Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 208

Văn bản gốc(Tây Tạng)

Trang 27 / 32 (50.000 ký tự/trang)
་མི་ཥཱཾ་ཙ་ཀཱ་ར། ལུཊ་ ཛི་གཱ་མི་ཥི་ཏཱ། སྨོན་ལིང་ ཛི་གཱ་མི་ཥྱཱ་ཏ། ལྲྀཊ་ ཛི་གཱ་མི་ཥི་ཥྱ་ཏི། ཨ་ཛི་གཱ་མི་ཥི་ཥྱ་ཏ། སོགས་དང་། རྟོགས་པའི་དོན་ཡིན་ན་ག་མི་རུ་མི་
བསྒྱུར། འགྲེལ་པར་ཨ་ཙ་གཅིག་པ་དང་པོ་ལ་སན་ཉིད་གཉིས་བརྗོད་དོ་ཞེས་བྱུང་བས། ས་གཉིས་བརྗོད། སན་ལ་ཨི་ཏ་འོས་ཨི་ཏ་དུ་བསྒྱུར། ཀུན་ནས་བསྒྱུར་བ་སོགས་ཀྱིས་ས་གཉིས་ཥ། པྲ་ཏི་སྔོན་དུ་བཞག་པས། ལཊ་ པྲ་ཏཱི་ཥི་ཥ་ཏི། ལིང་ པྲ་ཏཱི་ཥི་ཥེ་ཏ། ལོཊ་ པྲ་ཏྲཱི་ཥི་ཥ་ཏུ། ལང་ ཨ་པྲ་ཏཻ་
ཥི་ཥ་ཏ། ལུང་ ཨ་པྲ་ཏི་ཥི་ཥཱི་ཏ། ལིཊ་ པྲ་ཏཱི་ཥི་ཥཱཾ་ཙ་ཀཱ་ར། ལུཊ་ པྲ་ཏཱི་ཥི་ཥི་ཏཱ། སྨོན་ལིང་ པྲ་ཏཱི་ཥི་ཥྱཱ་ཏ། ལྲྀཊ་ པྲ་ཏཱི་ཥི་ཥི་ཥྱ་ཏི། ལྲྀང་ ཨ་པྲ་ཏཱི་ཥི་ཥི་ཥྱ་ཏ། སོགས་སོ། ༈ །ཨི་ཀ་དྲན་པ་ལའོ་ཞེས་པ་ལའང་ཆོ་ག་དང་གཟུགས་ཐམས་ཅད་ཨི་ཎ་དང་འདྲ་སྟེ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་དོ། ༈ །ཨིང་
ཀློག་པ་ལའོ་ཞེས་པ་ལ་སན། ཨིད་ཤྩ། ཨིང་གི་འང་ངོ་། །ཨིང་གི་འང་སན་ཕ་རོལ་ལ་ག་མི་རུ་བསྒྱུར་བར་བྱ་སྟེ། ག་མི་རུ་བསྒྱུར་གཉིས་བརྗོད། ཀུ་ཧ་དག་གི་ཙུ་འོས་ག་ཛ། སན་ལ་ཨི་ཏ་འོས་ཨི་ཏ་དུ་བསྒྱུར། ཨ་ཙ་ཧ་ན་གམ་རྣམས་ཀྱིས་ན་ལ་འོས་ཨུ་པ་དྷཱ་རིང་པོར་བསྒྱུར་བས། ཛི་གཱ་མི་ཥ་ཞེས་
གྲུབ་པ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ་ ཛི་གཱ་མི་ཥ་ཏེ། ལིང་ ཛི་གཱ་མི་ཥཾ་ཏ། ལོཊ་ ཛི་གཱ་མི་ཥ་ཏཱཾ། ལང་ ཨ་ཛི་གཱ་མི་ཥ་ཏ། ལུང་ ཨ་ཛི་གཱ་མི་ཥ་ཥྚ། ལིཊ་ ཛི་གཱ་མི་ཥཱཾ་ཙ་ཀྲ། ལུཊ་ ཨ ཛི་གཱ་མི་ཥི་ཏཱ། སྨོན་ལིང་ ཛ་གཱ་མི་ཥི་ཥཱི་ཥྚ། ལྲྀཊ་ ཛི་གཱ་མི་ཥི་ཥྱ་ཏ། ལྲྀང་ ཨ་ཛི་གཱ་མི་ཥི་ཥྱ་ཏ། སོགས་སོ། ༈ །
ཨཱི་རྵྱ་འདོད་པ་ལའོ་ཞེས་པ་ལ་ཎི་ཙ་དང་སན་སྦྱར། འགྲེལ་པར་ལུང་དྲངས་པ། ཨཱི་རྵྱ་ཏེཿ། ས་ནོ་བཱ་ཧྭི་དྭཾ། ཨཱི་རྵྱ་ཏི་ལས་སན་ཉིད་གཉིས་ཡང་ནའོ། །ཨཱི་རྵྱཱ་ཏི་ལས་ཕ་རོལ་གྱི་སན་ཉིད་ཡང་ན་གཉིས་བརྗོད་པར་བྱ་སྟེ། སན་གཉིས་བརྗོད། སན་ལ་ཨི་ཏ་འོས་གོང་མ་ཨི་ཏ་དུ་བསྒྱུར།

ཨཱི་རྵྱི་ཥི་ཥ། ཞེས་གྲུབ་པ་ལ་ལཊ་སོགས་སྦྱར་བས། ལཊ་ ཨཱི་རྵྱི་ཥི་མ་ཏི། ལུང་ ཨཱི་རྵྱེ་ཥིཥཱི་ཏ། ལིཊ་ ཨཱི་རྵྱི་ཥི་ཥཱཾ་ཙ་ཀཱ་ར། སོགས་དང་། ཡང་ན། ཨཱི་རྵྱ་ཏིའི་གསུམ་པའི་གཉིས་སོས་ཡ་ཎི་དང་བཅས་པ་གཉིས་བརྗོད་པས། ཨཱི་རྵྱི་ཡི་ཥ་ཞེས་པ་ལ་ལཊ་སོགས་སྦྱར་བས། ལཊ་ ཨཱི་རྵྱི་ཡི་ཥ་ཏི།
ལུང་ ཨཱི་རྵྱི་ཡི་ཥཱི་ཏ། ལིཊ་ ཨཱི་རྵྱི་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །བྷཱུ་ཡོད་པ་ལའོ་ཞེས་པ་ལ་སན་སྦྱར། ས་ནི་གྲ་ཧ་གུ་ཧོ་ཤྩ། གྲ་ཧ་གུ་ཧ་དག་གི་འང་སན་ལའོ། །གྲ་ཧ་ཉེ་བར་ལེན་པ་དང་། གུ་ཧཱུ་ཀུན་ནས་སྒྲིབ་པ་དང་འང་སྒྲས་བྱིངས་མཐའ་ཨུ་ཀ་སོ་སོར་བསྡུ་བ་རྣམས་ལས་ཕ་རོལ་གྱི་སན་ལ་
ཨིཊ་མི་འགྱུར་ཏེ། གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། བུ་གྷཱ་ཥ་ཞེས་གྲུབ་པ་ལ་ལཊ་སོགས་སྦྱར་བས། ལཊ་ བུ་བྷཱུ་ཥ་ཏི། ལུང་ ཨ་བུ་བྷཱ་ཥཱི་ཏ། ལིཊ་ བུ་བྷཱུ་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །དེ་བཞིན་དུ། ཧུ་བྱིན་པ་ལ་སན་སྦྱར། མདོ་འདིས་ཨིཊ་མི་འཇུག། ཨ་ཙ་ཧ་ན་གམ་རྣམས་ཀྱིས་ན་
ལ་འོས་རིང་པོར་བསྒྱུར་གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། ཛུ་ཧཱུ་ཥ་ཞེས་པ་ལ་ལཊ་སོགས་སྦྱར་བས། ལཊ་ ཛུ་ཧཱུ་ཥ་ཏི། ལུང་ ཨ་ཛུ་ཧཱུ་ཥཱི་ཏ། ལིཊ་ ཛུ་ཧཱུ་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །གུ་ཧཱུ་ཀུན་ནས་སྒྲིབ་པ་ལའོ་ཞེས་བ་ལ་སན་གཉིས་བརྗོད་ཀུ་ཧ་དག་གི་ཙུ་ཧའི་ཌྷ་འོས། ཧ་ཌྷ་ ཨ་ཙ་
གཅིག་པའི་བྷ་ཥ་མཐའ་སོགས་ཀྱིས་ག་གྷ། ས་ལ་ཥ་ཎྷ་ངག་གི་ཀ་འོས། ཌྷ་ཀ་ཀུན་ནས་བསྒྱུར་བ་སོགས་ཀྱིས་ས་ཥ་ར་བསྒྱུར། ཛུ་གྷུ་ཀྵ་ཞེས་པ་ལ་ལཊ་སོགས་སྦྱར་བས། ལཊ་ ཛུ་གྷུ་ཀྵ་ཏི། ལུང་ ཨ་ཛུ་གྷུ་ཀྵཱི་ཏ། ལིཊ་ ཛུ་གྷུ་ཀྵཾ་ཙ་ཀཱ་ར། སོགས་སོ། ༈ །གྲ་ཧ་ཉེ་བར་ལེན་པ་ལ་སན་སྦྱར། རུ་
ད་བིད་མུ་ཥ་གྲ་ཧི་སྭ་བི་བྲ་ཚཱཿསཾ་ཤྩ། རུད་ བིད་ མུ་ཥ་གྲ་ཧི་ སྭ་བི་པྲ་ཚ་ལས་སན་འང་ངོ་། །རུ་ད་མཆི་མ་འཛག་པ། བིད་ཤེས་པ། མུ་ཥ་རྐུ་བ། གྲ་ཧ་ཉེ་བར་ལེན་པ། སྭ་པི་ཉ་ལ་བ། བྲ་ཙྪ་ཤེས་པར་འདོད་པ་རྣམས་ལས་ཕ་རོལ་གྱི་ཀྲྀ་ཏ་སོགས་ཀྱི་རྐྱེན་ཀྟྭ་དང་སན་ཡང་ཀ་འགྲོ་བའི་མིང་ཅན་
ཏེ། སན་ཀི་ཏ་ཡིན་པས། གྲ་ཧི་ཛྱཱ་སོགས་ཀྱིས་སཾ་སྲ་སཱ་རཎ་བསྒྱུར། གཉིས་བརྗོད་རྀའི་ཨ་ཏ་དང་། སན་ལ་ཨི་ཏ་ཧའི་ཌྷ་འོས། ཧ་ཌྷ། ཨ་ཙ་གཅིག་བའི་བྷ་ཥ་མཐའ་སོགས་ཀྱིས། ག་གྷ། ས་ལ་ཥ་ཌྷ་དག་གི་ཀ །ཀུན་ནས་བསྒྱུར་བ་སོགས་ཀྱིས་ས་ཥ་ར་བསྒྱུར་ ཛི་གྷྲྀ་ཀྵ་ཞེས་གྲུབ་པ་ལ་ལཊ་

སོགས་སྦྱར་བས། ལཊ་ ཛི་གྷྲྀ་ཀྵ་ཏི། ལུང་ ཨ་ཛི་གྷྲྀ་ཀྵཱི་ཏ། ལིཊ་ ཛི་གྷཱྀ་ཀྵཱཾ་ཙ་ཀཱ་ར། སོགས་སོ། ༈ །ཉི་ཥ་བ་ཉལ་བ་ལའོ་ཞེས་པ་ལ་སན་སྦྱར། སན་ཀི་ཏ་ཡིན་པས། བཙི་སྭ་པི་སོགས་ཀྱིས་སཾ་པྲ་སཱ་ར་ཎར་བསྒྱུར། གཉིས་བརྗོད་པ་སོགས་ཀྱིས། སུ་ཥུ་པྶ་ཞེས་གྲུབ་པ་ལ་ལཊ་
སོགས་སྦྱར་བས། ལཊ་ སུ་ཥུ་པྶ་ཏི། ལུང་ ཨ་སུ་ཥུ་པྶཱི་ཏ། ལིཊ་ ཨ་སུ་ཥུ་པྷཱཾ་ཙ་ཀཱ་ར། སོགས་སོ། ༈ །ཥྨིར་ཅུང་ཟད་རྒོད་པ་ལའོ་ཞེས་པ་ལ་སན་སྦྱར། སྨི་པཱུར་རཾ་ཛཱུ་ཨ་ཤཱི་ས་ནི། སྨི་པཱུར་རྀ་ཨ་ཉྫཱུ་ཨ་ཤ་རྣམས་ཀྱི་སན་ལའོ །ཥྨིར་ཅུང་ཟད་རྒོད་པ། བཱུད་དག་པ། རྀ་འགྲོ་བ། ཨ་ཉྫཱུ་གསལ་བ།
ཨ་ཤ་ཟས་རྣམས་ལས་ཕ་རོལ་གྱི་སན་ལ་ཨིཊ་འགྱུར་ཏེ། ཨིཊ་བྱིན་བྱིངས་ཐམས་ཅད་པ་སོགས་ཀྱིས་ཡོན་ཏན་དང་། གཉིས་བརྗོད་སོགས་ཀྱིས་བསྒྲུབས་པས། སིཥྨ་ཡི་ཥ་ཞེས་གྲུབ་པ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ་ སི་ཥྨ་ཡི་ཥ་ཏེ། ལུང་ ཨསི་ཥྨ་ཡི་ཥི་ཥྚ། ལིཊ་ སི་ཥྨ་
ཡི་ཥཱཾ་ཙ་ཀྲེ། སོགས་སོ། ༈ །པཱུང་དག་པ་ལའོ་ཞེས་པ་ལ་སན། ཨིཊ་བྱིན་ཡོན་ཏན་བས་ཨེ་ཙའི་ཨ་ཡ་གཉིས་བརྗོད། ཨུའི་པུ་ཡ་ཎ་ཛི་ཨ་ཕ་རོལ་ལོས། ཨུ་ཨིར་བསྒྱུར་བ་སོགས་ཀྱིས་པོ་པ་བི་ཥ་ཞེས་པ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ་ པི་པ་བི་ཥ་ཏེ། ལུང་ ཨ་པི་བ་བི་ཥི་ཥྚ།
ལིཊ་ པི་བ་བི་ཥཱཾ་ཙ་ཀྲེ། སོགས་སོ། ༈ །རྀ་འགྲོ་བ་ལ་སན། ཡོན་ཏན་རཱ་ཨིཊ་དང་བཅས་པ་གཉིས་བརྗོད་པས། ཨ་རི་རི་ཥ་ཞེས་གྲུབ་བ་ལ་ལཊ་སོགས་སྦྱར་བས། ལཊ་ ཨ་རི་རི་ཥ་ཏི། ལུང་ ཨཱ་རི་རི་ཥཱི་ཏ། ལིཊ་ ཨཱ་རི་རི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཨ་ཉྫཱུ་གསལ་བ་དང་འཚབ་པར་བྱེད་པ་དང་
འགྲོ་བ་རྣམས་ལའོ་ཞེས་བ་ལ་སན་སྦྱར། ཨིཊ་བྱིན། ཛ་ཨིཊ་དང་བཅས་པ་གཉིས་བརྗོད་པས། ཨཉྫི་ཛི་ཥ་ཞེས་གྲུབ་པ་ལ་ལཊ་སོགས་སྦྱར། ལཊ་ ཨ་ཧྫི་ཛི་ཥཱི་ཏ། ལུང་ ཨཉྫི་ཛི་ཥཱི་ཏ། ལིཊ་ ཨ་ཉྫི་ཛི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཨ་ཤ་ཟས་ལའོ་ཞེས་པ་ལ་སན་སྦྱར། ཨིཊ་བྱིན། ཤ་ཨིཊ་དང་
བཅས་པ་གཉིས་བརྗོད། ཨ་ཤི་ཤི་ཥ་ཞེས་གྲུབ་པ་ལ་ལཊ་སོགས་སྦྱར་བས། ལཊ ཨ་ཤི་ཤི་ཥ་ཏི། ལུང་ ཨཱ་ཤི་ཤི་ཥཱི་ཏ། ལིཊ་ ཨཤི་ཤི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཀྲཱྀ་ཉ་འཚེ་བ་ལའོ་ཞེས་བ་ལ་སན་སྦྱར། ཀིར་ཤྩ་བཉྩ་བྷྱཿ། ཀྲྀ་ལས་ཀྱང་ལྔ་རྣམས་ལས་སོ། །ཀྲཱྀ་ལ་སོགས་པ་ལྔ་སྟེ། ཀྲཱྀ་ཉ་

འཚེ་བ། གྲཱྀ་མིད་པ། དྲཱྀ་རྣམ་པར་འཇོམས་པ། ངྒྲཱིཾ་ཉ་འཛིན་པ། པྲཙྪ་ཤེས་པར་འདོད་པ་རྣམས་ལས་ཀྱང་སན་ལ་ཨིཊ་འགྱུར་ཏེ། མདོ་འདིས་ཨིཊ་བྱིན་ཡོན་ཏན་བྱས། གཉིས་བརྗོད་རྀའི་ཨ་ཏ། སན་ལ་ཨི་ཏ་འོས་ཨི་ཏ་དུ་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས། ཙི་ཀ་རི་ཥ་ཞེས་གྲུབ་བ་ལ་ལཊ་སོགས་སྦྱར་བས།
ལཊ ཙི་ཀ་རི་ཥ་ཏི། ལུང་ ཨ་ཙི་ཀ་རི་ཥཱི་ཏ། ལིཊ་ ཙི་ཀ་རི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །དེ་བཞིན་དུ། གྲཱྀ་མེད་པ་ལའོ་ཞེས་པ་ལ་སན་སྦྱར། ཨིཊ་བྱིན་པས། ལཊ་ ཛི་ག་རི་ཥ་ཏི། ལུང་ ཨ་ཛི་ག་རི་ཥཱི་ཏ། ལིཊ་ ཛི་ག་རི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །དྲཱྀ་རྣམ་པར་འཇོམས་པ་ལ་སན་སྦྱར་ཨིཊ་བྱིན། ཡོན་ཏན་
སོགས་ཀྱིས། དི་ད་རི་ཥ། ཞེས་པ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ་ དི་ད་རི་ཥ་ཏེ། ལུང་ ཨ་དི་ད་རི་ཥི་ཥཱུ། ལིཊ་ དི་ད་རི་ཥཱཾ་ཙ་ཀྲེ། སོགས་སོ། ༈ །དྷྲྀ་ཉ་འཛིན་པ་ལ་སན་སྦྱར་ཨིཊ་བྱིན། དི་དྷ་རི་ཥ་ཞེས་གྲུབ་པ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ་ དི་དྷ་རི་ཥ་ཏེ། ལུང་ ཨ་དི་དྷ་རི་ཥི་ཥྚ།
ལིཊ་ དི་ངྷ་རི་ཥཱཾ་ཙ་ཀྲེ། སོགས་སོ། །འགྲེལ་པར་དེ་རྣམས་རཱྀ་ཧ་མཐའ་ཡིན་ཀྱངཨཱིཊ་རིང་པོ་མི་འགྱུར་ཞེས་བྱུང་བས་ཨཱིཊ་མི་འཇུག་གོ། ༈ །པྲ་ཙྪ་ཤེས་པར་འདོད་པ་ལ་སན། རུ་ད་བི་དཾ་སོགས་ཀྱི་མདོས་སན་ཀི་ཏ་ཡིན་པས། ཀི་ཏ་ཕ་རོལ་ལ་གྲ་ཧི་ཛྱཱ་སོགས་ཀྱིས་སཾ་པྲ་སཱ་ར་ཎ་ར་བསྒྱུར། གཉིས་
བརྗོད་སན་ལ་ཨིཏ། མདོ་འདིས་ཨིཊ་བྱིན། པི་པྲྀ་ཙྪ་ཥ། ཞེས་གྲུབ་པ་ལ་ལཊ་སོགས་སྦྱར་བས། ལཊ་ པི་པྲྀ་ཙྪི་ཥ་ཏི། ལུང་ ཨ་བི་པྲྀ་ཙྪི་ཥཱི་ཏ། ལིཊ་ པི་པྲྀ་ཙྪ་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །དྷཱུ་ཉ་གཡོ་བ་ལའོ་ཞེས་པ་ལ་སན་སྦྱར། ཨིཊ་མི་འཇུག་གཉིས་བརྗོད་པས། དུ་དྷཱུ་ཥ། ཞེས་པ་ལ་ལཊ་
སོགས་སྦྱར་བས། ལཊ་ དུ་དྷཱུ་ཥ་ཏི། ལུང་ ཨ་དུ་དྷཱུ་ཥཱི་ཏ། ལིཊ་ དུ་དྷཱུ་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །དི་བུ་རྩེ་བ་ལའོ་ཞེས་པ་ལ་སན་སྦྱར། བལ་དང་པོའི་ཨིཊ་པུ་ཀ་མཐའ་སོགས་ཀྱིས་ཡོན་ཏན་བྱས། དི་དེ་བི་ཥ་ཞེས་གྲུབ་པ་ལ་ལཊ་སོགས་སྦྱར་བས། ལཊ་ དི་དེ་བི་ཥ་ཏི། ལུང་ ཨ་དི་དེ་བི་ཥཱི་ཏ།
ལིཊ་ དི་དེ་བི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཥི་བུ་ཐགས་ཀྱི་རྒྱུ་ལའོ་ཞེས་པ་ལ་སན་སྦྱར། ཨིཊ་བྱིན་གཉིས་བརྗོད། ས་ཥ་ར་མི་འགྱུར་ཡོན་ཏན་བྱས། སི་སེ་བི་ཥ། ཞེས་པ་ལ་ལཊ་སོགས་སྦྱར་བས། ལཊ་ སི་སེ་བི་ཥ་ཏི། ལུང་ ཨ་སི་སེ་བི་ཥཱི་ཏ། ལིཊ་ ་སི་སེ་བི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །རི་ཏཱུ་འཕེལ་

བ་ལའོ་ཞེས་པ་ལ་སན་སྦྱར། སནཱི་བནྟ་རྟྷ་བྣྲ་སྫ་ད་མྦཱུ་ཤྲི་སྦྲྀ་ཡཱུ་རྞུ་བྷ་ར་ཛྙཱ་པཾ་ས་ནཱཾ། ཨཱི་པ་མཐའ་དང་རྀདྷ་བྷྲ་སྫ་དམཱུ་ཤྲི་སྦྲྀ་ཡུ་ཨཱུ་རྞུ་བྟར་ཛྙཱ་པི་སན་རྣམས་ཀྱི་སན་ལའོ། །སུ་པ་ཀྱི་བྱིངས་མོ་རྐྱེན་ཨྭི་པ་མཐའ་ཅན་རྣམས་དང་། རྀ་དཱུ་འཕེལ་བ། བྷྲ་སྦྲ་འཚེད་པ། དམྦྷུ་ངན་
གཡོ་བ། ཤྲི་གུས་པ། སྦྲྀ་སྒྲ། ཡུ་སྲེ་པ། ཨཱུ་རྞུ་ཉ་ཀུན་ནས་འགེབས་པ། བྷར་སྟེ། ཌུ་བྷྲྀཏ་འཛིན་པ། ཛྙཱ་ཁོང་དུ་ཆུད་པ། ཥ་ཎ་སྦྱིན་པ་རྣམས་ལས་ཕ་རོལ་གྱི་སན་ལ་ཨིཊ་ཡང་ན་འགྱུར་ཏེ། ཨིཊ་བྱིན་པའི་ཕྱོགས་ལ་པུ་ཀ་མཐའ་སོགས་ཀྱིས་ཡོན་ཏན། དྷ་ཨཊ་དང་བཅས་པ་གཉིས་བརྗོད།
ཨ་བྷྱཱ་སའི་ཙང་ལ་བ་ངོས། དྷ་དར་བསྒྱུར། ཨ་ཛི་དྷི་ཥ། ཞེས་གྲུབ་པ་ལ་ཕཊ་སོགས་སྦྱར་བས ལཊ་ ཨ་ཛི་དྷི་ཥ་ཏི། ལུང་ ཨཱ་རྡི་དྷི་ཥཱི་ཏ། ལིཊ་ ཨ་རྡི་དྷིཥཱཾ་ཙ་ཀཱ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ཨཱ་པ་ཛྙཱ་པྻྲི་དྷཱ་མཱི་ཏ། ཨཱ་པ་ ཛྙཱ་བི་རྀ་བྷ་རྣམས་ཀྱི་ཨཱི་ཏའོ། །ཨཱ་པཱྀ་ཁྱབ་པ། ཛྙཱ་ལོང་དུ་ནུ་ད་
པ། རྀ་དྷུ་འཕེལ་པ་རྣམས་ཀྱི་ཨིཊ་མེད་པའི་ཕ་རོལ་ལ་ཨ་ཙ་ཨཱི་ཏ་དུ་འགྱུར་ཞིང་ཨ་བྷྱཱ་སའང་དབྱི་སྟེ། ཨུ་པདྷཱའི་འང་ངོས། རྀ་ཨིཏ། མདོ་འདིས། དེ་ཨཱིཊ་དུ་བསྒྱུར། རྀའི་ཨ་ཎ་ལར་ཕ་རོལ་ལ་ལོ་ས་ར་བྱིན། ཨ་བྷྱཱ་ས་ཕྱིས། ཁར་ལ་ཙ་ར་འོས་དྷ་ཏར་བསྒྱུར་བས། ཨཱི་ཏཱ་ཞེས་གྲུབ་པ་ལ་ལཊ་སོགས་
སྦྱར་བས། ལཊ ཨཱི་རྟྶ་ཏི། ལིང་ ཨཱི་རྟྶེ་ཏ། ལཊ་ ཨཱ་རྟྶ་ཏུ། ལང་ ཨཻ་རྟྶ་ཏ། ལུང་ ཨཻ་རྟྶཱ་ཏ། ཨཱི་རྟྶཱཾ་ཙ་ཀཱ་ར། ལུཊ་ ཨཱི་རྟྶཱི་ཏ། སྨོན་ལིང་ ཨཱི་རྟྶཱ་ཏ། ལྲིཊ་ ཨཱི་རྟྶ་ཥྱཏི། ལྲྀང་ ཨཻ་རྟྶ་ཥྱ་ཏ། སོགས་སོ། །བྷྲ་སྭཱ་འཆེད་པ་ལའོ་ཞེས་པ་ལ་སན། ཨིཊའི་ཕྱོགས་ལ། བྷྲ་ལྫའི་བྷརྫ་ཡང་ན་འོས། བྷ་རྫར་བསྒྱུར་བ་དང་མི་བསྒྱུར་
བ་ཡང་ན་བར་བྱས་གཉིས་བརྗོད། སན་ལ་ཨིཏ་འོས་ཨི་ཏ་དུ་བསྒྱུར་བས། ལཊ་ བི་བྷྲ་སྫ་ཥ་ཏ། ལུང་ ཨ་བི་བྷྲ་སྫི་ཥཱི་ཏ། ལིཊ་ བི་བྷྲ་སྫི་ཥཱཾ་ཙ་ཀཱ་ར། སོགས་སམ། ལཊ་ བི་བྷ་རྫི་ཥ་ཏི། ལུང་ ཨ་བི་བྷ་རྫི་ཥཱི་ཏ། ལིཊ་ བི་བྷ་རྫི་ཥཱཾ་ཙ་ཀཱ་ར། སོགས་སོ། །ཨིཊ་མེད་པའི་ཕྱོགས་ལ། བྷྲ་སྫི་བྷརྫ་ར་བསྒྱུར་བ་དང་མི་བསྒྱུར་
བ་ཡང་ན་བར་བྱེད། མ་བསྒྱུར་བའི་ཕྱོགས་ལ་བརྩེགས་པའི་དང་པོས་ཀ་སོགས་ཀྱིས་ཕྱིས། བྲ་ཤཱ་བྷྲ་སྫ་སོགས་ཀྱིས་ཛ་ཥ། ས་ལ་ཥ་ཌྷ་སོགས་ཀྱིས་ཥ་ཀ། ཀུན་ནས་བསྒྱུར་བ་སོགས་ཀྱིས་ས་ཥ་གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། པི་བྷྲ་ཀྵ་ཞེས་གྲུབ་པ་ལ་ལཊ་སོགས་སྦྱང་བས།

ལཊ་ བི་བྷྲ་ཀྵ་ཏི། ལིང་ ཨ་བི་བྷྲ་ཀྵཱི་ཏ། ལིཊ་ པི་བྷྲ་ཀྵཱི་ཙ་ཀཱ་ར། སོགས་དང་། བྷ་རྫ་བསྒྱུར་བའི་ཕྱོགས་ལ་གཞན་ཆོ་ག་འདྲ་བལ། སུ་ཀྵའི་སྟེང་དུ་དྲངས་པས། ལཊ་ བི་བྷ་རྐ་ཏི། ལུང་ ཨ་བི་བྷ་རྐྵཱི་ཏ། ལིཊ་ བི་བྷ་རྐྵཱཾ་ཙ་ཀཱ་ར། སོགས་སོ། ༈ །ད་སྭཱུ་དན་གཡོ་བ་ལའོ་ཞེས་པ་ལས་ན་སྦྱར། ཨཱི་པ་མཐའ་རྀ་དྷཱུ་
སོགས་ཀྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ། ལཊ་ དི་དམྷི་ཥ་ཏི། ལུང་ ཨ་དི་ད་མྦྷི་ཥཱི་ཏ། ལིཊ་ དི་ད་མྦྷི་ཥཱཾ་ཙ་ཀཱ་ར། སོགས་དང་། ཨིཊ་མ་བྱིན་པའི་ཕྱོགས་ལ། དོམྦྷ་ཨིཙྪ། དམྦྷའི་ཨི་ཏའང་ངོ་། །ཨིཊ་མེད་པའི་སན་ཕ་རོལ་ལ་དམྦྷའི་ཨ་ཙ་ཨིཏ་དུ་བསྒྱུར་ཞིང་འང་གི་སྒྲས་ཙང་ཡང་ན་ཨཱི་ཏ་
དུ་འགྱུར་ལ་ཨ་བྷྱཱ་སའང་དབྱི་སྟེ། ཧ་ལ་མཐའ་ལས་ཀྱང་ངོས་སན་ཀིཏ་ཡིན་པས། ཀེ་ཏ་ཕ་རོལ་ལ་ཨི་ཏ་འགྲོ་བ་མ་ཡིན་པ་སོགས་ཀྱིས་མ་ཕྱིས། མདོ་འདིས་ཨི་ཏ་དང་ཨྭི་ཏ་ཡང་ན་བར་བྱས། ཨ་བྷྱཱ་ས་ཕྱིས། ཨ་ཙ་གཅིག་བ་བྷ་ཥ་སོགས་ཀྱིས་ད་དྷ། ཁར་ལ་ཙར་འོས། བྷ་པར་བསྒྱུར་
བས། ལཊ་ དྷི་བྶ་ཏི། ལུང་ ཨ་དྷི་པྶཱི་ཏ། ལིཊ་ དྷི་བྶཱཾ་ཙ་ཀཱ་ར། སོགས་སོམ། ལཊ་ དྷཱི་པྶ་ཏི། ལུང་ ཨ་དྷཱི་པྶཱི་ཏ། ལིཊ་ དྷཱི་པྶཱཾ་ཙ་ཀཱ་ར། སོགས་སོ། ༈ །ཤྲྀ་གུམ་པ་ལའོ་ཞེས་པ་ལས་ན་སྦྱར། ཨཱི་པ་མཐའ་སོགས་ཀྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ་ཡོན་ཏན་བྱས་པས། ལཊ ཤི་ཤྲ་ཡི་ཥ་ཏི། ལུང་ ཨ་
ཤི་ཤྲ་ཡི་ཥཱི་ཏ། ལིཊ ཤི་ཤྲ་ཡི་ཥཱཾ་ཙ་ཀཱ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ཨ་ཙ་ཧིན་གམ་རྣམས་ཀྱི་སན་ལ་འོས་རིང་པོར་བསྒྱུར་བས། ལཊ་ ཤི་ཤྲཱི་ཥ་ཏི། ལུང་ ཨ་ཤི་ཤྲཱི་ཥཱི་ཏ། ལིཊ་ ཤི་ཤཱི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །སྤྲཾ་སྒྲ་ལའོ་ཞེས་པ་ལ་སན་སྦྱར། ཨཱི་པ་མཐའ་སོགས་ཀྱིས་
ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ་ཡོན་ཏན་བྱས་པས། ལཊ་ སི་སྭ་རི་ཥ་ཏི། ལུང་ ཨ་སི་སྭ་རི་ཥཱི་ཏ། ལིཊ་ སི་སྭ་རི་ཥཱི་ཙ་ཀཱ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ཨ་ཙ་ཧན་གམ་སོགས་ཀྱིས་རིང་པོ། །ཨོ་ཥྚིའི་སྔོན་མ་མེ་ཡིན་པའི་ཨུ་ཏ་འོས་རྀ་ཨུ་ཏ། རྀའི་ཨ་ཎ་ལ་ར།
གཉིས་བརྗོད། ཨུ་པདྷཱའི་འང་ངོས་རིང་པོར་བསྒྱུར་བས། ལཊ་ སུ་སྦཱུ་རྵ་ཏི། ལུང་ ཨ་སུ་སྭཱུ་རྵཱི་ཏ། ལིཊ་ སུ་སྭཱུ་རྵཱཾ་ཙ་ཀཱ་ར། སོགས་སོ། ༈ །ཡུ་སྲེ་བ་ལའོ་ཞེས་པ་ལ་སན། ཨཱི་པ་མཐའ་སོགས་ཀྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ་ཡོན་ཏན་དང་། པུ་ཡ་ཎ་ཛི་ཨ་ཕ་རོལ་ལ་ཨུའི་

འོས། ཨབྷྱ་སའི་ཨུ་ཨིར་བསྒྱུར་བས། ལཊ་ ཡི་ཡ་བི་ཥ་ཏི། ལུང་ ཨ་ཡི་ཡ་བི་ཥཱི་ཏ། ལིཊ ཡི་ཡ་བི་ཥཱཾ་ཙ་ཀཱ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ཨ་ཙ་ཧན་ག་མ་སོགས་ཀྱིས་རིང་པོར་བསྒྱུར་བས། ལཊ་ ཡུ་ཡཱུ་ཥ་ཏ། ལུང་ ཨ་ཡུ་ཡཱུ་ཥཱི་ཏ། ལིཊ ཡུ་ཡཱུ་ཥཱཾ་ཙ་ཀཱ་ར།
སོགས་སོ། ༈ །ཨཱུ་རྞུ་ཉ་ཀུན་ནས་འགེབས་པ་ལའོ་ཞེས་པ་ལ་སན་སྦྱར། ཨཱི་བ་མཐའ་སོགས་ཀྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ་ཡོན་ཏན་བྱས་པས། ལཊ ཨཱུ་རྞུ་ན་བི་ཥ་ཏི། ལུང་ ཨ་རྞུ་ནའི་ཥཱི་ཏ། ལིཊ་ ཨཱུ་རྞུ་ན་བི་ཥཱཾ་ཙ་ཀུ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ཨ་ཙ་ཧ་ན་ག་མ་
སོགས་ཀྱིས་རིང་པོར་བསྒྱུར་བས། ལཊ ཨཱུ་རྞཱུ་ནཱུ་ཥ་ཏི། ལུང་ ཨཽ་རྞཱ་ནཱུ་ཥཱི་ཏ། ལིཊ་ ཨཱུ་རྞུ་ནཱུ་ཥཱཾ་ཙ་ཀུ་ར། སོགས་སོ། བྷྲྀ་ཉ་འཛིན་པ་ལ་སན། ཨྭི་པ་མཐའ་སོགས་ཀྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ་ཡོན་ཏན་བྱས་པས། ལཊ་ བི་བྷ་རི་ཥ་ཏི། ལུང་ ཨ་བི་བྷ་རི་ཥཱི་ཏ། ལིཊ་ བི་བྷ་རི་ཥཱཾ་ཙ་ཀྵ་
ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ཨཽ་ཥྚུའི་སྔོན་མ་མ་ཡིན་པས་ཨུ་ཏ་འོས། རྀ་ཨུ་ཏ། རའི་ཨ་ཎ་ལ་ར་ཕ་རོལ་གཉིས་བརྗོད། ཨ་བྷྱཱ་སའི་ཙ་ར་འང་ངོས། བྷ་བ ཨུ་པདྷཱའི་འང་ངོས་རིང་པོར་བསྒྱུར་བས། ལཊ བུ་བྷཱུ་རྵཱ་ཏི། ལུང་ ཨ་བུ་བྷཱུ་རཱི་ཏ། ལིཊ་ བུ་བྷཱུ་རྵཱཾ་ཙ་ཀཱ་ར། སོགས་སོ། ༈ །
ཛྙཱ་ཁོངས་སུ་ཆུད་པ་ལ་ཎི་ཙ། ཨརྟི་ཧྲཱི་སོགས་ཀྱིས་པུ་ཀ་ཨཱ་ག་མ་བྱིན་པས། ཛྙཱ་པི་ལ་སན་སྦྱར། ཨཱི་པ་མཐའ་སོགས་ཀྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ། ལཊ ཛི་ཛྙཱ་པ་ཡི་ཥ་ཏི། ལུང་ ཨོ་ཛི་ཛྙཱ་པ་ཡི་ཥཱི་ཏ། ལིཊ་ ཛི་ཛྙཱ་པ་ཡི་ཥཱི་ཙ་ཀཱ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ།
ཎི་ཙ་ཨིཊ་མེད་པ་ལ་འོས་ཎི་ཙ་ཕྱིས། ཨཱ་པ ཛྙཱ་པི། རྀ་དྷ་རྣམས་ཀྱི་ཨཱིཏ་འོས་ཨ་ཙ་ཨཱིཏ་དང་ཨ་བྷྱཱས་ཕྱིས་པས། ལཊ ཛྙཱི་པྶ་ཏི། ལུང་ ཨ་ཛྙཱི་བྶཱ་ཏི། ལིཊ ཛྙཱི་པྶཱཾ་ཙ་ཀཱ་ར། སོགས་སོ། །ཥ་ཎ་སིན་པ་ལ་སན། ཨཱི་པ་མཐའ་སོགས་ཀྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ། ལཊ སིས་
ནི་ཥ་ཏི། ལུང་ ཨ་པི་ས་ནི་ཥཱི་ཏ། ལིཊ སི་ས་ནི་ཥཱ་ཙ་ཀཱ་ར། སོགས་སོ། །ཨིཊ་མེད་པའི་ཕྱོགས་ལ། ཛ་ན་ཁ་ནས་རྣམས་ཀྱིས་ན་ཛྷ་ལ་དག་ལ་འོས། མཐའ་ཨཱ་ཏ་དུ་བསྒྱུར། ལཊ སི་སཱ་ས་ཏི། ལུང་ ཨ་སི་སཱ་སཱི་ཏ། ལཊ སི་སཱ་སཱཾ་ཙ་ཀཱ་ར། སོགས་སོ། ༈ །ཏ་ནུ་རྒྱས་བ་ལའོ་ཞེས་པ་ལ་སན་སྦྱར།

འགྲེལ་བར་ལུང་དྲངས་པ། ཏ་ནི་པ་ཏི་ད་རི་དྲཱ་བྷྱཿས་ནཱི་ཌྭཱ། ཏ་ནི པ་ཏི་ ད་རི་དྲྭ་རྣམས་ལས་སན་ལ་ཨིཊ་ཡང་ནའོ། །ཏ་ནུ་རྒྱས་པ། པ་ཏླྀ་ལྷུང་བ། ད་རྀ་དྲཱ་ངན་འགྲོ་རྣམས་ལས་ཕ་རོལ་གྱི་སན་ལ་ཨིཊ་ཡང་ན་འགྱུར་ཏེ། ཨིཊ་བྱིན་པའི་ཕྱོགས་ལ། ལཊ ཏི་ཏ་ནི་ཥ་ཏི། ལུང་ ཨ་ཏི་ཏ་ནི་
ཥཱི་ཏ། ལིཊ་ ཏི་ཏ་ནི་ཥཱཾ་ཙ་ཀཱ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ཏ་ནོ་ཏི་རྦི་བྷཱ་ཥཱ། ཏ་ནོ་ཏིའི་འདམ་ཀའོ། །ཏ་ནོ་ཏིའི་ཨུ་པ་དྷཱ་ཨིཊ་མེད་པའི་སན་ཕ་རོལ་ལ་རིང་པོར་བསྒྱུར་བ་དང་མི་བསྒྱུར་བ་འདམ་ཀ་ཅན་ཏེ། ལཊ་ ཏི་ཏཱ་ན་ཏེ། ལུང་ ཏི་ཏཱ་ནྶཱི་ཏ། ལིཊ་ ཏི་ཏཱ་ནྶཱཾ་ཙ་ཀཱ་ར། སོགས་སམ། ཏི་ཏ་ནྶ་ཏི།
ཨ་ཏི་ཏ་ནྶཱི་ཏ། ཏི་ཏ་ནྶཱཾ་ཙ་ཀཱ་ར། སོགས་སོ། །འགྲེལ་པར། ཏ་ན་ཏུ་ལས་ཐེ་ཚོམ་ལ་འཇུག་པ་ལའང་སན་འགྱུར་རོ་ཞེས་བཤད་དེ། བསྒྲུབ་ཚུལ་དང་གཟུགས་སྔ་མ་རྣམས་དང་འབྲའོ། །མྲྀང་སྲོག་གཏོང་བ་ལའོ་ཞེས་པ་ལ་སན་སྦྱར། ཨ་ཙ་ཧ་ན་གམ་སོགས་ཀྱིས་རིང་པོར་བསྒྱུར།
ཨོ་ཥྚིའི་སྔོན་མ་མ་ཡིན་པའི་ཨུ་ཏ་འོས། རྀ་ཨུ་ཏ་རྀའི་ཨཎ་ལར་ཕ་རོལ། གཉིས་བརྗོད། ཨུ་པདྷཱའིའང་ངོས་རིང་པོར་བསྒྱུར་བས། ལཊ མུ་མཱུརྵ་ཏི། ལུང་ ཨ་མུ་མཱུ་རྵཱི་ཏ། ལིཊ མུ་མཱུ་རྵཱཾ་ཙ་ཀཱ་ར། སོགས་སོ། །པཏཱི་ལྷུང་བ་ལའོ་ཞེས་པ་ལས་ན་སྦྱར། ཏ་ནུ་པ་ཏི་ད་རི་དྲཱ་སོགས་ཀྱི་ལུང་འདྲེན་གྱིས་
ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ། ལཊ་ པི་པ་ཏི་ཥ་ཏི། ལུང་ ཨ་པི་པ་ཏི་ཥཱི་ཏ། ལིཊ པི་པ་ཏི་ཥཱཾ་ཙ་ཀཱ་ར། སོགས་དང་། ཨིཊ་མ་བྱིན་བའི་ཕྱོགས་ལ། ས་ནི་མཱི་མཱ་གྷུ་རབྷ་ལ་བྷ་ཤ་ཀ་པ་ཏ་པ་དཱ་མ་ཙ་ཨི་ཤ །སན་ལ་མཱི་མཱ་གྷུ་ར་བྷ་ལབྷ་ཤ་ཀ་པ་ཏ་པ་ད་རྣམས་ཀྱི་ཨ་ཙའི་ཨི་ཤའོ། །ཨིཊ་
མེད་པའི་སན་ཕ་རོལ་ལ་མཱང་གུས་པ། མཱི་ཉ་འཚེད་པ་གྷུའི་མིང་ཅན་རྣམས་དང་། ར་བ་རྩོམ་པ། ཌཱུ་ལ་བྷ་ཥ་ཐོབ་པ། ཤ་ཀླྀ་ནུས་པ། བ་ཏླྀ་ལྷུང་བ། པ་ད་འགྲོ་བ་རྣམས་ཀྱི་ཨ་ཙ་ཨི་ཤར་འགྱུར་ཞིང་ཨ་བྷྱཱ་སའང་དབྱི་སྟེ། ཨ་ཙ་ཨི་སར་བསྒྱུར། བརྩེགས་བའི་དང་པོ་སྲ་ཀ་སོགས་ཀྱིས་ས་ཕྱིས།
ཨ་བྷྱཱས་ལང་ཕྱེས་པས། ལཊ་ པིཏྶ་ཏི། ལུང་ ཨ་པིཏྶཱི་ཏ། ལིཊ་ པིཏྶཱཾ་ཙ་ཀཱ་ར། སོགས་སོ། ༈ །ད་རི་དྲཱ་ངན་འགྲོ་ལའོ་ཞེས་པ་ལ་སན་སྦྱར། ཏ་ནུ་པ་ཏི་ད་རི་དྲཱ་སོགས་ཀྱི་ལུང་འདྲེན་གྱིས་ཨིཊ་ཡང་ན་བར་བྱས། ཨིཊའི་ཕྱོགས་ལ། ཨིཊ་ལའང་ཨྭཊ་ཀྱི་དབྱི་འོས་ཨཱ་ཕྱིས་པས། ལཊ་ དི་ད་རི་དི་ཥ་ཏི།

ལུང་ ཨ་དི་ད་རི་དྲི་ཥཱྀ་ཏ། ལིཊ་ དི་ད་རི་དྲི་ཥཱཾ་ཙ་ཀཱ་ར། སོགས་དང་། ཨིཊ་མེད་པའི་ཕྱོགས་ལ། ལཊ་ དི་ད་རི་དྲཱ་ས་ཏི། ལུང་ ཨ་དི་ད་རི་དྲཱ་སཱི་ཏ། ལིཊ་དི་ད་རི་དྲཱ་སཱཾ་ཙ་ཀཱ་ར། སོགས་སོ། ༈ །མཱི་ཉ་འཚེ་ད་པ་ལ་སན། སན་ལ་མཱི་མཱ་སོགས་ཀྱིས་ཨ་ཙ་ཨིས་དང་ཨ་བྷྱཱ་ས་ཕྱིས། སའི་བྱིངས་
ཕྱེད་པ་ལ་འོས། ས་ཏར་བསྒྱུར་བས། ལཊ མི་ཏྶ་ཏི། ལུང་ ཨ་མི་ཏྶཱི་ཏ། ལིཊ མི་ཏྶཱཾ་ཙ་ཀཱ་ར། སོགས་སོ། ༈ །མཱ་དགུས་པ་ལའོ་ཞེས་པ་ལ་སན་སྦྱར། སན་ལ་མཱི་མཱ་སོགས་ཀྱིས་ཨ་ཙ་ཨིས་སུ་བསྒྱུར། ཨ་བྷྱཱ་ས་ཕྱིས། སའི་བྱིངས་ཕྱེད་པ་ལའོས། ས་ཏར་བསྒྱུར་བས། མི་ཏྶ་ཞེས་གྲུབ་པ་ལ་ལཊ་
སོགས་ཏར་རྣམས་སྦྱར་བས། ལཊ མི་ཏྶ་ཏེ། ལུང་ ཨ་མི་ཏྶི་ཥྚ། ལིཊ་ མི་ཏྶཱཾ་ཙ་ཀྲེ། སོགས་སོ། ༈ །ཌུ་དཱ་ཉ་སྦྱིན་པ་ལའོ་ཞེས་པ་ལ་སན་སྦྱར། །ན་པ་མཱི་མཱ་གྷུ་སོགས་ཀྱིས་ཨ་བྷྱཱས་ཕྱིས་ནས་ཨ་ཙ་ཨིས་སུ་བསྒྱུར། སའི་བྱིངས་ཕྱེད་པ་ལ་འོས་ས་ཏར་བསྒྱུར་བས། ལཊ་ དི་ཏྶ་ཏི། ལུང་ ཨ་དི་ཏྶཱི་
ཏ། ལིཊ་ དི་ཏྶཱི་ཙ་ཀཱ་ར། སོགས་སོ། ༈ །ཌུབྷཱ་ཏ་འཛིན་པ་ལའོ་ཞེས་པ་ལ་སན་སྦྱར་སྔོན་མ་བཞིན་བསྒྲུབས་པས། ལཊ་ དྷི་ཏྶ་ཏི། ལུང་ ཨ་བྷི་ཏྶཱི་ཏ། ལོཊ བྷི་ཏྶཱཾ་ཙ་ཀཱ་ར། སོགས་སོ། ༈ །རབྷ་རྩོམ་པ་ལའོ་ཞེས་པ་ལ་སན་སྦྱར། སན་ལ་མཱི་མཱ་སོགས་ཀྱིས་ཨ་ཙ་ཨིས་སུ་བསྒྱུར་ཞིང་ཨ་བྷྱཱས་ཕྱིས།
བརྩེགས་པའི་དང་པོས་ཀ་སོགས་ཀྱིས་ས་ཕྱིས། ཁར་ལ་ཙ་ར་འོས་བྷ་པར་བསྒྱུར། རིཔྶ་ཞེས་གྲུབ་བ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ་ རི་པྶ་ཏ། ལུང་ ཨ་རིཔྶི་ཥྚ། ལིཊ་ རིཔྶཱཾ་ཙ་ཀྲེ། སོགས་སོ། ༈ །དེ་བཞིན་དུ། ཌུ་ལ་བྷ་ཥ་ཐོབ་པ་ལ་སན་སྦྱར་བས། ལཊ་ལི་པྶ་ཏི། ལུང་ ཨ་ལི་པྶི་ཥྚ།
ལིཊ་ ལི་པྶཱཾ་ཙ་ཀྲེ། སོགས་སོ། །ཤ་ཀཱྀ་ནུས་པ་ལའོ་ཞེས་པ་ལ་སན་སྦྱར། སན་ལ་མཱི་མཱ་སོགས་ཀྱིས་ཨ་ཙ་ཨིས་དང་ཨ་བྷྱཱ་ས་ཕྱིས། བརྩེགས་པའི་དང་པོས་ཀ་སོགས་ཀྱིས་ས་ཕྱིས། ཀུན་ནས་བསྒྱུར་བ་སོགས་ཀྱིས་སན་གྱི་སཥ་ར་བསྒྱུར་བས། ལཊ ཤི་ཀྵ་ཏི། ལུང་ ཨ་ཤི་ཀྵཱི་ཏ། ལཊ ཤི་ཀྵཱཾ་ཙ་
ཀཱ་ར། སོགས་སོ། ༈ །བད་འགྲོ་བ་ལའི་ཞེས་པ་ལ་སན་སྦྱར། སན་ལ་མཱི་མཱ་སོགས་ཀྱིས་ཨ་ཙ་ཨིས་དང་ཨ་བྷྱཱ་ས་ཕྱིས། བརྩེགས་པའི་དང་པོས་ཀ་སོགས་ཀྱིས་ས་ཕྱིས། ཁར་ལ་ཙར་འོས་ད་ཏར་བསྒྱུར། པིཏྶ་ཞེས་གྲུབ་པ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ པིཏྶ་ཏེ། ཨ་

པིཏྶི་ཥྚ། ལིཊ་ པིཏྶཱཾ་སཱཾ་ཙ་ཀྲེ། སོགས་སོ། ༈ །ཨཱ་པཱྀ་ཁྱབ་བ་ལའོ་ཞེས་པ་ལ་སན་སྦྱར། ཨཱ་པ ཛྙཱ་པི་རི་དྷ་རྣམས་ཀྱི་ཨཱི་ཏ་འོས། ཨ་ཙ་ཨཱི་ཏ་དང་ཨ་བྷྱཱ་ས་ཕྱིས་པས། ལཊ་ ཨཱི་པྶ་ཏི། ལུང་ ཨཻ་པྶཱི་ཏ། ལིཊ་ ཨཱི་པྶཱཾཾ་ཙ་ཀཱ་ར། སོགས་སོ། ༈ །དཱ་དྷ་ཡང་དག་པར་གྲུབ་པ་ལའོ་ཞེས་པ་ལ་སན་སྦྱར། འགྲེལ་
པར་ལུང་དྲངས་པ། རདྷོ་ཧེ་དྶེ་ཡཱཾ་ས་ནཱི་སྱཱ་ཙྱ། ར་དྷའི་འཚེ་བ་ལ་སན་ཨི་སར་བརྗོད་དོ། །རདྷ་འཚེ་བའི་དོན་ལ་འཇུག་པ་ན་སན་ཕ་རོལ་ལ་ཨ་ཙ་ཨི་སར་བསྒྱུར་ཞིང་ཨ་བྷྱཱ་ས་དབྱི་སྟེ། ཨ་ཙ་ཨི་སར་བསྒྱུར་ཨ་བྷྱཱ་ས་ཕྱིས། བརྩེགས་པའི་དང་པོ་སོགས་ཀྱིས་ས་ཕྱིས། ཁར་ལ་ཙ་ར་འོས་དྷ་ཏར་
བསྒྱུར་བས། པྲ་ཏི་རྀ་ཏྶ་ཏི། ལཊ་ སོགས་སོ། །འཚེ་བའི་དོན་མིན་ན་ཨིས་སུ་མི་འགྱུར་བས། གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། ལཊ ཨཱ་རི་རཱ་ཏྶ་ཏི། ལུང་ ཨཱ་རི་རཱ་ཏྶཱི་ཏ། ལིཊ་ ཨཱ་རི་རཱ་ཏྶཱཾ་ཙ་ཀཱ་ར། སོགས་སོ། ༈ །མུ་ཙླྀ་གྲོ་བ་ལ་ལའོ་ཞེས་པ་ལ་སན་སྦྱར། མུ་ཙོ་ཉ་ཀ་རྨ་སྱ་གུ་ཎོ་པཱ། མུ་
ཙའི་ལ་སམ། སོ་སོར་འཚེ་བར་འདོད། ཡིན་པའི་ཡོན་ཏན་ལ་ཡང་ནའོ། །མུ་ཙའི་ལས་ཀྱི་དོན་ལ་སྦྱར་བ་མ་ཡིན་པ་འདོད་པ་ཁོ་ནའི་དོན་ལ་འཇུག་པ་ན་ཨིཊ ཀུན་དུ་འགྲུབ་པར་འདོད། མེད་བའི་སན་ཕ་རོལ་ལ་ཨུ་པདྨཱ་ཡོན་ཏན་དུ་ཡང་ན་བསྒྱུར་ཞིང་བསྒྱུར་བ་ན་ཨ་བྷྱཱས་ཡང་དབྱི་སྟེ། ཡོན་ཏན་ཨ་ཥྱཱས་ཕྱིས།
ཙུའི་ཀུ་འོས་ཙ་ཀར་བསྒྱུར་བས། ལཊ་ མོ ཏི། ལུང་ ཨ་མོ་ཀྵཱི་ཏ། ལིཊ་ མོ་ཀྵཱཾ་ཙ་ཀཱ་ར། སོགས་དང་། ལས་ཀྱི་དོན་ཡིན་ན་ཡོན་ཏན་མི་བྱེད་པས། ལཊ མུ་མུ་ཀྵ་ཏི། ལུང་ ཨ་མུ་མུ་ཀྵཱི་ཏ། ལིཊ་ མུ་མུ་ཀྵཱཾ་ཙ་ཀཱ་ར། སོགས་སོ། ༈ །སྥུ་ར་འཕྲོ་བ་ལ་བྱོ་ཞེས་པ་ལ་ཎི་ཙ་སྦྱར། ཙི་ཉ་སྦྱར་དག་གི་ཎི་ལ་ཡང་ན་
ཉོས་ཨཱ་ཏ་དུ་བསྒྱུར་བས། སྤཱ་རི་ཞེས་པ་ལས་ན་གཉིས་བརྗོད། ཤར་དང་པོ་སོགས་ཀྱིས་ས་ཕྱིས། ཨ་བྷཱ་སའི་ཙར་འང་ངོས་ཕ་པ་ཨིཊ་བྱིན་པས། ལཊ་ པུ་སྤཱར་ཡི་ཥཱ་ཏི། ལུང་ ཨ་པུ་སྤཱར་ཡི་ཥཱི་ཏ། ལིཊ པུ་སྱཱ་ར་ཡི་ཥཱཾ་ཙ་ཀཱ་ར། སོགས་དང་། ཡང་ཨཱ་ཏ་དུ་མ་བསྒྱུར་བའི་ཕྱོགས་ལ་ཡོན་ཏན་
བྱས་པས། ལཊ པུ་སྥོ་ར་ཡི་ཥ་ཏི། ལུང་ ཨ་པུ་སྥོ་ར་ཡི་ཥཱི་ཏ། ལིཊ པུ་སྥོ་ར་ཡི་ཥཱཾ་ཙ་ཀཱ་ར། སོགས་དང་། ༈ །ཀྵུ་སྒྲ་ལའོ་ཞེས་པ་ལ་ཎི་སྦྱར་འཕེལ་བ་བྱས་པས། ཀྵཱ་བི་ཞེས་པ་ལ་སན་དང་ཨིཊ་གཉིས་བརྗོད། ཧ་ལ་དང་པོ་ལྷག་པོ་དང་། ཀུ་ཧ་དག་གི་ཙུ་འོས་ཀ་ཙར་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས་

ལཊ ཙུ་ཀྵཱ་བ་ཡི་ཥ་ཏི། ལུང ཨ་ཙུ་ཀྵཱ་བ་ཡི་ཥཱི་ཏ། ལིཊ་ ཙུ་ཀྵཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །པཱུ་དག་པ་ལ་ཎི་ཙ་འཕེལ་བ་བྱས་པས་པཱ་བི་ཞེས་བ་ལ་སན་དང་ཨིཊ་གཉིས་བརྗོད། ཨུའི་པུ་ཡ་ཎ་ཛི་ཨ་ཕ་རོལ་ལ་འོས་ཨུ་ར་བསྒྱུར་བ་སོགས་ཀྱིས་བསྒྲུབས་པས།
ལཊ་ པི་པཱ་བ་ཡི་ཥ་ཏི། ལུཊ་ ཨ་པི་པཱ་བ་ཡི་ཥཱི་ཏ། ལིཊ་ པི་པཱ་བ་ཡི་ཥཱི་ཏ། ལིཊ་ པི་པཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །བྷཱུ་ཡོད་པ་ལ་ཎི་ཙ་འཕེལ་བ་བྱས་པས། བྷཱ་བི་ཞེས་པ་ལ་སན་དང་ཨིཊ་སྦྱར། གཉིས་བརྗོད། ཨུའི་པུ་ཡ་ཎ་ཛི་ཨ་ཕ་རོལ་ལ་འོས་ཨུ་ཨིར་བསྒྱུར་བས། ལཊ པྲི་བྷཱ་བ་ཡི་ཥ་ཏི། ལུང་ བི་བྷཱ་པ་ཡི་ཥཱི་ཏ།
ལིཊ་ བི་བྷཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཡུ་བསྲེ་བ་ལའོ་ཞེས་པ་ལ་ཎི་ཙ་འཕེལ་བ་བྱས་པས། ཡཱ་བི་ཞེས་པ་ལ་སན་དང་ཨིཊ། གཉིས་བརྗོད། ཨུའི་པུ་ཡན་སོགས་ཀྱིས་ཨུ་ཨིར་བསྒྱུར་བས། ལཊ ཡི་ཡཱ་བ་ཡི་ཥ་ཏི། ལུང་ ཨ་ཡི་ཡཱ་བ་ཡི་ཥཱི་ཏ། ལིཊ་ ཡི་ཡཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་
སོ། ༈ །དེ་བཞིན་དུ། རུ་སྒྲ་ལའོ་ཞེས་པ་ལ་ཎི་ཙའི་མཐའ་ཅན་ལ་སན་དང་ཨིཊ་སྦྱར། གཉིས་བརྗོད། ཨུའི་པུ་ཡཎ་སོགས་ཀྱིས་ཨུ་ཨིར་བསྒྱུར་པས། ལཊ་ རི་རཱ་བ་ཡི་ཥ་ཏི། ལུང་ ཨ་རི་རཱ་བ་ཡི་ཥཱི་ཏ། ལིཊ རི་རཱ་བ་ཡི་ཥཱི་ཙ་ཀཱ་ར། སོགས་སོ། །དེ་དང་འདྲ་བར་བསྒྲུབས་པས། ལཱུ་ཉ་གཅོད་
པ་ལ། ལཊ་ ལི་ལཱ་བ་ཡི་ཥ་ཏི། ལུང་ ཨ་ལི་ལཱ་བ་ཡི་ཥཱི་ཏ། ལིཊ་ ལི་ཡཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཛུ་འགྲོ་བ་ལའོ་ཞེས་པ་ལ། ལཊ ཛི་ཛཱ་བ་ཡི་ཥ་ཏི། ལུང་ ཨ་ཛི་ཛཱ་བ་ཡི་ཥཱི་ཏ། ལིཊ་ ཛི་ཛཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཎུ་བསྟོད་པ་ལ་ཎི་ཙ་སྦྱར་འཕེལ་བ་བྱས་པས། ནཱ་བི་ཞེས་པ་ལ་སན་
དང་ཨཊ་སྦྱར། གཉིས་བརྗོད་སོགས་ཀྱིས་བསྒྲུབས་པས། ལཊ་ ནུ་ནཱ་བ་ཡི་ཥ་ཏི། ལུང་ ཨ་ནུ་ནཱ་བ་ཡི་ཥཱི་ཏ། ལིཊ ནུ་ནཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །སྲུ་འགྲོ་བ་ལ་ཎི་ཙ་སྦྱར་འཕེལ་བ་བྱས་པས། སྲཱ་བི་ཞེས་གྲུབ་པ་ལ་སན་དང་ཨིཊ་སྦྱར། གཉིས་བརྗོད། སྲ་བ་ཏི། ཤྲྀ་ཎི་ཏི། དྲ་བ་ཏི། པྲ་བ་
ཏི། པཱ་བ་ཏི། བྱ་བ་ཏི་རྣམས་ཀྱི་ཡང་ན་འོས། ཨ་བྷྱཱ་ས་ཨིར་བསྒྱུར་བས། ལཊ་ སི་སྲཱ་བ་ཡི་ཥ་ཏི། ལིང་ ཨ་སི་སྲཱ་བ་ཡི་ཥཱཾ་ཏ། ལིཊ་ སི་སྲཱ་བ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །རུ་ཙ་འབར་བ་ལའོ་ཞེས་པ་ལ་སན་སྦྱར་ཨིཊ་བྱིན། ཨུ་ཨི་ཨུ་བ་དྷཱ་ཧ་ལ་དང་པོ་དང་རལ་ལས་སན་འང་ངོས། སན་ཨིཊ་དང་

བཅས་བ་ཀི་ཏ་དུ་ཡང་ན་བར་བྱས་པས། ཀིཏ་ཀྱི་ཕྱོགས་ལ་ཡོན་ཏན་མེད། ཀི་ཏ་མ་ཡིན་པའི་ཕྱོགས་ལ། པུ་ཀ་མཐའ་སོགས་ཀྱིས་ཡོན་ཏན་བྱས་བས། ལཊ་ རུ་རོ་ཙི་ཥ་ཏི། ལུང་ ཨ་རུ་རོ་ཙིཥཱི་ཏ། ལིཊ རུ་རོ་ཙི་ཥཱཾ་ཙ་ཀཱ་ར། སོགས་སམ། ལཊ་ རུ་རུཙི་ཥ་ཏི། སོགས་སོ། ༈ །དེ་བཞིན་དུ། ལི་ཁ་རི་མོ་
འདྲི་བ་ལའོ་ཞེས་བ་ལ་སན་སྦྱར་ཨིཊ་བྱིན། སན་ཀི་ཏ་དུ་ཡང་ན་བར་བྱས་པས། ལཊ་ ལི་ལེ་ཁི་ཥ་ཏི། ལུང་ ཨ་ལི་ལེ་ཁི་ཥཱི་ཏ། ལིཊ་ ལི་ལེ་ཁི་ཥཱི་ཙ་ཀཱ་ར། སོགས་སམ། ལཊ་ ལི་ལི་ཁི་ཥ་ཏི། ལུང་ ཨ་ལི་ལི་ཁི་ཥཱི་ཏ། ལིཊ་ ལི་ལི་ཁི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །རུ་དར་མཆི་མ་འཛག་པ་ལའོ་ཞེས་པ་ལ་
སན་དང་ཨིཊ། རུད བིད མུ་ཥ་སོགས་ཀྱིས་སན་ཨིཊ་དང་བཅས་པ་ཀི་ཏ་ཡིན་པས་ཡོན་ཏན་མི་བྱེད། ལཊ རུ་རུ་དི་ཥ་ཏི། ལུང་ ཨ་རུ་རུ་དི་ཥཱི་ཏ། ལིཊ་ རུ་རུ་དི་ཥཱི་ཙ་ཀཱ་ར། སོགས་སོ། ༈ །དེ་བཞིན་དུ། བི་ད་ཤེས་པ་ལ། ལཊ་ བི་བི་དི་ཥ་ཏི། ལུང་ ཨ་བི་བི་དི་ཥཱི་ཏ། ལིཊ་ བི་བི་དི་ཥཱཾ་ཙ་ཀཱ་ར། སོགས་སོ། །
མུ་ཥ་རྐུབ་ལའོ་ཞེས་པ་ལ་སན་སྦྱར། ཨིཊ་བྱིན། ཀི་ཏ་ཡིན་པས་ཡོན་ཏན་མི་བྱེད། ལཊ་ མུ་མུ་ཥི་ཥ་ཏི། ལུང་ ཨ་མུ་མུ་ཥི ཥཱ་ཏ། ལིཊ་ མུ་མུ་ཥི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཥྚུ་ཉ་བསྟོད་པ་ལའོ་ཞེས་པ་ལ་སན་སྦྱར། གཉིས་བརྗོད། སྟཽ་ཏི་ཎྱཽཿཨ་བྷྱཱ་ས་སྱ། སྟཽ་ཏི་དང་ཎི་དག་གི་ཨ་བྷྱ་སའི་
འོ། །ཏཾ་ཏི་དང་བྱིངས་ཎི་ཙ་མཐའ་ཅན་གྱི་ས་ཡིག་ནི་ཨ་བྷྱཱས་ཨིན་སོ་སོར་བསྡུ་བའི་ཕ་རོལ་ལ་ཥ་ཡིག་ཏུ་འགྱུར་ཏེ། མདོ་འདིས་ས་ཥར་བསྒྱུར། །ཥ་ཊུ་ལ་ཥ་རུ་འོས། ཏ་ཊ ཨ་ཙ་ཧ་ན་གམ་སོགས་ཀྱིས་རིང་བོར་བསྒྱུར་བས། ལཊ ཏུ་ཥྚཱུ་ཥ་ཏི། ལུང་ ཏུ་ཥྚུ་ཥཱི་ཏ། ལིཊ་ ཏུ་ཥྚཱུ་ཥཱཾ་ཙ་ཀཱ་ར། སོགས་
སོ། ༈ །ཉི་ཥྭ་བ་ཉལ་བ་ལའོ་ཞེས་པ་ལ་ཎི་ཙ་ཨུ་བ་ངྷཱའི་འོས་འཕེལ་བ་བྱས། སྭཱ་པི་ཞེས་བ་ལ་སན་སྦྱར། ཨིཊ་བྱིན། གཉིས་བརྗོད། དྱུ་ཏི་སྭཱ་པི་དག་གི་སཾ་བྲ་སཱ་ར་ཎ་འོས། ཨ་བྷྱཱ་ས་སཾ་བྲ་སཱར་ཎར་བསྒྱུར། སྟཽ་ཏི་དང་ཎི་དག་གི་ཨ་བྷྱཱ་སའི་འོས་ས་ཥར་བསྒྱུར་བས། ལཊ སུ་ཥྭཱ་པ་ཡི་
ཥྱ་ཏི། ལུང་ ཨ་སུ་ཥཱ་པ་ཡི་ཥཱི་ཏ། ལིཊ སུཥཱ་པ་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ཉི་ཥྭ་ད་མི་གསལ་བའི་སྒྲ་ལའོ་ཞེས་པ་ལ་ཎི་ཙ་སྦྱར། པུ་ཀ་མཐའ་སོགས་ཀྱིས་ཡོན་ཏན་བྱས། སྭེ་དི་ཞེས་པ་ལ་སན་དང་ཨིཊ། སཿསྭི་དི་སྭ་དི་ས་ཧཱ་ནཱཾ་ཙ། སྭི་དི་སྭ་དིས་ཧ་རྣམས་ཀྱིས་འང་ངོ་། །སྭི་དི་མི་གསལ་

བའི་སྒྲ། སྭ་དི་རོ་མྱང་ག་ས་ཧ་བཟོད་པ་རྣམས་ཀྱི་ས་ཡིག་ནི་ཨ་བྷྱཱ་ས་ཨིན་སོ་སོར་བསྡུ་བ་དང་ཎི་ཙའི་མཐའ་ཡིན་ཀྱང་ཥར་མི་བསྒྱུར་བས་ཡིག་ཏུ་གནས་ཏེ། གཉིས་བརྗོད། ཧལ་དང་པོ་ལྷག་པོ་འོས། བ་ཕྱིས། མདོ་འདིས་ས་ཥར་མི་བསྒྱུར་བས། ལཊ་ སི་སྭེ་ད་ཡི་ཥ་ཏི། ལུང་ ཨ་
སི་སྭེ་ད་ཡི་ཥྭི་ཏ། ལིཊ སི་སྭེ་ད་ཡི་ཥཱི་ཙ་ཀཱ་ར། སོགས་སོ། ༈ །སྭ་ད་རོ་མྱང་བ་ལ། ཎི་ཙ་ཨུ་བདྷཱའི་འོས་འཕེལ་བ་བྱས་པས། སྭཱ་དི་ཞེས་པ་ལ་སན་ཨིཊ་བྱིན། གཉིས་བརྗོད་པ་ཕྱིས། སན་ལ་ཨི་ཏ་འོས་ཨ་ཏི་དུ་བསྒྱུར། མདོ་འདིས་ས་ཥ་ར་མི་བསྒྱུར་བས། ལཊ སི་སྭཱ་ད་ཡི་ཥ་ཏི། ལུང་ ཨ་སི་སྭཱ་ད་ཡི་
ཥཱི་ཏ། ལིཊ སི་སྭཱ་ད་ཡི་ཥཱཾ་ཙ་ཀཱ་ར། སོགས་སོ། ༈ །ས་ཧ་བཟོད་པ་ལ་ཎི་ཙ་འཕེལ་བ་བྱས། སཱ་ཧེ་ཞེས་པ་ལ་སན་སྦྱར། ཨིཊ་བྱིན། གཉིས་བརྗོད། སན་ལ་ཨིཏ་འོས་ཨི་ཏ་དུ་བསྒྱུར། མདོ་འདིས་ས་ཥར་མི་བསྒྱུར་བས། ལཊ སི་སྭཱ་ཧ་ཡི་ཥ་ཏི། ལུང་ ཨ་སི་སཱ་ཧ་ཡི་ཥཱི་ཏ། ལིཊ སི་སཱ་ད་ཡི་ཥཱཾ་ཙ་ཀཱ་ར།
སོགས་སོ། ༈ །འགྲེལ་པར་རང་དོན་ལ་བྱིན་པའི་སན་གྱི་མཐའ་ལ་འང་དགོས་པ་ཡོད་སན་སྦྱོར་རོ་ཞེས་བཤད་པས། གུ་པཱུ་སྦེད་པ་ལ་གུ་པ་ཏི་ཛ་ཀི་ཏ་རྣམས་ལ་སན་འོས། སན་གཉིས་བརྗོད་པ་སོགས་ཀྱིས་བསྒྲུབས་པས། ཛུ་གུ་པྶ་ཞེས་པ་ལ་བྱིངས་ལས་ལས་དང་འདོད་པ་བྱེད་པ་པོ་མཉམ་
པ་ལས་ཡང་ན་འོས། སླར་ཡང་སན་བྱིན། གཉིས་བརྗོད་ཟིན་ཡིན་པས་སླར་མི་བརྗོད། བལ་དང་པོའི་ཨིཊ་ཀྱི་དབྱི་འོས་ཨ་ཕྱིས་པས། ཛུ་གུ་པྶི་ཥ་ཞེས་པ་ལ་ལཊ་སོགས་སྦྱར་བས། ལཊ ཛུ་གུ་པྶི་ཥ་ཏི། ལིང་ ཛུ་གུ་པྶི་ཥི་ཏ། ལོཊ་ ཛུ་གུ་པྶི་ཥི་ཏུ། ལང་ ཨ་ཛུ་གུ་པྶི་ཥ་ཏ།
ལུང་ ཨ་ཛུ་གུ་པྶི་ཥཱི་ཏ། ལིཊ་ ཛུ་གུཔྶི་ཥཱཾ་ཙ་ཀཱ་ར། ལུཊ ཛུ་གུ་པྶི་ཥི་ཏཱ། སྨོན་ལིང་ ཛུ་གུ་པྶི་ཥྱཱ་ཏ། ལྲྀཊ་ ཛུ་གུ་པྶི་ཥི་ཥྱཱ་ཏི། ལྲྀང་ ཨ་ཛུ་གུ་པྶི་ཥི་ཥྱ་ཏ། སོགས་སོ། །ཨི་ཏིཔཱ་ཎི་ནི་བྱཱ་ཀ་ར་ཎ་སྱ་སཱུ་ཏཱ་ཏྶ་ན་ནྟཿས་མཱ་པྟཱཿ། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་སན་མཐའ་ཅན་རྣམས་རྫོགས་སོ།། །།དེ་རྣམས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་
ཆེན་པོ་པཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས་སན་གྱི་མཐའ་ཅན་རྣམས་ཀྱི་ཆོ་ག་རགས་པ་རྣམས་རི་ཞིག་རྫོགས་སོ།། །།གསུམ་པ་བྱིངས་བྱིངས་སུ་བསྒྲུབ་པའི་རྐྱེན་ཡང་གི་འཇུག་ཡུལ་རྣམས་བཤད་

པར་བྱ་སྟེ། དྷཱ་ཏོ་རེ་ཀཱ་ཙོ་ཧ་ལཱ་དེཿཀྲི་ཡཱ་ས་མ་བྷི་ཧཱ་རེ་ཡང་། བྱིངས་ཨ་ཙ་གཅིག་པ་ཧ་ལ་དང་པོ་ལས་བྱ་བ་ཡང་དག་པར་སྡུད་པ་ལ་ཡང་ངོ་། །རུ་ཙ་འབར་བ་དང་ཤུ་ཙ་མྱ་ངན་གཉིས་མ་ཡིན་པའི་བྱིངས་ཨ་ཙ་གཅིག་པ་ཧ་ལ་དང་པོ་ཅན་ལས་བྱ་བ་ཡང་དག་པས་སྡུད་པ་སྟེ་ཤིན་ཏུ་བ་དང་ཡང་ཡང་གི་དོན་ལ་ཡང་
ཕ་རོལ་ཏུ་འགྱུར་ཏེ། ང་ཡིག་ནི་སན་ཡང་དག་ལ་འོས་བྱིངས་གཉིས་བརྗོད་པའི་དོན་ནོ། །འགྲེལ་པར་ལུང་དྲངས་པ། སཱུ་ཙི་སཱུ་ཏྲི་མཱུ་དྱཊ་རྟྱ་ཤཱུ་རྞོ་ཏི་བྷྱོ་ཡང་། སཱུ་ཙི། སཱུ་ཏྲི་མཱུ་ཏྲི་ཨཊ་ཏི་ཨ་རྟི་ཨ་ཤ་ཨཱུ་རྞོ་ཏི་རྣམས་ལས་ཡང་ངོ་། །སཱུ་ཙ་ཕྲ་མ། སཱུ་ཏྲ་བར་ཏུ་གྲོལ་བ། མཱུ་ཏྲ་རབ་ཏུ་འཛག་པ། ཨཊ་འགྲོ་བ།
རྀ་འགྲོ་བ། ཨ་ཤ་ཟས། ཨཱུ་རྵུ་ཉ་འགེབས་པ་རྣམས་ལས་ཤིན་ཏུ་བ་དང་ཡང་ཡང་གི་དོན་ལ་ཡང་འགྱུར་རོ། །ནི་ཏྱཾ་ཀཽ་ཊི་མྱེ་ག་ཏཽ། འགྲོ་བ་ལ་འཁྱོག་པོ་ཁོ་ན་ལའོ། །འགྲོ་བའི་དོན་གྱི་བྱིངས་ལས་ཤིན་ཏུ་བ་དང་ཡང་ཡང་གི་དོན་མ་ཡིན་པའི་འཁྱོག་པོར་འགྲོ་བ་ཁོ་ནའི་དོན་ལ་འཇུག་པ་ན་ཡང་ཕ་རོལ་ཏུ་
འགྱུར་རོ། །ལུ་པས་ང་ཙ་ར་ཛ་པ་ཛ་བྷ་ད་ཧ་ད་ཤ་གྲཱི་བྶྱེ་བྷཱ་བ་ག་རྟཱ་ཡཱཾ། ལུ་པ་ས་ར་ཙ་ར་ཛ་པ་ཛ་བྷ ད་ཧད་ཤ་གྲྀ་རྣམས་ལས་སྨད་པ་ཉིད་ལའོ། །ལུ་པཱྀ་གཅོད་པ། ཥ་དཱྀ་རྣམ་པར་འགྲོ་བ། ཙར་འགྲོ་བ། ཛ་པ་ཡིད། ཛ་བྷ་ལུས་རྣམ་པར་ཉམས་པ། ད་ཧ་ཐལ་བར་བྱེད་པ། ད་ཤ་མཆེ་བ། གཱྀ་གསལ་
བར་བྱེད་པ་རྣམས་ལས་སྨད་པ་ཉིད་ལ་འཇུག་པ་ལ་ཡང་འགྱུར་ཏེ་བྱ་བ་ཡང་དག་པར་བསྡུ་བ་ཙམ་ལ་ནི་མ་ཡིན་ནོ། ༈ །སྭུ་ཙ་ཕྲམ་བྱེད་པ་ལའོ་ཞེས་པ་ལ་ཡང་བ་སན་ཡང་དག་ལ་འོས་གཉིས་བརྗོད། ཐུང་ངུ་འོས་ཐུང་ངུར་བསྒྱུར་བས། སུ་སཱུ་ཙ། ཡང་ཞེས་པ་ལ། གུ་ནོ་ཡང་ལུ་ཀོཿ། ཡང་འཇིག་
པ་དག་ལ་ཡོན་ཏན་ནོ། །ཡང་གི་རྐྱེན་འཇིག་པ་དང་མི་འཇིག་པ་དག་ཕ་རོལ་ལའང་ཨ་བྷྱཱས་ཡོན་ཏན་དུ་བསྒྱུར་ཏེ། མདོ་འདིས་ཡོན་ཏན་བྱས་པས། སོ་སཱུ་ཙྱ་ཞེས་གྲུབ་པ་ལ། ལཊ་སོགས་ཏང་རྣམས་སྦྱོར་ཏེ། བྱེད་པ་པོ་ལ་ཤབ་ཨ་ཏ་ལས་ཡོན་ཏན་ལའོས་གཉིས་དག་གི་གཅིག་སྔོན་མའི་གཟུགས་སུ་
བསྒྱུར་བས། ལཊ་ སོ་སཱུ་ཙྱ་ཏེ། ལིང་ སོ་སཱུ་ཙྱེ་ཏ། ལིཊ སོ་སཱུ་ཙྱ་ཏཱཾ། ལང་ ཨ་སོ་སཱུ་ཙྱ་ཏེ། སོགས་དང་། ལུང་ལ། ཡ་སྱ་ཧ་ལཿ། ཡའི་ཧ་ལ་ལས་སོ། །བྱིངས་མཐའ་ཧ་ལ་ལས་ཕ་རོལ་གྱི་ཡའི་བྱིངས་ཕྱེད་པ་ཕ་རོལ་ལ་དབྱི་བར་བྱ་སྟེ། མདོ་འདིས་ཡ་ཕྱིས། བྱིངས་ཕྱེད་པའི་བ་ལ་དང་པོ་ལ་ཨིཊ་འོས་

ཨིཊ་བྱིན་པས། ཨ་སོ་སཱུ་ཙི་ཥྚ། ཨ་སོ་སཱུ་ཙི་ཥཱ་ཏཱཾ། ཨ་སོ་སཱུ་ཙི་ཥ་ཏ། སོགས་སོ། །ལིཊ་ལ། ཀཱ་ས་སོགས་ཀྱི་ཨཱ་མ་སྦྱར། ཡའི་ཧ་ལ་ལས་འོས་ཡ་ཕྱིས་པས། སོ་སཱུ་ཙཱཾ་ཙ་ཀྲེ། སོ་སཱུ་ཙཱཾ་བ་བྷཱུ་བ། སོ་སཱུ་ཙཱཾ་མཱ་ས། སོགས་སོ། །ལ་ཡིག་ཕྱི་མ་རྣམས་ལ་བལ་དང་པོའི་
ཨིཊ་བྱིན། ཡའི་ཧ་ལ་ལས་སོས། ཡ་ཕྱིས་པས། ལུཊ སོ་སཱུ་ཙི་ཏཱ། སྨོན་ལིང་ སོ་སཱུ་ཙི་ཥཱི་ཥྚ། ལྲྀཊ་ སོ་སཱུ་ཙི་ཥྱ་ཏེ། ལྲྀང་ ཨ་སོ་སཱུ་ཙི་ཥྱ་ཏ། སོགས་སོ། ༈ །མཱུ་ཏྲ་རབ་ཏུ་འཛག་པ་ལ་ཡང་སྦྱར། གཉིས་བརྗོད། ཐུང་ངུ་འོས་ཐུང་ངུར་བསྒྱུར། ཡང་འཇིག་བ་དག་ལ་ཡོན་ཏན་ནོས་ཡོན་ཏན་བྱས་
བས། ལཊ་ མོ་མཱ་ཏྱ་ཏེ། ལིང་ མོ་མཱུ་ཏྱེ་ཏ། ལོཊ་ མོ་མཱུ་ཏྲྱ་ཏཱཾ། ལིང་ ཨ་མོ་མཱུ་ཏྲྱ་ཏ། སོགས་དང་། ལུང་ལ་བལ་དང་པོའི་ཨིཊ་བྱིན། ཡའི་ཧ་ལ་ལས་སོས། ཡ་ཕྱིས་པས། ཨ་མོ་མཱུ་ཏྲི་ཥྚ། སོགས་དང་། ལིཊ་ལ་ཨཱ་མ་སྦྱར། ཡའི་ཧ་ལ་ལས་སོས་ཡ་ཕྱིས་པས། མོ་མཱུ་ཏཱཾཾ་ཙ་ཀྲེ། སོགས་སོ། །
ལྷག་མ་རྣམས་ལ་ཨིཊ་བྱིན་ཡ་ཕྱིས་པས། ལུཊ་ མོ་མཱུ་ཏྲི་ཏཱ། སྨོན་ལིང་ མོ་མཱུ་ཏྲི་ཥཱི་ཥྚ། ལྲྀཊ་ མོ་མཱུ་ཏྲི་ཥྱ་ཏེ། ལྲྀང་ ཨ་མོ་མཱུ་ཏྲི་ཥྱ་ཏ། སོགས་སོ། ༈ །ཨཊ་འགྲོ་བ་ལའོ་ཞེས་པ་ལ་ཡང་སྦྱར། སན་ཡང་དག་ལ་འོས། ཊ་ར་བྱངས་བཅས་གཉིས་བརྗོད། དཱི་རྦྷོ་྅་ཀི་ཏཿ། ཀ་འགྲོ་བ་མ་ཡིན་པའི་རིང་པོའོ།
ཨ་བྷྱཱ་ས་ཀ་འགྲོ་བའི་མིང་ཅན་མ་ཡིན་པའི་རྐྱེན་ཡ་ཀ་དང་ཡང་དང་ཡང་འཇིག་པ་རྣམས་ཕ་རོལ་ལ་རིང་པོར་བསྒྱུར་ཏེ། མདོ་འདིས་ཊ་རིང་པོར་བསྒྱུར། ཨ་ཏ་ཀྱི་དབྱི་འོས་ཊ་ཕྱི་མའི་ཨ་ཕྱིས་པས། ཨཊཱ་ཊྱ་ཞེས་གྲུབ་པ་ལ་ལཊ་སོགས་ཏང་རྣམས་སྦྱར་བས། ལཊ ཨ་ཌཱ་ཊྱ་ཏེ། ལིང་ ཨ་ཌཱ་ཊྱེ་ཏ། ལོཊ་ ཨ་
ཌཱ་ཊྱ་ཏཱཾ། ལང་ ཨཱ་ཊཱ་ཎྱ་ཏེ། སོགས་དང་། ལུང་ལ་ཨིཊ་བྱིན། ཡའི་ཧ་ལ་ལས་སོ་ཨ་ཡ་ཕྱིས་པས། ཨཱ་ཊཱ་ཊི་ཥྚ། སོགས་སོ། །ལིཊ་ལ་ཨཱ་མ་སྦྱར་ཡ་ཕྱིས་པས། ཨ་ནཱ་ཌཱཾ་ཙ་ཀྲེ་སོགས་སོ། །ལྷག་མ་རྣམས་ལ་ཨིཊ་བྱིན་ཡའི་ཧལ་ལ་འོས་ཡ་ཕྱིས་པས། ལུཊ་ ཨ་ཊཱ་ཊི་ཏཱ།
སྨོན་ལིང་ ཨ་ཊཱ་ཊི་ཥཱི་ཥྚ། ལྲྀཊ་ ཨ་ཊཱ་ཊི་ཥྱ་ཏེ། ལྲྀང་ ཨཱ་ཊཱ་ཊི་ཥྱ་ཏ། སོགས་སོ། ༈ །ཨ་ཤ་ཟས་ལའོ་ཞེས་པ་ལ་ཡང་ཕྱིས། ཤང་བྱངས་བཅས་གཉིས་བརྗོད། ཀ་འགྲོ་བ་མ་ཡིན་པས་རིང་པོ་འོས་དེ་རིང་པོར་བསྒྱུར་བས། ཨ་ཤཱ་ཤྱ་ཞེས་གྲུབ་པ་ལ་ལཊ་སོགས་སྦྱར་ཏེ། ལཊ་ ཨ་

ཤཱ་ཤྱ་ཏེ། ལིང་ ཨ་ཤཱ་ཤྱི་ཏ། ལོཊ་ ཨ་ཤཱ་ཤྱ་ཏཱཾ། ལིང ཨཱ་ཤཱ་ཤྱ་ཏ། སོགས་སོ། །ལུང་པ། ཨིཊ་བྱིན་ཡའི་ཧལ་ལས་སོས། ཡ་ཕྱིས་པས། ཨཱ་ཤཱ་ཤི་ཥྚ། སོགས་དང་། ལིཊ་ལ་ཨཱ་མ་སྦྱར། ཡའི་ཧལ་ལས་སོ་སོ་ཡ་ཕྱིས་པས། ཨ་ཤཱ་ཤཱཾ་ཙ་ཀྲེ། སོགས་སོ། །ལྷག་མ་
རྣམས་ལ། ལུཊ་ ཨ་ཤཱ་ཤི་ཏཱ། སྨོན་ལིང་ ཨ་ཤཱ་ཤི་ཤཱིཥྚ། ལྲྀཊ་ ཨ་ཤཱ་ཤིཥྱ་ཏེ། ལྲྀང་ ཨཱ་ཤཱ་ཤི་ཥྱ་ཏ། སོགས་སོ། ༈ །རྀ་འགྲོ་བ་ལའོ་ཞེས་པ་ལ། ཡང་སྦྱར། ཡ་དི་ཙ། ཡང་ལའང་ངོ་། །རྀ་འགྲོ་བ་དང་བརྩེགས་པ་དང་པོའི་རྀའང་ཡང་ཕ་རོལ་ལ་ཡོན་ཏན་དུ་འགྱུར་ཏེ། སན་ཡང་
དག་ལ་འོས། རྀ་གཉིས་བརྗོད། ཡང་འཇིག་པ་དག་ལ་ཡོན་ཏན་ནོས་ཨ་བྷྱཱ་ས་ཡོན་ཏན་དང་། མདོ་འདིས་རྀ་ཕྱི་མ་ཡོན་ཏན་བྱས་པས། ཨར་ཨར་ཡང་ཞེས་པ་ལ་རིམ་པར་དྲངས། ཀ་འགྲོ་བ་མ་ཡིན་པའི་རིང་པོ་འོས་རིང་པོར་བསྒྱུར་བས། ཨ་རཱརྻ་ཞེས་པ་ལ་ལཊ་སོགས་སྦྱར་
བས། ལཊ་ ཨ་རཱརྻ་ཏེ། ལིང་ ཨ་རཱརྻེ་ཏ། ལོཊ་ ཨ་རཱརྻ་ཏཱཾ། ལང་ ཨཱ་རཱརྻ་ཏེ། སོགས་དང་། ལུང་ལ་ཨིཊ་བྱིན། ཡའི་ཧལ་ལས་སོས་ཡ་ཕྱིས་པས། ཨཱ་རཱ་རི་ཥྚ། སོགས་སོ། ལིཊ་ལ་ཨཱ་མ་བྱིན་ཡ་ཕྱིས་པས། ཨ་རཱ་རཱཾ་ཙ་ཀྲེ། སོགས་སོ། །ལྷག་མ་རྣམས་ལ། ལུཊ་ ཨ་རཱ་རི་ཧཱ་།
སྨོན་ལིང་ ཨ་རཱ་རིཥཱི་ཥྚ། ལྲྀཊ་ ཨ་རཱ་རི་ཥྱ་ཏེ། ལྲྀང་ ཨཱ་རཱ་རིཥྱ་ཏ། སོགས་སོ། ༈ །ཨཱུ་རྞུཉ་འགེབས་པ་ལ་ཡང་ཎུ་གཉིས་བརྗོད། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ་ ཨཱུ་རྞོ་ནཱུ་ཡ་ཏེ། ལང་ ཨཱུ་རྞོ་ནཱུ་ཡེ་ཏ། ལོཊ་ ཨཱུ་རྞོ་ནཱུ་ཡ་ཏཱཾ། ལང་ ཨཽ་རྞོ་ནཱུ་ཡ་ཏ་སོགས་སོ། །ལུང་
ལ་ཨིཊ་བྱིན་ཨཊ་ཀྱི་དབྱི་འོས་ཡའི་ཨ་ཕྱིས་པས། ཨཽ་རྞོ་ནཱུ་ཡི་ཥྚ། དེ་བཞིན་དུ། ཨ་ཕྱིས་པས་ལྷག་མ་རྣམས་ལ། ལིཊ ཨཱུ་རྣོ་ནཱུ་ཡཱཾ་ཙ་ཀྲེ། ལུཊ་ ཨཱུ་རྞོ་ནཱུ་ཡི་ཏཱ། སྨོན་ལིང་ ཨཱུ་རྞོ་ནཱུ་ཡི་ཥཱི་ཥྚ། ལྲྀཊ་ ཨཱུ་རྞོ་ནཱུ་ཡི་ཥྱ་ཏེ། ལྲྀང་ ཨཽ་རྞོ་ནཱུ་ཡི་ཥྱ་ཏ། སོགས་སོ། ༈ །གྷུ་བུ་ཉ་སྦྱིན་པ་ལ་ཡང་བྱིན།
གྷུ་མཱ་སྠཱ། གཱ་བཱ་སོགས་ཀྱིས་ཨ་ཙ་ཨཱིཊ་དུ་བསྒྱུར་ཏེ། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ་ དེ་དཱི་ཡ་ཏེ། ལིང་ དེ་དཱི་ཡེ་ཏ། ལོཊ་ དེ་དཱི་ཡ་ཏཱཾ། ལང་ ཨ་དེ་དཱི་ཡ་ཏ། སོགས་དང་། ལུང་ལ་ཨིཊ་བྱིན་ཨ་ཏ་ཀྱི་དབྱི་འོས་ཨ་ཕྱིས་པས། ཨ་དེ་དཱི་ཡི་ཥྚ། སོགས་སོ། །ལིཊ་ལ་ཨཱ་མ་

སྦྱར་ཨ་ཕྱིས་པས། དེ་དཱི་ཡཱཾ་ཙ་ཀྲེ། སོགས་དང་། ལྷག་མ་རྣམས་ལ། ལུཊ དེ་དཱི་ཡི་ཏཱ། སྨོན་ལིང་། དེ་དཱི་ཡི་ཥཱི་ཥྚ། ལྲྀཊ་ དེ་དཱི་ཡི་ཥྱ་ཏེ། ལྲྀང་ ཨ་དེ་དཱི་ཡི་ཥྱ་ཏ། སོགས་སོ། ༈ །དེ་བཞིན་དུ། ཌུ་རྷཱ་ཉ་འཛིན་པ་ལ་ཡང་། ཨཱ་ཨཱི་ཏ་དུ་བསྒྱུར། གཉིས་བརྗོད། ཡང་འཇིག་པ་
སོགས་ཀྱིས་ཡོན་ཏན་བྱས་པས། ལཊ་ དེ་དྷཱི་ཡ་ཏེ། ལུང་ ཨ་དི་དྷཱི་ཡིཥྚ། ལིཊ་ དེདྷཱི་ཡཱཾ་ཙ་ཀྲེ། ལུཊ་ དེ་དྷཱི་ཡི་ཏཱ། སོགས་སོ། ༈ །མཱང་གུས་པ་ལའོ་ཞེས་པ་ལ་ཡང་། ཨཱ་ཨཱིཏ། གཉིས་བརྗོད། ཡོན་ཏན་བྱས་པས། ལཊ་ མེ་མཱི་ཡ་ཏེ། ལུང་ ཨ་མེ་མཱི་ཡི་ཥྚ། ལིཊ་ མེ་མཱི་ཡཱཾ་ཙ་ཀྲེ། ལུཊ་ མེ་མཱི་ཡི་ཏཱ།
སོགས་སོ། ༈ །ཥྚཱ་འགྲོ་བ་ལས་ལྡོག་པ་ལ་ཡང་། ཨཱ་ཨཱི་ཏ་དུ་བསྒྱུར། གཉིས་བརྗོད། ཤར་དང་པོ་སོགས་ཀྱིས་ས་ཕྱིས། ཨ་བྷྱཱ་སའི་ཙར་འང་ངོས་ཐ་ཏ། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་ཀུན་ནས་བསྒྱུར་བ་སོགས་ཀྱིས་ས་ཥ། ཥ་ཊུ་ལ་ཥ་ཊུ་འོས་ཐ་ཐར་བསྒྱུར་བ་སོགས་ཀྱིས་
བསྒྲུབས་པས། ལཊ་ ཏེ་ཥྛཱི་ཡ་ཏེ། ལུང་ ཨ་ཏེ་ཥྛཱི་ཡི་ཥྚ། ལིཊ་ཏེ་ཥྛཱི་ཡཱཾ་ཙ་ཀྲེ། ལུཊ་ ཏེ་ཥྛཱི་ཡི་ཥྚ། སོགས་སོ། ༈ །གཻ་སྒྲ་ལའོ་ཞེས་པ་ལ་ཡང་། ཤ་འགྲོ་བ་ཉེ་བའི་ཡུལ་མ་ཡིན་པ་ལ་ཨེ་ཙའི་ཨཱ་ཏ་འོས། ཨེ་ཙ་ཨཱ་ཏ། གྷུ་མཱ་སྛཱ་གཱ་སོགས་ཀྱིས་ཨཱི་ཏ་དུ་བསྒྱུར། གཉིས་བརྗོད། ཀུ་ཧ་དག་གི་ཙུ་
དང་ཡོན་ཏན་བྱས་པས། ལཊ་ ཛེ་གཱི་ཡ་ཏེ། ལུང་ ཨ་ཛེ་གཱི་ཡི་ཥྚ། ལིཊ་ ཛེ་གཱི་ཡཱཾ་ཙ་ཀྲེ། ལུཊ་ ཛི་གཱི་ཡི་ཏཱ། སོགས་སོ། ༈ །ཨོ་ཧཱ་ཀ་གཏོང་བ་ལ་ཡང་སྦྱར། གྷུ་སོགས་ཀྱིས་ཨཱ་ཨཱཾ། གཉིས་བརྗོད། ཀུ་ཧ་དག་གི་ཙུ། ཨ་བྷྱཱ་སའི་ཙ་ར་འང་ངོས། ཛྷ་ཛ། ཡོན་ཏན་བྱས་པས། ལཊ ཛེ་ཧི་ཡ་ཏི།
ལུང་ ཨ་ཛེ་ཧཱི་ཡི་ཥྚ། ལིཊ་ ཛེ་ཧཱ་ཡཱཾ་ཙ་ཀྲེ། ལུཊ་ ཛི་ཧཱི་ཡི་ཏཱ། སོགས་སོ། ༈ །ཥོ་མཐའི་ལས་ལའོ་ཞེས་པ་ལ་ཡང་སྦྱར། ཤ་འགྲོ་བ་ཉེ་བའི་ཡུལ་མ་ཡིན་པ་སོགས་ཀྱིས་ཨེ་ཙ་ཨཱ་ཏ། གྷུ་སོགས་ཀྱིས་ཨི་ཏ། གཉིས་བརྗོད་ཡོན་ཏན་དང་ཀུན་ནས་བསྒྱུར་བ་སོགས་ཀྱིས་ཥར་བསྒྱུར་བས། ལཊ་ སེ་
ཥཱི་ཡ་ཏེ། ལུང་ ཨ་སཱི་ཥཱི་ཡི་ཥྚ། ལིཊ་ སེ་ཥི་ཨཱཾ་ཙ་ཀྲེ། ལུཊ སེ་ཥཱི་ཡི་ཏཱ། སོགས་སོ། ༈ །ཊུ་ཨོ་ཤྭི་འགྲོ་བ་དང་འཕེལ་བ་དག་ལའོ་ཞེས་པ་ལ་ཡང་། ཤྭིའི་འདམ་ཀ་འོས། སཾ་པྲ་སཱ་ར་ཎར་བསྒྱུར་བ་དང་མི་བསྒྱུར་བ་འདམ་ཀ་ཅན་དུ་བྱས་པས། བསྒྱུར་བའི་ཕྱོགས་ལ། ལཊ ཤོ་ཤཱུ་ཡ་ཏེ། ལུང་ ཨ་

ཤོ་ཤཱུ་ཡི་ཥྚ། ལིཊ་ ཤོ་ཤཱུ་ཡཱཾ་ཙ་ཀྲེ། ལུཊ་ ཤོ་ཤཱུ་ཡི་ཏཱ། སོགས་དང་། མ་བསྒྱུར་བའོ་ཕྱོགས་ལ། ལཊ་ ཤེ་ཤཱི་ཡ་ཏེ། ལུང་ ཨ་ཤེ་ཤཱི་ཡིཥྚ། ལིཊ་ ཤེ་ཤྭཱི་ཡཱཾ་ཙ་ཀྲེ། ཤེ་ཤྭཱི་ཡི་ཏཱ། སོགས་སོ། ༈ །སྨྲྀ་དྲན་པ་ལའོ་ཞེས་པ་ལ་ཡང་སྦྱར། གཉིས་བརྗོད། ཡང་འཇིག་པ་སོགས་ཀྱིས་ཨ་བྷྱཱ་ས་
ཡོན་ཏན། ཧ་ལ་དང་པོ་ལྷག་པོ་སོགས་ཀྱིས་མ་དང་ར་ཕྱིས། ཀ་འགྲོ་བ་མ་ཡིན་པའི་རིང་པོ་འོས་རིང་པོར་བསྒྱུར། ཡང་ལའང་ངོས་ཡོན་ཏན་བྱས་པས། ལཊ སཱ་སྨ་རྻ་ཏེ། ལུང་ ཨ་སཱ་སྨ་རི་ཥྚ། ལིཊ སཱ་སྨ་རཱ་ཙ་ཀྲེ། ལུཊ་ སཱ་སྨ་རི་ཏཱ། སོགས་སོ། ༈ །ཌུ་ཀྲྀཉ་བྱེད་པ་ལའོ་ཞེས་པ་ལ་ཡང་། རྀ་ཏ་ཀྱི་རཱིང་འོས་
རིང་དུ་བསྒྱུར། གཉིས་བརྗོད། ཐུང་ངུ་འོས་ཐུང་ངུར་བསྒྱུར། རྲ་ཕྱིས། ཀུ་ཧ་དག་གི་ཙུ། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ ཙེ་ཀྲཱི་ཡ་ཏེ། ལུང་ ཨ་ཙེ་ཀྲཱི་ཡི་ཥྚ། ལིཊ་ ཙེ་ཀྲཱི་ཡཱཾ་ཙ་ཀྲ། ལུཊ ཙེ་ཀྲཱི་ཡི་ཏཱ། སོགས་སོ། །སམ་སྔོན་དུ་བྱུང་ན་ཀའི་སྔོན་དུ་སུཊ་བྱིན་པས། ལཊ སཱཾ་ཙེ་སྐྲཱི་ཡ་ཏེ།
སོགས་སོ། ༈ །ཥི་ཙ་སྲུང་བ་ལའོ་ཞེས་པ་ལ་ཡང་སྦྱར། གཉིས་བརྗོད། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ སེ་སི་ཙྱ་ཏེ། ལུང་ ཨ་སེ་སི་ཙི་ཥྚ། ལིཊ སེ་སི་ཙཱི་ཙ་ཀྲེ། ལུཊ ས་སི་ཙི་ཏཱ་། སོགས་སོ། །སི་ཙོ་ཡ་དི། སི་ཙའི་ཡང་ལའོ། །སི་ཙའི་ས་ཡིག་ནི་ཉེར་བསྒྱུར་དང་ཨ་བྷྱཱ་ས། ས་
ཥར་བསྒྱུར་བའི་རྒྱུ་མཚན་ཅན་སྔོན་དུ་བྱུང་ཡང་། ཡང་ཕ་རོལ་ལ་ཥར་མི་འགྱུར་ཏེ། ཨ་བྷྱཱ་སའི་དཔེར་བརྗོད་བསྟན་ཟིན་ལ། ཉེར་བསྒྱུར་ལ་ནི་སེ་སི་ཙྱ་ཏེ། སོགས་སོ། ༈ །བྲ་ཛ་འགྲོ་བ་ལའོ་ཞེས་པ་ལ་ཡང་། གཉིས་བརྗོད། ཧ་ལ་དང་པོ་སོགས་ཀྱི་སར་ཕྱིས། ཀ་འགྲོ་བ་མ་ཡིན་པ་སོགས་ཀྱིས་རིང་པོར་བསྒྱུར་
བས། ལཊ བཱ་པྲ་ཛྱ་ཏེ། ལུང་ ཨ་པཱ་པྲ་ཛི་ཥྚ། ལིཊ་ བཱ་པྲ་ཛཱི་ཙ་ཀྲེ། ལུཊ་བཱ་བྲ་ཛི་ཏཱ། སོགས་སོ། ༈ །གྲཱི་གསལ་བ་ལའོ་ཞེས་པ་ལ། ཡང་། གྲོ་ཡ་ངི་། གྲཱྀའི་ཡང་ལའོ། །གྲྀའི་ར་ཡིག་ནི་ཡང་ཕ་རོལ་ལ་ལ་ཡིག་ཏུ་བསྒྱུར་བར་བྱ་སྟེ། བྱིངས་ཀྱི་རཱྀ་ཏ་ཀྱི་ཨི་ཏ་འོས་རཱྀ་ཨིཊ། རྀའི་ཨ་ཎ་ལར་ཕ་རོལ་ལོས་དུ།
མདོ་འདིས་རྲ་ལྲར་བསྒྱུར། གཉིས་བརྗོད། ཀུ་ཧ་དག་གི་ཙུ་དང་། ཡང་འཇིག་བ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ་ ཛེ་གི་ལྱ་ཏེ། ལུང་ ཨ་ཛེ་གི་ལི་ཥྚ། ལིཊ་ ཛེ་གི་ལཱཾ་ཙ་ཀྲེ། ལུཊ ཛེ་གི་ལི་ཏཱ། སོགས་སོ། ༈ །ལུ་པཱྀ་གཅོད་པ་ལའོ་ཞེས་པ་ལ། ཡང་སྦྱར། གཉིས་བརྗོད། ཡང་འཇིག་པ་སོགས་ཀྱིས་

ཡོན་ཏན་བྱས་པས། ལཊ་ ལོ་ལུ་པྱ་ཏེ། ལུང་ ཨ་ལོ་ལུ་པུཥྚ། ལིཊ་ ལོ་ལུ་པཱཾ་ཙ་ཀྲེ། ལུཊ་ ལོ་ལུ་པི་ཏཱ། སོགས་སོ། ༈ །ཀུ་འབར་བ་ལའོ་ཞེས་པ་ལ། ཡང་སྦྱར། ན་ཀ་བ་ཏེ་རྻ་ངི་། ན་ཀ་བ་ཏེའི་ཡང་ལ་མ་ཡིན་ནོ། ཀ་བ་ཏིའི་ཨ་བྷྱཱ་སའི་ཀ་ཡིག་ནི་ཡང་ཕ་རོལ་ལ་ཙ་ཡིག་ཏུ་བསྒྱུར་བ་
མ་ཡིན་ཏེ། གཉིས་བརྗོད། ཡང་འཇིག་པ་སོགས་ཡོན་ཏན། མདོ་འདིས་ཀ་ཙ་ར་མི་བསྒྱུར། ལཊ་ ཀོ་ཀཱུ་ཡ་ཏེ། ལུང་ ཨ་ཀོ་ཀཱུ་ཡིཥྚ། ལིཊ་ ཀོ་ཀཱུ་ཡཱཾ་ཙ་ཀྲེ། ལུཊ་ ཀོ་ཀཱུ་ཡི་ཏཱ། སོགས་སོ། འགྲེལ་བར་སྐབས་འགར་བསྒྱུར་བའང་ཡོད་དོ་ཞེས་བཤད་པས། ལཊ་ ཙོ་ཀཱུ་ཡ་ཏེ། སོགས་སོ།༈ །པཉྩུ་
འགྲོ་བ་ལའོ་ཞེས་པ་ལ། ཡང་སྦྱར། ནཱི་གྭཉྩུ་སྲཾ་སུ་དྷྭཾ་སུ་ཀ་ས་པ་ཏ་པ་ད་སྐནྡཱཾ། མཉྩུ་ སྲཾ་སུ་ དྙྭཾ་སུ་ཀ་ས། པ་ཏ་པ་ད་སྐནྡ་རྣམས་ཀྱི་ནཱི་ཀའོ། པཉྩུ་འགྲོ་བ། སྲཾ་སུ་དང་། དྷྭཾ་སུ་འོག་ཏུ་ལྷུང་བ། ཀ་ས་འགྲོ་བ། ལ་དླྀ་ལྷུང་བ། པ་ད་འགྲོ་བ། སྐནྡ་འགྲོ་བ་རྣམས་ཀྱི་ཡང་གི་རྐྱེན་གནས་པ་དང་འཇིག་པ་དག་ཕ་རོལ་ལ་
ཨབྷྱཱ་ས་ལ་ནཱི་ཀ་ཨཱ་ག་མ་འགྱུར་ཏེ། ཀ་གནས་དོན་ནོ། གཉིས་བརྗོད། མདོ་འདིས་ནཱི་ཀ་ཨཱ་ག་མ། གློ་བུར་བ་ཀིཏ་ཡིན་པས་ཨ་བྷྱ་ས་རིང་པོར་བསྒྱུར། ཨིཏ་འགྲོ་བ་མ་ཡིན་པ་སོགས་ཀྱིས་ངིཏ་ཕ་རོལ་ལན་ཕྱིས་པས། ལཊ་ བ་ནཱི་པཙྱ་ཏེ། ལུང་ ཨ་བ་ནཱི་བ་ཙི་ཥྚ། ལིཊ་ བ་ནཱི་བ་ཙཱི་ཙ་ཀྲེ། ལུཊ་ བ་ནཱི་བ་ཙི་ཏཱ། སོགས་སོ།
༈ སྲཾ་སུ་འོག་ཏུ་ལྷུང་བ་ལའོ་ཞེས་པ་ལ། ཡང་གཉིས་བརྗོད། མདོ་འདིས་ནཱི་ཀ་ཨཱ་ག་མ་བྱིན། ཀ་འགྲོ་བའི་རྒྱུ་མཚན་ལས་ཨ་བྷཱ་ས་རིང་པོར་མི་འགྱུར་དུ་ཕྱིས། ཨིཏ་འགྲོ་བ་མ་ཡིན་པ་སོགས་ཀྱིས་ན་ཕྱིས་པས། ལཊ་ ས་ནཱི་སྲ་སྱ་ཏེ། ལུང་ ཨ་ས་ནཱི་སྲ་སིཥྚ། ལིཊ་ ས་ནཱི་སྲ་སཱཾ་ཙ་ཀྲེ། ལུཊ་ ས་ནི་སྲ་ས་སི་ཏཱ།
སོགས་སོ། ༈ །ཡ་མུ་ཉེ་བར་འགོག་པ་ལའོ་ཞེས་པ་ལ། ཡང་སྦྱར། ནུ་ག་ཏོ྅་ནུ་ནཱ་སི་ཀཱནྟ་སྱ། རྗེས་སུ་སྣ་ལྡན་མཐའ་ཅན་གྱི་ཨ་ཏི་གྱ་ནུ་གའོ། བྱིངས་རྗེས་སུ་སྣ་ལྡན་གྱི་མཐའ་ཅན་ཨུ་པ་དྷཱ་ཨཏ་ཡིན་པའི་ཨ་བྷྱཱས་ལ་ཡང་རྐྱེན་གནས་པ་དང་འཇིག་པ་དག་ཕ་རོལ་ལ་ནུཀ་ཨཱ་ག་མ་འགྱུར་ཏེ། ཀ་གནས་
དོན་དང་ཨ་བརྗོད་པའི་དོན་ནོ། གཉིས་བརྗོད་ཧལ་དང་སོ་ལྷག་པོ་སོགས་ཀྱིས་མྲ་ཕྱིས། མདོ་འདིས་ནུ་ཨཱ་ག་མ་བྱིན། པྲྀ་ཥོ་ད་ར་སོགས་ཀྱིས་ནང་ངོར་བྱས། ཀིཏ་ཀྱི་རྒྱུ་མཚན་ལས་རིང་པོར་མི་འགྱུར་བས། ལཊ་ ཡཾ་ཡ་མྱ་ཏེ། ལུང་ ཨ་ཡཾ་ཡ་མིཥྚ། ལིཊ་ ཡཾ་ཡ་མཱཾ་ཙ་ཀྲེ། ལུཊ་ ཡཾ་ཡ་མི་ཏཱ། སོགས་

སོ། ༈། ཊུ་བ་མུ་སྐྱུག་པ་ལའོ་ཞེས་པ་ལ་ཡང་སྦྱར། གཉིས་བརྗོད། མ་ཕྱིས་མདོ་འདིས་ནུ་ཀ་ཨཱ་ག་མ་བྱིན། ནའི་འང་ཚིག་མཐའ་མིན་པའི་ཛྙལ་ལ་ནང་རོ། ཀིཏ་ལ་རིང་པོར་མི་བསྒྱུར། ལཊ་ བཾ་བ་མྱ་ཏེ། ལུང་ ཨ་བཾ་བ་མིཥྚ། ལིཊ་ བཾ་བ་མཱཾ་ཙ་ཀྲེ། ལུཊ་ བཾ་བ་མི་ཏཱ། སོགས་སོ། ༈ །ཏ་ནུ་རྒྱས་བ་ལའོ་ཞེས་པ་
ལ། ཡང་གཉིས་བརྗོད། ནུ་ཕྱིས། མདོ་འདིས་ནུཀ་ཨཱ་ག་མ་རིང་པོ་མི་བྱེད། ལཊ་ ཏནྟ་ནྱ་ཏེ། ལུང་ ཨཏནྟ་ནི་ཥྚ། ལིཊ་ ཏནྟ་ནཱི་ཙ་ཀྲེ། ལུཊ་ ཏནྟ་ནི་ཏཱ། སོགས་སོ། །རྗེས་སུ་སྣ་ལྡན་གྱི་མཐའ་ཡིན་ཀྱང་ཨུ་པ་དྷཱ་ཨཏ་ཡིན་ན་ནུཀ་མི་འགྱུར་ཏེ། བྷཱ་མ་ཁྲོ་བ་ལའོ་ཞེས་པ་ལ་ཡང་སྦྱར། གཉིས་བརྗོད། ཨ་བྷྱ་
ས་བི་ཙརའང་ངོས། བྷ་ག་ཐུང་ངུ་འོས་ཐུང་ངུར་བསྒྱུར། ཀིཏ་མིན་པ་སོགས་ཀྱིས་སླར་ཡང་རིང་པོར་བསྒྱུར་བས། ལཊ་ བཱ་བྷཱ་མྱ་ཏེ། ལུང་། ཨ་བཱ་བྷཱ་མིཥྚ། ལིཊ་ བཱ་བྷཱ་མཱཾ་ཙ་ཀྲེ། ལུཊ་ བཱ་བྷཱུ་མི་ཏཱ། སོགས་སོ། ཛན་སྐྱེ་བ་ལའོ་ཞེས་པ་ལ། ཡང་། ཡལ་འདམ་ཀ་འོས་མཐའ་ཨཏ་དུ་བསྒྱུར་བ་དང་མི་བསྒྱུར་བ་འདམ་
ཀ་ཅན་དུ་བྱེད། མ་བསྒྱུར་བའི་ཕྱོགས་ལ། རྗེས་སུ་ལྡན་མཐའ་ཅན་གྱིས་ཏ་ཀྱི་ནུ་ཀ་ཨཱ་ག་མ་བྱིན་པས། ལཊ་ ཛཾ་ཛནྱ་ཏེ། ལུང་ ཨ་ཛཾ་ཛ་ནཱཾ་ནིཥྚ། ལིཊ་ ཛཾ་ཛ་ནཱཾ་ཙ་ཀྲེ། ལུཊ་ ཛཾ་ཛ་ནི་ཏཱ། སོགས་དང་། ཨཏ་དུ་བསྒྱུར་བའི་ཕྱོགས་ལ། གཉིས་བརྗོད། ཐུང་ངུ་འོས་ཐུང་ངུར་བསྒྱུར། ཀིཏ་མ་ཡིན་པ་སོགས་ཀྱིས་སླར་རིང་
པོར་བསྒྱུར་བས། ལཊ་ ཛཱ་ཛཱ་ཡ་ཏེ། ལུང་ ཨ་ཛཱ་ཛཱ་ཡིཥྚ། ལིཊ་ ཛཱ་ཛཱ་ཡཱཾ་ཙ་ཀྲེ། ལུཊ་ ཛཱ་ཛཱ་ཡི་ཏཱ། སོགས་སོ། ༈ །ཥ་ན་སྦྱིན་པ་ལའོ་ཞེས་པ་ལ། ཡང་། ཨ་ལ་འདམ་ཀ་འོས། ཨཱཏ་དུ་བསྒྱུར་བ་དང་མི་བསྒྱུར་བ་འདམ་ཀ་བྱས། མ་བསྒྱུར་བའི་ཕྱོགས་ལ་རྗེས་སུ་སྣ་ལྡན་སོགས་ཀྱིས་ནུ་ཀའི་བྱིན་པས། ལཊ་ སཾ་ས་
ནྱ་ཏེ། ལུང་ ཨ་སཾ་ས་ནཱིཥྚ། ལིཊ་ སཾ་ས་ནཱི་ཙཱ་ཀྲེ། ལུཊ་ སཾ་ས་ནི་ཏཱ། སོགས་དང་། ཨཱཏ་དུ་བསྒྱུར་བའི་ཕྱོགས་ལ། ལཊ་ སཱ་སཱ་ཡ་ཏེ། ལུང་ ཨ་སཱ་སཱ་ཡིཥྚ། ལིཊ་ སཱ་སཱ་ཡཱཾ་ཙ་ཀཱ་ར། སོགས་སོ། ༈ །དེ་བཞིན་དུ། ཁ་ན་རྐོ་བ་ལ། ལཊ་ ཙི་ཁ་ནྱ་ཏེ། ལུང་ ཨ་ཙི་ཁ་ནིཥྚ། ལིཊ་ ཙི་ཁ་ནཱཾ་ཙ་ཀྲེ། ལུཊ་ ཙི་ཁ་ནི་ཏཱ།
སོགས་སམ། ལཊ་ ཙཱ་ཁཱ་ཡ་ཏེ། ལུང་ ཨ་ཙཱ་ཁཱ་ཡིཥྚ། ལིཊ་ ཙ་ཁཱ་ཡཱཾ་ཙཀྲེ། ལུཊ་ ཙཱ་ཁཱ་ཡི་ཏཱ། སོགས་སོ། ༈ ཧན་འཚེ་བ་ལ། ཡང་། གཉིས་བརྗོད། ནུ་ཕྱིས། ཀུ་ཧ་དག་གི་ཙུ། ཨ་བྷྱཱ་སའི་ཙར་འང་ངོས། ཛྷ་ཛ། རྗེས་སུ་སྡ་ལྡན་མཐའི་སོགས་ཀྱིས་ནུཀ་ཨཱ་ག་མ། ཨ་བྷྱཱ་ལས་ཀྱང་ངོས་ཧ་གྷར་བསྒྱུར་

བ་སོགས་ཀྱིས། ལཊ་ ཛཾ་གྷ་ནྱ་ཏེ། ལུང་ ཨཛི་གྷ་ནི་ཥྚཱ། ལིཊ་ ཛིཀྷ་ནཱི་ཙ་ཀྲེ། ལུཊ་ ཛིགྷ་ནི་ཏཱ། སོགས་སོ། འགྲེལ་བར་ལུང་དྲངས་པ། ཧ་ནྟེཿཧིདླ་ཡཱཾ་ཡ་ངི་གྷཱི་བྷཱ་བོ་བཀྟ་བྱཿ། ཧ་ནྟིའི་འཚེ་བ་ལ་ཡང་ལ་གྷཱི་ཉིད་དུ་བརྗོད་དོ། ཧནྟིའི་ཡང་ཕ་རོལ་ལ་འཚེ་བའི་དོན་ལ་གྷཱི་ཞེས་པར་བསྒྱུར་བར་བྱ་
སྟེ། ཧ་ན། གྷཱི་རུ་བསྒྱུར། གཉིས་བརྗོད། ཐུང་ངུ་འོས་ཐུང་ངུར་བསྒྱུར། ན་ཕྱིས། ཀུ་ཧ་དག་གི་ཙུ། ཨ་བྷྱཱ་སའི་ཙར་འང་ངོས། ཛྷ་ཛ། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ་ ཛ་གྷི་ཡ་ཏེ། ལུང་ ཨ་ཛེ་གྷྭཱ་གི་ཡིཥཱ། ལིཊ་ ཛེགྷྭཱི་ཡཱཾ་ཙ་ཀྲེ། ལུཊ་ ཛེ་གྷྭཱི་ཡི་ཏཱ། སོགས་སོ། ༈ །ཛ་བ་ཡིད་ལའོ་ཞེས་པ་ལ་ཡང་
སྦྱར། ཛ་པ་ཛི་བྷ་ད་ཧ་ད་ཤ་བྷཉྫ་པ་ཤཱཾ་ཙ། ཛ་པ་ ཛབྷ་ ད་ཧ་ད་ཤ་ བྷཉྫ་པ་ཤ་རྣམས་ཀྱི་འང་ངོ་། ཛ་པ་ཡིད། ཛབྷ་ལུས་རྣམ་པར་ཉམས་པ། ད་ཧ་ཐལ་བར་བྱེད་པ། ད་ཤ་མཆེ་བ། བྷཉྫུ་ཀུན་དུ་ཉེད་པ། པ་ཤ་འཆད་པ་རྣམས་ཀྱི་ཨ་བྷྱཱ་ས་ལའང་ཡང་རྐྱེན་གནས་པ་དང་འཇིག་པ་དག་ཕ་རོལ་ལ་ནུཀ་ཨཱ་ག་
མ་འགྱུར་ཏེ། གཉིས་བརྗོད། མདོ་འདིས་ནུཀ་ཨཱ་ག་མ་བྱིན་པས། ལཊ་ ཛཾ་ཛ་པྱ་ཏེ། ལུང་ ཨ་ཛཾ་ཛ་པིཥྚ། ལིཊ་ ཛཾ་ཛ་པཱཾ་ཙ་ཀྲེ། སོགས་སོ། ༈ །དེ་བཞིན་དུ། ཛ་བྷ་ལུས་རྣམ་པར་ཉམས་པ་ལ། ཡང་གཉིས་བརྗོད། ནུཀ་བྱིན་པས། ལཊ་ ཛཾ་ཛ་བྷྱ་ཏེ། ལུང་ ཨ་ཛཾ་ཛ་བྷིཥྚ། ལིཊ་ ཛཾ་ཛ་བྷཱཾ་ཙ་ཀྲེ། སོགས་སོ། ༈ །
ད་ཧ་ཐལ་བར་བྱེད་པ་ལ། ཡང་སྦྱར་ནུཀ་བྱིན་པས། ལཊ་ དི་ད་ཧྱ་ཏོ། ལུང་ ཨ་དཾ་ད་ཧིཥྚ། ལིཊ་ དཾ་ད་ཧཱཾ་ཙ་ཀྲེ། སོགས་སོ། ༈ །ད་ཤ་མཆེ་བ་ལ། ཡང་གཉིས་བརྗོད། ནུ་ཀ་བྱིན་པས། ལཊ་ དཾ་ད་ཤྱ་ཏེ། ལུང་ ཨ་དི་ད་ཥི་ཥྚ། ལིཊ དཾ་ད་ཤཱཾ་ཙ་ཀྲེ། སོགས་སོ། ༈ །བྟྭཉྫུ་ཉེད་པ་ལ་ཡང་། ཨིཊ་འགྲོ་བ་མ་ཡིན་པ་
སོགས་ཀྱིས་ན་ཕྱིས། གཉིས་བརྗོད། ནུཀ་ཨཱ་ག་མ་བྱིན་བས། ལཊ་ བཾ་བྷ་ཛྱ་ཏི། ལུང་ ཨ་བཾ་བྷ་ཛི་ཥྚ། ལིཊ་ བཾ་བྷ་ཛཱཾ་ཙ་ཀྲེ། སོགས་སོ། ༈ །པ་ཤ་འཆིང་བ་ལ། ཡང་གཉིས་བརྗོད། ནུཀ་ཨཱ་ག་མ་བྱིན་པས། ལཊ་ པཾ་པ་ཤུ་ཏེ། ལུང་ ཨ་པཾ་པ་ཤིཥྚ། ལིཊ་ པཾ་པ་ཤཱ་ཙ་ཀྲེ། སོགས་སོ། ༈ །ཙོ་ལ་གཡོ་བ་ལའོ།
ཞེས་པ་ལ། ཡང་སྦྱར། འགྲེལ་བར་ལུང་དྲངས་པ། ས་ཙ་ཡཱནྟ་སྱཱ་བྷྱཱ་ས་སྱ་ནུ་གྭཱ། ལ་ཙ་ཡའི་མཐའི་ཨ་བྷྱཱ་སའི་ནུཀ་ཡང་ནའོ། བྱིངས་ཚ་ཡིག་དང་ལ་ཡིག་དང་ཡ་ཡིག་རྣམས་ཀྱི་མཐའ་ཅན་གྱི་ཨ་བྷྱཱ་ས་ལ་ཡང་རྐྱེན་གནས་པ་དང་འཇིག་པ་དག་ཕ་རོལ་ལ་ནུཀ་ཨཱ་ག་མ་ཡང་ན་འགྱུར་ཏེ། ནུཀ་བྱིན་པའི་

ཕྱོགས་ལ། ལཊ་ ཙི་ཙ་ལྱ་ཏེ། ལུང་ ཨ་ཙཾ་ཙ་ལིཥྚ། ལིཊ་ ཙཾ་ཙ་ལཱཾ་ཙ་ཀྲེ། སོགས་དང་། ནུཀ་མ་བྱིན་པའི་ཕྱོགས་ལ་ཀིཏ་མ་ཡིན་པ་སོགས་ཀྱིས་རིང་པོར་བསྐྱུར་བས། ལཊ་ ཙཱ་ཙ་ལྱ་ཏེ། ལུང་ ཨ་ཙཱ་ཙ་ལིཥྚ། ལིཊ། ཙཱ་ཙ་ལཱཾ་ཙ་ཀྲེ། སོགས་སོ། ༈ །དེ་བཞིན་དུ། མཉྩ་ཁྲི་ལའོ་ཞེས་པ་ལ། ཡང་། ཨིཏ་འགྲོ་བ་མ་
ཡིན་པ་སོགས་ཀྱིས་ན་ཕྱིས། ལུང་འདྲེན་འདིས་ཨ་བྷྱཱ་ས་ལ་ནུཀ་ཡང་ན་བར་བྱས་པས། ལཊ་ མཾ་མ་ཙྱ་ཏེ། ལུང་ ཨ་མཾ་མ་ཙིཥྚ། ལིཊ་ མཾ་མ་ཙཱི་ཙ་ཀྲེ། སོགས་སམ། ལཊ་ མཱ་མ་ཙྱ་ཏེ། ལུང་ ཨ་མཱ་མ་ཙིཥྚ། ལིཊ་ མཱ་མ་ཙཱི་ཙ་ཀྲེ། སོགས་སོ། ༈ །ད་ཡ་སྦྱིན་པ་ལ་ནུཀ་ཡང་ན་བར་བྱས་པས། ལཊ་ དཾ་ད་ཡྻ་ཏེ། ལུང་ ཨ་
དཾ་ད་ཡིཥྚ། ལིཊ་ དཾ་ད་ཡཱཾ་ཙ་ཀྲེ། སོགས་སམ། ལཊ་ དཱ་ད་ཡྻ་ཏེ། ལུང་ཨ་དཱ་ད་ཡིཥྚ། ལིཊ་ དཱ་ད་ཡཱཾ་ཙ་ཀྲེ། སོགས་སོ། ༈ ཙ་ར་འགྲོ་བ་ལའོ་ཞེས་པ་ལ། ཡང་སྦྱར། ཙ་ར་ཕ་ལོ་ཙ། ཙ་ར་ཕ་ལ་དག་གི་འང་ངོ་། །ཙ་ར་དང་པ་ལ་དག་གི་ཨ་བྷྱཱ་ས་ཨཏ་ལ་ཡང་འཇིག་པ་དང་གནས་པ་དག་ཕ་རོལ་ལ་ནུཀ་ཨཱ་ག་མ་
འགྱུར་ཏེ། ཨུཏྤ་ར་སྱཱཏཿ། ཨཏ་ལས་ཕ་རོལ་གྱི་ཨུཏའོ། ཙ་ར་དང་ཕལ་དག་གི་ཨ་བྷྱཱ་ས་ཨཏ་ལས་ཕ་རོལ་གྱི་ཨ་ནི་ཡང་གནས་པ་དང་འཇིག་པ་དག་ཕ་རོལ་ལ་ཨུཏ་དུ་བསྒྱུར་ཏེ། གཉིས་བརྗོད། མདོ་འདིས་ཨ་ཨུཏ། མདོ་སྔ་མས་ནུཀ་ཨཱ་མ་བྱིན། ཧ་ལ་ལས་སོས་རིང་པོར་བསྒྱུར་བས། ལཊ་ ཙཾ་
ཙཱུརྻ་ཏེ། ལུང་ ཨ་ཙཾ་ཙཱུ་རིཥྚ། ལིཊ་ ཙཾ་ཙཱུ་རཱཾ་ཙ་ཀྲེ། སོགས་སོ། ༈ །ཕལ་རྫོགས་པ་ལའོ་ཞེས་པ་ལ། ཡང་སྦྱར་ཆོ་ག་ཙ་ར་དར་འདྲ་བར་བསྒྲུབས་བས། ལཊ་ པཾ་ཕུ་ལྱ་ཏེ། ལུང་ ཨ་པཾ་ཕུ་ལིཥྚ། ལིཊ་ པཾ་ཕུལཱཾ་ཙ་ཀྲེ། སོགས་སོ། ༈ །ནྲྀ་ཏི་ལུས་བསྐྱོད་པ་ལའོ་ཞེས་པ་ལ། ཡང་སྦྱར། རཱི་གྲྀ་དུ་པ་དྷ་སྱ་ཙ།
རྀཏ་ཨུ་པ་ངྷཱའིའང་རཱིཀའོ། །བྱིངས་རྀཏ་ཨུ་པ་དྷཱ་ན་ཡོད་པའི་ཨ་བྷྱ་ས་ལའང་ཡང་རྐྱེན་འཇིག་པ་དང་གནས་པ་དག་ཕ་རོལ་ལ་རཱིཀ་ཨཱ་ག་མ་འགྱུར་ཏེ་ཀ་གནས་དོན་ནོ། ཀྵུ་བྷྭཱ་དི་ཥུ་ཙ། ཀྵུ་བྷཱ་ལ་སོགས་པ་རྣམས་ལའང་ངོ་། ཀྵུ་བྷ་ཁྲོ་བ་ལ་སོགས་པ་རྣམས་ཀྱི་རྩ་ཚིག་གིས་མ་ཟིན་ནའང་གཟུགས་
ལེགས་ཤིང་བརྗོད་བདེ་བ་རྣམས་སུ་བྱའོ་སན་ཡང་དག་ལ་འོས་བྱིངས་གཉིས་བརྗོད། རྀའི་ཨཏ་འོས་རྀ་ཨཏ་མདོ་སྔ་མའི་རཱིཀ་ཨཱ་ག་མ་བྱིན། མདོ་འདིས་ན་ཎར་མི་བསྒྱུར་བར། ལཊ་ ན་རཱི་ནྲྀ་ཏྱ་ཏེ། ལུང་ ཨན་རཱི་ནྲྀ་ཏིཥྚ། ལིཊ་ ན་རཱི་ནྲྀ་ཏཱཾ་ཙ་ཀྲེ། སོགས་སོ། ༈ །གྲ་ཧ་ཉེ་བར་ལེན་པ་ལ། ཡང་སྦྱར། གྲ་ཧི་

ཛྱཱ་སོགས་ཀྱིས་སཾ་པྲ་སཱ་ར་ཎར་བསྒྱུར། གཉིས་བརྗོད་རྀའི་ཨཏ། རྀཏ་ཨུ་པདྷཱའི་འང་རཱིཀ་འོས། རཱིཀ་ཨཱ་ག་མ་བྱིན་པས། ལཊ་ ཛ་རཱི་གྲྀ་ཧྱཾ་ཏེ། ལུང་ ཨ་ཛ་རཱི་ཀྲྀ་ཧིཥྚ། ལིཊ་ ཛ་རཱི་གྲྀ་ཧཾ་ཙ་ཀྲེ། སོགས་སོ། ༈ །ཀྲྀ་པཱུ་ནུས་པ་ལའོ་ཞེས་པ་ལ་ཡང་སྦྱར། ཀྲྀ་པའི་ར་ལ་ཕོས་རྀ་ལྀར་བསྐྱུར་
གཉིས་བརྗོད། རྀའི་ཨཏ་འགྲེལ་པར་ལྀ་ཨུ་པ་དྷཱ་ཅན་ལ་ལཱི་ཀ་ཨཱ་ག་མ་འགྱུར་རོ་ཞེས་བཤད་པས། ལཱིཀ་བྱིན་པས། ལཊ་ ཙ་ལཱི་ཀླྀ་པྱ་ཏེ། ལུང་ ཨ་ཙ་ལཱི་ཀླྀ་པིཥྚ། ལིཊ་ ཙལཱི་ཀླྀ་པཱཾ་ཙ་ཀྲེ། སོགས་སོ། ༈ །བྲཥྩུ་གཅོད་པ་ལའོ་ཞེས་པ་ལ། ཡང་། གྲ་ཧི་ཛྭཱེ་སོགས་ཀྱིས་སཾ་པྲ་སཱ་ར་ཎར་བསྒྱུར། གཉིས་བརྗོད་
རྀའི་ཨཏ། འགྲེལ་པར་ཧལ་བརྩེགས་པའི་སྔོན་མའི་རྀཏ་ལའང་རཱིཀ་ཨཱ་ག་མ་འགྱུར་རོ་ཞེས་བྱུང་བས། རཱིཀ་བྱིན། ལཊ་ བ་རཱི་པྲྀ་བྷྱ་ཏེ། ལུང་ ཨ་བ་བཱི་བྲྀ་ཤྩཱིཥྚ། ལིཊ་ པ་རཱི་བྲྀ་ཤྩཱཾ་ཙ་ཀྲེ། སོགས་སོ། ༈ །དེ་བཞིན་དུ། པྲཙྩ་ཤེས་པར་འདོད་པ་ལའོ་ཞེས་པ་ལ། ཡང་སྦྱར། གྲ་ཧི་ཛྱཱ་སོགས་ཀྱིས་སཾ་པྲ་སཱར་
ཎར་བསྒྱུར། གཉིས་བརྗོད། རྀ་ལི་ཨཏ། རཱྀཀ་ཨཱ་ག་མ་བྱིན་པས། ལཊ་ པ་རཱི་པྲྀ་ཙྣྱ་ཧེ། ལུང་ ཨ་པ་རཱི་པྀ་ཙྪིཥྚ། ལིཊ་ པ་རཱི་པྲྀ་ཙྪཾ་ཙ་ཀྲེ། སོགས་སོ། ༈ །ཉི་ཥྭ་པ་ཉལ་བ་ལའོ་ཞེས་པ་ལ། ཡང་སྦྱར། སྭ་པི་སྱ་མི་བྱེ་ཉཱཾ་ཡ་ངི་། སྭ་པ་ སྱ་མ་ བྱེཉ་རྣམས་ཀྱི་ཡང་ལའོ། ཥ་པ་ཉལ་བ། སྱ་མི་རྣམ་པར་རྟོག་
པ། བྱེཉ་ཀུན་ནས་སྒྲིབ་པ་རྣམས་ཀྱི་ཡང་ཕ་རོལ་ལ་སཾ་པྲ་སཱ་ར་ཎར་བསྒྱུར་ཏེ། སཾ་པྲ་སཱ་ར་ཎར་བསྒྱུར། གཉིས་བརྗོད་ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ་ སོ་སུ་བྱ་ཏེ། ལུང་ ཨ་སོ་སུ་པིཥྚ། ལིཊ་ སོ་སུ་པཱཾ་ཙ་ཀྲེ། སོགས་སོ། ༈ །དེ་བཞིན་དུ། སྱ་མལ། ཡང་སྦྱར། སཾ་པྲ་སཱ་ར་ཎར་བསྒྱུར། གཉིས་བརྗོད་ཡོན་
ཏན་བྱས་པས། ལཊ་ སེ་སི་མྱ་ཏེ། ལུང་ ཨ་སེ་སི་མིཥྚ། ལིཊ་ སེ་སི་མཱཾ་ཙ་ཀྲེ། སོགས་སོ། ༈ །བྱེཉ་ཀུན་ནས་སྒྲིབ་པ་ལ། ཡང་སྦྱར། སཾ་པྲ་སཱ་ར་ཎར་བསྒྱུར། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན། ཀྲིཏ་མིན་པ་སོགས་ཀྱིས་རིང་པོར་བསྒྱུར་བས། ལཊ་ བ་པཱི་ཡ་ཏི། ལུང་ ཨ་བེ་བ་ཡིཥྚ། ལཊ་ བེ་བཱི་ཡཱཾ་
ཙ་ཀྲེ། སོགས་སོ། ༈ །བ་ཤ་མཛེས་པ་ལའོ་ཞེས་པ་ལ་ཡང་སྦྱར། ན་པ་ཤཿ། པ་ཤའི་མ་ཡིན་ནོ། ཡང་ཕ་རོལ་ལབ་ཤའི་སཾ་པྲསཱར་ཎར་བསྒྱུར་བ་མ་ཡིན་ཏེ། གཉིས་བརྗོད་ཀི་ཏ་མ་ཡིན་པ་སོགས་ཀྱིས་རིང་པོར་བསྒྱུར་བས། ལཊ་ བཱ་བ་ཤྱ་ཏེ། ལུང་ ཨ་བཱ་བ་ཤིཥྚ། ལིཊ་ བཱ་བ་ཤཱི་ཙ་ཀྲེ། སོགས་སོ། །

༈ ཙི་ཉ་གསོག་པ་ལའོ་ཞེས་པ་ལ། ཡང་སྦྱར། ཙཱུ་ཡཿཀཱི། ཙིའི་ཀཱིའོ། ཅི་ཉའི་ཡང་ཕ་རོལ་ལ་ཀཱི་ཞེས་པར་བསྒྱུར་བར་བྱ་སྟེ། ཙི་ཀཱིར་བསྒྱུར། གཉིས་བརྗོད། ཐུང་ངུ་འོས་ཐུང་ངུར་བསྒྱུར། ཀུ་ཧ་དག་གི་ཙུ། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་པས། ལཊ་ ཙེ་ཀཱི་ཡ་ཏེ། ལུང་ཨ་ཙེ་ཀཱི་ཡིཥྚ། ལིཊ་ ཙེ་ཀཱི་
ཡཱཾ་ཙ་ཀྲེ། སོགས་སོ། ༈ །གྷཱ་དྲི་ཉེ་བར་ལེན་པ་ལའོ་ཞེས་པ་ལ། ཡང་སྦྱར། ཨཱིདྷྱཱ་དྷཱོ༔། གྷཱ་དྷྶྭ་དག་གི་ཨཱིཏའོ། ཡང་ཕ་རོལ་པ། གྷྱཱ་དར། དྷྨྲ་དག་གི་མཐའ་ཨཱིཏ་དུ་བསྒྱུར་བར་བྱ་སྟེ། མཐའ་ཨཱིཏ་དུ་བསྒྱུར། གཉིས་བརྗོད། ར་ཕྱིས། ཀུ་ཧ་དག་གི་ཙུ། ཐུང་ངུ་འོས་ཐུང་ངུར་བསྒྱུར། ཡང་འཇིག་པ་སོགས་ཀྱིས་ཡོན་ཏན་བྱས་
པས། ལཊ་ ཛེ་གྷཱི་ཨ་ཏེ། ལུང་ ཨ་ཛེ་གྷྱཱི་ཡིཥྚ། ལིཊ་ ཛེ་གྷྱཱི་ཡཱཾ་ཙ་ཀྲེ། སོགས་སོ། ༈ །དེ་བཞིན་དུ། དྷྱཱ་སྒྲ་དང་མེ་ཀུན་ནས་སྦྱོར་བ་ལའོ་ཞེས་པ་ལ། ཡང་སྦྱར། མདོ་འདིས་མཐའ་ཨཱིཏ་དུ་བསྒྱུར། གཉིས་བརྗོད། མ་ཕྱིས། ཐུང་ངུ་འོས་ཐུང་ངུར་བསྒྱུར། ཨ་བྷྱཱ་སའི་ཙར་འང་ངོས། དྷ་ད། ཡང་འཇིག་པ་སོགས་ཀྱིས་
ཡོན་ཏན་བྱས་པས། ལཊ་ དེ་ཌྷྱཱི་ཡ་ཏེ། ལུང་ཨ་དེ་དྷྨེ་ཡིཥྚ། ལིཊ་ དེ་དྷྱཱི་ཡཱཾ་ཙ་ཀྲེ། སོགས་སོ། ༈ །ཤཱིང་ཉལ་བ་ལའོ་ཞེས་པ་ལ། ཡང་སྦྱར། ཨ་ཡང་ཀཱི་ཏི། ཀཱ་ང་འགྲོ་བ་ལ་ཨ་ཡང་ངོ་། རྐྱེན་པ་ཡིག་དང་བོ་ཀ་ང་འགྲོ་བའི་མིང་ཅན་ཕ་རོལ་ལ་ཤིང་གི་མཐའ་ཨ་ཡང་དུ་བསྒྱུར་ཏེ། ད་དབྱངས་འགོག་པའི་
དོན་དང་ཡའི་ཨ་བརྗོད་དོན་ནོ། ཨཱི་ཨ་ཡང་དུ་བསྒྱུར། ཀིཏ་མ་ཡིན་པ་སོགས་ཀྱིས་རིང་པོར་བསྒྱུར་བས། ལཊ་ ཤཱ་ཤཡྻ་ཏེ། ལུང་ ཨ་ཤཱ་ཤ་ཡིཥྚ། ལིཊ་ ཤཱ་ཤ་ཡཱཾ་ཙ་ཀྲེ། སོགས་སོ། ༈ །ཌྷཱཽ་ཀྲྀ་འགྲོ་བ་པའོ་ཞེས་པ་ལ། ཡང་སྦྱར། གཉིས་བརྗོད། ཐུང་ངུ་འོས། ཨཽ་ཨཱུར་བསྒྱུར། ཡང་འཇིག་པ་སོགས་
ཀྱིས་དེ་སླར་ཡོན་ཏན། ཨ་གྷྱཱ་སའི་ཙ་ར་འང་འོས། ཌྷ་ཌར་བསྒྱུར་བས། ལཊ་ ཌོ་ཌྷོ་ཀྱ་ཏེ། ལིང་ ཌོ་ཌྷོ་ཀྱེ་ཏ། ལོཊ་ ཌོ་ཌྷཽ་ཀྱ་ཏཱཾ། ལང་ ཨཌོ་ཌྷཽ་ཀྱ་ཏ། ལུང་ ཨ་ཌོ་ཌྷཽ་ཀིཥྚ། ལིཊ་ ཌོ་ཌྷཽ་ཀཱཾཙ་ཀྲེ། ལུཊ་ ཌོ་ཌྷཽ་ཀི་ཏཱ། སྨོད་ལིང་ ཌོ་ཌྷཽ་ཀི་ཥཱི་ཥྚ། ལྲྀཊ་ ཌོ་ཌྷཽ་ཀི་ཥྱ་ཏེ། ལྲྀང་། ཨ་ཌོ་ཌྷཽ་ཀི་ཥྱ་ཏ། སོགས་སོ། །ཨི་ཏི་པཱ་ཎི་ནི་བྱཱ་ཀ་ར་ཎ་སྱ་སཱུ་
ཏྲཱཏ་ཡ་དནྟཱཿསམཱ་པྟཱཿ། ཞེས་པ་པཱ་ཎི་ནི་བྱཱ་ཀ་ར་ཎའི་མདོ་ལས་ཡང་གི་མཐའ་རྣམས་རྫོགས་སོ།། །།དེ་རྣམས་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་པཱ་ཎི་ནི་བྱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་ཟིན་བྲིས་སུ་བཀོད་པ་ལེགས་བཤད་ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས་ཡང་

རྐྱེན་གྱི་མཐའ་ཅན་རྣམས་ཀྱི་ཆོ་ག་སྤྱིར་བཏང་དམིགས་བསལ་དང་བཅས་པ་རགས་པ་རྣམས་རེ་ཞིག་རྫོགས་སོ།། །།ད་ནི་ཡང་རྐྱེན་འཇིག་པའི་ཆོ་ག་རྣམས་བཤད་པར་བྱ་སྟེ། ཡ་ངོཉ་ཙི་ཙ། ཡང་གི་ཨ་ཙ་ལ་ཡང་ངོ་། ཡང་གི་རྐྱེན་ནི་རྐྱེན་ཨ་ཙ་དད་པ་ཅན་ཕ་རོལ་དང་གཞན་
ཡང་མང་པོ་ལ་འཇིག་གོ་ཞེས་པ་ནི་སྤྱིར་བཏང་བའོ། རྐྱེན་ཕྱིས་ཀྱང་རྐྱེན་གྱི་བྱ་བ་གཉིས་བརྗོད་པ་སོགས་ནི་མི་གནས་པ་མ་ཡིན་ནོ། ཡང་གི་རྐྱེན་གནས་པ་ཐམས་ཅད་ལ་ལཊ་སོགས་ཨཏ་མ་ནེ་པ་ད་རྣམས་སྦྱོར་ཞིང་། ཡང་རྐྱེན་འཇིག་པ་ཐམས་ཅད་ལ་ལཊ་སོགས་པར་སྨཻ་པར་རྣམས་སྦྱོར་ཏེ།
ཡང་འཇིག་པ་ལས་ཤཔ་ཀྱང་རྟག་ཏུ་འཇིག་གོ། །ཡ་ངོ་བཱ། ཡང་ལས་ཡང་ནའོ། ཡང་འཇིག་པ་ལས་ཕ་རོལ་གྱི་བྱིངས་ཐམས་ཅད་པ་ཧ་ལ་དང་པོ་པ་འགྲོ་བའི་མིང་ཅན་ལ་ཨཱིཏ་ཨཱ་ག་མ་ཡང་ན་འགྱུར་ཏེ། བྷུ་ཡོད་པ་ལ། ཡང་། སན་ཡང་དག་ལ་འོས་བྱིངས་གཉིས་བརྗོད། ཡང་གི་ཨ་ཙ་ལའང་ངོས་ཡང་
འཇིག།།ཐུང་ངུ་འོས་ཐུང་ངུར་བསྒྱུར། ཡང་འཇིག་པ་དག་གི་ཡོན་ཏན་ནོས་ཨ་བྷྱས་ཡོན་ཏན། ཨ་བྷྱཱ་སའི་ཙར་འང་ངོས། བྷ་བ། ལ་ཏི་པ། མདོ་འདིས་ཨཱིཊ་ཡང་ན་བར་བྱས་ཡོན་ཏན་བྱས་པས། བོ་བྷ་བཱི་ཏི་འམ། ཡང་ན་བོ་བྷོ་ཏི། སྐྱེས་བུ་དང་པོའི་གཉིས་ཚིག་སོགས་ཐམས་ཅད་ལ། བྷཱུ། བོ་བྷཱུར་བསྒྱུར་
པའི་བང་ཆོག་འདྲ། ལ་ཏས་སུ་བསྒྱུར་བས། བོ་ཏཱུ་ཏཿ། མང་ཚིག་ལ། ཨ་བྷྱ་སྟ་ལས་ཨཏ་འོས། ཛྷ་ཨཏ་དུ་བསྒྱུར། ཨ་ཙ་ལ་ཤྣུ་བྱིངས་སོགས་ཀྱི་ཨུ་བར་བསྒྱུར་བས། བོ་བྷཱུ་བ་ཏི། དེ་བཞིན་དུ་བསྒྲུབས་པས། སྐྱེས་བུ་དབུས་མ་གསུམ་ལ། བོ་བྷ་བཱི་ཥི། བོ་བྷོ་ཥི། བོ་བྷཱུ་ཐཿ། བོ་བྷཱུ་ཐ། སྐྱེས་བུ་ཕྱི་
མ་གསུམ་ལ། བོ་བྷ་བཱི་མི། བོ་བྷོ་མི། བོ་བྷཱུ་བཿ། བོ་བྷཱུ་མཿ། ལིང་གི་སྐྱེས་བུ་དང་པོ་གསུམ་ལ། བོ་བྷཱུ་ཡཱཏ། བོ་བྷཱུ་ཡཱ་ཏཱཾ། བོ་བྷཱུ་ཡུཿ། སྐྱེས་བུ་དབུས་མ་གསུམ་ལ། བོ་བྷཱུ་ཡཱཿ། བོ་བྷཱུ་ཡཱ་ཏཱཾ། བོ་བྷཱུ་ཡཱ་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། བོ་བྷཱུ་ཡཱཾ། བོ་བྷཱུ་ཡཱ་བ། བོ་བྷཱུ་ཡཱ་མ། ལོཊའི་སྐྱེས་བུ་དང་པོ་གསུམ་ལ།
བོ་བྷ་བཱི་ཏུ། བོ་བྷོ་ཏུ། བོ་བྷཱུ་ཏཱ་ཏ། བོ་བྷཱུ་ཏཱཾ། བོ་བྷཱུ་བ་ཏུ། སྐྱེས་བུ་དབུས་མ་གསུམ་ལ། བོ་བྷཱུ་ཏི། བོ་བྷཱུ་ཏཱ་ཏ། བོ་བྷཱུ་ཏཱཾ། བོ་བྷཱུ་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། བོ་བྷ་བཱི་ནི། བོ་བྷ་བཱ་བ། བ་བྷ་བཱ་མ། ལང་གི་སྐྱེས་བུ་དང་པོ་གསུམ་ལ། ཨ་བོ་བྷ་བཱིཏ། ཨ་བོ་བྷོ་ཏ། ཨ་བོ་བྷཱུ་ཏཱཾ། ཨ་བོ་བྷཱུ་བུཿ། སི་ཙ་ཨ་བྷྱ་སྩ་སོགས་ཀྱིས་ཛྷི་ཛུས།

སྐྱེས་བྱུང་བུས་མ་གསུམ་ལ། ཨ་བོ་བྷ་བཱིཿ། ཨ་བོ་བྷོཿ། ཨ་བོ་བྷཱུ་ཏཾ། ཨ་བོ་བྷཱ་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། ཨ་བོ་གྷ་བི། ཨ་བོ་བྷཱུ་བ། ཨ་བོ་བྷཱུ་མ། ལུང་ལ། གཱ་ཏི་སྠཱ་བྷཱུ་སཱ་བྷུ་སོགས་ཀྱི་སི་ཙ་ཕྱིས་པས། སྐྱེས་བུ་དང་པོ་གསུམ་ལ། ཨ་པོ་བྷཱུ་ཏ། ཨ་བོ་བྷཱུ་ཏཱཾ། ཨ་བོ་བྷ་བུ། སྐྱེས་བུ་དབུས་མ་གསུམ་ལ། ཨ་
བོ་བྷཱུཿ། ཨ་བོ་བྷཱུ་ཏཾ། ཨ་བོ་བྷཱུ་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། ཨ་བེ་བྷཱུ་བཾ། ཨ་བོ་བྷཱུ་བ། ཨ་བོ་བྷཱུ་མ། ལིཊ་ལ་ཀས་སོགས་ཀྱིས་ཨཱ་མ་སྦྱར་བས། བོ་བྷ་བཱཾ་ཙ་ཀཱ་ར། བོ་བྷི་པཱཾ་བ་བྷཱུ་བ། བོ་བྷ་བཱ་མཱ་ས། སོགས་དར། འགྲེལ་པར་སྐབས་འགའ་ཞིག་ཏུ་ཡང་འཇིག་ སི་ཙ་ཨ་ཐྱ་སྟ་སོགས་ཀྱིས་ཛྷཾི་ཛུལ་། ཛུས་ལའང་ངོས་ཡོན་ཏན།
པ་ལ་ཨཱ་མ་མི་སྦྱོར་བ་ཡང་སྲིད་དོ་ཞེས་བྱུང་བས། ཨཱ་མ་མ་སྦྱར་བའི་ བྷཱུའི་ལུང་ལིཊ་དག་ལ་བྷུའི་བུཀ་འོས་བུཀ་ཨཱ་ག་མ། ཕྱོགས་ལ། ཨ་ཙ་དང་པོ་རྣམས་ལ། བྷཱུའི་ལུང་ལིཊ་དག་བུཀ་འོས་བུཀ་ཨཱ་ག་མ་བྱིན་པས། སྐྱེས་བུ་དང་གསུམ་ལ། བོ་བྷཱུ་བ། བོ་བྷཱུ་བཏུཿ། བོ་བྷཱུ་བུཿ། སྐྱེས་བུ་དབུས་མ་གསུམ་ལ། བོ་བྷཱུ་བི་ཐ།
བོ་བྷཱུ་བ་ཐུཿ། བོ་བྷཱུ་བ། སྐྱེས་བུ་ཕྱི་མ་གསུམ་ལ། བོ་བྷཱུ་པ། བོ་བྷཱུ་བི་བ། བོ་བྷཱུ་བི་མ། ཡང་ན་བུཀ་མ་བྱིན་པར་ཙ་པ་གཉིས་ལ་འཕེལ་བ་དང་། ཐལ་ལ་ཡོན་ཏན་གཞན་རྣམས་ལ། ཨ་ཙ་ལ་ཤྣུ་བྱིངས་སོགས་ཀྱི་ཨུ་བར་བསྒྱུར་བས། སྐྱེས་བུ་དང་པོ་གསུམ་ལ། བོ་བྷཱ་བ། བོ་བྷཱུ་བ་ཏུཿ། བོ་བྷཱུ་བུཿ། སྐྱེས་བུ་དབུས་
མ་གསུམ་ལ། བོ་བྷ་བི་ཐ། བོ་བྷཱུ་བ་ཐུཿ། བོ་བྷུ་བ། སྐྱེས་བུ་ཕྱི་མ་གསུམ་ལ། བོ་བྷཱ་བ། བོ་བྷ་བ། བོ་བྷུ་བི་བ། བོ་བྷུ་བི་མ། ལུཊ་ལ་ཨིཊ་བྱིན་ཡོན་ཏན་བྱས་པས། བོ་བྷ་བི་ཏཱི། བོ་བྷ་བི་ཏཱ་སི། སོགས་སོ། སྨོན་པའི་ལིང་ལ། བོ་བྷཱུ་ཡཱ་ཏ། བོ་བྷཱུ་ཡཱ་སྟཱཾ། བོ་བྷཱུ་ཡཱ་སུཿ། སོགས་སོ། །ལྲྀཊ་ལ་ཨིཊ་བྱིན་ཡོན་ཏན་བྱས་
པས། བོ་བྷ་བིཥྱ་ཏི། སོགས་དང་། དེ་བཞིན་དུ་ལྲྀང་ལ། ཨ་བོ་བྷ་བིཥྱཏ། སོགས་སོ། ༈ །པཉྩུ་འགྲོ་བ་ལའོ་ཞེས་པ་ལ། ཡང་སྦྱར། གཉིས་བརྗོད། པཉྩུ་ སྲཾ་སུ་ དྷཱཾ་སུ། བྷྲཾ་སུ་སོགས་ཀྱིས་ནཱིཀ་ཨཱ་ག་མ་བྱིན། ཡང་གི་ཨཙ་ལའང་ངོས་ཡང་ཕྱིས་པས། བ་ནཱི་ང་ཉྩ་ཞེས་པ་ལ་ལཊ་སོགས་སྦྱར་
བས། སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཡང་ལས་ཡང་ན་འོས་ཨིཊ་ཡང་ན་པར་བྱས། ཨཱིཊ་མེད་པའི་ཕྱོགས་ལ། ཙུའི་བུ་བྱས་པས། བ་ནཱི་བཾ་ཙཱི་ཏི། པ་ནཱི་བི་ཀྟི། གཉིས་ཚིག་ལ་ཨིཏ་འགྲོ་བ་མ་ཡིན་པ་སོགས་ཀྱིས་ན་ཕྱིས། ཙུའི་ཀུ་འོས་ཙ་ཀར་བསྒྱུར་བས། པ་ནཱི་བཾ་ཀྟཿ། མང་ཚིག་ལ། ཨ་

བྷྱ་སྟ་ལས་ཨཏ་འོས་ཛྙ་ཨཏ་དུ་བསྒྱུར་བས། བ་ནཱི་བཾ་ཙ་ཏི། དེ་རྣམས་དང་འདྲ་བར་བསྒྲུབས་པས། སྐྱེས་བུ་དབུས་མ་གསུམ་ལ། བ་ནཱི་བཾ་ཙཱི་ཥི། བ་ནཱི་བཾ་ཀྵི། བ་ནཱི་བཀྠཿ། བ་ནཱི་བཀྠ། སྐྱེས་བུ་ཕྱི་མ་གསུམ་ལ། བ་ནཱི་བཾ་ཙཱི་མི། བ་ནཱི་བཾཙྨི། བ་ནཱི་བཾ་ཙྭཿ། བ་ནཱི་བཾ་ཙ་མཿ། ལིཊ་ལ་
ཨིཏ་འགྲོ་བ་མ་ཡིན་པ་སོགས་ཀྱིས་ན་ཕྱིས་པས། བཧ་ནཱི་བ་ཙྱཏ། བ་ནཱི་བ་ཙྱཱ་ཏཱཾ། བ་ནཱི་བི་ཙྱུཿ། སོགས་སོ། །ལོཊ་ལ་ལཊའི་སྐབས་ལྟར་བསྒྲུབས་པས། སྐྱེས་བུ་དང་པོ་གསུམ་ལ། བ་ནཱི་བཾ་ཙཱི་ཏུ། བ་ནཱི་བོཀྟུ། བ་ནཱི་བཾཀྟཱ་ཏ། བ་ནཱི་བཀྟཱཾ། བ་ནཱི་བ་ཙ་ཏུ། སྐྱེས་བུ་དབུས་མ་གསུམ་ལ། བ་ནཱི་བགྡྷི། བ་ནཱི་
བཀྟཱ་ཏ། བ་ནཱི་བཀྟཾ། སྐྱེས་བུ་ཕྱི་མ་གསུམ་ལ། བ་ནཱི་བཾ་ཙཱ་ནི། བ་ནཱི་བཾ་ཙཱ་བ། བ་ནཱི་བཾ་ཙཱ་མ། དེ་བཞིན་དུ། ལང་གི་སྐྱེས་བུ་དང་པོ་གསུམ་ལ། ཨ་བ་ནཱི་བཾ་ཙྩི་ཏ། ཨ་བ་ནཱི་བནྲ། ཨི་དཀྱི་འང་ངོས་ཨི་ཕྱིས་ཧ་ལ་དཱི་བ་སོགས་ཀྱིས་ཏ་ཕྱིས། བརྩེགས་པའི་མཐའ་དབྱི་འོས་ཙ་ཕྱིས། ཨ་བ་ནཱི་བཀྟཱཾ། ཨ་བ་ནཱི་བ་ཙུཿ། སྐྱེས་བུ་དབུས་མ་
གསུམ་ལ། ཨ་བ་ནཱི་བི་ཙཱི༔། ཨ་པ་ནཱི་བ་ན། ཨ་བ་ནཱི་བཀྟཾ། ཨ་བ་ནཱི་བཀྟ། སྐྱེས་བུ་ཕྱི་མ་གསུམ་ལ། ཨང་ནཱི་བཾ་ཙི། ཨ་བ་ནཱི་བཙཱ། ཨ་བ་ནཱི་བཙྨ། ལུང་ལ་ཨིཊ་སྦྱར་བས། ཨ་བ་ནཱི་བཾ་ཙཱི་ཏ། ཨ་བ་ནཱི་བཾ་ཙིཥྚཾ། ཨ་བ་ནཱི་བཾ་ཙི་ཥུཿ། སོགས་སོ། ལིཊ་ལ་ཀཱས་སོགས་ཀྱི་ཨཱ་མ་ སི་ཙ་ཨ་བྷྱ་སྟ་ལོགས་ཀྱིས་ཛྷི་ཛུས།
སྦྱར་བས། བ་ནཱི་བཾ་ཙི་ཀྵར། སོགས་སོ། ལུཊ་ལ་ཨིཊ་བྱིན་པས། བ་ནཱི་བི་ཙི་ཏཱ། བ་ནཱི་བཾ་ཙི་ཏཱ་སི། སོགས་སོ། སྨོན་པའི་ལིང་ལ། ཨིཏ་འགྲོ་བ་མ་ཡིན་པ་སོགས་ཀྱིས་ན་ཕྱིས་པས། བ་ནཱི་བ་ཙྱཏ། བ་ནཱི་བ་ཙྱ་སྟཱཾ། བ་ནཱི་བ་ཙྱཱི་སུཿ། ལྀཊ་ལ་ཨིཊ་བྱིན་པས། བ་ནི་བཾ་ཙི་ཥྱ་ཏི། སོགས་དང་། དེ་བཞིན་དུ་ལྲྀང་ལ། ཨ་
བ་ནཱི་བཾ་ཙི་ཥྱ་ཏ། སོགས་སོ། ༈ །ག་མླྀ་འགྲོ་བ་ལ། ཡང་སྦྱར། གཉིས་བརྗོད། རྗེས་སུ་སྣ་ལྡན་མཐའི་སོགས་ཀྱི་ནུཀ་ཨཱ་ག་མ་བྱིན། ཀུཧ་དག་གི་ཙུ། ན་ང་རོར་བྱས། ཡང་ཕྱིས་པས། ཛི་ག་མ་ཞེས་པ་ལ་ལཊ་སོགས་སྦྱར་བས། སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཡང་ལས་ཡང་ན་འོས་ཨཱིཊ་ཡང་ན་བར་
བྱས་པས། ཛི་ག་མཱི་ཏི། ཛི་གཾ་ཏི། གཉིས་ཚིག་ལ། རྗེས་སུ་སྣ་ལྡན་ཉེ་བའི་ཡུལ་སོགས་ཀྱིས་མ་ཕྱིས་པས་ ་ མང་ཚིག་ལ། ཨ་བྷྱ་སྟ་ལས་ཨཏ་འོས། ཛྷ་ཨཏ། ག་མ་ཧ་ན་སོགས་ཀྱིས་ཡང་ན་ཨུ་བ་དྷཱ་ཕྱིས་བས། ཛི་ག་མ་ཏི། དེ་བཞིན་དུ། སྐྱེས་བུ་དབུས་མ་གསུམ་ལ། ཛི་ག་མཱི་ཥི།

ཛི་གཾ་སི། ཛཾ་ག་ཐཿ། ཛི་ག་ཐ། སྐྱེས་བུ་ཕྱི་མ་གསུམ་ལ། ཛི་ག་མི་མི། ཛ་ག་ནྨི། ཛི་ག་ནྭ། ཛི་ག་ནྨ། ལིང་ལ། ཛི་ག་མྱ་ཏ། ཛི་ག་མྱཱ་ཏཱཾ། ཛི་ག་མྱུཿ། སོགས་སོ། །ལོཊ་ལ་ལཊའི་སྐབས་ལྟར་བསྒྲུབས་པས། སྐྱེས་བུ་དང་པོ་གསུམ་ལ། ཛཾ་ག་མཱི་ཏུ། ཛཾ་གཾ་ཏུ། ཛཾ་ག་ཏཱ་ཏ། ཛི་ག་ཏཱཾ། ཛཾ་ག་མ་ཏུ། ཛི་གྨ་ཏུ། སྐྱེས་བུ་དབུས་མ་
གསུམ་ལ། ཛཾ་ག་ཧི། ཛཾ་ག་ཏཱ་ཏ། ཛཾ་ག་ཏཾ། ཛཾ་ག་ཏ། སྐྱེས་བུ་ཕྱི་མ། བ་མ་དག་ལའང་ངོས་མྲ་ན། གསུམ་ལ། ཛཾ་ག་མཱ་ནི། ཛཾ་ག་མཱ་པ། ཛཾ་ག་མཱ་མ། དེ་བཞིན་དུ། ལང་གི་སྐྱེས་བུ་དང་པོ་གསུམ་ལ། ཨ་ཛཾ་ག་མཱ་ཏ། ཨ་ཛཾ་ག་མ། ཨ་ཛཾ་ག་ཏཱཾ། ཨ་ཛཾ་ག་མུཿ། སྐྱེས་བུ་དབུས་མ་གསུམ་ལ། ཨ་ཛ་ག་མཱིཿ། ཨ་ཛཾ་ག་མ།
ཨ་ཛཾ་ག་ཏཾ། ཨ་ཛཾ་ག་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། ཨ་ཛཾ་ག་མཾ། ཨ་ཛཾ་ག་ནྭ། ཨ་ཛཾ་གནྨ་སོགས་སོ། །ལུང་ལ་ཨིཊ་བྱིན་པས། ཨ་ཛཾ་ག་མཱི་ཏ། ཨ་ཛཾ་ག་མཥྜཾ། ཨ་ཛཾ་མི་ཥུཿ། སོགས་སོ། །ལིཊ་ལ་ཨཱ་མ་སྦྱར་བས། ཛཾ་ག་མཱཾ་ཙ་ཀཱ་ར་སོགས་སོ། །ལུཊ་ལ་ཨིཊ་བྱིན་བས། ཛཾ་ག་མི་ཏཱ། ཛཾ་ག་
མི་ཏཱ་སི། སོགས་སོ། །སྨོན་པའི་ལིང་ལ། ཛཾ་ག་མྱཱ་ཏ། ཛཾ་ག་མྱཱ་སྟཱཾ། ཛཾ་ག་མྱཱ་སུཿ སོགས་སོ། །ལྲྀཊ་ལ་ཨིཊ་བྱིན་པས། ཛཾ་ག་མི་ཥྱ་ཏི། སོགས་དང་། དེ་བཞིན་དུ་ལྲྀང་ལ། ཨ་ཛཾ་ག་མི་ཥྱཏ། སོགས་སོ། ༈ །ཧ་ན་འཚེ་བ་ལའོ་ཞེས་པ་ལ་ཡང་། གཉིས་བརྗོད། ཀུ་ཧ་དག་གི་ཙུ། ཨ་བྷྱཱ་སའི་ཙར་
འང་ངོས། ཛྷ་ཛ། རྗེས་སུ་སྣ་ལྡན་མཐའི་སོགས་ཀྱིས་ནུཀ་ཨཱ་ག་མ། དེ་ར་རོར་བྱས། ཨ་བྷྱ་སྟ་ལས་ཨ་ཏ་འོས། ཧ་གྷར་བསྒྱུར་བས། ཛཾ་གྷ་ན། ཞེས་པ་ལ་ལཊ་སོགས་སྦྱར། སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཡང་ལས་ཡང་ན་འོས། ཨིཊ་ཡང་ན་བར་བྱས་པས། ཛཾ་གྷ་ནཱི་ཏི། ཛཾ་གནྟི། གཉིས་
ཚིག་ལ། རྗེས་སུ་སྣ་ལྡན་ཉེ་བའི་ཡུལ་སོགས་ཀྱིས་ན་ཕྱིས་པས། ཛཾགྷ་ཏཿ། མང་ཚིག་ལ། ཨ་བྷྱ་སྟ་ལས་ཨཏའོས། ཛ་ཨ་ཏ། ག་མ་ཧ་ན་སོགས་ཀྱིས་ཨུ་པ་དྷཱ་ཡང་ན་ཕྱིས་པས། ཛཾ་གྷ་ན་ཏི། ཛཾ་གྷ་ཏི། དེ་རྣམས་དང་འདྲ་བར་བསྒྲུབས་པས། སྐྱེས་བུ་དབུས་མ་གསུམ་ལ། ཛཾ་ག་ནཱི་ཥ། ཛཾ་བྷ་ནྶི།
ཛཾ་གྷ་ཐཿ། ཛཾ་གྷ་ཐ། སྐྱེས་བུ་ཕྱི་མ་གསུམ་ལ། ཛཾ་གྷ་ནཱི་མི། ཛཾ་གྷ་ནཱི་མི། ཛཾ་གྷ་ནྭཿ། ཛཾ་གྷ་ནྨཿ། ལིང་ལ། ཛཾ་གྷ་ནྱཏ། ཛཾ་གྷ་ནྱཱ་ཏཱཾ། ཛི་གྷ་ནྱཱ་སུཿ། སོགས་སོ། །ལོཊ་ལ་ལཊའི་སྐབས་ལྟར་བསྒྲུབས་པས། སྐྱེས་བུ་དང་པོ་གསུམ་ལ། ཛཾ་གྷ་ནཱི་ཏུ། ཛཾ་གྷ་ནྟུ། ཛཾ་གྷ་ཏཱ་ཏ། ཛཾ་གྷ་ཏཱཾ། ཛཾ་གྷ་ན་ཏུ། སྐྱེས་བུ་དབུས་མ་

གསུམ་ལ། ཛི་གྷ་ཧི། ཛི་ག་ཏཱ་ཏཱ། ཛི་གྷ་ཏི། ཛི་གྷ་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། ཛི་གྷ་ནཱ་ནི། ཛཾགྷ་ནཱ་བ། ཛཾ་གྷ་ནཱ་མ། དེ་བཞིན་དུ། ལར་གི་སྐྱེས་བུ་དང་པོ་གསུམ་ལ། ཨ་ཛི་གྷ་ནཱི་ཏ། ཨ་ཛི་གྷ་ན། ཨ་ཛི་གྷ་ཏཱཾ། ཨ་ཛི་གྷ་ནུཿ། ཨ་ཛི་བྷཱུཿ། སྐྱེས་བུ་དབུས་མ་གསུམ་ལ། ཨ་ཛི་གྷ་ནིཿ། ཨ་ཛི་གྷ་ན། ཨ་
ཛི་གྷ་ཏཾ། ཨ་ཛི་གྷ་ཏ། སྐྱེས་བུ་ཕྱི་མ་གསུམ་ལ། ཨ་ཛི་གྷ་ནཾ། ཨ་ཛི་གྷ་ནྭ། ཨ་ཛི་གྷ་ནྨ། ལུང་ལ་ཨིཊ་བྱིན་པས། ཨ་ཛི་གྷ་ནཱིཏ། ཨ་ཛི་གྷ་ནི་ཥྞྭཾ། ཨ་ཛི་གྷ་ནི་ཥུ༔། སོགས་སོ། །ལིཊ་ལ་ཨཱ་མ་སྦྱར་བས། ཛི་གྷ་ནཱཾ་ཙ་ཀཱ་ར། སོགས་སོ། །ལུཊ་ལ་ཨིཊ་བྱིན་པས། ཛི་གྷ་ནི་ཏཱ། ཛི་གྷ་ནི་ཏཱ་སི། སོགས་སོ། །སྨོན་པའི་
ལིང་ལ། ཛི་གྷ་ནྱ་ཏ། ཛི་གྷ་ནྱ་སྟཾ། ཛི་གྷ་ནྱཱ་སུ༔། སོགས་སོ། །ལྲྀཊ་ལ་ཨིཊ་བྱིན་བས། ཛི་གྷ་ནི་ཥྱ་ཏི། སོགས་དང་། དེ་བཞིན་དུ། ལྲྀང་ལ། ཨ་ཛི་གྷ་ནི་ཥྱ་ཏ། སོགས་སོ། ༈ །ཙ་ར་འགྲོ་ར་ལའོ་ཞེས་པ་ལ་ཡང་སྦྱར། གཉིས་བརྗོད། ཙ་ར་ཕ་ལ་དག་གི་འང་ངོས། ནུཀ་ཨཱ་ག་མ་བྱིན། ཨཏ་ལས་ཕ་རོལ་གྱི་ཨུཏ་
འོས་ཨུཏ་དུ་བསྒྱུར། ཡང་གི་ཨ་ཙ་ལའང་ངོས་ཡང་ཕྱིས་པས། ཙི་ཙུར་ཞེས་པ་ལ་ལཊ་སོགས་སྦྱར་བས། སྐྱེས་བུ་དང་པོའི་གཅིག་ཚིག་ལ། ཡང་ལས་ཡང་ན་འོས། ཨཱིཊ་ཡང་ན་བར་བྱས། ཡ