དོན་གཅིག་ལ་གཅིག་གི་ཚིག་ཨམ་མོ། །ཨ་ཡིག་ལ་དབྱིའོ་ཞེས་པས་ཨ་ཡིག་དབྱི་བ་འཐོབ་བོ། །སྲུརྻམྲ་སཱུརྻོ། ཤ་ཡིག་ནི་ཤས་ལ་སྟེ་སའི་འང་ནའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །འདི་ཉིད་ཀྱིས་ཨ་ཡིག་རིང་པོར་འཐོབ་སྟེ། རིང་པོ་ལས་ཕ་རོལ་དབྱི་ཞིང་སའང་
ན་ཡིག་ཏུ་འགྱུར་རོ། །ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་པས་ཎ་ཉིད་འཐོབ་པ་ལ། མཐའ་མ་ཡིན་པ་ཞེས་སྨོས་པས་མི་འགྱུར་རོ། །སྲུཪྻཱནུ། གསུམ་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་བྱེད་པ་ལ་གསུམ་པ་འགྱུར་ཏེ། གཅིག་ཉིད་ལ་
སོགས་པའི་དོན་རྣམས་ལ་གཅིག་གི་ཚིག་ཊཱའོ། །ཊཱ་ཡིག་ལས་ཨཱ་ཡིག་ཕྲལ་བར་བྱ་སྟེ། ཊཱ་ཡིག་ནི་ཨི་ན་ཊའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཨི་ནར་ཊའོ་ཞེས་པས་ཨི་ནར་འགྱུར་ཞིང་། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེ་སྟེ་ཕ་རོལ་ཡང་དབྱི་བ་ཐོབ་ལ། ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་ཞེས་པ་ལ་སོགས་
པས་ན་ཉིད་དོ། །སྲུརྻ་ཎ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་ཨ་ཡིག་རིང་པོར་ཐོབ་བོ། །སྲུརླུ་ཥཱུམ། བྷིས་ཨཻས་ཡང་ནའོ་ཞེས་པས་བྷིས་ཨཻས་སུ་འགྱུར་ཞིང་། ཨེ་ཡིག་ལ་ཨཻ་སྟེ་ཨཻ་ཡིག་ལ་ཡང་ངོ་ཞེས་པས་སྲུརྻཻཿ། བཞི་པའི་དོན་བརྗོད་པར་འདོད་པ་ན། ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་
པས་ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པ་འགྱུར་ཏེ། དོན་གཅིག་ལ་གཅིག་གི་ཚིག་ངེའོ། །ད་ཡི་གེ་ནི་ངེ་ཡའོ་ཞེས་པའི་ཁྱད་པར་གྱི་དོན་ཏེ། འདི་ཉིད་ཀྱང་ཡ་ཡིག་ཏུའང་འགྱུར་ལ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་ཨ་ཡིག་རིང་པོར་ཐོབ་བོ། ། སཱུ་རླུ་ཡ། སཱུ་རྻྰ་བྷྱཱ་མ། དྷུ་ཊ་མ་པོ་ཉིད་ལ་ནི་ཨེའོ་

ཞེས་པས་ཨེ་ཉིད་དོ། །སྲུརླེ་བྷྱཿ། ལྔ་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་འབྱུང་ཁུངས་ལ་ལྔ་པ་འགྱུར་ཏེ། དོན་གཅིག་ལ་གཅིག་གི་ཚིག་ང་སིའོ། །སི་ཡིག་ལས་ཨི་ཡིག་ཕྲལ་བར་བྱ་སྟེ། ང་སི་ངས་དག་གི་ཨ་ཨུའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ།
ང་སི་ཨཱཏ་ཏོ་ཞེས་པས་ཨཱཏ་ཏེ་མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཞིང་ཕ་རོལ་ཡང་དབྱིའོ་ཞེས་པས་ཕ་རོལ་དབྱིའོ། །སྲུརྻྰཏ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོའོ། །སཱུཪྻཱ་བྷྱམྲ། སྔ་མ་བཞིན་དུ་ཨེ་ཉིད་དོ། །སཱུརྻེ་བྷྱཿ། དྲུག་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་
དང་བྱེད་པ་ཞེས་པ་ལ་སོགས་པས་བདག་པོ་ལ་སོགས་པ་ལ་དྲུག་པ་འགྱུར་ཏེ་དོན་གཅིག་ལ་གཅིག་གི་ཚིག་ངས་སོ། །ངས་ཀྱི་ཨ་ཡིག་ཕྲལ་བར་བྱ་སྟེ། ང་ཡིག་ནི་ངས་སྱའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། འདི་ཉིད་ཀྱིས་ངས་སྱ་རུ་འགྱུར་རོ། །སྲུརྻ་སྱ། ཨོས་ལའང་ངོ་ཞེས་པས་ཨེ་ཉིད་དེ་
ཨེ་ཨ་ཡའོ། །སྲུརྻ་ཡོཿ། ཐུང་ངུ་ན་དཱི་ཤྲདྡྷཱ་རྣམས་ལས་སི་དབྱིའོ་ཞེས་པ་སྤྱིར་བཏང་ནས། ཨཱ་མ་ལའང་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ཨུ་ཡིག་ནི་གསུམ་པ་ལ་སོགས་པ་ལ་ནི་ཕ་རོལ་གྱི་དང་པོར་རོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །སྲུརྻྰ་
ཎཱམ། བདུན་པའི་དོན་བརྗོད་པར་འདོད་པ་ན། ལྷག་མ་རྣམས་ལས་དང་བྱེད་པ་ཞེས་པ་ལ་སོགས་པས་གཞི་ལ་བདུན་པ་འགྱུར་ཏེ། དོན་གཅིག་ལ་གཅིག་གི་ཚིག་ངིའོ། ངི་ཡིག་ལས་ཨི་ཡིག་ཕྲལ་བར་བྱ་སྟེ། ངི་ཡིག་ནི་ངི་སྔ་མ་དང་བཅས་པ་ཨཽའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཨའི་ཡི་གེ་ཨིའི་
ཡི་གེ་ལ་ཨེ་སྟེ་ཕ་རོལ་ཡང་དབྱིའོ། སྲུརྻེ། སྲུརྻ་ཡོཿ། སུ་པྲའི་པ་ཡིག་ནི་གང་རྗེས་སུ་འབྲེལ་བ་མི་སྦྱོར་རོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་དེ། ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །སྲུརྻེ་ཥུ། ཀུན་དུ་
བོད་པའི་དོན་བརྗོད་པར་འདོད་པ་ན། ཀུན་དུ་བོད་པ་ལའང་ཞེས་པས་དང་པོར་འགྱུར་ཏེ། གཅིག་གི་དོན་ལ་ཀུན་དུ་བོད་པ་ལ་སི་སཾ་བུདྡྷའོ་ཞེས་པས་སཾ་བུདྡྷིའི་མིང་ཅན་ཡིན་ཞིང་སཾ་བུདྡྷི་ལ་ཨཱའང་མ་ཡིན་ནོ་ཞེས་པ་སྤྱིར་བཏང་ནས་ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱེའོ། །ཏེ་སྲུརྻ། ཏེ་སྲུརློ། ཧེ་སྲུརྻུཿ། དེ་

བཞིན་དུ་སྐྱེས་པའི་རྟགས་ཨ་ཡིག་གི་མཐའ་ཅན་བྲྀཀྵ་ལ་སོགས་པའི་སྒྲ་རྣམས་ལའང་ཤེས་པར་བྱའོ།། །།ཨགྣིའི་སྒྲ་ལས་ཀྱང་སི་ལ་སོགས་པ་རྣམས་ཏེ། དང་པོའི་གཅིག་གི་ཚིག་ལ་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཨགྣིཿ། ཨགྣི་ལས་ཨམ་གྱི་ཨ་ཡིག་
གོ་ཞེས་པ་སྤྱིར་བཏང་ནས་ཨོ་ཡིག་སྔ་མར་རོ་ཞེས་པས་ཨོ་ཡིག་ནི་སྔ་མའི་དབྱངས་ཨི་ཡིག་ཏུ་འཐོབ་ཅིང་། མཚུངས་པ་ལ་རིང་པོ་སྟེ། རིང་པོ་ལས་ཕ་རོལ་ཡང་དབྱིའོ། །ཨགྣཱི། ཨི་ཨེཏ་ཨུ་ཨོཏ་ཛས་ལའོ་ཞེས་པས་ཨི་ཨེཏ་དུ་འགྱུར་ཞིང་ཨེ་ཨ་ཡའོ། །ཨགྣ་ཡཿ། ཨགྣི་ལས་ཨམ་གྱི་ཨ་
ཡིག་གོ་ཞེས་པས་ཨམ་གྱི་ཨ་ཡིག་དབྱིའོ། །ཨགྣིམྲ། །ཨགྣཱི། ཤས་ཀྱི་ཨ་ཡིག་སྟེ་སའང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པས་ཤས་ཀྱི་ཨ་ཡིག་ཨི་ཡིག་ཏུ་ཐོབ་ཅིང་ས་འང་ན་ཡིག་ཏུ་འགྱུར་ལ། མཚུངས་པ་ལས་རིང་པོ་སྟེ་རིང་པོ་ལས་ཕ་རོལ་དབྱིའོ། །ཨགྣཱིནྲ། ཊཱ་ནཱའོ་ཞེས་པས་ནཱ་
རུ་འགྱུར་རོ། །ཨགྣི་ནཱ། ཨགྣི་བྷྱཱ་མ། །ཨགྣི་བྷིཿ། དེ་ལའོ་ཞེས་པས་ཨི་ཨེཏ་དུ་འགྱུར་ཞིང་ཨེ་ཨ་ཡའོ། །ཨགྣ་ཡེ། ཨགྣི་བྷྱཱ་མ། ཨགྣི་བྷྱཿ། ང་སི་ངས་དག་གི་ཨ་ཡིག་དབྱི་བར་འགྱུར་ཞིང་། ཨི་ཨེཏ་དུ་འགྱུར་རོ། །ཨགྣེཿ། ཨགྣི་བྷྱཱ་མ། སྔ་མ་བཞིན་དུ་ཨགྣེཿ། ཨིའི་ཡི་གེ་
འདྲ་བའི་ཡི་གེ་མ་ཡིན་པ་ལ་ཞེས་པས་ཡ་ཉིད་དོ། །ཨགྣྱོཿ། ཨཱ་མ་ལའང་ནུའོ་ཞེས་པས་ནུ་ཨཱ་ག་མ་སྟེ། ཨུ་ཡིག་ནི་གསུམ་པ་ལ་སོགས་པ་ལ་ནི་ཕ་རོལ་གྱི་དང་པོར་རོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ནུ་དང་བཅས་པའི་ཨཱམ་ལ་རིང་པོའོ་ཞེས་པས་རིང་པོའོ། །ཨགྣཱི་ནཱ་མ། དི་སྔ་མ་དང་བཅས་
པ་ཨཽའོ་ཞེས་པས་ཨི་ཡིག་དང་ལྷན་ཅིག་ངི་ཨཽ་རུ་འགྱུར་རོ། །ཨགྣཽ། ཨགྣྱཽཿ། ནཱ་མི་དང་ཀ་དང་ར་ལས་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཨགྣི་ཥུ། ཀུན་ཏུ་བོད་པ་ལ་ནི་ཨགྣི་སྤྱིར་བཏང་བ་ལ། སཾ་བུདྡྷི་ལའང་ངོ་ཞེས་པས་ཨི་ཨེཏ་དུ་འགྱུར་ཞིང་། ཐུང་ངུ་ན་དཱི་ཞེས་པ་ལ་སོགས་པས་སི་དབྱིའོ། །ཧེ་
ཨགྣེ། ཧེ་ཨགྣཱི། །ཧེ་ཨགྣ་ཡཿ། དེ་བཞིན་དུ་སྐྱེས་པའི་རྟགས་ཨི་ཡིག་གི་མཐའ་ཅན་གཞན་རྣམས་ལའང་སྟེ། ཧ་རི། བི་རིཉྩི། དྷཱུསྫྫ་ཊི་ལ་སོགས་པ་རྣམས་དང་། ཨཉྫ་ནི། ནི་དྷི། །ཨོཾ་གྷྲི། ཡོ་ནི། མུ་ནི། དྷྭ་ནི། ས་མཱ་དྷི། དུནྡུ་བྷི། །བྲཱི་ཧི། ཨ་ཏི་ཐི། མཱ་ལི། སཱ་ར་ཐི། ཞེས་པ་ལ་སོགས་

རྣམས་ལྟ་བུའོ།། །།ས་ཁིའི་སྒྲ་ལས་ཀྱང་སི་ལ་སོགས་པ་རྣམས་ཏེ། ས་ཁིའི་སྒྲ་འབའ་ཞིག་གི་ཁྱད་པར་ལ་ནི། དང་པོའི་གཅིག་གི་ཚིག་ལ་ཨུ་ཤ་ནས་པུ་རུ་དཾ་ཤས་ཨ་ནེཧས་རྣམས་ཀྱི་སི་ལ་ཨན་མཐའོ་ཞེས་པ་སྤྱིར་བཏང་ནས། ས་ཁིའི་འང་ངོ་ཞེས་པས་སི་ལ་ཨནྲ་དུ་འགྱུར་ལ། གྷུཊ་
ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་རིང་པོ་ཉིད་དེ། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་ཞིང་རྟགས་མཐའི་མིང་ཡིག་གོ་ཞེས་པས་ན་དབྱིའོ། །ས་ཁཱ། གྷུཊ་ལ་ནི་ཨཻའོ་ཞེས་པས་ཨཻ་རུ་འགྱུར་ཞིང་ཨཻ་ཨཱ་ཡའོ། །ས་ཁཱ་ཡཽ། །ས་ཁཱ་ཡཿ། ས་ཁཱ་ཡམ། ས་ཁཱ་ཡོ། ས་ཁཱིན། །ས་ཁི་
ཊཱ་སོགས་ལ་ཨགྣི་མ་ཡིན་ནོ་ཞེས་ཨགྣིའི་མིང་གི་བྱ་བ་བཀག་པའི་ཕྱིར་ཊཱནཱའོ་ཞེས་པས་ནཱ་རུ་འགྱུར་བ་མ་ཡིན་ཞིང་། ཨིའི་ཡི་གེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཡའོ་ཞེས་པས་ཡ་ཉིད་དོ། །ས་ཁྱཱ། ས་ཁི་བྷྱཱ་མྲ། ས་ཁི་བྷིཿ། སྔ་མ་བཞིན་དུ་ཨགྣིའི་མིང་ཡོད་པ་མ་ཡིན་པའི་ཕྱིར་དེ་ལའོ་ཞེས་
པས་ཨི་ཨེཏ་དུ་འགྱུར་བ་མ་ཡིན་ནོ། །ས་ཁྱེ། ས་ཁི་བྷྱཱམ། ས་ཁི་བྷྱཿ། ང་སི་ངས་དག་གི་ཨ་ཨུའོ་ཞེས་པས་ང་སི་དང་ངས་དག་གི་ཨ་ཡིག་ཨུ་རུ་ཐོབ་ཅིང་། ཡ་ཉིད་དོ། །ས་ཁྱུཿ། ས་ཁི་བྷྱཱམ། ས་ཁི་བྷྱཿ། ས་ཁྱུཿ། ས་ཁྱོཿ། ས་ཁཱི་ནཱཾ། ས་ཁི་པ་ཏི་དག་གི་ངི་ཨཽ་རུ་འགྱུར་རོ། །ས་ཁྱཽ།
ས་ཁྱོཿ། ཥ་ཉིད་དོ། །ས་ཁོ་ཥུ། ཀུན་དུ་བོད་པ་ལ་ནི་གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་ལ་ཞེས་སྤྱིར་བཏང་བ་ལས་སཾ་བུདྡྷི་ལ་ཨན་འགྱུར་བ་མ་ཡིན་ཞིང་སྔ་མ་བཞིན་དུ་ཨེ་ཉིད་དོ། །ཧེ་ས་ཁེ། ཧེ་ས་ཁཱ་ཡོ། ཧེ་ས་ཁཱ་ཡཿ། པ་ཏིའི་སྒྲ་ལ་ནི། ཚིག་སྡུད་ལ་ཨགྣི་བཞིན་དུ་འགྱུར་ཞིང་། འབའ་ཞིག་པ་ལ་
ནི་པ་ཏི་བསྡུ་བ་མ་ཡིན་པ་ལའོ་ཞེས་པས་ཊཱ་ལ་སོགས་པ་ལ་ཨགྣིའི་མིང་ཅན་གྱི་བྱ་བ་མེད་དོ། །པ་ཏིཿ། པ་ཏཱི། པ་ཏ་ཡཿ། པ་ཏིམྲ། པ་ཏཱི། པ་ཏཱིན། ཊཱལ་སོགས་པ་ལས་ཁི་དང་འདྲ་བའི་གཟུགས་སུ་གྲུབ་བོ། །པ་ཏྱ། །པ་ཏི་བྷྱཱམ། པ་ཏི་བྷིཿ། པ་དྱེ། པ་ཏི་བྷྱཱམ། པ་ཏི་བྷྱཿ། པ་ཏྱུཿ།
པ་ཏི་བྷྱཱམ། པ་ཏི་བྷྱཿ། པ་ཏྱོཿ། པ་ཏྱོཿ། པ་ཏཱི་ནཱམ། པ་ཏྻཽ། པ་ཏྻཽཿ། པ་ཏིཥུ། ཀུན་ཏུ་བོད་པ་ལ། ཧེ་པ་ཏེ། ཧེ་པ་ཏཱི། ཧེ་པ་ཏ་ཡཿ།། །།པནྠིའི་སྒྲ་ལས་སི་ལ་སོགས་པ་རྣམས་ཏེ། ཨི་ཡིག་གི་མཐའ་ཅན་ཉིད་ཡིན་ཡང་ཨགྣིའི་མིང་དགོས་པ་མེད་ལ། ཨམ་ཤས་དག་གི་ཨཱའོ་ཞེས་

པ་སྤྱིར་བཏང་ནས། པནྠི། མནྠི། རྀ་བྷུཀྵི་རྣམས་ཀྱི་སི་ལའོ་ཞེས་པས་ཨི་ཡིག་ཨཱ་རུ་འགྱུར་ཞིང་། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ་ཞེས་པས་རྣམ་པར་གཅད་བྱའོ། །པནྠཱཿ། གྷུཊ་ལ་ཨན་མཐའོ་ཞེས་པས་གྷུཊ་ལ་ཨི་ཡིག་ཨནྲ་དུ་འགྱུར་ཞིང་། གྷུཊ་ལའང་སཾ་བུདྡྷི་མ་
ཡིན་པ་ལ་ཞེས་པས་རིང་པོ་ཉིད་དོ། །པནྠཱ་ནཽ། པནྠཱ་ནཿ། པནྠཱ་ན་མ། པནྠཱ་ནཽ། གྷུཊ་མ་ཡིན་པའི་དབྱངས་ལ་དབྱིའོ་ཞེས་པས་ཨི་ཡིག་དབྱི་ཞིང་། གསལ་བྱེད་ལའང་འདི་རྣམས་ཀྱི་ནའོ་ཞེས་པས་ན་དབྱིའོ། །པ་ཐཿ། པ་ཐཱ། པ་ཐི་བྷྱཱམ། པ་ཐི་བྷིཿ། པ་ཐེ། པ་ཐི་བྷྱཱམ། པ་ཐི་བྷྱཿ། པ་ཐཿ། པ་
ཐི་བྷྱཱམ། པ་ཐི་བྷྱཿ། པ་ཐཿ། པ་ཐོཿ། བསྲུབ་པ་དག། བསྲུབ་པ་རྣམས། པ་ཐཱ་མ། པ་ཐི། པ་ཐོཿ། པ་ཐི་ཥུ། ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་ལའང་ངོ་ཞེས་པས་ཨེ་ཉིད་ཐོབ་མོད། ཕ་རོལ་ཉིད་ལས་ཨཱ་ཉིད་ཁོ་ནའོ། །ཧེ་པནྠཱཿ། ཧེ་པནྠཱ་ནཽ། །ཧེ་པནྠཱ་ནཿ། དེ་བཞིན་དུ་མནྠི་དང་རྀ་བྷུ་ཀྵིའི་སྒྲ་ལ་ནི་ན་ཡིག་ཡོད་
པ་ལས་ན་དབྱི་བ་མེད་དོ་ཞེས་པ་ཁྱད་པར་རོ། །ཨཾ་ཤུའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་ཨགྣིའི་སྒྲ་དང་འདྲ་ལ། མཚན་ཉིད་འདི་ནི་ཁྱད་པར་ཏེ། ཨཽ་ཡིག་སྔ་མའོ་ཞེས་པས་ཨཽ་ཡིག་སྔ་མའི་དབྱངས་ཉིད་སྟེ་ཨུ་ཡིག་ཏུ་ཐོབ་པོ། །ཨི་ཨེཏ་ཨུ་ཨོཏ་ཛས་ལའོ་ཞེས་པས་ཨུ་ཨོཏ་དུ་འགྱུར་ལ། ཨོ་ཨ་ཝའོ། །
ཤས་ཀྱི་ཨ་ཡིག་ཅེས་པ་ལ་སོགས་པས་ཤས་ཀྱི་ཨ་ཡིག་ཨུ་ཡིག་ཏུ་ཐོབ་པོ། །ངི་སྔ་མ་དང་བཅས་པ་ཞེས་པས། སྔ་མའི་དབྱངས་ཉིད་དེ་ཨུ་ཡིག་དང་ལྷན་ཅིག་ངི་ཨཽ་རུ་འགྱུར་རོ། །ཨུའི་ཡི་གེ་ཝའོ་ཞེས་པས་ཝ་ཉིད་དོ། །ཨཾ་ཤུཿ། ཨཾ་ཤཱུ། །ཨཾ་ཤ་ཝཿ། ཨཾ་ཤུམ། ཨཾ་ཤཱུ། །ཨཾ་ཤཱུན། ཨཾ་ཤུ་ནཱ།
ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷིཿ། ཨཾ་ཤཝེ། ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷྱཿ། ཨཾ་ཤོ། ཨཾ་ཤུ་བྷྱཱམ། ཨཾ་ཤུ་བྷྱཿ། ཨཾ་ཤོ། །ཨཾ་ཤྭཿ། ཨཾ་ཤཱུ་ནཱ་མ། ཨཾ་ཤཽ། ཨཾ་ཤྭེཿ། ཨཾ་ཤུ་ཥུ། །ཀུན་དུ་བོད་པ་ལ། ཧེ་ཨཾ་ཤོ། ཧེ་ཨཾ་ཤཱུ། ཧེ་ཨཾ་ཤ་ཝཿ། དེ་བཞིན་དུ་ཤཾ་བྷུ། བི་བྷུ། སྠཱ་ཎུ། ཀ་རེ་ཎུ། ཀི་སེ་རུ།
ཀཱ་རུ་རྣམས་དང་། ཨིཀྵུ། བྷིཀྵུ། ཧི་མཱཾ་ཤུ། ཨོ་ཏུ། ཨཱ་ཡུ། གོ་མཱ་ཡུ། བཱ་ཡུ་རྣམས་དང་། སཱ་ནུ། །བྷཱ་ནུ། ཧེ་ཏུ། ཨམྦུ། །བེ་ཎུ། རེ་ཎུ། ཧ་ནུ། ཀྲྀ་ཤཱ་ནུ་ཞེས་པ་ལ་སོགས་པ་རྣམས་སོ།། །།ཀྲོཥྚུའི་སྒྲ་ལས་སི་ལ་སོགས་པ་རྣམས་ཏེ། ཀྲོ་ཤ་བོད་པ་ལའོ། །ཀྲོ་ཤ་ཏི་

ཞེས་པས་སི་དང་ཏ་ནི་དང་ག་མི་དང་། མ་སི་དང་། ས་བི་དང་། ཨ་བི་དང་། ས་ནུ་དང་། ཀྲུ་ཤི་རྣམས་ལས་ཏུན་ནོ། །ན་ཡིག་ནི་བརྗོད་པའི་དོན་ཡིན་ལ། ཨུ་པ་དྷ་ན་མི་ནའི་འང་ཡང་བའི་འོ་ཞེས་པས་ཡོན་ཏན་ཏེ། ཌྷ་ཤ་དག་གི་ཞེས་པས་ཥ་ཉིད་དུ་འགྱུར་ཞིང་། ཏ་སྡེ་ནི་ཥ་དང་ཊ་སྡེ་ལས་ཏ་སྡེའི་ཊ་སྡེའོ་
ཞེས་པ་ལ་སོགས་པས་ཏ་ཡིག་ནི་ཊ་ཡིག་ཏུ་འགྱུར་ཏེ་ཀྲོཥྚུ་ཞེས་པ་གྲུབ་བོ། །ཀྲུ་ཤ་ལས་ཏུ་ན་གྷུཊ་དང་བུད་མེད་ལའང་མེད་ཅིང་། ཨུཎ་ལ་སོགས་པ་ནི་ཁ་ཅིག་ཏུའོ། །ཏྲྀ་ཙམ་གྲུབ་པ་ནི། ཤས་ལ་སོགས་པའི་དབྱངས་ལ་ཏྲྀ་ཙའི་མཐའ་དང་ཏུན་གྱི་མཐའ་ཡང་རབ་ཏུ་སྦྱོར་ཏེ། གསལ་བྱེད་དང་པོ་ལ་ནི་
ཏུན་གྱི་མཐའ་ཉིད་རབ་ཏུ་སྦྱོར་རོ། །ཀྲོ་ཤ་ཏི་ཞེས་པ་དང་བུཎ་ཏྲྀ་ཙ་དག་ཅེས་པས་ཀྲྀ་ཙཱི་ཙ་ཡིག་ནི་བརྗོད་པའི་དོན་ཡིན་ལ། ཡོན་ཏན་ལ་སོགས་པ་ནི་སྔ་མ་བཞིན་ཏེ། ཀྲོཥྚི་ཞེས་གནས་པ་ལ། རྀ་ཡིག་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་སྤྱིར་བཏང་ནས། སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པས་རྀ་
ཡིག་ཨཱ་རུ་འགྱུར་ཞིང་སི་དབྱི་བའང་ངོ་། །ཀྲོཥྚཱ། བྷུཊ་ལའང་ངོ་ཞེས་པ་སྤྱིར་བཏང་ནས། བྱིངས་ལས་ཏྲྀ་སྒྲའི་ཨཱར་རོ། །ཀྲོཥྚཱ་རཽ། ཀྲོཥྚཱོ་རཿ། ཀྲོཥྚཱ་རྨྲ། །ཀྲོཥྚཱ་རཽ། །ཤས་ལ་སོགས་པའི་ཕྱོགས་ལ་ཏུན་མཐའ་སྟེ་ཨཾ་ཤུའི་སྒྲ་དང་འདྲའོ། ཀྲོཥྚུ་ན། ཀྲྀ་ཙ་མཐའི་ཕྱོགས་ལ་ནི་ཨགྣི་དང་འདྲ་བར་
འགྱུར་ལ། ཤས་ཀྱི་ཨ་ཡིག་སྟེ་སའང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པས་ཤས་ཀྱི་ཨ་ཡིག་རྀ་ཡིག་ཏུ་ཐོབ་ཅིང་། །སའང་ན་ཡིག་ཏུ་འགྱུར་ལ། མཚུངས་པ་ལས་རིང་པོ་སྟེ་རིང་པོ་ལས་ཕ་རོལ་དབྱིའོ། །ཀྲོཥྚཱི་ནྲ། ཀྲོཥྚཱུ་ནཱ། ཏྲྀ་ཙ་མཐའི་ཕྱོགས་ལ། རྀའི་ཡི་གེ་རའོ་ཞེས་པས་ར་ཉིད་དོ། །ཀྲོཥྚཱ།
གསལ་བྱེད་ཀྱི་ཡུལ་ཉིད་ལས་ནི་ཏུནྲ་གྱི་མཐའ་ཁོ་ན་རབ་ཏུ་སྦྱོར་རོ། །ཀྲོཥྚཱུ་བྷྱཱམ། ཀྲོཥྚཱུ་བྷིཿ། ཀྲོཥྚ་བེ། ཀྲོཥྚེ། ཀྲོཥྚུ་བྷྱཱམ། ཀྲོཥྚུ་བྷྱཿ། ང་སི་ངས་དག་གི་ཨ་ཨུའོ་ཞེས་པ་སྤྱིར་བཏང་ནས། རྀཏ་མཐའ་ལས་སྔ་མ་དང་བཅས་པའོ་ཞེས་པས་ངྲ་སི་ངས་དག་གི་ཨ་ཡིག་རྀ་ཡིག་དང་ལྷན་ཅིག་ཨུ་རུ་ཐོབ་
བོ། །ཀྲོཥྚུཿ། ཀྲོཥྚོཿ། ཀྲོཥྚུ་བྷྱཱམ། ཀྲོཥྚུ་བྷྱཿ། ཀྲོཥྚུ། ཀྲོཥྚུཿ། ཀྲོཥོཊོཿ། ཀྲོཥྚ་ུནཱ་མྲ། ཀྲོཥྚཱྀ་ཎཱམྲ། །ཀྲོཥྚཽ། །དི་ལ་ཨར་རོ་ཞེས་པས་ཨར་རོ། །ཀྲོཥྚ་རི། །ཀྲོཥྚོཿ། ཀྲོཥྚྭོཿ། །ཀྲོཥྚུ་ཥུ། །ཀུན་དུ་དུ་བོད་པ་ལ་ནི། མ་ནིང་ལས། སི་ཨམ་དག་གི་དབྱི་བ་དང་། ཏུན་རྐྱེན་ནོ། །ཧེ་ཀྲོཥྚོ།

ཧེ་ཀྲོཥྚ་རཽ། ཧེ་ཀྲོཥྚ་རཿ། བུད་མེད་དང་པོ་ལ་ནི་མདོ་ས་ཨཱི་རྐྱེན་ནོ། །ཀྲོཥྚཱི། །སྭ་ཡཾ་བྷ་ཝ་ཏི་ཞེས་པ་ལ། གཞན་རྣམས་ཀྱང་མཐོང་ངོ་ཞེས་པ་སྤྱིར་བཏང་ནས། ཀྭི་པྲ་འང་ངོ་ཞེས་པས་ཀྭི་པྲ་འང་སྟེ། ཉེ་བའི་ཚིག་གིས་ཚིག་སྡུད་དོ། །པ་ཡིག་ནི་བྱིངས་ཀྱི་བ་རྗེས་སུ་འབྲེལ་བ་ལ་
ཏ་མཐའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། ཝ་ཡིག་ནི་སྦྱར་བ་མ་ཡིན་པའི་ཝི་དབྱིའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ཞིང་། ཀ་ཡིག་ནི་ཀ་ལ་ཡཎ་བཞིན་ཡང་སྟེ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །རྟགས་ཀྱི་མིང་ཅན་ལ་སི་ལ་སོགས་པ་རྣམས་ཏེ། སི་ལ་ནི། སྭ་ཡཾ་བྷཱུཿ། དབྱངས་ལ་གཉིས་ཀྱི་ཚིག་ལ་
སོགས་པ་ལ་ནི། །ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཝ་ཉིད་དུ་ཐོབ་མོད། །བྷཱུའི་ཝཪྵཱ་བྷཱུ་དང་པཱུ་ནར་བྷཱུ་མ་ཡིན་པའོ་ཞེས་པས་བྷཱུ་ནི་ཨུ་ཝ་རུ་ཐོབ་བོ། སྭ་ཡཾ་བྷུ་བཽ། སྭ་ཡཾ་བྷུ་ཝཿ། སྭ་ཡཾ་བྷུ་ཝམ། སྭ་ཡཾ་བྷུ་ཝཽ། སྭ་ཡཾ་བྷུ་ཝཿ། སྭཱ་ཡཾ་བྷུ་ཝཱ། སྭ་ཡཾ་བྷུ་བྷྱཱམ། སྭ་ཡཾ་བྷུ་བྷིཿ། སྭ་ཡཾ་བྷུ་ཝེ།
སྭ་ཡཾ་བྷཱུ་བྷྱཱམ། སྭ་ཡཾ་བྷུ་བྷྱཿ། སྭ་ཡཾ་བྷ་ཝཿ། སྲ་ཡཾ་བྷུ་བྷྱཱམ། སྭ་ཡཾ་བྷཱུ་བྷྱཿ། སྭ་ཡཾ་བྷཱུ་ཝཿ། སྭ་ཡཾ་བྷུ་ཝོཿ། སྭ་ཡཾ་བྷུ་ཝམ། སྭ་ཡཾ་བྷཱུ་ཝི། སྭ་ཡཾ་བྷུ་ལྦོཿ། སྭ་ཡཾ་བྷུ་ཥུ། །ཀུན་དུ་བོད་པ་ལ་ནི། །ཧེ་སྭ་ཡཾ་བྷཱུཿ། ཧེ་སྭ་ཡཾ་བྷཱུ་ཝཽ། ཧེ་སྭ་ཡམ་བྷུ་ཝཿ། དེ་བཞིན་དུ་ཨཱ་ཏྨ་བྷཱུ། །མ་ནོ་བྷཱུ། པྲ་ཏི་བྷཱུ་ཞེས་པ་
འདི་ལྟ་བུ་ལ་སོགས་པ་རྣམས་སོ། །ཁ་ལ་པཱུའི་སྒྲ་ལ་ཁྱད་པར་ནི། ཁ་ལ་པཱུ་དག་པར་བྱེད་པ་ལའོ་ཞེས་པས་ཀྭི་པ་སྟེ། ཉེ་བའི་ཚིག་གིས་ཚིག་སྡུད་དོ། །སི་ལ་ནི་ཁ་པཱུཿ། །ཨུ་ཝ་ཐོབ་མོད། ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་ཝ་ཉིད་དོ། །ཁ་ལ་སྭཽ། ཁ་ལ་སྭཿ། ཁ་ས་སྭཾ། ཁ་ལ་
སྭཽ། ཁ་ལ་སྭཿ། ཁ་ལ་སྭཱ། ཁ་ལ་སཱུ་བྷྱཱམ། ཁ་ལ་སཱུ་བྷིཿ། ཁ་ལ་སྲེ། ཁ་ལ་སཱུ་བྷྱཱམ། ཁ་ལ་སཱུ་བྷྱཿ། ཁ་ལ་སྭཿ། ཁ་ལ་སཱུ་བྷྱཱམ། ཁ་ལ་སཱུ་བྷྱཿ། ཁ་ལ་སྭཿ། ཁ་ལ་སྭོཿ། ཁ་ལ་སྭཱམ། ཁ་ལ་སྭི། ཁ་ལ་སྭོཿ། ཁ་ལ་པཱུ་ཥུ། ཀུན་དུ་བོད་པ་ལ་ནི། ཧེ་ཁ་ལ་པཱུཿ། ཧེ་ཁ་ལ་སྭཽ། །ཧེ་ཁལ་སྭཿ
ཝ་དྷཱ་བྷཱུ་སྒྲ་ལའང་ཁྱད་པར་ནི། བྷཱུའི་ཝཪྵཱ་བྷཱུ་དང་པུ་ནར་བྷཱུ་མ་ཡིན་པ་ཞེས་པས། འདི་ཝེཪྵཱ་བྷཱུའི་སྒྲ་ལ་ནི་བཀག་པའི་ཕྱིར། ཡི་གེ་གཅིག་མ་ཡིན་པ་ཞེས་པ་ལ་སོགས་པས་དབྱངས་དང་པོ་ལ་ཝ་ཉིད་དོ། །ཝཪྵཱ་བྷཱུཿ། ཝཪྵཱ་བྷྭཽ། ཝཪྵ་བྷྭཿ།། །།པི་ཏྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་ཏེ། དང་པོའི་གཅིག་

ལ་སི་ལ་ཨཱ་སྟེ་སི་དབྱི་བའང་ངོ་ཞེས་པས་རྀ་ཡིག་ཏུ་འགྱུར་ཞིང་སི་ཕ་རོལ་ལ་སི་དབྱི་བའང་ངོ་། །པཱི་ཏཱ། ངི་ལ་ཨར་རོ་ཞེས་པ་སྤྱིར་བཏང་ནས། གྷུཊ་ལའང་ངོ་ཞེས་པས་རྀ་ཡིག་ཨར་རོ། །པི་ཏ་རོ། པི་ཏི་རཿ། པི་ཏ་ར་མ། པི་ཏ་རཽ། །ཤས་ལ་ཨགྣི་བཞིན་ནོ་ཞེས་པས་ཨགྣི་དང་འདྲ་བར་འགྱུར་
ཏེ། ཤས་ཀྱི་ཨ་ཡིག་སྟེ་ཞེས་པ་ལ་སོགས་པས་ཤས་ཀྱི་ཨ་ཡིག་རྀ་ཡིག་ཏུ་ཐོབ་ཅིང་། སའང་ན་རུ་འགྱུར་ལ། མཚུངས་པ་ལས་རིང་པོ་སྟེ། རིང་པོ་ལས་ཕ་རོལ་དབྱིའོ། །པི་ཏྲྀ་ན། ར་ཉིད་དོ། །པི་ཏྲཱ། པི་ཏྲྀ་བྷྱཱམ། པི་ཏྲྀ་བྷིཿ། པི་ཏྲེ། པི་ཏྲྀ་བྷྱཱམ། པི་ཏྲྀ་བྷྱཿ། རིཊ་མཐའ་ལས་སྔ་མ་དང་
བཅས་པའོ་ཞེས་པས་རྀ་ཡིག་དང་ལྷན་ཅིག་ང་སི་ངས་དག་གི་ཨ་ཡིག་ཨུ་རུ་ཐོབ་བོ། །པི་ཏུཿ། པི་ཏྲྀ་བྷྱཱམ། པི་ཏྲྀ་བྷྱཿ། པི་ཏུཿ། པི་ཏྲོཿ། སྔ་མ་བཞིན་དུ་ནུ་ཨཱ་ག་མ་སྟེ། ནུ་དང་བཅས་པའི་ཨཱ་མ་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དོ། །པི་ཏྲཱྀ་ཎཱ་མ། ངི་ལ་ཨར་རོ་ཞེས་པས་ཨར་རོ། །པི་ཏ་རི།
པི་ཏྲོཿ། ཥ་ཉིད་དོ། །པི་ཏྲྀ་ཥུ། །ཀུན་དུ་བོད་པ་ལ་ནི། སཾ་བུདྡྷི་ལ་ཨཱ་འང་མ་ཡིན་ནོ་ཞེས་པས་ཨཱ་འགོག་ཅིང་གྷུཊ་ལའང་ཞེས་པས་ཨར་དུ་འགྱུར་ལ། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་སྟེ། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཧེ་པི་ཏཿ། ཧེ་བི་ཏ་རཽ། ཧེ་པི་ཏ་རཿ། དེ་བཞིན་དུ་
མཱ་ཏྲྀ་དང་ཛཱ་མཱ་ཏྲྀའོ། །ནྲྀའི་སྒྲ་ལ་ནི། དྲུག་པའི་མང་པོའི་ཚིག་ལ་ཁྱད་པར་དུ་ནཱ་མ་ལ་རིང་པོ་མ་ཡིན་ནོ་ཞེས་པ་འདིར་འཇུག་བཞིན་པ་ལ། ནྲྀ་ཡང་ནའོ་ཞེས་རྣམ་པར་བརྟག་པས་རིང་པོའོ། །ནྲྀ་ཎཱ་མ་ནྲྀ་ཎཱ་མ།། །།པྲ་ཤཱ་སྟྲྀའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། །སྔ་མ་བཞིན་དུ་སི་ལ་ཨཱ་སྟེ་སི་
དབྱི་བའང་ངོ་། །པྲ་ཤཱ་སྟཱ། བྱིངས་ལས་ཏྲྀ་སྒྲའི་ཨཱར་རོ་ཞེས་པ་སྤྱིར་བཏང་ནས། སྭ་སྲྀ་ལ་སོགས་པ་རྣམས་ཀྱིའང་ངོ་ཞེས་པས་ཨཱར་རོ། །པྲ་ཤཱ་སྟ་རཽ། པྲ་ཤཱ་སྟཱ་རཿ། པྲ་ཤཱ་སྟཱ་རམ། པྲ་ཤཱ་སྟཱ་རཽ། པྲ་ཤཱ་སྟྲཱྀན། ལྷག་མ་ནི་སྔ་མ་བཞིན་ཏེ། དེ་བཞིན་དུ་ན་པྟྲྀ་དང་། ནེཥྚྲྀ་དང་། ཏྭཥྚྲཾ་དང་། ཀྴ་ཏྲྀ་
དང་། ཧོ་ཏྲྀ་དང་། པི་ཏྲྀའོ།། །།རཻའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་གསལ་བྱེད་དང་པོ་ཅན་ལ་ཨ་ཉིད་དོ་ཞེས་པ་སྤྱིར་བཏང་ནས། རཻའིའོ་ཞེས་པས་ཨཱ་ཉིད་དེ། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །རཱཿ། དབྱངས་དང་པོ་ཅན་ལ་ཨཻ་ཨཱ་ཡའོ། །རཱ་ཡཽ། རཱ་ཡཿ། རཱ་ཡམ།

རཱ་ཡཽ། རཱ་ཡཿ། རཱ་ཡཱ། རཱ་བྷྱཱམ། རཱ་བྷིཿ། རཱ་ཡེ། རཱ་བྷྱཱམ། རཱ་བྷྱཿ། རཱ་ཡཿ། རཱ་བྷྱཱམ། རཱ་བྷྱཿ། རཱ་ཡཿ། རཱ་ཡོཿ། རཱ་ཡེ། རཱ་ཡི། རཱ་ཡོཿ། རཱ་སུ། ཀུན་དུ་བོད་པ་ལ་ནི། །ཧེ་རཱཿ། ཧེ་རཱ་ཡཽ། ཧེ་རཱ་ཡཿ།། །།གོའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་
གྷུཊ་ལ་གོའི་ཨཽའོ་ཞེས་པས་གོའི་ཨོ་ཡིག་ཨཽ་རུ་འགྱུར་རོ། །གཽཿ། ཨཽ་ཨཱ་ཝའོ། གཱ་ཝཽ། །གཱ་ཝཿ། ཨ་མ་ཤས་དག་གི་ཨཱའོ་ཞེས་པས་ཨཱ་རུ་འགྱུར་རོ། །གཱམ། གྰ་ཝཽ། །སྔ་མ་བཞིན་དུ་ཨཱ་རུ་འགྱུར་རོ། །གྰཿ། དབྱངས་དང་པོ་ཅན་ལ་ཨོ་ཨ་ཝའོ། །ག་ཝྰ། །གོ་བྷྱཱམ། གོ་བྷིཿ། ག་ཝེ།
གོ་བྷྱཱམ། གོ་བྷྱཿ། ང་སི་ངས་དག་གི་ཨ་དབྱི་བའང་ངོ་ཞེས་པས་སྤྱིར་བཏང་ནས་གོ་ལས་ཀྱང་ངོ་ཞེས་པས་ང་སི་ངས་དག་གི་ཨ་དབྱིའོ། གོཿ། གོ་བྷྱཱམ། གོ་བྷྱ།། གོཿ། ག་ཝོཿ། ག་ཝཱཾ། ག་ཝི། ག་ཝོཿ། གོ་ཥུ། ཀུན་དུ་བོད་པ་ལ། ཧེ་གོཿ། ཧེ་གྰ་ཝཽ། ཧྱེ་གྰ་ཝཿ། གོའི་སྒྲ་འདི་བུད་མེ་དང་སྐྱེས་
པ་ལ་འཇུག་སྟེ་གཉི་ག་ལ་ཡང་ཁྱད་པར་མེད་དོ། །གཽཿ། གཱ་ཝཽ། །གྰ་ཝཿ། དི་བ་མཚུངས་པའི་དོན་ཅན་བུད་མེད་ཀྱི་རྟགས་ལ་དྱོའི་སྒྲ་འཇུག་སྟེ། དེ་འང་གོའི་སྒྲ་དང་འདྲ་བར་གཟུགས་སུ་གྲུབ་བོ་ཞེས་ཁ་ཅིག་སེམས་པར་བྱེད་པ་ནི། དཔེར་ན་དྱཽཿ། དྱཱ་ཝཽ། དྱཱཾ། དྱཱ་ཝོ། དྱཱཿ། དྱཱ་ཝྰ། དྱཽ་བྷྱཱམ།
དྱོ་བྷིཿཞེས་པ་ལ་སོགས་པའོ། །དབང་ཕྱུག་གོ་ཆའི་བཞེད་པས་ནི་མཚན་ཉིད་ཡོངས་སུ་བཤད་ནས་རབ་ཏུ་སྦྱོར་བ་ཉིད་མེད་དེ། ཨམ་ལ་ཡང་ནའོ་ཞེས་པའི་མདོ་མཛད་པའི་ཕྱིར་རོ། །རྣམ་པ་གཞན་དུ་དི་ཞེས་པའི་དྱོའི་སྒྲ་ཉིད་མི་འགྲུབ་ཅིང་དོན་ཐ་དད་པ་ཡང་མེད་དོ་ཞེས་སོ། །གླཽའི་སྒྲ་ལས་སི་ལ་སོགས་པ་རྣམས་
ནི། དང་པོའི་གཅིག་གི་ཚིག་ལ་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །གླཽཿ། དབྱངས་ལ་ནི་ཨཽ་ཨཱ་ཝའོ། གླཱ་ཝཽ། གླ་ཝཿ། གླཱ་ཝཾ། གླཱ་ཝཽ། གླཱ་ཝཿ། གླ་བྷྱཱ། གླཽ་བྷིམ། གློ་བྷཱིཿ། གླཱ་ཝེ། གླཽ་བྷྱཱམ། གླཽ་བྷྱཿ། གླཱ་ཝཿ། གླཽ་བྷྱཱམ། གླཽ་བྷྱཿ། གླཱ་ཝཿ། གླཱ་ཝོཿ། གླཱ་ཝཱཾ། གླཱ་ལྦི། གླཱ་ལྦོཿ། གླཽ་ཥུ།
ཀུན་དུ་བོད་པ་ལ། ཧེ་གླཽཿ། ཧེ་གླཱ་ཝཽ། ཧེ་གཱ་ཝཿ། ཞེས་པ་སྐྱེས་པའི་རྟགས་དབྱངས་ཀྱི་མཐའ་ཅན་རྣམས་རྫོགས་སོ།། །།གསལ་བྱེད་ཀྱི་མཐའ་ཅན་རྣམས་བརྗོད་པར་བྱའོ། །ཨ་མྦུ་མུཉྩ་ཏི་ཞེས་པས་ཀྭིཔྲ་སྟེ། ཉེ་བའི་ཚིག་གི་ཚིག་སྡུད་དོ། །རྟགས་ཀྱི་མིང་ཅན་ལས་སི་ལ་སོགས་པ་རྣམས་

ནི། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་ཞིང་། རྫོགས་པ་དང་གསལ་བྱེད་དང་པོ་རྣམས་ལ་ཨ་ན་ཌྭཱ་ཧ་ན་ཧི་ཞེས་པ་སྤྱིར་བཏང་ནས། རྫོགས་པ་དང་གསལ་བྱེད་དག་ལ་ཙ་སྡེ་དང་དྲྀ་ཤ་ལ་སོགས་པ་རྣམས་ཀྱི་འང་ཞེས་པས་ག་ཡིག་སྟེ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པ་དང་། སྒྲ་མེད་པ་ལ་དང་པོའོ་ཞེས་
པ་སྤྱིར་བཏང་ནས་རྫོགས་པ་ལ་ཡང་ནའོ་ཞེས་པ་མ་དང་པོ་ཉིད་ཀྱི་ཀ་ཡིག་གོ། །ཨ་མྤུ་མུ་ཀ། ཨ་མྦུ་མུགྲ། །ཨམྦུ་མུ་ཙཽ། ཨམྦུ་མུ་ཙཿ། ཨ་མྦུ་མུ་ཙཾ། ཨམྦུ་མུ་ཙཽ། ཨམྦུ་མུ་ཙཿ། ཨམྦུ་མུ་ཙ། ཨམྦུ་མུ་གྦྷམ། ཨམྦུ་མུ་གྦྷིཿ། ཨམྦུ་མུ་ཙེ། ཨམྦུ་མུ་གྦྷྱྰྨཾ། ཨ་མྦུ་མུ་གྦྷྱཿ། ཨམྦུ་མུ་ཙཿ། ཨམྦུ་མུགྦྷྱམ།
ཨམཱུ་མུགྦྷྱཿ། ཨམྦུ་མུ་ཙཿ། ཨམྦ་མུ་ཙོཿ། ཨམྦུ་མུ་ཙཱམྲ། ཨམྦུ་མུ་ཙི། །ཨམྦུ་མུ་ཙོཿ། གཉིད་དུ་བྱས་པ་ལ་སྒྲ་མེད་པ་ལ་དང་པོའོ་ཞེས་པས་ཀ་ཡིག་སྟེ། ནྰ་མི་དང་ཀ་དང་ར་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཨམྦུ་མུཀྴུ། ཀུ་ན་དུ་བྱེད་པ་ལ། ཧེ་ཨམྦུ་མུཀ྄། ཧེ་ཨམྦུ་མུག྄། ཧེ་ཨམྦུ་མུ་ཙཽ་
ཧེ་ཨམྦུ་མུ་ཙཿ། དེ་བཞིན་དུ་ཨམྦྷོ་མུཙ། ཛ་ལ་མུ་ཙ། བ་ཡོ་མུ་ཙ། ཀ་མུ་ཙ་ཞེས་པ་ལ་སོགས་པའོ།། །།ཀྵྨཱ་བྷུ་ཕྱོད་དོ་ཞེས་པས་ཀྭིཔ྄་སྟེ། ཚིག་སྡུད་ལ་སོགས་པ་ནི་སྔ་མ་བཞིན་ནོ། །དེ་ལ་སི་ལ་སོགས་པ་རྣམས་ནི། གསལ་བྱེད་ལས་ཀྱང་ངོ་ཞེས་པས་སི་དབྱི་ཞིང་། ཙ་སྡེ་དང་དྲྀ་ཤ་
སོགས་རྣམས་ཀྱི་འང་ངོ་ཞེས་པས་ཛ་ཡིག་ག་ཡིག་སྟེ། དེ་ཡང་རྫོགས་པ་ལ་ཡང་ནའོ་ཞེས་པས་ཀ་ཡིག་གམ་ག་ཡིག་ཏུའོ། །ཀྵྨཱ་བྷུ་ཀ྄ །ཀྵྨཱ་བྷུ་ག྄ །ཀྵྨཱ་བྷུ་ཛཽ། ཀྵྨཱ་བྷུ་ཛཿ། ཀྵྨཱ་བྷུ་ཛཱཾ། ཀྵྨཱ་བྷུ་ཛཽ། ཀྵྨཱ་བྷུ་ཛཿ། ཀྵྨཱ་བྷུ་ཛྰ། ཀྵྨཱ་བྷུ་གྦྷྱཱཾ། ཀྵྨཱ་བྷུ་གྦྷིཿ། ཀྵྨཱ་བྷུ་ཛེ། ཀྵྨཱ་བྷུ་གྦྷྱཱ་མ྄། ཀྵྨཱ་བྷུ་གྦྷྱཿ། ཀྵྨཱ་བྷུ་ཛཿ། ཀྵྨཱ་
བྷུ་གྦྷྱཱམ། ཀྵྨཱ་བྷུ་གྦྷྱཿ། ཀྵྨཱ་བྷུ་ཛཿ། ཀྵྨཱ་བྷུ་ཛོཿ། ཀྵྨཱ་བྷུ་ཛཱཾ། ཀྵྨཱ་བྷུ་ཛི། ཀྵྨཱ་བྷུ་ཛོཿ། ཀྵྨཱ་བྷུ་ཀྵུ། ཀུན་དུ་བོད་པ་ལ། ཧེ་ཀྵྨཱ་བྷུ་ཀྲ྄། ཧེ་ཀྵྨཱ་བྷུག྄། །ཧེ་ཀྵྨཱ་བྷུ་ཛཽ། །ཧེ་ཀྵྨཱ་བྷུ་ཛཿ། དེ་བཞིན་དུ་བྷཱུ་བྷུ་ཛྲ྄དང་རི་ཏྭི་ཛྲ྄་ལ་སོགས་པ་རྣམས་སོ།། །།མ་རུ་ཏ་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི་རྫོགས་པ་ལ་
ཡང་ནའོ་ཞེས་པས་ཏ་ཡིག་གམ་ད་ཡིག་གོ། །མ་རུཏ྄། །མ་རུད྄། མ་རུ་ཏཽ། །མ་རུཏ྄ླཿ། མ་རུ་ཏམྲ། མ་རུ་ཏཽ། མ་རུ་ཏཿ། མ་རུ་ཏཱ། ཨིས་ཨུས་དོཥ་རྣམས་ཀྱི་སྒྲ་ལྡན་ལའོ་ཞེས་པ་སྤྱིར་བཏང་ནས། སྒྲ་ལྡན་ལ་དྷུཏ་རྣམས་ཀྱི་གསུམ་པའོ་ཞེས་པས་ཏ་ཡིག་ད་ཡིག་གོ། །མ་རུདྦྷྱཱམ། །མ་རུ་དྦྷིཿ།

མ་རུ་ཏེ། མ་རུདྦྷྱཱམ། མ་རུདྦྷྱཿ། མ་རུ་ཏཿ། མ་རུ་དྦྷྱམ། མ་རུདྦྷྱཿ། མ་རུ་ཏཿ། མ་རུ་ཏོཿ། མ་རུ་ཏཱ། མ་རུ་ཏི། །མ་རུ་ཏོཿ། མ་རུ་ཏྶུ། དེ་བཞིན་དུ་ཨགྣི་ཙི་ཏ་དང་གསྟད་ལ་སོགས་པའོ།། །།ཀྲ་བྱྰ་ཟའོ་ཞེས་པས་ཀྲ་བྱའི་སྒྲ་ཉེ་བའི་ཚིག་ལ་ཨད་དེ། ཨནྣ་མ་ཡིན་པ་ལའོ་ཞེས་
བ་སྤྱིར་བཏང་ནས། ཀྲ་བྱཱ་ལའང་ངོ་ཞེས་པས་ཀྭི་པྲ་དང་། ཚིག་སྡུད་ལ་སོགས་པ་སྔ་མ་བཞིན་ནོ། །རྫོགས་པ་ལ་ཡང་ནའོ་ཞེས་པས་ཏ་ཡིག་གམ་ད་ཡིག་གོ། །ཀྲབྱཱཏ། ཀྲ་བྱཱད། ཀྲ་བྱཱ་དཽ། ཀྲ་བྱཱ་དཿ། ཀྲ་བྱཱ་དཽ། ཀྲ་བྱཱ་དཿ། ཀྲ་བྱཱ་དཱ། ཀྲ་བྱཱ་དྦྷམ། ཀྲ་བྱཱ་དྦྷིཿ། ཀྲ་བྱཱ་དྭེ། ཀྲ་བྱཱ་དྦྷྱཱམ།
ཀྲ་བྱཱ་དྦྷྱཿ། ཀྲ་བྱཱ་དཿ། ཀྲ་བྱཱ་དྦྷྱཱམ། ཀྲ་བྷྱཱ་དྦྷྱཱཿ། ཀྲ་བྱཱ་དཿ། ཀྲ་བྱཱ་དོཿ། ཀྲ་བྱཱ་དཱིཿ། ཀྲ་བྱཱ་དི། ཀྲ་བྱཱ་དོཿ། ཀྲ་བྱ་དྶུ། དེ་བཞིན་དུ་ཤཱསྟ་བིད་ལ་སོགས་པ་རྣམས་སོ། །མྲྀ་གི་རྣམས་ལ་གནོད་པ་བྱེད་དོ་ཞེས་པས་བྱ་དྷི་ལས་ཀྭི་པྲའོ། ཀ་ལ་ཡཎ་བཞིན་འང་སྟེ་ཡ་ལ་བརྗོད་པ་བོར་བའོ་ཞེས་པའི་དང་པོས་
ཡཎ་དང་འདྲ་བར་འགྱུར་ཞིང་། ཡོན་ཏན་མེད་པ་ཉིད་དོ། །གྲ་ཧི་ཛྱ་ལ་སོགས་པ་རྣམས་ཀྱི་སཾ་པྲ་སྰ་ར་ཎ་སྟེ་ཨ་ཡིག་དབྱངས་དང་ལྷན་ཅིག་ཨི་ཡིག་གོ། །ན་ཧི་བྲྀ་ཏི་བྲྀ་ཥི་བྱ་དྷི་རུ་དྷི་ས་ཧི་ཏ་ནི་རྣམས་ཀྭི་པྲའི་མཐའ་ཅན་རྣམས་ལ་སོ་སོར་དང་པོའི་ཡི་གེ་རྣམས་ཁོ་ན་རིང་པོའོ་ཞེས་པས་ཚིག་སྔ་མ་རིང་པོ་སྟེ།
རྫོགས་པ་ལ་ཡང་ནའོ་ཞེས་པས་དྷ་ཡིག་ནི་ཏ་ཡིག་གོ། །མྲྀ་གཱ་བིཏ། མྲྀ་གཱ་བིད། མྲྀ་གཱ་བི་དྷཽ། མྲི་གྰ་བི་དྷཿ། མྲི་གྰ་བི་དྷཾ། མྲི་གཱ་བི་དྷཽ། མྲི་གྰ་བིདྷཿ། མྲི་གྰ་བིདྟ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ད་ཉིད་དོ། །མྲི་གྰ་བིདྦྷྱཱམ། མྲི་གཱ་བིདྦྷིཿ། ཞེས་པ་ལ་སོགས་པའོ། དེ་བཞིན་དུ་དྷ་རྨྨཱ་བིད་
ཅེས་པ་ལ་སོགས་པ་རྣམས་སོ། །ཨཱ་ཏྨ་ནྲ་ཀྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། །གྷུཊ་ལ་འང་སཾ་བུ་དྷྷེ་མ་ཡིན་པ་ལ་ཞེས་པས་རིང་པོ་ཉིད་དེ། གསལ་བྱེད་ལས་ཀྱང་ཞེས་པས་སི་དབྱི་ཞིང་། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱིའོ། །ཨཱ་ཏྨཱ། ཨཱ་ཏྨཱ་ནཽ། ཨཱ་ཏྨཱ་ནཿ། ཨཱ་ཏྨཱ་ནཾ། ཨཱ་ཏྨཱ་ནཽ།
ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་དབྱིའོ་ཞེས་པའི་ཨ་དབྱི་བ་མེད་དེ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་སྨོས་པས་བཀག་པའི་ཕྱིར་རོ། ཨཱཏྨཱ་ནཿ། ཨཱ་ཏྨཱ་ནཱ། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱི་ཞིང་། དེའི་ན་དང་བརྩེགས་པའི་མཐའ་ཕྱིས་པ་དག་ནི་ཆོ་ག་སྔ་མ་བཞིན་འང་ངོ་ཞེས་

པས་མ་ཕྱིས་པ་དང་འདྲ་བར་འགྱུར་བའི་ཕྱིར། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་པས་རིང་པོ་ཉིད་དང་། བྷིས་ཨཻས་ཡང་ནའོ་ཞེས་པ་དང་། དྷུཊ་མང་པོ་ཉིད་ལ་ནི་ཨེའོ་ཞེས་པས་ཨེ་ཉིད་དུ་འགྱུར་པ་ནི་མ་ཡིན་ནོ། ཨཱཏྨ་བྷྱཱམ། །ཨཱཏྨ་བྷིཿ། ཨཱཏྨནེ། ཨཱ་ཏྨ་བྷྱཱམ། ཨཱ་ཏྨ་བྷྱཿ། ཨཱ་ཏྨ་ནཿ། ཨཱ་ཏྨ་
བྷྱཱ་མ། ཨཱ་ཏྨབྷྱཿ། ཨཱ་ཏྨནཿ། ཨཱ་ཏྨནོཿ། ཨཱ་ཏྨནཱམ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཞེས་པས་བཀག་པའི་ཕྱིར། ངི་ལ་ཨར་རོ་ཞེས་པའི་རྣམ་པར་བརྟག་པ་མེད་དོ། །ཨཱཏྨ་ནི། ཨཱཏྨ་ནཽ། །ཨཱཏྨསུ། ཀུན་དུ་བོད་པ་ལ། སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་བཀག་པའི་ཕྱིར། །སཾ་བུདྡྷིལ་
རིང་པོར་འགྱུར་བ་མ་ཡིན་ཞིང་། སཾ་བུདྡྷི་མ་ཡིན་པ་ལ་ཞེས་པས་ན་དབྱི་བའང་བཀག་གོ། །ཧེ་ཨཱཏྨན། ཧེ་ཨཱཏྨ་ནཽ། ཧེ་ཨཱཏྨནཿ། དེ་བཞིན་དུ་ཨ་དྷྭནྲ་དང་པྲ་ཧྨན྄་དང་ཨསྨན་དང་ཤླེ་སྨན་ལ་སོགས་པ་རྣམས་སོ། །རཱ་ཛནྲ་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། །གྷུཊ་ལའང་སཾ་བུདྡྷི་མ་ཡིན་པ་
ལ་ཞེས་པས་རིང་པོ་ཉིད་དོ། །རཱ་ཛཱ། རཱ་ཛཱ་ནཽ། །རཱ་ཛཱ་ན། རཱ་ཛཱ་ནཾ། རཱ་ཛཱ་ནཽ། །བ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱི་བ་ཞེས་པ་ལ་སོགས་པས་ཨ་དབྱི་ཞིང་། །ཏའི་སྡེ་པ་ནི་ཙ་ཊའི་སྡེ་པ་ཞེས་པ་ལ་སོགས་པས་ན་ཡིག་ནི་ཉ་ཡིག་གོ། །རཱཛྙཿ། རཱ་ཛྙ། རཱ་ཛ་བྷྱཱཾ། རཱཛ་བྷིཿ། རཱ་
ཛྙེ། རཱཛ་བྷྱཱམ། རཱཛབྷྱཿ། རཱཛྙཿ། རཱ་ཛ་བྷྱཱམ། རཱ་ཛ་བྷྱཿ། རཱ་ཛྙཱཿ། རཱ་ཛྙོཿ། རཱ་ཛྙཱཾ། ཨཱི་དང་ངི་དག་ལ་ཡང་ནའོ་ཞེས་པའི་རྣམ་པར་བརྟག་པས་ཨ་དབྱིའོ། །རཱ་ཛྙི། རཱ་ཛ་ནི། རཱ་ཛྙོཿ། རཱ་ཛ་སུ། །ཀུན་དུ་བོད་པ་ལ་ནི། །ཧེ་རཱ་ཛན། ཧེ་རཱ་ཛཱ་ནཽ། །ཧེ་རཱ་ཛ་ན། དེ་བཞིན་དུ་ཛ་དྷྭན། ནཀྴན།
མཀྴན། ཏཀྴནྲ། །ཨེ་ཌྷི་མཱན་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་སོ།། །།ཡུ་བན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཡུ་བཱ། ཡུ་བཱ་ནཽ། ཡུ་བཱ་ནཿ། ཡུ་བཱ་ནཾ། ཡུ་བཱ་ནཽ། །གྷུཊ་མ་ཡིན་པའི་དབྱངས་དང་པོ་ལ་ཨིཊ་དང་བཅས་པའི་འང་བནྶའི་བ་སྒྲའི་ཨུ་ཉིད་དོ་ཞེས་པ་སྤྱིར་བཏང་
ནས། ཤྭན། ཡུ་བན། མ་གྷ་བན་རྣམས་ཀྱི་འང་ངོ་ཞེས་པས་ཝ་སྒྲའི་ཨུ་ཉིད་དོ། །མཚུངས་པ་ལས་རིང་པོ་དང་། རིང་པོ་ལས་ཕ་རོལ་དབྱིའོ། །ཡཱུ་ནཿ། ཡཱུ་ནཱ། ཡུ་བ་བྷྱཱམ། ཡུ་བ་བྷིཿ། ཡཱུན། ཡུ་བ་བྷྱཱམ། ཡུ་བ་བྷྱཿ། ཡཱུནཿ། ཡུ་བ་བྷྱཱམ། ཡུ་བ་བྷྱཿ། ཡཱུ་ནཿ། ཡཱུ་ནོཿ།

ཡཱུ་ནཱཾ། ཡཱུ་ནི། ཡཱུ་ནོཿ། ཡུ་བ་སུ། ཀུན་དུ་བོད་པ་ལ། ཧེ་ཡུ་བན། ཧེ་ཡུ་བཱ་ནཽ། ཧེ་ཡུ་བཱ་ན། དེ་བཞིན་དུ་ཤྭཱ། ཤྭཱ་ནཽ། ཤྭཱ་ནཿ། ཤྭཱ་ནཾ། ཤྭཱ་ནཽ། གྷུཊ་མ་ཡིན་པའི་དབྱངས་ལ་མཚུངས་པ་ལས་རིང་པོའང་མེད་དོ་ཞེས་པ་ཁྱད་པར་རོ། ཤུ་ནཿ།
ཤུ་ནཱ། ཤྭཱ་བྷྱཱམ། ཤྭ་བྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། མ་གྷ་བཱ། མ་གྷ་བྷ་ནཽ། མ་གྷ་བཱ་ནཿ། མ་གྷ་བཱ་ནཾ། མ་གྷ་བཱ་ནཽ། ཨུ་ཉིད་དུ་བྱས་པ་ལ་ཨུའི་ཡི་གེ་ལ་ཨོ་སྟེ་ཕ་རོལ་ཡང་དབྱིའོ་ཞེས་པ་ཁྱད་པར་རོ། །མ་གྷོ་ནཿ། མ་གྷོ་ནཱ། ལ་སོགས་པའོ། །ཕྱོགས་ལ་ནི། ན་྅ྲ་
མེད་པའི་ཨརྦན་ནི་སི་མ་ཡིན་པ་ལ་ཨར་བནྟིའོ་ཞེས་པ་སྤྱིར་བཏང་ནས་སི་ལའང་མ་གྷ་ཝན་ནི་མ་གྷ་ཝནྟུ་ཡང་ནའོ་ཞེས་པས་མ་གྷ་བན་གྱི་སྒྲ་ནི་མ་གྷ་བནྟ་རུ་འགྱུར་ཞིང་། ཨུ་ཡིག་ནི་ཨནྟུ་དང་ཨས་མཐའི་ཡང་བྱིངས་མ་ཡིན་པའི་སི་ལའོ་ཞེས་པའི་ཁྱད་པར་གྱི་དོན་ཡིན་ལ། འདི་ཁོ་ནས་རིང་པོ་ཉིད་དེ་གསལ་
བྱེད་ལས་ཀྱང་ངོ་ཞེས་བས་སི་དབྱི་ཞིང་། བརྩེགས་པའི་མཐའ་ཞེས་པས་ཏ་དབྱི་སྟེ། ན་དང་བརྩེགས་པའི་མཐའ་དག་ནི་ཆོ་ག་སྔ་མ་ལ་ཕྱིས་པ་བཞིན་འང་ངོ་ཞེས་པས། མ་ཕྱིས་པ་དང་འདྲ་བར་འགྱུར་ལ། རྟགས་མཐའི་ན་ཡིག་གོ་ཞེས་པས་ན་དབྱི་བར་འགྱུར་བ་མ་ཡིན་ནོ། །མ་གྷ་ཝཱན། མ་གྷ་
བནྟཽ། མ་གྷ་བནྟཿ། མ་གྷ་བནྟཾ། མ་གྷ་བནྟཽ། ཨ་ནུ་ཥཾ་ག་འང་ཀྲུཉྩ་དང་ཨིཏ་མ་ཡིན་པའིའོ་ཞེས་པས་ཨ་ནུ་ཥཾ་ག་དབྱིའོ། །མ་གྷ་བ་ཏ། མ་གྷ་བ་ཏཱཿ། དྷུཊ་རྣམས་ཀྱི་གསུམ་པའོ་ཞེས་པས་ད་ཡིག་གོ། །མ་གྷ་བདྦྷྱམ། མ་གྷ་བདྦྷིཿ། ཞེས་པ་ལ་སོགས་པའོ། །ཀུན་དུ་བོད་པ་ལ་ནི།
སཾ་བུདྡྷི་ལ་མ་ཡིན་ནོ་ཞེས་པ་སྤྱིར་བཏང་བའི་ཕྱིར་སཾ་བུདྡྷི་ལ་རིང་པོར་འགྱུར་བ་མ་ཡིན་ནོ། །ཧེ་མ་གྷ་ཝན། ཧེ་མ་གྷ་ཝནྟཽ། ཧེ་མ་གྷ་བནྟཿ།། །།པཱུ་ཥ་ཎའི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨིནྲ་དང་། ཧནྲ་དང་། པཱུ་ཥན་དང་། ཨ་རྻ་མན་རྣམས་ཀྱི་ཤི་ལའང་ངོ་ཞེས་པའི་ངེས་པ་ལས་
ཨཽ་ལ་སོགས་པ་རྣམས་ལ་རིང་པོར་འགྱུར་བ་མ་ཡིན་ནོ། །པཱུ་ཥཱ། པཱུ་ཥ་ནཽ། པཱུ་ཥ་ཎཿ། པཱུ་ཥ་ཎཾ། པཱུ་ཥ་ནཽ། ཨ་དབྱིའོ། །པཱུཥྞཿ། པཱུཥྞཱ། པཱུ་ཥ་བྷྱཱམ། པཱུ་ཥ་བྷིཿ། ཞེས་པ་ལ་སོགས་པ་རྣམས་ཏེ། དེ་བཞིན་དུ་ཤརྦ་ཝརྨན་ནོ།། །།བྲཧྨཱ་ཎཾ་ཧ་ཏ་པཱན་ཞེས་པས་ཀྭིབྲའང་ཚིག་སྡུད་དེ། རྟགས་ཀྱི་

མིང་ཅན་ལས་གྷུཊ་ལ་སྔ་མ་བཞིན་ནོ། །བྲཧྨ་ཧཱ། བྲཧྨ་ཧཱ་ཎཽ། བྲཧྨ་ཧ་ཎཿ། བྲ་ཧྨཧ་ཎཾ། བྲཧྨ་ཧ་ཎཽ། གྷུཊ་མ་ཡིན་བའི་དབྱངས་ལ། ཝ་མ་བརྩེགས་པ་མ་ཡིན་པ་ལས་ཨན་གྱི་ཨ་དབྱི་བ་ཞེས་པ་ལ་སོགས་པས་ཨ་དབྱི་བ་བྱས་པ་ན་ཧ་ནིའི་ཧིའི་གྷི་སྟེ་ཨུ་པ་དྷ་ཕྱིས་པ་ལའོ་ཞེས་པས་ཧ་གྷ་ཡིག་
གོ། །བྲཧྨ་གྷྣཿ། བྲ་ཧྨ་གྷྣཱ། བྲ་ཧྨ་ཧ་བྷྱཱམ། བྲ་ཧྨ་ཧ་བྷིཿ། ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་བྷཱུ་ཎ་ཧན་དང་བྲྀཏྲ་ཧན་ནོ།། །།ཧ་ལིན་གྱི་སྒྲ་ལས་སི་ལ་སོགས་པ་རྣམས་ནི། ཨིན་ཧན་