Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 208
Văn bản gốc(Tây Tạng)
Trang 32 / 32 (50.000 ký tự/trang)
ནམ་ཡང་འགོག་མེད་མཁའ་ལ་རབ་བཏེག་ཕན་དང་བདེ་བའི་གྲིབ་བསིལ་གང་། །བསྟན་དང་འགྲོ་བའི་མི་མཐུན་གདུང་སེལ་མཆོག་ཏུ་ལྷག་པར་མཛེས་གྱུར་ཅིག། །ཚུལ་འདིར་ལོག་རྟོག་རྡུལ་གྱིས་ཉེར་བསྒྲིབས་ནས། །གཞུང་དོན་དགའ་མའི་བཞིན་རས་མི་གསལ་ན། ། མཁས་མཆོག་དམ་པའི་སྤྱན་སྔར་མི་འཆབ་པས། །དཔྱད་གསུམ་དག་པས་བྱི་དོར་མཛད་དུ་གསོལ། །གང་གི་རིག་ཚུལ་གངྒའི་ཡབ་གཅིག་ལས། །ཉེར་འོངས་ལེགས་ཚོགས་རབ་དངས་དལ་འགྲོ་ཡིས། །ཡིད་ཅན་རྨོངས་པའི་དྲི་མ་ཀུན་བཀྲུས་ནས། །ཀུན་མཁྱེན་རིན་ཆེན་རྒྱ་མཚོར་འཇུག་པར་ཤོག། །།