Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 018_འབུམ།_ཅ
Văn bản gốc(Tây Tạng)
Trang 20 / 23 (50.000 ký tự/trang)
། ཤིན་ཏུ་དགའ་བའི་ཡིད་དུ་འགྱུར་ རོ། །གནས་དེ་ན་ལྷ་མཐུ་ཆུང་ངུ་ཇི་སྙེད་ཅིག་གནས་པ་དེ་དག་ཀྱང་ལྷ་མཐུ་བོ་ཆེ་མཐུ་ཆེན་པོ་དེ་དག་གི་གཟི་བརྗིད་དང་དཔལ་དང་ཟིལ་མྱི་བཟོད་པའི་ཕྱིར་གནས་དེ་ནས་གུད་དུ་འདོང་བར་སེམས་སོ། །ཇི་ལྟ་ཇི་ལྟར་ལྷ་མཐུ་ཆེན་པོ་མཐུ་ཆེན་པོ་རྫུ་ འཕྲུལ་ཆེ་བ། དབང་ཆེ་བ། གཟི་བརྗིད་ཆེ་བ། དེ་དག་ཉེ་བར་འོང་བར་སེམས་པ་དེ་ལྟ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཡང་མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེའི་གནས་ཀྱི་འཁོར་ཀུན་ཏུ་ཡང་གཙང་སྦྲ་བྱེད་པའི་སྤྱོད་པ་མྱི་ རྒྱུ་བར་བྱས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པའི་ལས་ཀྱི་ཕྱིར། དེའི་འཁོར་ཀྱིས་ཡང་སྤོས་ཆུའི་ཆག་ཆག་གིས་གདབ་བོ། །མེ་ཏོག་དང་། སྤོས་ཀྱིས་གཏོར་ཏོ། །བདུག་སྤོས་ འཐུལ་བའི་སྣོད་བཞག་གོ །དར་གྱི་ལྡ་ལྡི་དང་། གོས་ཀྱི་བླ་རེ་བྲེའོ། །སའི་ཕྱོགས་དེའང་རྣམ་པ་དུ་མས་བརྒྱན་པར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་ངལ་ཞིང་ཆད་པར་འགྱུར་བ་མྱེད་དེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་ ལུས་བདེ་བ་དང་། ལུས་ཡང་བ་དང་། ལུས་གསལ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་སེམས་བདེ་བ་དང་། སེམས་ཡང་བ་དང་། སེམས་གསལ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་ནུབ་མོ་ ཉལ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསམ་བས་མོས་པར་བྱས་ན། སྡིག་ཏོའི་རྨྱི་ལམ་མཐོང་བར་མྱི་འགྱུར་རོ། །དེས་མཐོང་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཀུན་ཏུ་བརྒྱན་པ། སྐུ་གསེར་གྱི་མདོག་ཏུ་བཞུགས་པ། དགེ་སློང་གི་དགེ་འདུན་གྱིས་ཀུན་ནས་བསྐོར་བ། བྱང་ཆུབ་སེམས་དཔས་མདུན་དུ་བདར་བ། ཆོས་སྟོན་པ་མཐོང་བར་འགྱུར་ཏེ། དེ་བཞིན་ གཤེགས་པ་དེ་ལས་འདི་ལྟ་སྟེ། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིནད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་ པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་ རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་ འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་ འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་ཀྱི་ཆོས་བསྟན་པ་ཡང་ཐོས་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། ། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ནང་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཕྱི་ནང་སྟོང་པ་ ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ ཡང་ཐོས་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ ཐོས་པར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་ པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་ པར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་ པར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་དག་གི་དོན་རྣམ་ པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དབང་པོ་ལྔ་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སྟོབས་ལྔ་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་གི་དོན་རྣམ་པར་ཕྱེ་ བ་ཡང་ཐོས་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །འཕགས་པའི་བདེན་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། ། བསམ་གཏན་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཚད་མྱེད་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་ འགྱུར་རོ། །རྣམ་པར་ཐར་པ་བརྒྱད་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མངོན་པར་ཤེས་པ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །ཏིང་ངེ་འཛིན་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་ རོ། །གཟུངས་ཀྱི་སྒོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །མྱི་འཇིགས་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་ འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་དེ་དག་གི་དོན་རྣམ་པར་ཕྱེ་བ་ ཡང་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་ཡང་མཐོང་བར་འགྱུར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མཐོང་བར་འགྱུར་རོ། །དེ་ལྟར་མངོན་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་ཆོས་ཡང་དག་པར་འགྲོ་བ་བྱེད་ཅིང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལྟར་ཡོངས་སུ་བསྒྲུབ་པར་བྱའོ། །སེམས་ཅན་མང་པོ་ནི་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །སངས་རྒྱས་ཀྱི་ཞིང་ནི་འདི་ལྟར་ཡོངས་སུ་གཟུང་བར་བྱའོ། །བདུད་འཁོར་དང་བཅས་པ་ནི་འདི་ལྟར་ཕམ་པར་བྱའོ། ། ཞེས་ཟེར་བ་དག་ཀྱང་མཐོང་བར་འགྱུར་རོ། །ཤར་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པ་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ། །ཞེས་བྱ་བའི་སྒྲ་ཐོས་པར་ འགྱུར་རོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ནུབ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །བྱང་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་ སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་ སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་ བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་ དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་ སྒྲ་ཐོས་པར་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ། ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ཤར་ཕྱོགས་ ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་ མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་ མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མྱེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་ བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། ། ནུབ་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། །དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་ མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །བྱང་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ལ་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །བྱང་ ཤར་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཀྲིག་བརྒྱ་སྟོང་མང་པོ་ དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མྱེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་ སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་ དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མྱེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བདག་ཀྱང་མཐོང་བར་འགྱུར་ཏོ། དེ་བཞིན་གཤེགས་པ་དེ་དག་གིས་མཆོད་རྟེན་རིན་པོ་བདུན་ལས་བྱས་ པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་ མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། །དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ མཆོད་རྟེན་དེ་དག་ཀྱང་མྱེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་ བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་ མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མྱེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་ བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བདག་ཀྱང་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་ཀྱང་མཐོང་བར་འགྱུར་རོ། །དེ་བཞིན་ གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་གྲོར་བྱ་ བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་རྨྱི་ལམ་བཟང་པོ་དེ་ལྟ་བུ་དག་མཐོང་བར་འགྱུར་ཏེ། དེ་དག་བདེ་བར་ཉལ་ཞིང་ བདེ་བར་ལྡང་བར་འགྱུར་རོ། །དེའི་ལུས་ཀྱང་མདངས་དང་ལྡན་པར་འགྱུར། ལུས་ལ་ཡང་བའི་ཉམས་ཡོད་པར་འགྱུར། ལྕི་བའི་ཉམས་མྱེད་པར་འགྱུར། ཟས་ལ་ཆེར་ཆགས་པ་མྱེད་པར་འགྱུར། གོས་ལ་ཆགས་པ་མྱེད་པར་འགྱུར། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་ལ་ཆགས་པ་མྱེད་པར་འགྱུར། ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར། གོས་ཀྱི་འདུ་ཤེས་ཆུང་བར་འགྱུར། ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་ཀྱི་འདུ་ཤེས་ཀྱང་ཆུང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ནི་འདི་ལྟར་དཔེར་ན། རྣལ་ འབྱོར་ལ་སྤྱོད་པའི་དགེ་སློང་ཏིང་ངེ་འཛིན་ལས་ལངས་པའི་སེམས་ཡིད་ལ་བྱ་བས་ཡོངས་སུ་བརླན་པ་ལ་ཟས་ལ་ཆེར་ཆགས་པ་མྱེད་པ་ཡིན། ཟས་ཀྱི་འདུ་ཤེས་ཆུང་བ་ཡིན། ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་དེ་དག་ཀྱང་ཟས་ལ་ཆེར་ཆགས་པ་མྱེད་པར་འགྱུར་རོ། །ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་མྱི་མ་ཡིན་པ་རྣམས་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ལྷོ་ཕྱོགས་ ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་ དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། ནུབ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་ འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་ སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་ བོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་ དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་ སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། ། འོག་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་བུ་མོ་ཚེ་འདི་ཉིད་ལ་ཡོན་ཏན་འདི་དག་ཡོངས་སུ་བཟུང་བར་ འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ནན་ཏན་ཏུ་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ ཡང་མྱི་འབྲལ་བར་བྱའོ། །ཀཽ་ཤི་ཀ་དེ་སྟེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་མ་བཟུང་མ་བཅངས་མ་བླགས། ཀུན་ཆུབ་པར་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ན་ཡང་། རིགས་ཀྱི་བུ་ འམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་ སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །ཕུ་དུད་དུ་བྱའོ། །མཆོད་པར་བྱའོ། །ཀཽ་ཤི་ཀ་དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བའི་དོན་དུ་ཞུགས་པ་ ཡིན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་བྱེད་ཅིང་དེ་བྲིས་ཏེ། མྱེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། རིགས་ཀྱི་བུ་འམ་ རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་པ་རྣམས་ལ་ནམ་ འཚོའི་བར་དུ་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། །བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་མྱ་ངན་ལས་འདས་ནས་ཀྱང་རིན་པོ་ཆེ་བདུན་ལས་བྱས་པའི་མཆོད་རྟེན་བརྩིགས་ཏེ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པས་ནི་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་ པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་གཅིག་གོ། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་འཛམ་བུའི་གླིང་། དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གང་བ་ ཞིག་ཀྱང་རྙེད། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་ལ་ལས་བྱིན་ན། དེ་ལས་གང་བླང་བར་བྱ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བདག་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་ གིས་བྱུར་བུར་བལྟམ་པ་ཞིག་ཀྱང་ལ་ལས་སྩལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་ལ་ལས་སྩལ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བདག་གིས་བླང་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་ འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་བདག་རིམ་གྲོར་མ་མཆིས་པ་ཡང་མ་ལགས། མྱི་རྟོན་པ་ཡང་མ་ལགས། བཙུན་པར་མྱི་བགྱིད་པ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་སྐུ་ གདུང་ལ་རིམ་གྲོར་བགྱི་བར་མྱི་འཚལ་བ་འམ། བཀུར་སྟིར་བགྱི་བར་མི་འཚལ་བ་འམ། ཕུ་དུད་དུ་བགྱི་བར་མྱི་འཚལ་བ་འམ། མཆོད་པར་བགྱི་བར་མྱི་འཚལ་བ་ཡང་མ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་ དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་སྟེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱང་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས། སྐུ་གདུང་དེ་དག་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒྲུབས་པ་སྟེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མཆོད་པ་མངའ་བ་ལགས་ཏེ། བཅོམ་ལྡན་འདས་ནམ་བདག་དེ་བཞིན་གཤེགས་པའི་སྐུ་གདུང་ལ་ལྷ་རྫས་ཀྱི་མེ་ཏོག་དང་། ལྷ་རྫས་ཀྱི་ ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་ རིམ་གྲོར་བགྱིད་ཅིང་། བཀུར་སྟིར་བགྱིད་པ་དང་། ཕུ་དུད་དུ་བགྱིད་པ་དང་། མཆོད་པར་བགྱིད་པའི་ཚེ་ཡང་དེ་བཞིན་གཤེགས་པའི་སྐུ་གདུང་འདི་གཤེགས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ལགས་པས་ན། ལྷ་དང་། མྱི་དང་། ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། ཕུ་དུད་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས་པས་བསྲུང་ཞིང་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱིད་དོ། ། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུང་དུ་མྱེད་པ། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ ལྟར་མཚན་ཉིད་མྱེད་པ་ཡིན་ན། དེ་ལ་ཁྱོད་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་དུ་མྱེད་པ། གཟུགས་མྱེད་པ། བལྟར་མྱེད་པ། ཐོགས་པ་མྱེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པ་ལ་གཟུང་བར་སེམས། དེ་ ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཛིན་པ་དང་། དོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན། འགྲིབ་པའི་ཕྱིར་མ་ཡིན། འཕེལ་བའི་ཕྱིར་མ་ཡིན། བསྐྱེད་པའི་ཕྱིར་མ་ཡིན། བསྐྱུང་བའི་ཕྱིར་མ་ཡིན། དབྲི་བའི་ཕྱིར་མ་ཡིན། བསྣན་པའི་ཕྱིར་མ་ཡིན། ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ་པར་བྱང་བའི་ཕྱིར་མ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་རྣམས་སྦྱིན་ པར་བྱེད་པ་མ་ཡིན། རང་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཉན་ཐོས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སློབ་པ་དང་མྱི་སློབ་པའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱི་དབྱིངས་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་ བར་སྒྲུབ་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ནང་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་ སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཉེ་བར་ སྒྲུབ་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པ་ སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ཉེ་བར་སྒྲུབ་པ་ མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དབང་པོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྟོབས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉེ་ བར་སྒྲུབ་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཚད་མྱེད་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཉེ་བར་སྒྲུབ་པ་མ་ ཡིན། རྣམ་པར་ཐར་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉེ་བར་སྒྲུབ་པ་མ་ཡིན། མངོན་ པར་ཤེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཏིང་ངེ་འཛིན་རྣམས་ཉེ་བར་སྒྲུབ་པ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། མྱི་འཇིགས་པ་རྣམས་ཉེ་བར་སྒྲུབ་པ་ མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྙིང་རྗེ་ཆེན་པོ་ཉེ་བར་སྒྲུབ་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ལན་ ཅིག་ཕྱིར་འོང་བའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། དགྲ་བཅོམ་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་བྱང་ཆུབ་ཉེ་བར་སྒྲུབ་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་གིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རང་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཉན་ཐོས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་ མ་ཡིན། སློབ་པ་དང་མྱི་སློབ་པའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། འདུས་མ་བྱས་ཀྱི་དབྱིངས་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། སྦྱིན་ པའི་ཕ་རོལད་ཏུ་ཕྱིནད་པ་ཉེ་བར་སྒྲུབ་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། ནང་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཆེན་པོ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མཐའ་ལས་ འདས་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་ མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཡང་དག་པར་སྤོང་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དབང་པོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྟོབས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་ རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཚད་མྱེད་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པར་ཐར་པ་བརྒྱད་ཉེ་བར་སྒྲུབ་པ་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཉེ་བར་སྒྲུབ་པ་མ་ཡིན། མངོན་པར་ཤེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཏིང་ངེ་འཛིན་རྣམས་ཉེ་བར་སྒྲུབ་པ་མ་ཡིན། གཟུངས་ ཀྱི་སྒོ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། མྱི་འཇིགས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སྙིང་རྗེ་ཆེན་པོ་ཉེ་བར་སྒྲུབ་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་ཉེ་བར་སྒྲུབ་པ་མ་ཡིན། དགྲ་བཅོམ་པ་ ཉིད་ཉེ་བར་སྒྲུབ་པ་མ་ཡིན། རང་བྱང་ཆུབ་ཉེ་བར་སྒྲུབ་པ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་སྒྲུབ་པ་མ་ཡིན་ནོ། །ཞེས་བྱ་བར་ཤེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ ཤེས་པར་བྱ་བ་མ་ཡིན་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནི་མྱི་གཉིས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་གཉིས་པའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་ དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་ སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། ཀཽ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་ སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་ སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དེ་བཞིན་ཉིད་ དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་ བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། དེ་བཞིན་ཉིད་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་ འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་ བྱར་མྱེད་དོ། །ཀཽ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི་ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་ གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཡང་དག་པའི་མཐའ་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་ འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པའི་མཐའ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་ དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་ པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། ། ཀཽ་ཤི་ཀ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་ གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཀཽ་ཤི་ཀ་གང་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་ལ་གཉིས་སུ་མྱེད་དེ་གཉིས་ སུ་བྱར་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་ལྔ་པ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པ་སྟེ། དེ་ལ་བསླབས་པས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་གང་གི་ཚེ་བདག་ཆོས་བཟང་པོའི་ལྷའི་འཁོར་དུ་བདག་ཉིད་ཀྱི་ ལྷའི་དབང་པོའི་སྟན་ལ་མཆིས་པར་གྱུར་པ་དེའི་ཚེ། དེར་ལྷའི་བུ་གང་ཇི་སྙེད་བདག་གི་རིམ་གྲོ་ལ་མཆིས་པ་དེ་དག་ཀུན་ཀྱང་བདག་ལ་མཆོད་པ་བགྱིད་དེ། ནམ་བདག་དེར་མ་མཆིས་ཤིང་སྟན་དེ་ལ་མ་མཆིས་པ་དེའི་ཚེ་ཡང་ལྷའི་ བུ་དེ་དག་འཁོར་དེར་མཆིས་ཤིང་། ལྷའི་དབང་པོ་བརྒྱ་བྱིན་སྟན་འདི་ལ་འདུག་ཅིང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་སྟོན་ཏོ་ཞེས་སྟན་དེ་ལ་གཡས་ཕྱོགས་སུ་བསྐོར་བ་བགྱིས་ཤིང་། ཕྱག་འཚལ་ཏེ་སླར་མཆིའོ། །བཅོམ་ལྡན་འདས་དེ་ བཞིན་དུ་གང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཆང་བ་དང་། ཁ་ཏོན་ཏུ་བགྱིད་ཅིང་གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདི་ལས་བྱུང་ངོ་། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འདི་ ལས་བྱུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་བགྱིས་ཤིང་གདུད་པ་བགྱིས་ནས། སླར་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པའི་སྐུ་གདུང་རྣམས་མཆོད་པ་མངའ་བ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྒྲུབས་པའི་སླད་དུ་མཆོད་པ་མངའ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞིར་གྱུར་ཏོ། །རྒྱུར་གྱུར་ཏོ། །རྐྱེན་དུ་གྱུར་ཏོ། །ཡོངས་སུ་སྒྲུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལྟ་བས་ན། ཆ་དེ་གཉིས་ལས་ བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་གང་གི་ཚེ། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བླངས་ཏེ། ཆོས་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱི་ཁ་ཏོན་བགྱིད་པ་དེའི་ཚེ། འཇིགས་པ་འམ། བག་ཚ་བའི་མཚན་མ་ཙམ་ཡང་། ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་ འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་ མཆིས་པ་སྟེ། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ནང་སྟོང་པ་ཉིད་ནི་སྨོས་སུ་མ་ མཆིས་པའོ། །བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཕྱི་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ནི་མཚན་མ་མ་མཆིས་ རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཕྱི་ནང་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྟོང་པ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་ འདས་སྟོང་པ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཆེན་པོ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། ། བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དོན་དམ་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ནི་མཚན་མ་མ་ མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འདུས་བྱས་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་ སྟེ། བཅོམ་ལྡན་འདས་འདུས་མ་བྱས་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཚན་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མཐའ་ལས་ འདས་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་སྨོས་ སུ་མ་མཆིས་པའོ། །བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དོར་བ་མྱེད་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། ། བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ནི་མཚན་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ནི་ མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ནི་མཚན་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མྱི་དམྱིགས་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་ འདས་མྱི་དམྱིགས་པ་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དངོས་པོ་མྱེད་པ་སྟོང་པ་ཉིད་ ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དྲན་པ་ ཉེ་བར་གཞག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ནི་མཚན་མ་མ་ མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་ མ་མཆིས་པ་སྟེ། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དབང་པོ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དབང་པོ་རྣམས་ ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྟོབས་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སྟོབས་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ ལག་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མཚན་མ་མ་ མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་ མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་འཕགས་པའི་བདེན་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བསམ་གཏན་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ བསམ་གཏན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཚད་མྱེད་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། ། བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་ འདས་རྣམ་པར་ཐར་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མྱེད་པ་ནི། མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་སྨོས་སུ་མ་མཆིས་པའོ། ། བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་མཚན་མ་མ་ མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ སྟོབས་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་ འདས་སོ་སོ་ཡང་དག་པར་རིག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་མཚན་མ་མ་ མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་ པ་སྟེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཐམས་ཅད་ཤེས་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ ཐམས་ཅད་ཤེས་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྨོས་སུ་མ་ མཆིས་པའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་ཞིག་ལགས་ཏེ། མཚན་མ་མ་མཆིས་པ་མ་ལགས་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཆོས་ཐམས་ཅད་ལ་མཚན་ མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་ མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་མྱི་བསྟན་ཏེ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་ མཆིས། སྨོས་སུ་མ་མཆིས་པས་དེའི་སླད་དུ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མྱེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་བསྟན་ཏོ། །བཅོམ་ལྡན་ འདས་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱི་བར་འོས་པའོ། །བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་ དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པར་བགྱི་བར་འོས་པའོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྦོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད། བཀུར་སྟིར་བགྱིད། ཕུ་དུད་དུ་བགྱིད། མཆོད་པར་བགྱིད་ན། དེ་ནི་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ། མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེས་སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱིའོ། །དེ་ནི་དེ་བཞིན་གཤེགས་པ་མཐོང་བ་དང་མྱི་འབྲལ་བར་འགྱུར་རོ། །སེམས་ཅན་ཡོངས་སུ་ སྨིན་པར་བགྱི་བ་དང་ཡང་མྱི་འབྲལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་ མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བགྱིད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་སྟོང་གསུམ་ གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་བལྟམ་པ་ཞིག་ཀྱང་སྩལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་བྲིས་ཏེ་སྩལ་ན། བཅོམ་ལྡན་འདས་དཀོན་མཆོག་དེ་གཉིས་ལས། བདག་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ གདུང་དེ་དག་ཀྱང་རིམ་གྲོར་བགྱི་བ་དང་། བཀུར་སྟིར་བགྱི་བ་དང་། ཕུ་དུད་དུ་བགྱི་ཞིང་མཆོད་པར་བགྱི་བ་ལགས་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་དེ་དག་ལ་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། ཕུ་དུད་དུ་བགྱིས། མཆོད་པར་ བགྱིས་ན་ལོག་པར་ལྟུང་བ་དང་། ངན་སོང་དུ་མཆི་བར་མྱི་འགྱུར་ཏེ། ལྷ་དང་མྱིའི་ཕུན་སུམ་ཚོགས་པ་མྱོང་ནས། སྨོན་ལམ་གྱི་ཚུལ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་འམ། ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་གང་དེ་བཞིན་གཤེགས་པ་མཐོང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲིས་པ་མཐོང་བ་དེ་ནི་མྱི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་གཤེགས་པ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་གཞན་ཡང་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོ་འཕྲུལ་རྣམ་པ་གསུམ་ལ་བཞུགས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་ པ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། ཆོས་གཏན་ལ་བབ་པ་བསྟ