Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 170

Văn bản gốc(Tây Tạng)

Trang 19 / 19 (50.000 ký tự/trang)
པ་ཡི། །ཡིད་བཞིན་ནོར་བུ་ཅི་འདྲ་སྨྲོས། །དེ་ཡིས་གསལ་བར་འདི་བརྗོད་ཚེ། །ཟོལ་མེད་བསམ་པ་དྲང་པོ་དེས། །ལག་པའི་པདྨ་རབ་གདེངས་ནས། །ཡིད་བཞིན་གྱི་ནི་ནོར་བུ་བསྟན། །རིན་ཆེན་
དེ་ཡིས་གསལ་བར་འདི་བརྗོད་ཚེ་སོགས་ཤློ་ཀ་གཉིས་ཀྱི་རྒྱ་སྐད་ཆད་པ་ཟ་ཧོར་གྱི་བནྡེས་སྡེབ་སྦྱོར་ཁ་སྒོ་ཏ་ཡང་མར་བཀོད་པ་སླར་རྒྱ་དཔེ་རྙེད་ན་ཞུས་དག་བྱེད། །

རཏྣོཏྟཱ་མ་ཏྭིཪྵྱཾ་གནྡྷཱཿསཾ་ཀལྤ་ཙ། །ཏྱ་ཡོརྦྷུ་ཛ་ཤ་ཡེ་ནཱཉྫ་ལྱཱ་གྷྣ་ཏྭཱཾ་ཏ་རནྟ་པ་ཏྱཾ། །ས་མུ་དྲེ་པ་ཏི་ཏཾ་དྲྀཥྚྭཱ་རཏྣཾ་ཀྲྀཙྪྲ་ཏ་རཱརྫི་ཏཾ། །ས་ཛ་གཱ་མ་དྲྀ་ཌྷོ་དྱོ་ག་བཻ་ཕ་ལོདྦེ་ག་ནིཤྩ་
མཆོག་དེ་དེས་མཐོང་ནས། །ཕྲག་དོག་དྲི་མའི་བསམ་པ་ཡིས། །དེ་ཡི་ལག་པ་ལག་པ་ཡིས། །ཐལ་མོ་བསྣུན་ནས་ཆུ་གཏེར་དོར། །ཤིན་ཏུ་དཀའ་བས་བསྒྲུབས་པ་ཡི། །རིན་ཆེན་རྒྱ་མཚོར་ལྷུང་མཐོང་ནས། །རྩོམ་པ་བརྟེན་པ་འབྲས་མེད་པའི། །མྱ་ངན་གཡོ་མེད་དེས་སྨྲས་
ལཿ། །ཨ་ཧོ་གུ་ཎོ་ཙི་ཏཱ་ཀཱ་རཱ་པྲ་ཎ་ཡཱདྨྲྀ་དུ་བཱ་དཾ་ནཱི། །བི་དྭེ་ཥ་ཀ་ལུ་ཥ་ཀརྨྨ་ཀྲྀ་ཏྭཱ་ཏྭཱཾ་ན་བི་རཱ་ཛ་སི། །པ་རོཏྐཪྵེ་ཥུ་སཾ་གྷཪྵ་ཤོ་ཀ་ཀླེ་ཤ་མུ་བི་ཏི་ཡཿ། །ཤཱི་ཏ་ལཱ་ཨ་པི་ཏ་སྱཻ་ཏཱ་ཛྭཱ་ལཱ་བ་ལ་ཡི་
པ། །ཡོན་ཏན་ལ་འོས་རྣམ་པ་ཅན། །མཛའ་བས་འཇམ་པར་སྨྲ་བྱེད་པ། །ཀྱེ་མ་སྡང་བས་སྡིག་པའི་ལས། །བྱས་པས་ཁྱོད་ནི་མཛེས་མ་ཡིན། །གང་ཞིག་ཕ་རོལ་ཁྱད་འཕགས་ལ། །འགྲན་དང་མྱ་ངན་ཉོན་མོངས་གྱུར། །དེ་ལ་ཕྱོགས་ནི་འདི་དག་རྣམས། །བསིལ་ཡང་འབར་བས་
ཏ་དི་ཤཿ། །ས་རོཏྶཱ་ཧཾ་པྲི་ཡ་ཡ་སྱ་ཏ་སྱ་ས་ཏྭ་མ་ཧོ་ད་དྷེཿ། །ཀརྤྤཱ་ར་དྷ་བ་ལཾ་དྷཏྟེ་ཏྲི་ལོ་ཀཱི་ཏི་ལ་ཀཾ་ཡ་ཤཿ། །དེ་བི་པྲ་ཡཙྪ་མེ་རཏྣཾ་མསྨ་དྦི་ར་མ་པཱ་ཏ་ཀཱཏ། །ཨ་བ་སཱ་དཻ་ཏུ་ལཱཾ་ཀརྨྨ་ན་
དཀྲིགས་པར་གྱུར། །གང་ཞིག་གཞན་གྱི་སྤྲོ་བས་མགུ། །སྙིང་སྟོབས་ཆུ་གཏེར་ཆེན་པོ་དེས། །གྲགས་པ་ག་བུར་ལྟར་དཀར་བ། །འཇིག་རྟེན་གསུམ་གྱི་ཐིག་ལེ་འཛིན། །ལྷ་དག་བདག་གི་རིན་ཆེན་སྩོལ། །སྡིག་པ་འདི་དང་བྲལ་བར་མཛོད། །དམ་པ་རྣམས་ཀྱི་ལས་དག་ནི། །སྨད་

སཱ་དྷོ་ར་དྷི་རོ་ཧ་ཏི། །ལོ་བྷཏྤྲ་མཱ་དཱདྷྭེ་ཥདྦཱ་རཏྣཾ་ཙེནྣ་པྲ་ཡཙྪ་པི། །ཤོ་ཥ་ཡཱ་མྱེ་ཥ་ཛ་ལ་དྷིཾ་ཏ་དི་མཾ་ཏེ་ས་མཱ་གྲ་ཡི། །ཨི་ཏྱུཀྟྭཱ་སྱ་ས་ཀྲྀཏྟེ་ན་སཱ་རཏྣནྣ་ད་དཽ་ཡ་དཱ། །ས་ཏ་དཱ་སྭ་པྲ་བྷཱ་བེ་ན་ཤོ་ཥ་ཡཱཔྡྷེཿས་
པ་དག་དང་མཚུངས་མི་འགྱུར། །ཆགས་སམ་བག་མེད་སྡང་བ་ལས། །གལ་ཏེ་རིན་ཆེན་མི་སྩོལ་ན། །དེ་ལྟ་ན་ནི་ཁྱོད་ཀྱི་གནས། །ཆུ་གཏེར་འདི་ནི་བདག་གིས་བསྐམ། །ཞེས་པ་ལན་མང་དེས་སྨྲས་ཀྱང་། །གང་ཚེ་རིན་ཆེན་དེས་མ་བྱིན། །དེ་ཚེ་རང་གི་མཐུ་ཡིས་དེ། །ཆུ་གཏེར་བསྐམ་
མུདྱ་ཡཽ། །དྷྱཱ་ཏ་མཱ་ཏྲཾ་ས་ཧ་པྲཱ་ཀྵ་བ་ཙ་པཱ་མི་ཤྭ་ཀརྨྨ་ཎཱ། །ནིརྨྨི་ཏཾ་ས་ཧ་སཱ་སྱ་པཱ་ཏྲ་མཱ་བི་ར་བྷཱུཏྐ་རེ། །ས་ཏེ་ནཱ་གསྟྱ་ཙུ་ལུ་ཀཱ་ཀཱ་རེ་ཎཱཾ་བྷཿས་ཡོ་ད་དྷེཿ། །ཨནྟ་རཱི་ཀྵེ་མ་མུཏྐྵི་སྱ་བི་ཀྵེ་པཀྵ་མ་ཎོ་དྱ་
ཕྱིར་རབ་ཏུ་ཞུགས། །མིག་སྟོང་ལྡན་པའི་ཚིག་གིས་ནི། །བི་ཤྭ་ཀརྨས་སྤྲུལ་པའི་སྣོད། །བསམས་པ་ཙམ་གྱིས་དེ་ཡི་ནི། །ལག་ཏུ་འཕྲལ་ལ་བྱུང་བར་གྱུར། །བསྐམ་པར་བརྩོན་དེས་རི་བྱི་ཡི། །ཁྱོར་བའི་རྣམ་པ་དེ་ཡིས་ནི། །ཆུ་གཏེར་དག་ལས་ཆུ་བླངས་ནས། །བར་སྣང་ལ་ནི་རབ་ཏུ་
ཏཿ། །ཀྲྀ་ཏེ་ཏྲྀ་བྷཱ་ག་ཤེ་ཥེབྡྷཽ་ཏེ་ནཱ་ཏྱཏྦྷུ་ཏ་ཀཱ་རི་ཎཱ། །སུ་བ་བྷིརྦྷརྟྶི་ཏཱ་བྷཱི་ཏཱ་དེ་བ་ཏཱསྨཻ་མ་ཎིརྡ་དཽ། །ནིརྦྱཱ་ཛ་དཱིཔྟ་ས་ཧ་སཾ་རཏྣཱ་ནཱ་མི་བ་ཏ་ཏྭ་ཏཿ། །པྲ་བྷཱ་བཾ་བེ་ཏི་མ་ཧ་ཏཱཾ་མནྟྲཱ་ཎཱནྟ་པ་སཱཉྩ་
གཏོར། །ཤིན་ཏུ་རྨད་བྱུང་བྱེད་པ་དེས། །ཆུ་གཏེར་སུམ་ཆ་ལྷག་བྱས་ཏེ། །ལྷ་རྣམས་ཀྱིས་ནི་སྨད་པ་ཡིས། །འཇིགས་ནས་ལྷ་ཡི་ནོར་བུ་བྱིན། །རིན་ཆེན་རྣམས་བཞིན་བདག་ཉིད་ཆེ། །སྔགས་རྣམས་དང་ནི་དཀའ་ཐུབ་ཀྱང་། །ཟོལ་མེད་གཟི་བྱིན་ཆེ་རྣམས་ཀྱི། །མཐུ་ཡི་དེ་ཉིད་སུ་

ཀཿ། །སྥཱ་ར་སྟཱ་བ་ད་པཱ་ར་བཱ་རི་བི་ར་ས་བྱཱ་སཱ་པཱ་ར་ཧེ་ལཱ་བ་ལཱཏ་ཀལློ་ལཱ་བ་ལཱི་ཡཾ་གྷི་ཏཱཾ་བ་ར་ཏ་ཡཱ་རཏྣ་ཀ་རཿཤྲུ་ཡ་ཏེ། །གམྦྷཱི་རཿཔུ་ན་ར་པྲ་མེ་ཡ་མ་ཧི་མཱ་ཀོ་པི་པྲ་བྷཱ་བཿས་ཏཱཾ་ཡསྨིན་བིསྨ་
ཡིས་རིག །རིན་ཆེན་འབྱུང་གནས་རང་རྒྱས་ཕ་རོལ་མེད་པ་དེ་སྲིད་ཆུ་ཡིས་དཀྲིགས་གྱུར་ཅིང་། །བྱེད་པོའི་བདེ་བླག་སྟོབས་ལས་རྦ་རླབས་འཕྲེང་བས་མཁའ་ལ་འགོད་པ་ཉིད་དུ་ཐོས། །དམ་པ་རྣམས་ཀྱི་མཐུ་ནི་ཆེན་པོའི་བདག་ཉིད་གཞལ་མེད་ཅི་ཡང་ཟབ་པ་སྟེ། །ཡ་
ཡ་དྷཱམྣི་ཙིནྟ་ན་བི་དྷཱ་བི་དྷཱ་བནྟེ་སླ་བནྟེ་དྷི་ཡཿ། །ཏ་ཏཤྩིནྟཱ་མ་ཎི་ལབྡྷ་ནི་ཛ་སཱརྠེ་ན་ས་ག་ཏཿ། །རཱ་ཛ་སཱུ་ནུཿསཱུ་ན་ག་ར་པྲཱ་བ་པཱུརྞྞ་མ་ནོ་ར་ཐཿ། །ཀྲྀ་ཏ་ཀྲྀ་ཏྱ་པྲཥྚནྟེ་ན་ས་པི་ཏྲཱ་ཏ་ཏྲ་པཱུ་ཛི་
མཚན་གནས་གང་བསམ་པའི་ཆོ་ག་དག་ལ་བློ་ནི་མཐའ་རུ་རྒྱལ་བར་བྱེད། །དེ་ནས་ཡིད་བཞིན་ནོར་ཐོབ་སྟེ། །རང་གི་དོན་མཐུན་དང་འགྲོགས་ནས། །རེ་བ་རྫོགས་པ་རྒྱལ་པོའི་བུ། །རླུང་གིས་གྲོང་ཁྱེར་དག་ཏུ་ཕྱིན། །རབ་ཏུ་མགུ་བའི་ཕ་ཡིས་དེར། །མཆོད་སྦྱིན་བྱ་བ་བྱས་པ་
ཏཿ། །དྷྭ་ཛཱ་གྲེ་རཏྣ་མཱ་དྷཱ་ཡ་ཛ་གཱ་ད་ཛ་ན་སཾ་ས་དི། །པ་རཱརྠ་ཨེ་བ་ཡཏྣེ་ཡཾ་ནཱཏྨཱརྠོཪྻ་དི་མེ་ཀྭ་ཙཏྲ། །ཏེ་ན་པ་ཏྱེ་ན་ལོ་ཀེ་ཡཾ་སརྦྦོ་ཡཱ་ཏྭ་ད་རི་དྲ་ཏྲཾ། །ཨི་དྱུཀྟེ་ས་ཏྭ་ནི་དྷ་ནཱ་ཏེ་ན་དཱི་ད་ཡ་
དེས། །རྒྱལ་མཚན་རྩེ་ལ་རིན་ཆེན་བཏགས། །སྐྱེ་བོའི་མདུན་སར་རབ་སྨྲས་པ། །གལ་ཏེ་འགར་ཡང་བདག་འབད་འདི། །གཞན་དོན་ཁོ་ན་བདག་དོན་མིན། །བདེན་པ་དེ་ཡིས་འཇིག་རྟེན་འདི། །ཐམས་ཅད་དབུལ་མེད་ཉིད་གྱུར་ཅིག །དམན་ལ་བརྩེ་ལྡན་སྙིང་སྟོབས་ཀྱི། །གཏེར།

ལུ་ནཱ། །རཏྣ་བྲྀཥྚ་ར་པཪྻན་ཏཱ་ནི་པ་པཱ་ཏ་མ་ཧཱི་ཏ་ལེ། །ཏེ་ན་རཏྣ་ས་མཱུ་ཧེ་ནེ་དིཀྵུ་སརྦྦ་སུ་བྷཱ་སྭ་ཏཱ། །ཡ་ཡཽ་ཛ་ན་སྱ་དཱ་རི་དྷྱ་མ་ཡི་ནིཿཤེ་ཥ་ཏཱཾ་ཏམཿ། །ཨཱ་ཤཱ་པ་ཤ་བ་ཏཱཾ་བ་ལཱཏྤྲ་བི་ཤ་ཏཱ་
དེས་དེ་སྐད་བརྗོད་པ་ན། །རིན་ཆེན་ཆར་པ་མཐའ་མེད་ནི། །ས་གཞི་དག་ལ་བབས་པར་གྱུར། །ཕྱོགས་རྣམས་ཀུན་ཏུ་རིན་ཆེན་ཚོགས། །འོད་དང་ལྡན་པ་དེ་ཡིས་ནི། །སྐྱེ་བོ་དབུལ་བའི་རང་བཞིན་གྱི། །མུན་པ་ལྷག་མེད་ཉིད་དུ་གྱུར། །རེ་བའི་ཞགས་ལྡན་སྟོབས་ཀྱིས་དཔལ་ལྡན་རྣམས་
བཱ་ཧྱཱཾ་ག་ཎཾ་ཤྲཱི་མ་ཏཱཾ་དྭཱཿསྠཱ་གྷཱ་ཏ་བ་ཏཱཾ་མུ་ཧུརྦི་ཙ་ལཱ་ཏཱཾ་དྭཱ་རོ་ད་རེ་སཱི་ད་ཏཱཾ། །དཱིརྒྷོ་ནིཿཤྭ་ས་ཏཱཾ་ཤུ་ཙཱ་ནི་པ་ཏ་ཏཱཾ་དེ་ཧ་ཀྵ་ཡཿཀཱཾ་ཀྵ་ཏཱ་དཱི་ནཱ་ནཱཾ་མ་ཎི་རཱ་ཤི་རསྨི་ཤ་ར་ལཿཤྲཱི་སཾ་ག་མཿཀོ་སྱ་བྷཱུཏ། །
ཀྱི་ཁང་མདུན་ཕྱི་རོལ་དག་ཏུ་འཇུག །སྒོ་བས་བརྡེགས་ལྡན་ཡང་ཡང་རྣམ་པར་གཡོ་ཞིང་སྒོ་ཡི་ཁོངས་སུ་ཉེན་གྱུར་ལ། །ཤུགས་རིངས་དང་ལྡན་མྱ་ངན་དག་གིས་འགྱེལ་ཞིང་ལུས་ནི་འཇིག་པ་འདོད་གྱུར་པ། །བཀྲེན་པ་རྣམས་ལ་ནོར་བུའི་ཕུང་པོ་འོད་ཟེར་དྲང་པོའི་དཔལ་ཚོགས་ཅི་ཡང་
ཏཙྪཱ་ས་ནཱ་དུ་ར་ག་ནཱ་ཡ་ཀ་མེ་བ་ཡཱ་ཏེ་ཙིནྟཱ་མ་ཎཽ་བི་ག་ཏ་དཻ་ནྱ་དི་ནེ་ཙ་ལོ་ཀ། །སརྦྦ་ཏྲ་དཱ་ན་ར་སི་ཀ་སྱ་ཛ་ན་སྱ་ཙེ་ཏཿསརྦྦཱརྠི་སཱརྠི་བི་ར་ཏཱ་ཀུ་ལི་ཏཱཾ་བ་བྷཱུ་བ། །སརྦྦཱརྠ་སིདྡྷཿཀྵི་ཏི་
བྱུང་། །འཇིག་རྟེན་ཕོངས་པའི་ཉིན་དང་བྲལ་ཞིང་ཡིད་བཞིན་ནོར་བུ་ཡང་། །དེ་ཡི་བཀའ་ལས་ལྟོ་འཕྱེའི་འདྲེན་པ་ཉིད་དུ་གྱུར་པའི་ཚེ། །ཀུན་ཏུ་སྦྱིན་པ་ལ་ཞེན་སྐྱེ་བོ་དག་གི་སེམས་རྣམས་ནི། །སློང་བའི་དོན་མཐུན་ཀུན་དང་བྲལ་བས་འཁྲུགས་པ་ཉིད་དུ་གྱུར། །དོན་ཀུན་གྲུབ་པ་ས་སྐྱོང་

པཱ་ལ་སུ་ནུཪྻོ་བྷཱུ་ཏ་སཻ་བཱ་ཧ་མི་ཧཱ་ནྱ་དེ་ཧཿ། །ཤྲུ་ཏྭེ་ཏི་བྲྀཏྟཾ་ཀ་ཐི་ཏཾ་ཛི་ནེ་ན་ཏེ་བྷིཀྵ་བསྟནྨ་ཡ་ཏཱ་མ་བཱ་སུཿ། །ཨི་ཏི་ཀྵེ་མིནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྦ་ལ་ཏཱ་ཡཱཾ་སརྦྦཱརྠ་སིདྡྷཱ་བ་དཱ་
སྲས་པོར་ནི། །གང་གྱུར་དེ་ཉིད་ང་ཡིན་ལུས་གཞན་འདིར། །ཞེས་པའི་སྔོན་བྱུང་རྒྱལ་བས་གསུངས་ཐོས་ནས། །དགེ་སློང་དེ་དག་དེ་ཉིད་སེམས་པར་གྱུར། །ཞེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་དོན་
ན་མཥྚཱ་ཙ་ཏྭཱ་རིཾ་ཤཿཔལླ་ཝཿ།། ༈ །།མཏྟེ་བྷ་ཀུཾ་བྷོཙྩ་ཀུ་ཙཱ་བྷི་ར་མཱཿཀརྤཱུ་ར་ཧཱ་རཱཾ་ཤུ་བི་ལཱ་སཱ་ཧཱ་སཱཿ། །པྲཱི་ཏི་པྲ་དཱཿཔུ་ཎྱ་ཀྲྀ་ཏཱཾ་བྷ་བནྟི་པྲཽ་དྷཱ་ཡུ་བ་ཏྱཤྩ་བི་བྷཱུ་ཏ་ཡཤྩ། །ཏ་ཐཱ་
ཀུན་གྲུབ་པའི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།ནུ་མ་མངོན་དགའ་གླང་ཆེན་མྱོས་བུམ་མཐོ། །ག་པུར་དོ་ཤལ་འོད་ཟེར་རྩེ་དགའ་དགོད། །དར་ལ་བབས་པའི་ན་ཆུང་འབྱོར་པ་ཡང་། །བསོད་ནམས་བྱས་པ་རྣམས་ལ་དགའ་སྟེར་ཡིན། །དེ་བཞིན་
ག་ཏེ་བྷ་ག་བ་ཏི་ཤྲཱ་བ་སྟྱཱཾ་བ་ན་ཙཱ་རི་ཎི། །ཨ་བྷ་བཏྶུ་པྲ་བུདྡྷཱ་ཁྱཱཿཤྲཱི་མཱན་གྲྀ་ཧ་པ་ཏིཿཔུ་རཱ། །བ་བྷཱུ་བ་ཧསྟ་ཀོ་ནཱ་མ་ཏ་སྱཱ་ཏི་ད་ཡི་ཏ་སུ་ཏཿ། །པཱུརྦྦཱརྫི་ཏཱ་ནཱཾ་པཱུ་ཎྱ་ནཱ་སཱ་ཀཱ་ར་ཨི་བ་པཉྩ་ཡཿ། །
གཤེགས་པ་བཅོམ་ལྡན་འདས། །མཉན་ཡོད་ནགས་ན་རྒྱུ་བའི་ཚེ། །དཔལ་ལྡན་ཁྱིམ་གྱི་བདག་པོ་སྔོན། །ལེགས་པར་རབ་སད་ཅེས་པ་བྱུང་། །ཤིན་ཏུ་སྡུག་པ་དེ་ཡི་བུ། །གླང་པོ་ཅན་ཞེས་བྱ་བར་གྱུར། །སྔོན་བསྒྲུབས་བསོད་ནམས་དག་གི་ཚོགས། །རྣམ་པ་དག་དང་བཅས་པ་བཞིན། །

ཏ་སྱ་ཛནྨ་དི་ནེ་ཛཱ་ཏཤྩ་མི་ཀ་ར་མ་ཡོ་མ་ཧཱན། །ཨེ་ཀཱི་བྷཱུ་ད་ཨི་བཱཤྩཪྻ་པྲ་ཛཿཔྲ་བ་ར་ཀུཉྫ་རཿ། །ས་ག་ཛེནྡྲཿཀུ་མཱ་རཤྩ་ཏཏྤ་ཏུཤྩ་མ་ནོ་ར་ཐཿ། །ལོ་ཀ་ཀཽ་ཏུ་ཀ་ཀོཤྩ་ཤཱ་པུརྞྞ་ཏཱཾ་ཏུ་ལྱ་མ་ཡ་ཡུཿ། །ས་
དེ་ནི་སྐྱེས་པའི་ཉིན་པར་ལ། །རབ་མཆོག་གླང་པོ་ཆེན་པོ་ནི། །གསེར་གྱི་རང་བཞིན་སྐྱེས་གྱུར་ཏེ། །ངོ་མཚར་ཚོགས་ནི་གཅིག་གྱུར་བཞིན། །གླང་དབང་དེ་དང་གཞོན་ནུ་དང་། །དེ་ཡི་ཕ་ཡིས་རེ་བ་དང་། །འཇིག་རྟེན་ལྟད་མོ་མཛོད་རྣམས་ཀྱང་། །མཚུངས་པ་ཉིད་དུ་གང་བར་གྱུར། །རི་
ཤ་ཤཱི་བ་ཤི་ཤུ་ཀཱ་ལཱེ་ཀ་ལཱ་ནི་ལ་ཡ་ཏཱ་ག་ཏཿ། །རུ་ཙུ་ཙེ་རུ་ཙི་མཱ་ན་སརྦྦཱ་ལོ་ཀ་ལོ་ཙ་ན་བཱནྡྷ་བཿ། །ས་ཤ་ནཻཿཔཱུ་རི་ཏཱ་བྷོ་ག་བྷཱུ་ཛསྟམྦྷ་བི་བྷཱུ་ཥ་ཎཾ། །ལེ་བྷེ་མ་ནོ་བྷ་བཱ་ར་བྷ་བྷ་བ་ནཾ་ན་བ་ཡཽ་བ་ནཾ། །ཀ་
བོང་ཅན་བཞིན་བྱིས་པ་དེ། །དུས་ལ་སྒྱུ་རྩལ་ཆ་གནས་གྱུར། །འཇིག་རྟེན་ཀུན་གྱི་མིག་གི་གཉེན། །འོད་ཟེར་ལྡན་ཞིང་རབ་ཏུ་མཛེས། །དལ་གྱིས་དེ་ནི་ཁོ་ལག་རྫོགས། །དཔུང་བའི་ཀ་བས་རྣམ་པར་བརྒྱན། །ཡིད་ལས་བྱུང་བ་རྩོམ་པའི་གནས། །ལང་ཚོ་གསར་པ་ཐོབ་པར་གྱུར། །དེ་
དཱ་ཙི་ད་ཐ་བྷཱུ་བརྟྟུཿས་པྲ་སེ་ན་ཛི་ཏཿསུ་ཏཱཾ། །ཏ་ནུ་ཙི་བ་ར་ཙི་ཧྣེ་ན་ས་ཧ་ཛེ་ན་བི་རཱ་ཛི་ཏཱཾ། །ཀ་ནྱཱ་ཙཱི་བ་ར་ཀ་ནྱཱ་ཁྱཱཾ་ལཱ་བ་ཎྱ་ལ་ལི་ཏཱ་ན་ནཱཾ། །ཨུ་དྱཱ་ན་དཪྴ་ནཱ་ཡཱ་ཏཱཾ་ད་རཪྴཱ་ཡ་ཏ་ལོ་ཙ་ནཱ། །ཨ་ཀླིཥྚ་
ནས་ནམ་ཞིག་དེ་ཡིས་ནི། །ས་ཡི་བདག་པོ་གསལ་རྒྱལ་གྱི། །བུ་མོ་ལུས་ནི་ཆོས་གོས་ཀྱི། །རྟགས་དང་ལྷན་སྐྱེས་རྣམ་མཛེས་མ། །ཆོས་གོས་བུ་མོ་ཞེས་བྱ་བ། །མཛེས་ཤིང་ཡིད་འོང་བཞིན་རས་ཅན། །མིག་ཡངས་གཞོན་ནུ་མ་དག་ནི། །སྐྱེད་ཚལ་ལྟ་རུ་འོང་བ་མཐོང་། །ཉམས་པ་

རཱུ་པ་མཱ་ལོཀྱ་ཏཱ་མ་ཡ་པཪྻུ་ཥི་ཏ་དྱཱ་ཏིཾ། །བིསྨ་ཡསྨ་ར་ཡོསྟུ་ལྱཱཾ་ས་ཡ་ཡཽ་ས་ཧ་སཱ་བ་ཤཾ། །སོ་ཙིནྟ་ཡཏ་ཨ་ཧོ་ཀཱནྟ་མི་དཾ་ན་ཏྱདྦྷཱུ་ཏཾ་བ་པཱུཿ། །ཡ་སྨིནྦྷཱ་ཏི་མུ་ཁ་བྱཱ་ཛཱ་ད་དོ་ཥ་བི་ཤ་དཿཤ་ཤཱི། །
མེད་པའི་གཟུགས་ལྡན་ཞིང་། །མཛེས་པ་མི་དམན་དེ་མཐོང་ནས། །ད་ནི་འཕྲལ་ལ་ཡ་མཚན་དང་། །འདོད་པའི་དབང་དུ་མཉམ་པར་གྱུར། །དེས་བསམས་ཀྱེ་མ་ལུས་འདི་ནི། །ཤིན་ཏུ་རྨད་བྱུང་མཛེས་པ་སྟེ། །སྐྱོན་བྲལ་དྲི་མེད་རི་བོང་ཅན། །གང་དུ་བཞིན་གྱི་ཟོལ་གྱིས་མཛེས། །
ལཱ་བ་ཎྱ་མ་པྲཏི་མ་མེ་ཥ་བི་བྷརྟྟི་ཏཀྵྱཱ་བནྡྷུ་ཀ་བནྡྷུ་ར་དྷ་རོ་མ་དྷུ་ར་སྭ་བྷཱ་བཿ། །དྲོ་ཧོ་དྱ་ཏཿས་ར་ས་བི་དྲུ་མ་པལླ་བཱ་ནཱཾ་བིམྤ་པྲ་བྷཱ་པྲ་ས་བྷ་བི་བྷྲ་མ་བནྡྷྱ་ཀཱ་རཿ། །བནྟྲཾ་ན་ཀྵ་མ་ཏེ་མ་དཾ་ཤ་
གཟུགས་ཅན་མཆུ་ནི་བནྡྷུ་ཀ་གཉེན་ཡིད་འོང་རང་བཞིན་ཅན། །འདི་ནི་དོ་ཟླ་མེད་པའི་མཛེས་སྡུག་རྣམ་པར་འཛིན་བྱེད་ཅིང་། །རླན་ལྡན་བྱུ་རུའི་ཡལ་འདབ་དག་ལ་འཁུ་བར་བརྩོན་པ་དང་། །བིམ་པའི་འོད་ཀྱིས་རྣམ་འཕྲུལ་དག་ནི་འཕྲལ་ལ་འབྲས་མེད་བྱེད། །རི་བོང་འཛིན་པའི་རྒྱགས་པ་
ཤ་བྷྲྀ་ཏཿཀླིཤྣཱ་ཏི་ཀཱནྟིཿསུ་དྷཱ་མུཏྥུལློཏྤ་ལ་ཀཱ་ན་ན་སྱ་ཀུ་རུ་ཏེ་དྲྀཥྚཿཔྲ་བྷཱ་བྷརྟྶ་ནཾ། །མ་ནྱེ་མནྨ་ཐ་སཾ་ག་མོ་ཙེ་ཏ་ཏ་ནོཿསཱ་སཏྣྱ་བྷཱི་ཏི་པྲ་དཱ་ལཱི་ལཱ་སྱཿས་ཧ་སཱ་བི་ལཱ་ས་ལ་ཧ་རཱི་ཤོ་ཥཾ་བི་
བཞིན་གྱི་མི་བཟོད་མཛེས་པས་བདུད་རྩི་དམན་བྱེད་ཅིང་། །ཨུཏྤལ་རབ་ཏུ་རྒྱས་པའི་ནགས་ཚལ་འོད་ནི་མིག་གིས་རབ་ཏུ་ཉམས་པར་བྱེད། །ཡིད་སྲུབས་འགྲོགས་འོས་ལུས་ཅན་འདི་ཡི་འཇོ་སྒེག་འགྲན་ཟླ་དག་ལ་འཇིགས་སྟེར་བས། །དགའ་མའི་རོལ་རྩེད་རྦ་རླབས་དག་ནི་འཕྲལ་

དྷཏྟེ་ར་ཏེཿ། །ཨུདྡྷྲྀ་ཏེ་ཀ་ཋི་ཎེ་ས་ཡོ་དྷ་ར་ཡུ་གེ་ན་ཤྱདྦི་བི་བེ་ཀེ་ཙ་རཾ་ཡ་སྱཱ་དོ་ཥ་མ་ཡེ་སྱ་ཧོ་གུ་ཎ་བཱ་ཏཱ་ཧཱ་རེ་ཎ་བདྡྷཱ་སྠི་ཏིཿ། །ཨ་སྱསྨིནྣ་བ་ལ་བ་ཏེ྅མྦུ་ཛ་དྷི་ཡཱ་རོ་ལམྦ་རེ་ཁཱ་མུ་ཁེ་ལོ་
ལ་ཉིད་དུ་སྐེམས་པར་བྱེད་དམ་སྙམ། །ཀྱེ་མ་གང་གི་འོ་མ་འཛིན་པ་ཟུང་ནི་རབ་ཏུ་སྲ་མཁྲེགས་དབེན་པ་ཉམས། །སྐྱོན་གྱི་རང་བཞིན་ཡིན་ཡང་ཡོན་ཏན་ལྡན་པའི་དོ་ཤལ་དག་གིས་གནས་པར་བྱས། །བཞིན་འདི་ལ་ཡང་བུང་བའི་འཕྲིང་རྣམས་ཆུ་སྐྱེས་བློ་ཡིས་ཉེ་བར་བརྟན་པ་དང་། །
ལཱ་ཀྵྱཿཀི་མ་པི་པྲ་ཤཱནྟི་ན་ཡ་ནཾ་ལཱི་ནཾ་མུ་ནཱི་ནཱནྨ་ནཿ། །ཨི་ཏི་ཙིནྟ་ཡ་ཏསྟ་སྱ་བ་པུཿཔུཥྤ་ཤ་རོ་པ་མཾ། །བི་ལོཀྱ་བྷཱུ་པ་ཏི་སུ་ཏཱ་བ་བྷཱུ་བཱ་ཤྩ་ཪྻ་ནིཤྩ་ལཱ། །ཧྲྀ་ཏེ་ལཛྫྭཱཾ་ཤུ་ཀེ་ན་སྱཿསྨ་རེ་ཎ་སྨི་ཏ་ཀཱ་རི་ཏཱ། །
གཡོ་ལྡན་མིག་གི་འདྲེན་བྱེད་ཐུབ་པའི་ཡིད་ཀྱང་ཅི་ཡང་ཆགས་ཤིང་ཉམས་པར་བྱེད། །དེ་ལྟར་སེམས་པ་དེ་ཡི་ལུས། །མེ་ཏོག་མདའ་ཅན་ལྟ་བུ་དག །མཐོང་ནས་ས་བདག་བུ་མོ་ནི། །ངོ་མཚར་གཡོ་བ་མེད་པར་གྱུར། །དྲན་པ་འཛུམ་པར་བྱེད་པ་ཡིས། །དེ་ཡི་ངོ་ཚའི་གོས་ཕྲོགས་ཏེ། །
པྲ་ཏྱ་གྲ་པུ་ལ་ཀཱ་ཀཱིརྞཾ་བ་པུཿསྤཥྚ་ན་དྲྀ་ཤྱ་ཏ། །རུདྡྷཱ་ན་བཱ་བྷི་ལཱ་ཥེ་ཎ་བེ་ལཀྵྱ་ཎ་ནི་བརྟྟཱི་ཏ། །མ་ནསྟ་ཏྲཻ་བ་ནི་ཀྵི་པྱ་སཱ་ཤཱུ་ནྱེ་པ་ཤ་ནཻཪྻ་ཡཽ། །རཱ་ཛ་དྷ་ནཱིཾ་ས་མཱ་ས་དྱ་ལཛྫ་བིསྨ་ཡ་མནྨ་ཐཻཿ། །
གསར་དུ་སྤུ་ལོང་རྒྱས་པ་ཡིས། །ལུས་ནི་གསལ་བར་མཐོང་མ་གྱུར། །མངོན་འདོད་གསར་པས་བཀག་གྱུར་ཀྱང་། །སྐྱེངས་པ་ཡིས་ནི་ཕྱིར་བཟློག་སྟེ། །ཡིད་ནི་དེ་ཉིད་ལ་བཞག་ནས། །དེ་ནི་སྟོང་བཞིན་དལ་གྱིས་སོང་། །རྒྱལ་པོའི་ཕོ་བྲང་ཕྱིན་གྱུར་ནས། །ངོ་ཚ་ཡ་མཚན་ཡིད་སྲུབས་ཀྱིས། །

མཱི་ལི་ཏེ་བ་ནི་ལཱི་ནེ་བ་པ་པྲ་ཥི་ཏེ་བ་བྷཱུ་བ་སཱ། །ཀུ་མཱ་རོ་པི་སྭ་བྷ་བ་ནེ་ས་མུདྡྷཱུ་ཏ་མ་ནོ་བྷ་བ། །ཏཱ་མེ་བེནྡུ་མུ་ཁཱི་མ་གྲེ་སཾ་ཀལྦཻ་ར་ལི་ཁནྨུ་ཧུཿ། །ས་ཏཱ་མཱ་ན་ས་བྷརྨྨ་སྭི་སྨ་ར་བི་དྱཱ་མི་བ་སྨ་རན། །པྲ་
ཟུམ་པ་བཞིན་དང་ཞུམ་པ་བཞིན། །བཅོམ་པ་བཞིན་དུ་དེ་གྱུར་ཏོ། །གཞོན་ནུ་ཡང་ནི་རང་ཁྱིམ་དུ། །ཡིད་ལས་བྱུང་བ་ཡང་དག་རྒྱས། །མདུན་དུ་ཟླ་བཞིན་མ་དེ་ཉིད། །ཀུན་ཏུ་རྟོག་པས་ཡང་ཡང་དྲིས། །དེ་ཡིས་ཡིད་ཀྱི་ནོར་མཆོག་དེ། །འདོད་པའི་རིག་པ་བཞིན་དྲན་ཅིང་། །འཁོར་
ད་དྷྱཽ་དུརླ་བྷོམྨ་ཏྭཱ་ཏ་ན་ཡཱཾ་ཙཀྲ་བརྟྟི་ནཿ། །ཛནྨཱནྟ་རེ་ཏ་ནུཪྻ་སྱ་ཏ་པཿཔ་རི་ཙི་ཏཱ་ཙི་རཾ། །དྷ་ནྱཿས་ཏཱ་མ་བཱ་སྣོ་ཏི་ལ་ཏཱཾ་སུ་ཀྲྀ་ཏ་ཤཱ་ཁཱི་ནཿ། །ར་མྱ་པྲ་དཱ་ན་པུ་ཎྱེ་ན་ཏདྡཪྴ་ན་མ་བཱ་སྱ་ཏེ། །ན་ཛཱ་
ལོས་སྒྱུར་བའི་བུ་མོ་ནི། །རྙེད་པར་དཀའ་བས་ཤེས་ནས་བསམས། །སྐྱེ་བ་གཞན་ལ་གང་གི་ལུས། །ཡུན་རིང་དཀའ་ཐུབ་ཡོངས་འདྲིས་པ། །སྐལ་ལྡན་དེ་ཡིས་ལེགས་བྱས་ཀྱིས། །ཤིང་གི་འཁྲི་ཤིང་དེ་ཐོབ་འགྱུར། །དགའ་བ་རབ་སྦྱིན་བསོད་ནམས་ཀྱིས། །དེ་མཐོང་བ་ནི་ཐོབ་གྱུར་ཏེ། །གང་
ནེ་ཏཱ་ནི་པུ་ཎྱཱ་ནི་ཡེ་ཥཱཾ་ཏཏྶཾ་ག་མཿཕ་ལཾ། །ཏདྦཀྟྲ་ཤཱི་ཏ་ཀི་ར་ཎ་སྨ་ར་ཎོཏྶ་བེ་ན་ཏ་སྱཱཤྩ་དུརླ་བྷ་ཏ་ཡཱ་བི་ར་ཧོཥྨ་ཎཱ་མེ། །ནོ་བེདྨི་ཀིཾ་དྷྲྀ་ཏི་རི་ཡཾ་ཀི་མ་ཡཾ་བི་མོ་ཧོཿཀིཾ་ཛཱི་བི་ཏཾ་ཀི་མ་
ཞིག་དེ་འགྲོགས་འབྲས་ལྡན་པའི། །བསོད་ནམས་དེ་དག་ཡོངས་མི་ཤེས། །དེ་ཡི་བཞིན་རས་བསིལ་བའི་ཟེར་ལྡན་དྲན་པས་དགའ་བ་དང་། །དེ་ཡང་རྙེད་དཀའ་ཉིད་ཀྱིས་འབྲལ་བའི་གདུང་བ་དག་གི་བདག །བརྟན་པ་འདི་ཅི་རྨོངས་འདི་ཅི་ཞིག་འཚོ་བ་ཉིད་ནི་ཅི། །སྲོག་དང་ལྷན་ཅིག་རྣམ་

སུ་བྷིཿས་ཧ་བི་པྲ་ཡོ་གཿ། །ཏདྦཀྟྲཔྫ་ཛི་ཏཿཔྲ་ས་ཧྱ་བྷ་ཛ་ཏེ་ཀྵཻ་ཎྱཾ་ཀྵ་པཱ་བལླ་བྷཱ་སྱ་བྷཱུ་བི་བྷྲ་མ་ལཛྫི་ཏི་ཙ་བི་ན་ཏིཾ་པཏྟེ་དྷ་ནུ་མྨཱནྨ་ཐི། །ཏ་སྱཿཔལླ་བ་སེ་ཤ་ལི་དྱུ་ཏི་མུ་ཥཱ་ཤོ་ཎཱ་དྷ་རེ་ཎཱ་རྡི་
པར་བྲལ་ལམ་ཅི་ཡིན་ཡོངས་མི་ཤེས། །དེ་གདོང་ཆུ་སྐྱེས་དག་གིས་འཕྲལ་ལ་བཅོམ་པས་མཚན་མོའི་ཡིད་འོང་ཉམས་པ་བསྟེན། །དེ་ཡི་སྨིན་མའི་རྣམ་འཕྲུལ་དག་ལ་ངོ་ཚ་ཡིད་སྲུབས་གཞུ་ནི་གུག་པར་གྱུར། །ཡིད་འོང་ཡལ་འདབ་མདངས་འཕྲོག་དེ་ཡི་མཆུ་སྒྲོས་དམར་བ་དག་གིས་
ཏེ་ནུ་ནཾ་པྲཱ་པྱ་བི་རཀྟ་ཏཱཾ་བ་ན་མ་ཧཱིཾ་བིམྦཾ་ས་མཱ་ལམྦ་ཏེ། །ཨི་ཏི་པཱུརྞྞེནྡུ་བ་ད་ནཱ་བ་ད་ན་དྷྱཱ་ན་ནིཤྩ་ལཿ། །ནི་ཤཱིནྣ་ནཱ་ཡ་སཾ་ཏྱཀྟཿསེཪྵྱ་ཡེ་བ་ན་ནི་དྲ་ཡཱ། །ཀ་ནྱཱ་དཪྴ་ན་བྲྀཏྟཱནྟཾ་ཏ་
གཟིར་གྱུར་ཏེ། །ཆགས་བྲལ་ཉིད་ཐོབ་བིམྦ་དག་ནི་ནགས་ཀྱི་ས་ལ་ཡང་དག་བརྟེན་ནམ་སྙམ། །དེ་ལྟར་ཟླ་ཉའི་བཞིན་རས་ཅན། །བཞིན་ལ་བསམ་གཏན་གཡོ་མེད་ཀྱིས། །གཉིད་ཀྱིས་ཕྲག་དོག་ཅན་གྱིས་བཞིན། །གཏང་བ་དེ་ཡིས་མཚན་མོ་འདས། །མཛེས་མ་མཐོང་བར་གྱུར་པའི་
ཏསྟེ་ན་ནི་བེ་དི་ཏཾ། །ཤྲུ་ཏྭཱ་པི་ཏྲྱཱ་སྱ་སཾ་ཀྲཱནྟ་ཙིནྟཱ་པ་རི་ཙི་ཏོ྅་བྷ་བཏ། །ས་ཏ་མུ་ཙ་བ་ཡཾ་པུ་ཏྲ་རཱ་ཛྷོ་པྱ་པུ་ར་བཱ་སི་ནཿ། །ས་ཀ་ཐཾ་ཧེ་དུ་ཧི་ཏ་རཾ་ཙཀྲ་བརྟི་པྲ་དཱ་སྱ་ཏི། །ཨཱ་ཤཱཀྱཾ་ནཻ་བ་ཀུརྦྦནྟི་
མཐའ། །དེ་ནི་དེ་ཡིས་བཤད་པ་དག །ཕ་ཡིས་ཐོས་ནས་དེ་ཡིས་ནི། །བསམ་པ་འཕོས་ཤིང་ཡོངས་འདྲིས་གྱུར། །དེ་ལ་དེ་སྨྲས་བདག་ཅག་བུ། །རྒྱལ་པོའི་གྲོང་ཁྱེར་གནས་པའང་མིན། །འཁོར་ལོས་སྒྱུར་དེ་བུ་མོ་ནི། །ཁྱོད་ལ་ཇི་ལྟར་སྟེར་བར་འགྱུར། །མཁས་པ་བཀུར་བ་འདོད་པ་རྣམས། །

ས་མཱི་ཧནྟེ་ན་དུརླླ་བྷཾ། །ཨ་སཾ་བྷ་བྱཾ་ན་བྷཱ་ཥསྟ་མཱ་ན་ཀཱ་མཱ་མ་ནཱི་ཥི་ཎཿ། །ཙཱུ་ཏ་ཙམྤ་ཀལླཱི་ཥུ་སྭཱ་དྷཱི་ན་པུ་ནི་རཱ་ད་རཿ། །ཙིནྟ་ཡནྤཱ་རི་ཛ་ཏ་སྱ་ལ་ཏཱཾ་ཤུ་ཥྱ་ཏི་ཥཊྤ་དཿ། །ཏ་བ་ཏ་སྱཱཤྩ་
མི་ནུས་པ་ཉིད་བྱེད་མ་ཡིན། །རྙེད་པར་དཀའ་བ་འདོད་མ་ཡིན། །མི་བདེན་པ་ནི་སྨྲ་མ་ཡིན། །འཁྲི་ཤིང་ཙཱུ་ཏ་ཙམ་པ་ཀ །རང་དབང་རྣམས་ལ་མི་གུས་པར། །ཡོངས་འདུའི་འཁྲི་ཤིང་སེམས་པ་ན། །རྐང་དྲུག་པ་ཉིད་བསྐམ་པར་འགྱུར། །གལ་ཏེ་ཁྱོད་དང་དེ་གཉིས་ཀྱང་། །
སམྦནྡྷཿཔྲཱགྫནྨ་བི་ཧི་ཏོ་ཡ་དི། །ཏ་ད་བ་ཤྱཾ་བྷ་བ་ཏྱེ་བ་ནིཿཔྲ་ཡཏྣ་པ་ལོ་ད་ཡཿ། །ཨཱ་ཤཱ་སཱ་ཤཻ་ར་ནཱ་ཀྲྀཥྚཾ་བི་ཙཱ་རཻ་ར་ཀ་ཧརྠི་ཏཾ། །པྲ་ཡཱཏྣ་བྷ་རཻ་ར་ཤྲཱནྟཾ་བི་དྷཏྟེ་བྷ་བི་ཏ་བྱ་ཏཱ། །ཨི་ཏྱཱ་ཀརྞྞྱ་པི་ཏུརྦཱ་ཀྱཾ་ཏཏྟ་ཐེ་
སྐྱེ་བ་སྔ་མར་འབྲེལ་བསྒྲུབས་ན། །དེ་ཡི་འབྲས་བུ་འབད་མེད་དུ། །ངེས་པ་ཁོ་ནར་རྒྱས་པར་འགྱུར། །རེ་བའི་ཞགས་པས་མ་བཀུག་ཅིང་། །རྟོག་དཔྱོད་དག་གིས་མ་གཟིར་ལ། །འབད་པའི་ཁུར་གྱིས་མ་ངལ་བར། །ངེས་པར་མྱོང་བྱ་གྲུབ་པ་ཉིད། །ཅེས་པ་ཕ་ཡི་ཚིག་ཐོས་ནས། །དེ་དེ་
ཏི་བི་ཙིནྟ་ཡན། །ན་ཙེ་ཏཿཀཱནྟ་ཀཱ་ནཱི་ཏཾ་པྲ་ཏྱཱ་ནེ་ཏུཾ་ཤ་ཤཱ་ཀ་སཿ། །ས་ག་ཏྭཱ་དནྟ་ཡུ་ག་ལཾ་ཡ་ཡཱ་ཙེ་ཧེ་མ་ཀུཉྫ་རཾ། །ན་བ་སཾ་དཪྴ་ནེ་རཱཛྙཱཿཔྲཱི་ཏི་ཡོ་གྱ་མུ་པཱ་ཡ་ནཾ། །པུཎྱ་བནྡྷེ་ན་ཀ་རི་ཎཱ་དཏྟཾ་དནྟ་
བཞིན་ཞེས་རྣམ་བསམས་ཏེ། །སེམས་ནི་མཛེས་མས་བཟུང་བ་དག །སླར་ཡང་ཟློག་པ་དེས་མ་ནུས། །དེ་སོང་གསེར་གྱི་གླང་པོ་ལ། །རྒྱལ་ལ་གསེར་དུ་ཕྲད་པ་ཡིས། །དགའ་བར་འོས་ཕྲད་སྐྱེས་སུ་ནི། །གསེར་གྱི་མཆེ་བ་ཟུང་དག་བླངས། །དེ་ནས་ལག་ལྡན་བསོད་ནམས་ཀྱིས། །

ཡུ་གཾ་ཏ་ཏཿ། །ས་ཧེ་མ་མ་ཡ་མཱ་དཱ་ཡ་དྲཥྚུཾ་བྷཱུ་མི་པ་ཏིཾ་ཡ་ཡཽ། །ས་རཏྣ་རུ་ཙི་རཾ་པྲཱ་སྱ་བྷ་བ་ནཾ་པྲྀ་ཐི་བཱི་པ་ཏེ། །པྲ་བི་ཤྱ་པྲ་ཎ་ཏཿཔྲཱི་ཏྱཻ་ཧེ་མནྡནྟ་དྭ་ཡཾ་ད་དཽ། །བྷཱུ་བྷུ་ཛ་བི་ཤྲུ་ཏ་གུ་ཎཿཔྲ་
མཛའ་བས་བྱིན་པའི་མཆེ་བ་ཟུང་། །གསེར་གྱི་རང་བཞིན་ཁྱེར་ནས་དེ། །ས་ཡི་བདག་པོ་ལྟ་རུ་སོང་། །དེ་ཡིས་རིན་ཆེན་གྱིས་མཛེས་པའི། །ས་ཡི་བདག་པོའི་ཁང་པར་ཕྱིན། །ནང་ཞུགས་རབ་བཏུད་མཛའ་བའི་སླད། །གསེར་གྱི་མཆེ་བ་གཉིས་པོ་བྱིན། །རྒྱལ་པོ་རབ་ཏུ་དང་བ་ཡིས། །ཡོན་
སཱ་དེ་ནཱ་བྷི་ནནྡི་ཏཿ། །བ་རཾ་གྲྀ་ཧཱ་ཎེ་ཏྱུཀྟ་ཤྩ་ས་ན་ཛ་གྲཱ་ཧ་ཀིཉྩ་ན། །ཏ་སྱ་དཻ་ནྱ་དྱུཤྩ་ཀྲེ་མཱ་ན་མ་བྷྱ་དྷི་ཀཾ་ནྲྀ་པཿ། །ཨཽ་ཙི་ཏྱ་ཙཱ་རུ་ཙ་རི་ཏཿཔྲི་ཡཿཀ་སྱ་ན་ནི་སྤྲྀ་ཧཿ། །ས་ས་དཱ་དཪྴ་ནེ་རཱ་ཛྙཿ
ཏན་གྱིས་གྲགས་དགའ་བར་བྱས། །མཆོག་ནི་ལོང་ཞེས་བརྗོད་གྱུར་ཀྱང་། །དེ་ཡིས་ཅི་ཡང་བླངས་མ་གྱུར། །མཛེས་པ་དམན་མིན་དེ་ལ་ནི། །རྒྱལ་པོས་ལྷག་པར་བཀུར་བ་བྱས། །རིགས་ཤིང་མཛེས་པའི་སྤྱོད་པ་ཅན། །ཆགས་པ་མེད་ལ་སུ་མི་དགའ། །རྟག་ཏུ་རྒྱལ་ལ་ཕྲད་ཚེ་དེས། །
ཀཉྩ་ནཱཾ་གཱ་ནི་དནྟི་ནཾ། །པུ་ནརྫ་ཏ་ན་བཱཾ་གེ་ན་དཏྟཱ་ནི་པྲི་ཏ་ཡེ་ད་དཽ། །ཏ་མུ་བ་ཙ་མ་ཧཱི་པཱ་ལཿསེ་བ་པྲ་ཎ་ཡ་ཡནྟྲི་ཏཿ། །དཱུ་ཏཱིམྨ་ནཿཔྲ་སཱ་ད་སྱ་བ་ད་ན་དྱུ་ཏི་མུཏྤ་ཧ་ན། །པྲ་བྷཱུ་ཏ་ཧེ་མ་སཾ་བྷཱ་རཱ་གུརྦྦི་
གསར་དུ་སོ་ལྡན་ལ་སྐྱེས་པ། །གསེར་གྱི་རང་བཞིན་མཆེ་བ་རྣམས། །དགའ་བའི་སླད་དུ་རབ་ཏུ་བྱིན། །ཡིད་རབ་དང་བའི་ཕོ་ཉ་ནི། །བཞིན་རས་མཛེས་པ་འཛིན་བྱེད་ཅིང་། །བསྟེན་པའི་མཛའ་གཅུགས་ཀྱིས་བསྡམས་པའི། །ས་སྐྱོང་གིས་ནི་དེ་ལ་སྨྲས། །རབ་མང་གསེར་ཚོགས་བརླིང་བ་ཡིས། །

སེ་བཱ་མཱི་མཱ་མ་ཧཾ། །ན་ས་ཧེ་པཽ་ར་བརྒེ་ཧི་བྷ་ར་ཎཱི་ཡོ་མ་ཧཱི་བྷྲྀ་ཏཱཾ། །སཾ་བི་བྷ་ཛྱ་ཛ་ནཱ་ནཱི་ཏཻཿཀཱ་པྲཱི་ཏིརྨྨ་མ་ཀཱཉྩ་ནཻཿ། །ཏེ་བ་ནརྒྷ་གུ་ཎཱ་མཱུརྟྟི་རི་ཡ་མེ་བ་མ་མ་བྲི་ཡཱ། །ལོ་བྷཿཔུ་
བསྟེན་འདི་བདག་གིས་ཡོངས་མི་བཟོད། །གང་ཕྱིར་གྲོང་ཁྱེར་བ་ཡི་ཚོགས། །ས་བདག་རྣམས་ཀྱི་རྒྱས་བྱ་ཉིད། །སྐྱེ་བོས་བགོས་སྐལ་ཕུལ་བ་ཡིས། །གསེར་གྱི་དགའ་བ་བདག་ལ་ཅི། །རིན་ཆེན་ཡོན་ཏན་ཁྱོད་ཀྱི་ནི། །གཟུགས་འདི་ཉིད་ལ་བདག་དགའོ། །གསེར་དང་རིན་
རུ་ཥ་རཏྣེ་ཥུ་བྷཱུ་ཥ་ཎཱརྷེ་པྲ་ཤོ་བྷ་ཏེ། །རཱ་ཛྙཱཾ་ཀོ་ཤེ་ཥུ་སཱི་དནྟི་ཧེ་མ་རཏྣཱཤྨ་པཉྩ་ཡཱཿ། །ས་མཱི་ཧི་ཏ་ཏ་མཾ་ཏུ་བྷྱཾ་ཀིཾ་པྲ་ཡཙྪཱ་མི་ཀ་ཐྱ་ཏཱཾ། །ནིཿཤེ་ཥ་ཀོ་ཥ་དཱ་ནེ་པི་ན་ནཱ་མཱ་ནུ་ཤ་ཡོ་སྟུ་མེ། །རཱ་ཛྙཱ་ཏྲྀ་ཀ་
ཆེན་རྡོ་བའི་ཚོགས། །མཛོད་རྣམས་ན་གནས་རྒྱལ་པོ་ནི། །རྒྱན་དུ་འོས་པའི་སྐྱེས་བུ་དག །རིན་ཆེན་རྣམས་ལ་ཆགས་ན་མཛེས། །ཁྱོད་ལ་འདོད་པའི་མཆོག་དག་ནི། །བདག་གིས་ཅི་སྦྱིན་སྨྲ་བར་མཛོད། །མ་ལུས་མཛོད་ནི་བྱིན་གྱུར་ཀྱང་། །ངེས་པར་བདག་ནི་འགྱོད་མི་འགྱུར། །རྒྱལ་པོའི་
པཱ་ཏ་མཱ་ཏྲེ་ཎ་པྲཱ་སྱནྟེ་ཡ་དི་ན་ཤྲེ་ཡཿ། །ཏ་ད་ནརྠཾ་ག་ཏཱརྠི་ནྱཱ་ཀོརྠཿཔཱརྠི་བ་སྱེ་བ་ཡཱ། །ཨི་ཏྱུཀྟཿཀྵི་ཏི་པཱ་ལེ་ན་ཀུ་མཱ་རཿཀ་ལི་ཏཱཾ་ཛ་ལིཿ། །ཏ་མ་དྷཱ་ཥ་ཏ་བྷཱུ་པ་ལ་དཱ་ཏུ་མརྷ་ཏི་ཀོ་པ་རཿ། །ཨ་ནརྠི་ཏེ་ན་
སྤྱན་ཟུར་ལྷུང་ཙམ་གྱིས། །གལ་ཏེ་དཔལ་འབྱོར་མ་ཐོབ་ན། །དོན་གཉེར་དོན་མེད་ཉིད་གྱུར་པས། །ས་བདག་བསྟེན་པའི་དོན་ནི་ཅི། །དེ་སྐད་ས་སྐྱོང་གིས་སྨྲས་ཚེ། །གཞོན་ནུས་ཐལ་མོ་སྦྱར་བྱས་ནས། །དེ་ལ་སྨྲས་པ་ས་སྐྱོང་དག །སྟེར་བར་འོས་པ་གཞན་པ་སུ། །མཁས་པ་རྣམས་ལ་རིན་

རཏྣཱ་ནི་བི་བུ་དྷེ་བྷྱཿཔྲ་ཡཙྪ་ཏཱ། །ཏ་དུནྣི་དྲཾ་སཾ་མུ་དྲ་སྱ་མུ་དྲི་ཏཾ་བྷ་བ་ཏཱ་ཡ་ཤཿ། །མ་ཧཱ་ཏཱ་པི་པྲ་དཱ་ནེ་ན་སཱུཪྻ་ཏེ་ན་མ་ཧཱ་ཤ་ཡ། །ཨལྤ་ཀཱ་ནཱཾ་ལ་དཻ་ཤྭཪྻཾ་དཱ་རི་དྲྱཾ་ཏནྨ་ཧཱི་ཡ་སཱཾ། །ཀིཾ་ཏུ་ཏྭ་ཏ་བྷུ་ཛ་གུཔྟཱ་ནཱཾ་དྷརྨྨ་མཱརྒེ་
ཆེན་ནི། །དོན་དུ་མ་གཉེར་སྩོལ་མཛད་པ། །ཁྱོད་ཀྱི་རྒྱ་མཚོའི་གྲགས་པ་ནི། །རབ་རྒྱས་དེ་དག་རྒྱ་ཡིས་བཏབ། །རབ་ཏུ་སྦྱིན་པ་ཆེན་པོས་ཀྱང་། །རེ་བ་ཆེན་པོ་ཁེངས་མ་ཡིན། །ཆུང་ངུ་རྣམས་ཀྱི་དབང་ཕྱུག་གང་། །དེ་ནི་ཆེན་པོའི་དབུལ་པོ་ཉིད། །འོན་ཀྱང་གང་གིས་ནོར་སློང་བ། །ཁྱོད་ཀྱི་དཔུང་པས་
ཎཱཾ་ཛཱི་བ་ཏཱཾ། །ཛ་ནཱ་ནཱཾ་ནསྟི་དཱ་རི་དྲཾ་དྲ་བི་ཎཱཾ་ཡེ་ན་མྲྀ་གྱ་ཏེ། །དྷ་ནཱརྠི་ནེ་ན་ཏུ་བ་ཡཾ་ན་ཙ་སེ་བཱ་པི་ཀཱ་རི་ཎཿ། །དྷ་ནནྡྷ་ནནྡྷ་ན་དྷི་ཡཾ་མཱ་ན་ཨེ་བ་མཱ་ནམྦི་ནཱཾ། །མི་ལདྒུ་ཎེ་ན་པ་ར་མེ་ཤྭ་ར་སེ་བ་ནེ་ན་ནིརྨྨ་ལྱ་ཏཱཾ་
བསྲུངས་གྱུར་ཅིང་། །ཆོས་ཀྱི་ལམ་གྱིས་འཚོ་བ་ཡི། །སྐྱེ་བོ་རྣམས་ལ་དབུལ་པོ་མེད། །བདག་ཀྱང་ནོར་དོན་གཉེར་བ་མིན། །སྟེན་པར་བྱེད་པ་པོ་ཡང་མིན། །ནོར་ལྡན་རྣམས་ལ་ནོར་ཉིད་ནོར། །ཁེངས་ལྡན་རྣམས་ལ་བཀུར་བ་ཉིད། །དམ་པའི་དབང་ཕྱུག་བསྟེན་པས་ཡོན་ཏན་དག་ནི་ཟུམ་གྱུར་པས། །
སུ་མ་ན་སཱཾ་ས་ཧ་སཱ་ག་ཏཱ་ནཱཾ། །རཻ་ནྱཏྤུ་ནཿཀྲྀ་པ་ཎ་པ་ཎྱ་བ་ཐེ་ཙྱུ་ཏཱ་ནཱཾ་ན་སྤཪྴ་མཱ་ཏྲ་མ་པི་སཱ་དྷུ་ཛ་ནཿཀ་རོ་ཏི། །ཨརྠི་ཏྭཱཏྨ་ར་ཎཱ་བ་རཾ་ཏ་ནུ་བྷྲྀ་ཏཱཾ་དཻ་ནྱཱ་བ་སནྣཱཏྨ་ནཱ་མརྠིསརྦྦ་ཛ་ནཱ་བ་མཱ་ན་བ་
དམ་པའི་མེ་ཏོག་རྣམས་ནི་འཕྲལ་ལ་རྙིང་པ་ཉིད་གྱུར་ཅིང་། །སླར་ཡང་བཀྲེན་པའི་ཚོང་གི་ལམ་དུ་དམན་པས་ལྷུང་གྱུར་ལ། །དམ་པའི་སྐྱེ་བོ་རྣམས་ནི་རེག་པ་ཙམ་ཡང་མི་མཛད་དོ། །དམན་ཞིང་སྨད་པའི་བདག་ཉིད་ལུས་འཛིན་རྣམས་ཀྱིས་སློང་བ་ཉིད་པས་ཤི་བ་མཆོག །སློང་བ་མཆོག་

ས་ཏིཿསཏྐཱ་ར་ཡཽ་གྱཿཤ་བཿ། །ཀུཾ་བྷཱསྟཱ་བ་ད་དྷཿཔྲ་ཡཱ་ཏི་གུ་ཎ་བཱནྐཱུ་སཱ་བ་ཏཱ་རེ་པ་རཾ་ཡཱ་བཏ་མོ་ཧ་ཏ་མཿཔྲ་བེ་ཤ་བི་བ་ཤཿཔྲཱཔྟོརྠི་ཏཱ་ལམྦ་ཏེ། །སཱ་མཱ་ནྱཱ་དྷ་ན་སམྤ་དཿཀྲ་ཡ་ཀྲྀ་ཥི་
ཏུ་བཀུར་སྟི་འོས་པ་སྐྱེ་བོ་ཀུན་གྱིས་སྨད་པ་དག་གི་གནས། །ཇི་སྲིད་དོན་གཉེར་ཉིད་ཐོབ་རྨོངས་པའི་མུན་པར་དབང་མེད་འཇུག་ཅིང་འབབ་བྱེད་པ། །དེ་སྲིད་ཡོན་ཏན་ལྡན་པའི་བུམ་པ་ཁྲོན་པར་འཇུག་ལས་མཆོག་ཏུ་ཐུར་དུ་འགྲོ། །ཕུན་ཚོགས་ཐུན་མོང་ནོར་ནི་ཞིང་ལས་ཚོང་ལ་རྟག་ཏུ་
པྲ་པྱཿས་དཱ་དྷཱི་མ་ཏཱཾ་སནྟོ་ཥོ་ཡ་དི་ནཱསྟི་ཏཏྐི་མ་པ་རཱ་བྷཱུ་མིརྣྣི་དྷཱ་ནཱ་དྲྀ་ཏཱ། །སཾ་ཏྱེ་བཱ་ཏི་ཤ་ཡ་པྲ་སཱ་ད་ཏི་ར་སཱསྟཱ་སྟཱ་ར་ཧེ་མ་ཀྲྀ་ཡཱཿཀ་སྱེཥྚ་པྲི་ཡ་སཾ་ག་མཱ་ཡ་བ་པུ་ཥཱཾ་སེ་བཱ་མ་ཡོ་བི་ཀྲ་ཡཿ། །ཨི་ཏྱ་པ་ར་དྷི་ཡསྟ་
བློ་ལྡན་རྣམས་ཀྱིས་འཐོབ། །གལ་ཏེ་ཆོག་ཤེས་མེད་ན་གཞན་པ་ཅི་ཞིག་ས་ལ་གཏེར་རྣམས་རྒྱས་པ་དང་། །ཕུལ་བྱུང་རབ་དང་གསེར་དང་དངུལ་གྱི་བྱ་བ་དེ་དག་ཡོད་པ་ཉིད། །དགའ་དང་འགྲོགས་པའི་སླད་དུ་ལུས་ནི་གཡོག་གི་རང་བཞིན་དུ་འཚོ་སུ་ཞིག་འདོད། །ཅེས་པ་བློ་གྲོས་གཞན་དེ་ཡིས། །
སྱ་བ་ཙཿཤྲུ་ཏྭཱ་མཧཱི་པ་ཏིཿ། །གྲྀ་ཧྱ་ཏཱ་མ་པ་རཾ་ཀིཉྩི་དི་ཏྱ་བྷཱ་ཥ་ཏ་སཱ་ད་རཿ། །ཨཽཙི་ཏྱ་ཙ་ཏུ་རཱ་ལཱ་སཿཀརྐ་ཤོ་པི་ནྲྀ་ཎཱཾ་པྲི་ཡཿ། །ཀྲྀ་པ་ཎ་ཤཊྚ་ཀ་རོ་པི་ཀརྞྞ་ཤུ་ལཱ་ཡ་ཀོ་མ་ལཿ། །ཨཽ་དཱཪྻ་པ་རི་ཏུཥྚེ་ན་ས་རཱ་
ཚིག་ཐོས་ནས་ནི་ས་ཡི་བདག །གུས་དང་བཅས་པས་གཞན་པ་ནི། །ཅུང་ཟད་བླང་བར་མཛོད་ཅེས་སྨྲས། །རིགས་ཤིང་བརྗོད་པ་མཁས་པ་ཡི། །རྩུབ་མོ་ལ་ཡང་མི་རྣམས་དགའ། །བཀྲེན་པ་རྣམས་ཀྱིས་ངོ་བསྟོད་ནི། །འཇམ་ཡང་རྣ་བ་ན་བའི་རྒྱུ། །རྒྱ་ཆེར་ཡོངས་སུ་ཚིམས་པ་ཡི། །རྒྱལ་

ཛྙ་སྟྱརྠི་ཏཿཔ་རཾ། །ཏ་མཱུ་ཙེ་ཡ་དི་ཏུཥྚོ་སི་པུ་ཏཱ་མ་ཧྱཾ་པྲ་དཱི་ཡ་ཏཱམ། །ཨི་ཏྱུཀྟེ་ཏེ་ན་ནྲྀ་བ་ཏེཿསནྡེ་ཧཱནྡོ་ལི་ཏཱ་ཡ་ཤཿ། །པྲ་ཏརྦྦཀྟཱ་ཧ་མི་ཏྱུཀྟྭཱ་ཀྵ་ཎཾ་ཀྵྨཱ་ཏ་ལ་མཻ་ཀྵྱ་ཏེ། །ས་ཀུ་མཱ་ར་བི་པྲྀ་ཛྱཱ་ཐ་པྲཱ་དྷཱ་ནཱ་མཱ་ཏྱ་མ་པྲ་
པོས་མཆོག་ཏུ་གསོལ་བ་བཏབ། །དེ་ལ་སྨྲས་པ་གལ་ཏེ་ཁྱོད། །སིམ་ན་བུ་མོ་བདག་ལ་སྩོལ། །དེས་དེ་བརྗོད་ཚེ་མི་བདག་ནི། །བསམ་པ་ཐེ་ཚོམ་འཕྱང་མོར་གྱུར། །ནང་པར་བདག་སྨྲས་ཞེས་སྨྲས་ནས། །སྐད་ཅིག་ས་གཞི་དག་ལ་བལྟས། །དེ་ནས་གཞོན་ནུ་བཏང་ནས་དེས། །བློན་པོའི་གཙོ་བོ་ལ་
བཱིཏྲ། །པྲ་སཱ་ད་ར་བྷ་སེ་ནཻ་བ་ཀྲྀ་ཏཱཾ་ཀཱ་ཀ་ཙཱ་པ་ལཾ་མ་ཡཱ། །ཙཀྲ་བརྟྟི་ཀུ་ལོཏྤནྣཱ་ཀ་ནྱཱ་པུ་ཎྱ་པ་ཎོ་ཙི་ཏཱ། །ཀ་ཐཾ་ས་མཱ་ནྱ་སཽ་རཱ་ཡ་གུ་ཎ་མཱ་ཏྲེ་ཎ་དཱི་ཡ་ཏེ། །ད་དཱ་མཱི་ཏི་པྲ་ཏི་ཤྲུ་ཏྱ་པཤྩ་ད་ནུ་ཤ་ཡཱ་ཀུ་
སྨྲས་པ། །རབ་དང་གཟུ་ལུམས་དག་གིས་ནི། །བྱ་རོག་བཞིན་དུ་གཡོ་བ་བྱས། །འཁོར་ལོས་སྒྱུར་བའི་རིགས་འཁྲུངས་པའི། །བུ་མོ་བསོད་ནམས་ཟོད་ལ་འོས། །གྲོང་པ་ཐུན་མོང་པ་ལ་ནི། །ཡོན་ཏན་ཙམ་གྱིས་ཇི་ལྟར་སྦྱིན། །སྦྱིན་ནོ་ཞེས་ནི་རབ་བསྒྲགས་ནས། །རྗེས་སུ་འགྱོད་པས་གཟིར་གྱུར་
ལཿ། །ཀ་ཐཾ་ས་ཏྱ་དྷ་ནོ་བྷཱུ་ཏྭཱ་བྷ་བི་ཥྱཱ་མྱརྠི་ནིཥྥ་ལཿ། །ཀཾ་ཐཾ་པྲཱཔྟ་སྱ་ཏ་སྱཱ་ཧཾ་པྲཱ་ཏ་རྡྲྀཥྚྭཱ་མུ་ཥ་པུ་རཿ། །པྲྀ་ཡོ་སྱ་པྲྀ་ཡ་ཏཱ་ཡཱ་ཏཿསཱ་མ་དུརླ་བྷ་ཡཱསྠ་ཡཱ། །ནཱུ་ན་གུ་ཎོ་པ་སནྣོ་པི་པྲ་ཀྲྀ་ཏྱཻ་བ་ཤ་རཱི་རི་ཎཱཾ། །
པའོ། །བདེན་ནོར་ལྡན་པར་གྱུར་པ་བདག །སློང་བ་འབྲས་མེད་ཇི་ལྟར་འགྱུར། །ནོང་པར་མདུན་དུ་དེ་འོངས་པའི། །བཞིན་ནི་བདག་གིས་ཇི་ལྟར་ལྟ། །བདག་ལ་རྙེད་དཀའ་དེས་བསླངས་ནས། །མཛའ་ཡང་མཛའ་མིན་ཉིད་དུ་གྱུར། །རང་བཞིན་ཉིད་ཀྱིས་ལུས་ཅན་རྣམས། །ངེས་པར་ཡོན་ཏན་ཡོངས་

བཀྟི་ཡཱ་བནྣ་དེ་ཧི་ཏི་ཏཱ་བདྦྷ་བ་ཏི་བལླ་བྷཿ། །ཨི་ཏི་བྷཱུ་པ་ཏིཿཤྲུ་ཏྭཱ་བ་ཙོ་དོ་ལ་བ་ལམྦི་ནཿ། །ཏ་མུ་བཱ་ཙ་མ་ཧཱ་མཱ་ཏྱཿསཾ་ཙིནྟྱཱ་བ་ས་རོ་ཙི་ཏཾ། །ཨ་ནཱ་ལོ་ཙི་ཏ་པཪྻནྟཱཿཔྲ་ཏྱ་གྲ་ས་ར་
རྫོགས་ཀྱང་། །ཇི་སྲིད་བསླང་ཞེས་མ་བརྗོད་པར། །དེ་སྲིད་སྙིང་དུ་སྡུག་པ་ཡིན། །ཞེས་པ་ས་བདག་ཁྱོགས་ལ་ནི། །ངེས་པར་བསྟན་པའི་ཚིག་ཐོས་ནས། །བློན་པོ་ཆེན་པོས་གནས་སྐབས་སུ། །འོས་པ་བསམས་ནས་དེ་ལ་སྨྲས། །རྗེ་བོ་དག་གི་བློ་གྲོས་རྣམས། །བགྲོས་པ་མིན་པའི་
སཱ་ད་རཱཿ། །སྭ་བྷཱ་བ་ར་བྷ་སྭ་ཨེ་བ་བྷ་བནྟི་པྲ་བྷུ་བུདྡྷ་ཡཱ། །ཨ་ཤཀྱཱརྠ་ན་ཡཱ་ཏཾ་ན་ལུབྡྷེ་ནེ་བ་གུ་ཎོ་ད་ཡཿ། །རཱ་ཛ་སེ་བ་པྲ་བྲྀཏྟེ་ན་ཧེ་མ་ཧསྟཱི་བི་ནཱ་ཤི་ཏཿ། །བཱ་ཙྱོ་སཽ་བྷ་བ་ཏཱ་སྭཻ་རཾ་ཀ་ནྱཱརྠཱི་པུ་
མཐར་ཐུག་ཅིང་། །གསར་དུ་ཆགས་ལྡན་གུས་པ་དང་། །རང་བཞིན་གཟུ་ལུམས་ལྡན་པ་ཡིས། །སྲེད་ལྡན་མི་ནུས་དོན་གཉེར་བས། །ཡོན་ཏན་འབྱུང་གནས་བཞིན་དུ་ནི། །རྒྱལ་པོའི་གཡོག་ལ་རབ་ཞུགས་དེས། །གསེར་གྱི་གླང་ཆེན་རྣམ་པར་བཅོམ། །བུ་མོ་སློང་བ་སླར་འོངས་ཚེ། །ཁྱོད་ཀྱིས་
ན་རཱ་ག་ཏཿ། །ཧེ་མ་ཧསྟི་ན་མཱ་རུ་ཧྱ་པྲཱཔྟཿཔྲཱསྶྱ་སི་མེ་སུ་ཏཾ། །ཏེ་ནོ་ཏ་ཀྲྀཏྟཿསྲ་ཧསྟེ་ན་ཀུ་ཏསྟ་སྱ་ས་ཀུཉྫ་རིཿ། །ན་ཙཱ་སཽ་ཏདྦི་ར་ཧི་ཏཿཔུ་ན་རཱ་ཡཱ་ཏི་ལཛྫ་ཡཱ། །ཨི་ཏྱ་མཱ་ཏྱ་སྱ་བ་ཙ་སཱ་ནྲྀ་པ་ཏིཪྻུ་ཀྟི་མཱ་ཤྲི་ཏཿ། །
དལ་བུས་འདི་བརྗོད་བྱ། །གསེར་གླང་ཞོན་ཏེ་འོངས་པ་ན། །བདག་གི་བུ་མོ་ཐོབ་པར་འགྱུར། །དེ་ཡི་རང་ལག་གིས་བསད་ནས། །དེ་ལ་གླང་པོ་ག་ལ་ཡོད། །དེ་དང་བྲལ་བའི་ངོ་ཚ་ཡིས། །སླར་ཡང་འོང་བར་མི་འགྱུར་རོ། །ཞེས་པ་བློན་པོའི་ཚིག་གིས་ནི། །ཉིན་གཞན་གཞོན་ནུ་འོངས་པ་ལ། །

པྲཱཔྟཾ་ཀུ་མཱ་ར་མ་ནྱེ་དྱུསྟ་དཻ་བཱ་བྷི་མུ་ཁོ་བ་དཏྲ། །ཀུ་མཱ་རོ་པི་གྲྀ་ཧ་ག་ཏྭཱ་བི་བཱ་ཧོ་ཙི་ཏ་མཾ་ག་ལེཿ། །ཧཻ་མ་དྭི་ར་ད་མཱ་རུ་ཧྱ་སྭ་ཛ་ནེ་ན་ས་ཧཱ་ཡ་ཡཽ། །སྭརྞྞ་བཱ་ར་ཎ་དཱུ་ཌྷཱནྟ་མཱ་ཡནྟཾ་མ་ཧཱི་པ་ཏིཿ། །བི་ལོཀྱཱཤྩཪྻ་
ལུགས་ལ་བརྟེན་པའི་མི་བདག་གིས། །མངོན་དུ་ཕྱོགས་ཏེ་དེ་ཉིད་སྨྲས། །གཞོན་ནུ་ཡང་ནི་ཁྱིམ་སོང་ནས། །བག་མ་ལེན་འོས་བཀྲ་ཤིས་ཀྱིས། །གསེར་གྱི་སོ་གཉིས་ལ་ཞོན་ཏེ། །རང་གི་མི་དང་ལྷན་ཅིག་འོངས། །གསེར་གྱི་གླང་ཆེན་ལ་ཞོན་ནས། །འོང་བ་དེ་ནི་ས་བདག་གིས། །མཐོང་ནས་ངོ་མཚར་
བི་བྷ་བ་མེ་ནེ་པུ་ཎྱ་བ་ཏཱཾ་བ་རཾ། །ཀཽ་ཏུ་ཀཱ་ད་ཐ་བྷཱུ་ས་ལསྟཾ་ག་ཛཾ་ཧེ་མ་བི་གྲ་ཧཾ། །ཨཱ་དུ་རོ་ཧ་མ་ཧོཏྶཱ་ཧྱཿསུ་མེ་རུ་མི་བ་བཛྲ་བྷྲིཏ། །ཨཱ་ཏཱུ་ཌྷེ་པྲྀ་ཐི་བཱི་པཱ་ལེ་ན་ཙ་ཙཱ་ལ་ས་ཀུཉྫ་རཿ། །པྲ་ས་སརྦྦཀུ་མཱ་རེ་ཎ་
འབྱོར་པ་ཅན། །བསོད་ནམས་ལྡན་པའི་མཆོག་ཏུ་ཤེས། །དེ་ནས་རྒྱལ་པོས་དགེ་མཚན་ལས། །གླང་པོ་གསེར་ལུས་ཅན་དེ་ལ། །སྤྲོ་བ་ཆེན་པོས་ལྷུན་པོ་ལ། །རྡོ་རྗེ་འཛིན་པ་བཞིན་དུ་ཞོན། །ས་སྐྱོང་གིས་ནི་ཞོན་པའི་ཚེ། །གླང་པོ་དེ་ནི་མི་གཡོ་ཞིང་། །སྟན་ནི་གཞོན་ནུས་བརྒྱན་པའི་ཚེ། །སླར་
པུ་ནཤྩཱ་ལཾ་ཀྲྀ་ཏཱ་ས་ནཿ། །ཏམྨ་ཏྭཱ་ནྲྀ་པ་ཏི་རེ་བཾ་ཏཏྤཱ་བྷཱ་བེ་ན་བིསྨི་ཏཿ། །དྷ་ནྱོསྨཱི་ཏི་བ་དནྐ་ནྱཱཾ་ད་དཽ་ཏསྨཻ་སྨ་ར་ཤྲི་ཡཾ། །ཨ་བྷྱརྩྱ་ཀ་ནྱཱ་རཏྣེ་ན་ནྲྀ་པ་ཏིཿཔུ་རུ་ཥོཏྟ་མཾ། །ཧཪྵོཏྶ་བ་ས་མུདྦྷཱུ་ཏཿསུ་དྷཱ་སིན་དྷཱུ་དྷུ་རི་བཱ་བ་
ཡང་རབ་ཏུ་གཡོ་བར་གྱུར། །མི་བདག་གིས་དེ་ལྷར་ཤེས་ཤིང་། །དེ་ཡི་མཐུ་ཡིས་ཡ་མཚན་པས། །བདག་ནི་སྐལ་བཟང་ཞེས་བརྗོད་ཅིང་། །བུ་མོ་འདོད་དཔལ་དེ་ལ་བྱིན། །རིན་ཆེན་བུ་མོས་སྐྱེས་བུ་མཆོག །མ་ནོར་མཆོད་ནས་མི་ཡི་བདག །སྤྲོ་དགའ་ཡང་དག་རྒྱས་གྱུར་པ། །བདུད་རྩིའི།

བྷཽ། །ཏ་ཏཿཀུ་མཱ་ར་ད་ཡི་ཏཱ་མཱ་དཱ་ཡ་སྭ་གྲྀ་ཧཾ་ག་ཏེ། །ས་ཕ་ལོ་བྷཱུ་ད་ནཾ་ག་སྱ་ཀཱརྨུ་ཀ་ཀཪྵ་ཎ་ཤྲ་མཿ། །ན་བེ་བ་ཡ་སཾ་བྷོ་གཱརྷེ་ན་བ་ཀཱནྟཱ་ས་མཱ་ག་མོ། །ཏ་སཱ་བྷཱུདྦི་བྷ་བོ་དཱ་རཿས་དཱ་
རྒྱ་མཚོ་བཞིན་དུ་མཛེས། །དེ་ནས་གཞོན་ནུས་མཛེས་མ་ནི། །བླངས་ནས་རང་གི་ཁྱིམ་སོང་སྟེ། །ལུས་མེད་གཞུ་ནི་དྲངས་པ་ཡིས། །ངལ་བ་འབྲས་བུ་ཡོད་པར་གྱུར། །ལང་ཚོ་གསར་པ་ལོངས་སྤྱོད་འོས། །མཛེས་མ་གསར་པ་དང་འགྲོགས་ཏེ། །འབྱོར་པ་རྒྱ་ཆེས་རྟག་ཏུ་དེས། །
ན་བ་ན་བཏྶོ་བཿ། །ཏ་ཏཿཀ་དཱ་ཙིདྦྷུ་བཱ་ལཱཿཀྲྀ་ཏ་ཀྲྀ་ཏྱཿཔྲ་སེ་ན་ཛིཏ། །པུ་ཎྱ་པྲ་བྷཱ་བཾ་ཛཱ་མཱ་ཏུཿཀ་ལ་ཡནྶ་མ་ཙིནྟ་ཡཏ། །ཨ་ཧོ་དི་བྱཿཔྲ་བྷཱ་བོ་སཽ་ཀུ་མཱ་རཱ་སྱ་པྲ་དྲྀ་ཤྱ་ཏཾ། །ན་ཧི་སཱ་མཱ་ནྱ་པུཎྱཱ་ནཱཾ་སཱ་ཀོ་བྷ་
གསར་པ་གསར་པ་དགའ་བར་འགྱུར། །དེ་ནས་ནམ་ཞིག་ས་སྐྱོང་ནི། །བྱ་བ་བྱས་པ་གསལ་རྒྱལ་གྱིས། །བསོད་ནམས་མཐུ་ལྡན་མག་པ་དག །ཡིད་ལ་གཅགས་ཤིང་རབ་བསམས་པ། །ཀྱེ་མ་ལྷ་ཡི་མཐུ་འདི་ནི། །གཞོན་ནུ་དག་ལ་རབ་ཏུ་མཐོང་། །གང་ཕྱིར་ཐུན་མོང་བསོད་ནམས་རྣམས། །དེ་ལྟར་
བ་ཏི་ཏདྦི་དྷཿ། །ཀུ་ལཾ་ལཀྵྨཱི་ཧརྨྱཾ་ཧྲི་ཏ་ཤ་ཤི་མ་དཱ་རཱུ་པ་ར་ཧ་ལི་བ་ཡཿསཾ་བྷོ་གཱརྷཾ་གུ་ཎ་པ་རི་ཙ་ཡོ་བྷཱུ་ཥ་ཎ་ཙ་ཡཿ། །ཡ་ཤཿཔུ་ཎྱོ་དྱ་ན་པྲ་པྲྀ་ཏ་ཀུ་སུ་མོལླཱ་ས་ས་ཙི་བཾ་ན་བིདྨཿཀ་སྱཱ་ཡཾ་ཀུ་ཤ་ལ་
མིན་པར་འགྱུར་མ་ཡིན། །རིགས་ནི་དཔལ་འབྱོར་ཁང་བཟང་གཟུགས་ཀྱི་རྦ་རླབས་ཟླ་བའི་དྲེགས་པ་འཕྲོག །ལང་ཚོ་ལོངས་སྤྱོད་འོས་དང་ཡོངས་སུ་འདྲིས་པའི་ཡོན་ཏན་རྒྱན་གྱི་ཚོགས། །གྲགས་པ་བསོད་ནམས་སྐྱེད་ཚལ་རབ་འཁྲུངས་མེ་ཏོག་རབ་ཏུ་བཀྲམ་པའི་གྲོགས། །འབྱོར་པ་འདི་ནི་

པ་རི་ཎཱ་མ་སྱཱ་བི་བྷ་བཿ། །ཨི་ཏི་སཾ་ཙིནྟ་སུ་ཙི་རཾ་ས་སཾ་ཛཱ་ཏ་ཀུ་ཏཱུ་ཧ་ལཿ། །སརྦྦ་ཛྙཱ་དཪྴ་ནཱ་བརྡྷ་མཱ་རུ་རོ་ཧ་མ་ནོ་ར་ཐ། །ས་ཛཱ་མཱ་ཏ་ར་མཱ་ཧུ་ཡ་སུ་ཏཾ་ཙ་ས་ཙི་བཻཿས་ཧ། །བྷ་ག་བནྟཾ་ཡ་
དགེ་བ་ཡོངས་སྨིན་ཅི་ཡི་འབྲས་བུ་ཡིན་པར་ཡོངས་མི་ཤེས། །དགེ་མཚན་ཡང་དག་སྐྱེས་པ་དེས། །དེ་ལྟར་ཡང་དག་བསམས་ནས་ནི། །སངས་རྒྱས་བལྟ་བ་ལ་བཏགས་པའི། །ཡིད་ཀྱི་ཤིང་རྟ་དག་ལ་འཛེགས། །མག་པ་བུ་མོ་བོས་ནས་ནི། །བློན་པོ་དག་དང་ལྷན་ཅིག་ཏུ། །ཡིད་ནི་སྔོན་དུ་འགྲོ་བ་
ཡཽ་དྲྀཥྚཾ་མ་ན་སཱ་པྲ་ཐཱ་མཾ་ག་ཏཿ། །ཡཱ་ཏེ་དྲྀཥྚི་པ་ཐཾ་ཛེ་ཏ་བ་ནེ་སཾ་ཏྱ་ཛྱ་བ་ཧ་ནཾ། །ཨུ་པ་སྲྀ་ཏྱ་ནྲྀ་པ་པདྡྷྱཾ་བྷ་ག་བན་ཏཾ་བྱ་ལོ་ཀ་ཡཏ། །ས་ཏཾ་པྲ་ཎ་མྱ་ཏ་ཧ་པཱ་ད་པདྨ་བྷཱུ་ཏི་ཤི་ཁཱ་མ་ཎིཿ། །སུ་ཏཱཾ་ཛཱ་མཱ་ཏ་རཉྩཱསྨཻ་
ཡིས། །བཅོམ་ལྡན་འདས་ལ་ལྟ་རུ་སོང་། །རྒྱལ་བྱེད་ཚལ་ནི་མིག་ལམ་དུ། །གྱུར་ཚེ་བཞོན་པ་ཡང་དག་བཏང་། །རྐང་པས་ཉེར་བཏུད་མི་བདག་གིས། །བཅོམ་ལྡན་འདས་ལ་རྣམ་པར་བལྟས། །དེར་བཏུད་དེ་ཡི་ཞབས་པད་ཀྱིས། །གཙུག་གི་ནོར་བུ་གཡོ་བ་དེས། །བུ་མོ་མག་པ་བཏུད་པ་དག །དེ་ལ་
ན་མྲོ་ནཱམྣཱ་ནྱ་བེ་ད་ཡཏ། །ཨུ་པ་བིཥྚ་ཥུ་སརྦེ་ཥུ་པྲ་ཎཱ་མཱ་ན་ཏ་མཽ་ལི་ཥུ། །ས་པྲཙྪ་རཱ་ཛ་སརྦྦ་ཛྙ་བྷ་ག་བནྟ་ཀྲྀ་ཏཱཾ་ཛ་ལིཿ། །ཨ་ཡཾ་གུ་ཎ་ག་ཎོ་པེ་ཏཿཀུ་མཱ་རཿཤྲི་མཱ་ཏཱཾ་བ་རཿ། །ཧེ་མེ་ན་དནྟི་ནཱ་ཡཱ་ཏཱཾ་བྷ་ག་
མིང་གིས་རྣམ་པར་བཤད། །ཐམས་ཅད་འཁོར་ཞིང་ཕྱག་འཚལ་ཏེ། །ཀུན་ནས་མགོ་བོ་དུད་པའི་ཚེ། །བཅོམ་ལྡན་ཐམས་ཅད་མཁྱེན་པ་ལ། །ཐལ་མོ་སྦྱར་ནས་རྒྱལ་པོས་དྲིས། །བཅོམ་ལྡན་ལས་ནི་ཅི་ཞིག་གིས། །གཞོན་ནུ་དཔལ་ལྡན་རྣམས་ཀྱི་མཆོག །ཡོན་ཏན་ཚོགས་ནི་རྒྱས་པ་འདི། །

བནྟེ་ན་ཀརྨྨ་ཎཱ། །ཨི་ཡཾ་ཙཱི་བ་ར་ཀ་ནྱཱ་ཙ་མཏྶུ་ཏ་སྱ་ན་བཱ་བདྡྷུ། །ཀེ་ན་པུ་ཎྱཱ་བི་པཱ་ཀེ་ན་ཛཱི་བི་ཏཱ་ད་དྷི་པལླ་བྷཱ། །ཨི་ཏི་བྲྀཥྚཿཀྵ་ཏཱི་ཤེ་ན་སརྦྦཱ་བིདྦྷ་ག་བཱན་ཛི་ནཿ། །ཏ་མུ་ཙེ་བྷཱུ་པ་ཏེ་
གསེར་གྱི་གླང་པོས་འགྲོ་བ་ལགས། །འདི་ཡི་བག་གསར་བདག་གི་ནི། །བུ་མོ་གོས་ཀྱིས་མཛེས་མ་འདི། །བསོད་ནམས་གང་གི་རྣམ་སྨིན་གྱིས། །སྲོག་ལས་ལྷག་པར་སྙིང་དུ་སྡུག །ས་ཡི་བདག་པོས་འདི་དྲིས་ཚེ། །ཀུན་རིག་བཅོམ་ལྡན་རྒྱལ་བ་ཡིས། །དེར་གསུངས་སྐྱེས་བུའི་
པུཾ་སཱཾ་པུ་ཎྱོདྦྷཱུ་ཏཱ་བི་བྷཱུ་ཏ་ཡཿ། །ཡ་དུ་དཱ་རཾ་ཡ་དུ་ཙི་ཏེ་ཡདྡྷྲཱ་ཛིཥྞུ་མདྦྷུ་ཏཱཾ། །སྤྲྀ་ཧ་ཎཱི་ཡཾ་ཙ་ཡཏློ་ཀེཏྟཏྤུ་ཎྱ་ས་མུདྦྷ་བཾ། །བི་པ་ཤྱི་བྷ་ག་བཱན་པཱུརྦྦཾ་སུ་ག་ཏཿས་ཧ་བྷིཀྵུ་བྷིཿ། །ཙ་ཙཱ་ར་ལོ་
འབྱོར་པ་རྣམས། །ས་བདག་བསོད་ནམས་དག་ལས་བྱུང་། །འཇིག་རྟེན་ན་ནི་འདོད་བྱ་གང་། །རྒྱ་ཆེ་གང་དང་འོས་པ་གང་། །མཛེས་པ་གང་དང་རྨད་བྱུང་གང་། །དེ་དེ་བསོད་ནམས་ཉིད་ལས་འབྱུང་། །བཅོམ་ལྡན་བདེ་གཤེགས་རྣམ་པར་གཟིགས། །དགེ་སློང་དག་དང་ལྷན་ཅིག་སྔོན། །རྒྱལ་པོ་
ཀ་ཀྲྀ་པ་ཡཱ་རཱ་ཛྙོ་བནྡྷུ་མ་ཏཿཔུ་རེ། །ཏསྨིནྣ་བ་ས་རེ་ཏ་ཏྲཀུ་མཱ་རྱཱ་ས་ཧ་དཱ་ར་ཀཿ། །བི་ཀྲཱི་ཌཱ་བརྟྟྨ་ནི་པུ་རཿཀྲྀ་ཏྭཱ་དཱ་རུ་མ་ཡཾ་ག་ཛཾ། །ཏཽ་བི་ལོ་ཀྱ་ས་མཱ་ཡཱནྟཾ་དྷྨཱ་ཏ་ཛཾ་བཱུ་ན་ད་དྱུ་ཏིཾ། །པུལླ་པདྨ་ད་ལཱ་ཀཱ་
གཉེན་ལྡན་གྲོང་ཁྱེར་དུ། །འཇིག་རྟེན་ལ་ནི་བརྩེ་བས་རྒྱུ། །གནས་སྐབས་དེར་ནི་ཁྱེའུ་ཞིག །གཞོན་ནུ་མ་དང་འགྲོགས་ནས་ནི། །ཤིང་གི་རང་བཞིན་གླང་པོ་བྱས། །ལམ་གྱི་མདུན་དེར་རྣམ་པར་རྩེ། །བཙོ་མ་ཛམྦུ་ན་དའི་འོད། །པད་འདབ་རྒྱས་པའི་རྣམ་པ་ཅན། །ཡིད་འོང་སྙིང་རྗེའི་སྤྱན་ལྡན་

ར་ཀ་རུ་ཎཱ་སྣིགྡྡྷ་ལོ་ཙ་ནཾ། །བྷ་ག་བནྟཾ་ས་མུདྦྷུ་ཏ་ཏདྦྷཀྟི་པ་ར་སོནྨུ་ཁཽ། །ཀྲཱི་ཌཱ་ག་ཛཾ་ནི་བེ་དྱཱསྨཻ་པྲ་ཎ་ཏཽ་ཏསྠ་ཏུཿབུ་རཿ། །བྷ་ག་བཱན་པི་སརྦྦ་ཛྙ་སྟ་ཡོརྫྙཱ་ཏྭཱ་མ་ནོ་ར་ཐཾ། །ད་ཡ་ཡཱ་ཙ་ར་ཎ་སྤཪྴཾ་བི་ད་
པ། །བཅོམ་ལྡན་བྱོན་པ་དེ་དག་གིས། །མཐོང་ནས་དེ་ལ་གུས་པ་རྒྱས། །རྗེས་སུ་ཆགས་པས་མངོན་ཕྱོགས་ཏེ། །དེ་ལ་རྩེ་ཆ་གླང་པོ་ནི། །ཕུལ་ནས་མདུན་དུ་བཏུད་དེ་གནས། །བཅོམ་ལྡན་ཐམས་ཅད་མཁྱེན་པས་ཀྱང་། །དེ་དག་བསམ་པ་མཁྱེན་གྱུར་ནས། །བརྩེ་བས་ཤིང་གི་གླང་པོ་ལ། །ཞབས་
དྷེ་དཱ་རུ་དནྟི་ནཿ། །སམྱཀྩིཏྟ་པྲ་སཱ་དེ་ན་དྲྀཥྚོ་བྷ་ག་བ་ཏོ྅ཐ་ཏཽ། །པྲ་ཎི་དྷཱ་ནི་བི་བཱ་ཧཱ་ཡ་ཙཀྲ་ཏུ་རྡཱ་ར་ཀཽ་མི་ཐཿ། །ཀུ་ལ་པྲ་བྷཱ་བ་བི་བྷ་བཻརྦྷཱུ་ཡཱཛྫནྨ་མ་ཡོ་ཙི་ཏ། །བཱ་ཧ་ནཾ་ཧེ་མ་དནྟི་ཙ་ཀུ་མཱ་ར་སྱེ་ཏྱ་བྷཱུཏྨ་
པད་དག་གིས་རག་པར་མཛད། །དེ་ནས་དེ་དག་བཅོམ་ལྡན་གྱིས། །ཡང་དག་དང་བའི་ཐུགས་ཀྱིས་གཟིགས། །ཕན་ཚུན་ཁྱེའུ་བུ་མོ་དག །ཁྱོ་ཤུག་ཏུ་ནི་སྨོན་ལམ་བྱས། །གསེར་གྱི་གླང་པོའི་བཞོན་པ་དང་། །རིགས་དང་མཐུ་དང་འབྱོར་པ་ཡིས། །བདག་གི་སྐྱེ་བ་འོས་གྱུར་ཅིག །ཅེས་པར་གཞོན་ནུའི་བློ་
ཏིཿ། །དྲྀཥྛཱ་བྷ་ག་བ་ཏཿཀ་ནྱ་སཾ་སཱིཀྟ་ཙཱ་རུ་ཙཱི་བ་རེ། །ཛནྨ་ཙཱི་བ་ར་ཡུཀྟཱ་ཡ་མ་མ་སཱི་ད་ཏྱ་ཙིནྟ་ཡཏྲ། །ས་ཨེ་ཥ་པྲ་ཎི་དྷཱ་ནེ་ན་ཛཱ་ཏ་སྟེ་ནེ་བ་ཧསྟ་ཀཿ། །ཨི་ཡཾ་ཙཱི་བ་ར་ཀ་ནྱཱ་ཙ་ཏ་ནུ་ཙཱི་བ་ར་ལཀྵ་ཎཱ། །ཨི་ཏི་
གྲོས་གྱུར། །བུ་མོས་བཅོམ་ལྡན་ཆོས་གོས་ནི། །མཛེས་པ་དང་ལྡན་མཐོང་གྱུར་ནས། །བདག་གི་སྐྱེ་བ་ཆོས་གོས་དང་། །ལྡན་པར་གྱུར་ཅིག་ཅེས་པ་བསམས། །དེ་ནི་སྨོན་ལམ་ད་དག་གིས། །གླང་པོ་ཅན་འདི་ཉིད་དུ་སྐྱེས། །ཆོས་གོས་བུ་མོ་འདི་ཡང་ནི། །ལུས་ནི་ཆོས་གོས་ཀྱིས་མཚན་ནོ། །བདེ་གཤེགས་

ཤྲུ་ཏྭཱ་ཀྵི་ཏི་པ་ཏིསྟདྦྲྀཏྟཾ་སུ་ག་ཏོ་དི་ཏཾ། །མུ་ཀུ་ཊ་སྤྲྀཥྚ་ཏཏྤཱ་ད་པདྨཿསྭ་བྷ་བ་ནཾ་ཡ་ཡཽ། །ཛ་ཏེ་ས་བིསྨ་ཡ་རཱ་ཛྙི་ཀུ་མཱ་རཿས་ཧ་ཛ་ཡ་ཡཱ། །ཀ་ཐྱ་མཱ་ནཾ་བྷ་ག་བ་ཏཱ་དྷརྨྨཾ་ཤྲུ་ཤྲཱ་བ་ཤུདྡྷདྡྷིཿ། །ཏ་ཏ་སྟཽ་ཛཱ་ཏ་
གྱིས་གསུངས་བྱུང་ཚུལ་དེ། །དེ་ལྟར་ས་བདག་གིས་ཐོས་ནས། །ཅོད་པན་དེ་ཡི་ཞབས་པད་ལ། །རེག་ནས་རང་གི་ཁང་པར་སོང་། །རྒྱལ་པོ་ཡ་མཚན་བཅས་སོང་ཚེ། །གཞོན་ནུ་ཆུང་མར་བཅས་པ་ཡིས། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །ཆོས་ནི་དག་པའི་བློ་ཡིས་ཐོས། །དེ་ནས་དེ་དག་ཆགས་
བེ་རཱ་གྱཽ་ཀྵཱི་ཎ་སཾ་སཱ་ར་བཱ་ས་ནཽ། །པྲ་བྲ་ཛྱ་ཡཱ་ཛི་ཏ་ཀླ་ཤཽ་ཤུདྡྷཱི་བོ་དྷི་མ་པཱ་ས་ཏུཿ། །བི་ཏ་ཏ་སུ་ཀྲྀ་ཏ་སུ་ཀྲེ་ཏ་པུ་ཎྱཱ་བྷྱཱ་ས་ཡོ་གེ་ན་པུཾ་སཱཾ་བྷྭ་བ་ཏི་ཀུ་ཤ་ལ་བྷཱ་ཛཾ་དྷཱརྨྨ་ཀཱ་མཱརྠ་སམྤ་ཏ། །ཨ་བྷི་མ་ཏ་མ་ཐ་བྷུཀྟྭཱ་ཏཏྥ་ལཾ་
བྲལ་སྐྱེས། །འཁོར་བའི་བག་ཆགས་ཉམས་གྱུར་ཅིང་། །རབ་ཏུ་བྱུང་བས་ཉོན་མོངས་བཏུལ། །དག་པའི་བྱང་ཆུབ་ཐོབ་པར་གྱུར། །རྒྱ་ཆེ་ལེགས་བྱས་གོམས་པའི་སྦྱོར་བས་བསོད་ནམས་བསྟེན་པ་ཡི། །སྐྱེས་བུ་རྣམས་ནི་ཆོས་འདོད་དོན་ཡང་དགེ་བས་ཕུན་ཚོགས་འགྱུར། །དེ་ནས་དེ་འབྲས་མངོན་འདོད་སྤྱད་ནས་གུས་
སཱ་ད་རཱ་ཏེ་བི་གྷ་ན་ག་ག་ན་ཀཱནྟིཾ་ཤཱནྟི་མནྟེ་བྷ་ཛནྟེ། །ཨི་ཏི་ཀྵེ་མེནྡྲ་བི་ར་ཙི་ཏཱ་ཡཱཾ་བོ་དྷི་ས་ཏྭཱ་བ་དཱ་ན་ཀལྤ་ལ་ཏཱ་ཡཱཾ་ཧསྟ་ཀཱ་བ་དཱ་ན་མཱུ་ན་པཉྩ་ཤཿཔལླ་བཿ།། །།
བཅས་དེ་དག་རྣམས། །སྤྲིན་བྲལ་མཁའ་ལྟར་མཛེས་པའི་ཞི་བ་མཇུག་ཏུ་སྟོན་པར་བྱེད། །ཅེས་པ་དགེ་བའི་དབང་པོས་བྱས་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་ལས་གླང་པོ་ཅན་གྱི་རྟོགས་པ་བརྗོད་པའི་ཡལ་འདབ་སྟེ་བཞི་བཅུ་རྩ་དགུ་པའོ།། །།