Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 018_འབུམ།_ཅ

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
ི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ཀྱང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ནང་དུ་ཉན་
ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་སོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་མེད་པའི་རིགས་སྔགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱི་མཉམ་པ་
དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མྱི་དགེ་བའི་ཆོས་ཐམས་ཅད་སྤོང་བའོ། །དགེ་བའི་ཆོས་ཐམས་ཅད་སྒྲུབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཀཽ་ཤི་ཀ་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བླ་ན་མྱེད་པའི་རིག་སྔགས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱི་མཉམ་པ་དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བྱུང་བ་དེ་དག་
ཀྱང་རིག་སྔགས་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་བྱོན་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་རིག་
སྔགས་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བརྟེན་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་

རིག་སྔགས་འདི་ཡོད་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། བསམ་གཏན་བཞི་འཇིག་རྟེན་ན་ཡོད་པ་ཡིན། ཚད་མྱེད་པ་བཞི་འཇིག་རྟེན་ན་ཡོད་པ་ཡིན། གཟུགས་མྱེད་པའི་སྙོམས་པར་
འཇུག་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། མངོན་པར་ཤེས་པ་ལྔ་འཇིག་རྟེན་ན་ཡོད་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་ཡོད་པ་ཡིན། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འཇིག་རྟེན་ན་ཡོད་པ་ཡིན། ནང་སྟོང་པ་
ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཕྱི་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆེན་པོ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། དོན་དམ་པ་སྟོང་པ་
ཉིད་འཇིག་རྟེན་ན་ཡོད་པ་ཡིན། འདུས་བྱས་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་
འཇིག་རྟེན་ན་ཡོད་པ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རང་བཞིན་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན།
མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། དྲན་པ་ཉེ་བར་

གཞག་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། དབང་པོ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། སྟོབས་རྣམས་འཇིག་རྟེན་ན་ཡོད་པ་ཡིན། བྱང་ཆུབ་
ཀྱི་ཡན་ལག་རྣམས་འཇིག་རྟེན་ན་ཡོད་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་ན་ཡོད་པ་ཡིན། འཕགས་པའི་བདེན་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། རྣམ་པར་ཐར་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། མཐརད་ཀྱིས་
གནས་པའི་སྙོམས་པར་འཇུག་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་འཇིག་རྟེན་ན་ཡོད་པ་ཡིན། མངོན་པར་ཤེས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ཏིང་ངེ་འཛིན་
རྣམས་འཇིག་རྟེན་ན་ཡོད་པ་ཡིན། གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་འཇིག་རྟེན་ན་ཡོད་པ་ཡིན། མྱི་འཇིགས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་
འཇིག་རྟེན་ན་ཡོད་པ་ཡིན། བྱམས་པ་ཆེན་པོ་འཇིག་རྟེན་ན་ཡོད་པ་ཡིན། སྙིང་རྗེ་ཆེན་པོ་འཇིག་རྟེན་ན་ཡོད་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ཆོས་ཀྱི་དབྱིངས་འཇིག་རྟེན་ན་ཡོད་པ་ཡིན། ཡང་
དག་པའི་མཐའ་འཇིག་རྟེན་ན་ཡོད་པ་ཡིན། དེ་བཞིན་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མ་ནོར་བ་དེ་བཞིན་ཉིད་འཇིག་རྟེན་ན་ཡོད་པ་ཡིན། གཞན་མ་ཡིན་པ་དེ་བཞིན་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆོས་ཉིད་འཇིག་རྟེན་ན་ཡོད་པ་ཡིན།
ཆོས་ཀྱི་གནས་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཆོས་སྐྱོན་མྱེད་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མྱིག་ལྔ་འཇིག་རྟེན་ན་ཡོད་པ་ཡིན། རྒྱུན་ཏུ་ཞུགས་པའི་འབྲས་བུ་འཇིག་རྟེན་ན་ཡོད་པ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་

འཇིག་རྟེན་ན་ཡོད་པ་ཡིན། ཕྱིར་མྱི་འོང་བའི་འབྲས་བུ་འཇིག་རྟེན་ན་ཡོད་པ་ཡིན། དགྲ་བཅོམ་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རང་བྱང་ཆུབ་འཇིག་རྟེན་ན་ཡོད་པ་ཡིན། ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་ན་ཡོད་པ་
ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཉིས་པ།
ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ཡོད་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བསམ་གཏན་བཞི་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཚད་མྱེད་པ་བཞི་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། གཟུགས་
མྱེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མངོན་པར་ཤེས་པ་ལྔ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་
ཡོད་པ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ནང་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཕྱི་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཕྱི་ནང་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་
ཡིན། སྟོང་པ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཆེན་པོ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དོན་དམ་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། འདུས་བྱས་སྟོང་པ་ཉིད་འཇིག་རྟེན་ན་གདགས་

སུ་ཡོད་པ་ཡིན། འདུས་མ་བྱས་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དོར་བ་
མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རང་བཞིན་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་འཇིག་རྟེན་ན་
གདགས་སུ་ཡོད་པ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དངོས་པོ་མྱེད་པ་
ངོ་བོ་ཉིད་སྟོང་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཡང་དག་པར་སྤོང་བ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་འཇིག་རྟེན་ན་
གདགས་སུ་ཡོད་པ་ཡིན། དབང་པོ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སྟོབས་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་
འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། འཕགས་པའི་བདེན་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྣམ་པར་ཐར་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འཇིག་
རྟེན་ན་གདགས་སུ་ཡོད་པ་ཡིན། རྣམ་པར་ཐར་བའི་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མངོན་པར་ཤེས་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཏིང་ངེ་འཛིན་རྣམས་

འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། མྱི་འཇིགས་པ་རྣམས་འཇིག་
རྟེན་ན་གདགས་སུ་ཡོད་པ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སྙིང་རྗེ་ཆེན་པོ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་
ཡིན། ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྒྱུན་ཏུ་ཞུགས་པ་
འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ལན་ཅིག་ཕྱིར་འོང་བ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ཕྱིར་མྱི་འོང་བ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དགྲ་བཅོམ་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རང་སངས་རྒྱས་འཇིག་
རྟེན་ན་གདགས་སུ་ཡོད་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན་ནོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ཡོད་ན། རྩི་དང་རྒྱུ་སྐར་དང་།
སྐར་མ་ཐམས་ཅད་གདགས་སུ་ཡོད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཟླ་བའི་དཀྱིལ་འཁོར་ཡོད་ན། དགེ་བའི་སྤྱོད་པ་དང་། ཡང་དག་པའི་སྤྱོད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་དང་། ཚད་མྱེད་
པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པ་དང་། ཕ་རོལད་ཏུ་ཕྱིནད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། འཕགས་པའི་བདེན་པ་

དང་། རྣམ་པར་ཐར་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་བཅུ་དང་། མྱི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྩ་
ཐམས་ཅད་གདགས་སུ་ཡོད་དོ། །སློབ་པ་དང་། མྱི་སློབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྒྱུ་སྐར་དང་། སྐར་མ་ཐམས་ཅད་ཀྱང་གདགས་སུ་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱང་འཇིག་རྟེན་ན་ཡོད་པར་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་
པའི་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་རྣམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་གང་དང་ལྡན་
པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང་།
དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དོར་བ་

མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་
མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་། རྫུ་འཕྲུལ་
གྱི་རྐང་པ་རྣམས་ལ་སྤྱོད་པ་དང་། དབང་པོ་རྣམས་ལ་སྤྱོད་པ་དང་། སྟོབས་རྣམས་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་། འཕགས་པའི་བདེན་པ་རྣམས་ལ་
སྤྱོད་པ་དང་། བསམ་གཏན་རྣམས་ལ་སྤྱོད་པ་དང་། ཚད་མྱེད་པ་རྣམས་ལ་སྤྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་
འཇུག་པ་རྣམས་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་
སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང་། མྱི་འཇིགས་པ་རྣམས་ལ་སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
རྣམས་ལ་སྤྱོད་པ་དང་། ཉན་ཐོས་ཀྱི་སར་མྱི་ལྟུང་བ་དང་། རང་སངས་རྒྱས་ཀྱིས་མངོན་དུ་མྱི་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། ཚེ་ཕུན་སུམ་ཚོགས་པ་

ཡོངས་སུ་འཛིན་པ་དང་། སེམས་ཅན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་རྗེས་སུ་ཐོབ་པར་བྱེད་པའི་ཐབས་མཁས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བར་རིག་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་
བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་འདི་དག་དང་། ཚེ་རབས་གཞན་ཀྱི་ཡོན་ཏན་འདི་དག་དང་ཡང་ལྡན་པར་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་
འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ཚེ་འདིའི་ཡོན་ཏན་གང་དང་ལྡན་པར་འགྱུར་བ་
ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་
བྱེད་པ་དེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་དུག་གིས་དུས་བྱེད་པར་མྱི་འགྱུར་རོ། །མཚོན་གྱིས་དུས་བྱེད་པར་མྱི་འགྱུར་རོ། །མྱེས་དུས་བྱེད་པར་མྱི་འགྱུར་རོ། །ཆུས་དུས་བྱེད་པར་མྱི་འགྱུར་བ་ནས། ནད་བརྒྱ་རྩ་
གཅིག་གི་བར་གྱིས་དུས་བྱེད་པར་མྱི་འགྱུར་རོ། །རྒྱལ་པོ་དང་། བློན་པོས་གནོད་པར་བྱ་བ་ཞིག་བྱུང་བ་ལས། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བྱེད་ཅིང་། རྒྱལ་པོའི་ཕོ་བྲང་དུ་

སོང་ན། དེ་ལ་གླགས་ཚོལ་བ་དེ་དག་གིས་གླགས་མྱི་རྙེད་དེ། རྒྱལ་པོའི་བུ་དང་། རྒྱལ་པོའི་བློན་པོ་ཆེན་པོ་དག་ཀྱང་གཏམ་དྲི་བ་དང་། གཏམ་བྱ་བར་སེམས་ཤིང་དགའ་བར་བྱ་བར་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་
ཞེ་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱི་གཟི་བརྗིད་དང་། མཐུས་དེ་ལྟར་སེམས་སོ། །གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་བྱེད་ཅིང་། རྒྱལ་པོའི་ཕོ་བྲང་དུ་སོང་ན། དེ་
ལ་རྒྱལ་པོའི་བུ་འམ། རྒྱལ་པོའི་བློན་པོ་ཆེན་པོ་དག་ཀྱང་དགའ་བའི་ཚིག་གིས་གཏམ་དྲི་བ་དང་། གཏམ་བྱ་བར་སེམས་ཤིང་། དགའ་བར་བྱ་བར་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་
རིགས་ཀྱི་བུ་མོ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག །སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། བཏང་སྙོམས་ཀྱི་སེམས་ཉེ་བར་གཞག་པའི་ཕྱིར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་
ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི། ཚེ་འདིའི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །ཀཽ་ཤི་ཀ་ཚེ་རབས་གཞན་གྱི་
ཡོན་ཏན་གང་དག་དང་ལྡན་པར་འགྱུར་ཞེ་ན། འདི་ལྟ་སྟེ། ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་བྲལ་བར་མྱི་འགྱུར་ཏེ། །བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་ཏུ་
ཕྱིན་པ་དྲུག་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་དང་། འཕགས་པའི་

བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་
སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མྱི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་
པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་བྲལ་བར་མྱི་འགྱུར་རོ། །དེ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱ་བའི་སྨོན་ལམ་གྱི་དབང་མ་གཏོགས་པར་ནམ་ཡང་སེམས་ཅན་དམྱལ་བར་མྱི་སྐྱེ། བྱོལ་སོང་གི་སྐྱེ་གནས་སུ་མྱི་
སྐྱེ། གཤིན་རྗེའི་འཇིག་རྟེན་དུ་མྱི་སྐྱེའོ། །དེ་ནམ་ཡང་ཡན་ལག་ཉམས་པ་ཅན་དུ་མྱི་འགྱུར། ནམ་ཡང་དབུལ་པོའི་རིགས་སུ་མྱི་སྐྱེ། སྨྱིག་མ་མཁན་གྱི་རིགས་སམ། སྨྱེ་ཤ་ཅན་གྱི་རིགས་སམ། མགར་བ་འམ། ཕྱག་དར་བ་འམ། ཤེན་པ་
འམ། ཕག་གསོད་པའི་རིགས་སམ། དམངས་རིགས་སུ་མྱི་སྐྱེ་སྟེ། རྟག་ཏུ་རྒྱུན་མྱི་འཆད་པར་མྱི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར། འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་
འཚོ་སྐྱོང་བའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་རྫུས་ཤིང་སྐྱེ་བར་འགྱུར་ཏེ། ནམ་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་འབྲལ་བར་མྱི་འགྱུར་རོ། །དེ་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་
དང་། བསྙེན་བཀུར་བ་དང་། ཆོས་ཉན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད། སངས་

རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོན་ཏན་འདི་དག་ཕུན་སུམ་ཚོགས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱ། བཅང་བར་བྱ།
ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱས་ཏེ། དེ་དག་ནི་ནམ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་
བར་དུ། ཚེ་འདིའི་ཡོན་ཏན་དང་། ཚེ་རབས་གཞན་གྱི་ཡོན་ཏན། དེ་དག་དང་ལྡན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུ་དགུའོ།། །།དེ་
ནས་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ། གླགས་ལྟ་བའི་བསམ་པ་ཅན་བརྒྱ་ཙམ་ཞིག །བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་དོང་བ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། མུ་སྟེགས་ཅན་གཞན་དང་། ཀུན་
ཏུ་རྒྱུ་བ་བརྒྱ་པོ་གླགས་ལྟ་བའི་བསམ་པ་ཅན་འདི་དག །བཅོམ་ལྡན་འདས་གང་ན་བ་དེར་དོང་ན། དེ་ལ་བདག་གིས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་པས། མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་བཅོམ་ལྡན་འདས་ཀྱི་དྲུང་དུ་དོང་
ནས། བར་ཆད་བྱེད་པར་མྱི་འགྱུར་བར་བདག་གིས་བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཇི་སྙེད་ཅིག་བཟུང་བ་དེ་དག་ཁ་ཏོན་དུ་བྱའོ་སྙམ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལས་ཇི་སྙེད་ཅིག་བཟུང་བ་དེ་དག་ཁ་ཏོན་དུ་བརྗོད་དོ། །དེ་ནས་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་དེ་དག་རྒྱང་རིང་པོ་རིང་པོ་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་

དོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་གྱུར་ཏེ། དེ་ལྟར་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་དེ་དག་གིས་རྒྱང་རིང་པོ་རིང་པོ་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་དོད་ན་
དེ་ཅིའི་རྒྱུ་ཞིག་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་ཀྱི་ཀུན་ཏུ་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསམས་པས། དེའི་ཕྱིར་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་རྒྱང་རིང་པོ་རིང་པོ་ནས། ང་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་དོང་བ་ཡིན་ནོ། །ཤ་ར་དྭ་
ཏིའི་བུ་མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་ལས་འགའ་ཙམ་ལ་ཡང་དཀར་པོའི་སེམས་དང་ལྡན་པ་མ་མཐོང་སྟེ། མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བ་འདི་དག་ཐམས་ཅད་ནི་གནོད་པར་བྱ་བའི་སེམས་དང་ལྡན་པ་གླགས་ལྟ་
བའི་བསམ་པ་ཅན་ཤ་སྟག་སྟེ། འཁོར་འདིར་འོང་བར་སེམས་པ་ཤ་སྟག་ཀྱང་། ཤ་ར་དྭ་ཏིའི་བུ་ངས་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པར་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་གང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པའི་ཚེ། ཞེ་སྡང་བའི་སེམས་སམ། གླགས་ལྟ་བའི་བསམ་པས་ཉེ་བར་འགྲོ་བ་མ་མཐོང་སྟེ། དེ་ནི་གནས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་

འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མྱེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མྱེད་ཆེ་བ་དང་།
འབྲས་བུ་ཆེ་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མྱིན་གྱི་ལྷ་གང་ཇི་སྙེད་ཅིག་ཡོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་གང་ཇི་སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་
སྙེད་ཅིག་ཡོད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལས་བྱུང་བ་ཤ་སྟག་གོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་ཤར་ཕྱོགས་ཀྱི་
འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་
དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་
ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་
ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་

དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་
དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་
ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན།
སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།

ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་
རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་
ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་
མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།
ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་།

རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་
རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།
ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལས་བྱུང་བ་ཤ་སྟག་གོ །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འདི་ཡོངས་སུ་བཟུང་ངོ་། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཀྱི་འཁོར་བཞི་པོ་འདི་དག་ཀྱང་མངོན་ཏུ་གྱུར། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་འདི་དག་ཀྱང་མངོན་དུ་གྱུར་པ་ལས་འདིར་ནི་གདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་གྱིས། དེ་ལ་བདག་གིས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བར་ཆད་བྱའོ། སྙམ་ནས་བདུད་སྡིག་ཏོ་ཅན་གྱིས། དཔུང་གི་ཚོགས་ཡན་ལག་
བཞི་བ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་གང་ན་བ་དེར་འགྲོ་འདོད་པར་གྱུར་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏོ། །ཀྱེ་མ་བདུད་སྡིག་ཏོ་ཅན་འདི་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་
ཅིང་། བཅོམ་ལྡན་འདས་གང་ན་བ་དེར་འགྲོ་བར་འདོད་ལ་བདུད་སྡིག་ཏོ་ཅན་གྱི་དཔུང་གི་ཚོགས་ཡན་ལག་བཞི་རྣམ་པར་བཀོད་པ་འདི་ནི་རྒྱལ་པོ་བིམ་བི་ས་རའི་དཔུང་གི་ཚོགས་ཡན་ལག་བཞི་པ་རྣམ་པར་བཀོད་པས་ཀྱང་དེ་ཙམ་མྱི་ཕོད། རྒྱལ་
པོ་སྡེ་རབ་ཏུ་འཕམ་བྱེད་དང་། ཤཱཀྱ་རྣམས་དང་། ལིད་ཙ་བྱི་རྣམས་ཀྱི་དཔུང་གི་ཚོགས་ཡན་ལག་བཞི་པ་རྣམ་པར་བཀོད་པས་ཀྱང་དེ་ཙམ་མྱི་ཕོད་དེ། བདུད་སྡིག་ཏོ་ཅན་འདི་ནི་ཡུན་རིང་པོ་ནས་བཅོམ་ལྡན་འདས་ལ་ཡང་གླགས་ལྟ་ཞིང་། གླགས་
ཚོལ། སེམས་ཅན་ཡང་དག་པར་བརྩོན་པ་རྣམས་ལ་ཡང་གཙེ་བའི་བསམ་པ་ཅན་ཡིན་གྱིས། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དག་པར་བསམ་པར་བྱའོ། །དྲན་པས་བརྗོད་པར་བྱའོ་སྙམ་ནས། ལྷའི་དབང་པོ་བརྒྱ་བྱིན་
གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དག་པར་བསམས་ཏེ། དྲན་པས་གསལ་བར་བརྗོད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསལ་བར་བརྗོད་པ་དེ་ལྟ་དེ་ལྟར་བདུད་སྡིག་ཏོ་ཅན་

དེ་དག་ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་ལོག་གོ །དེ་ནས་འཁོར་དེ་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མྱིན་གྱི་ལྷའི་བར་དུ་ཇི་སྙེད་ཅིག་འཁོད་པ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་དང་། ན་བཟའ་མང་པོ་མངོན་པར་སྤྲུལ་ནས། བར་སྣང་གི་
ནམ་མཁའ་ལ་འཁོད་བཞིན་དུ་བཅོམ་ལྡན་འདས་གང་ན་བ་དེར་གཏོར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་མངོན་པར་གཏོར་ནས། ཚིག་འདི་སྐད་དུ་བརྗོད་དོ། །འཛམ་བུའི་གླིང་གི་མྱི་འདི་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡུན་རིང་པོར་སྤྱོད་
པར་གྱུར་ཅིག །འཛམ་བུའི་གླིང་གི་མྱི་འདི་དག་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་སྲིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་
གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེའོ། །འཛམ་བུའི་གླིང་གི་མྱི་རྣམས་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་སྲིད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་
བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་
བར་འགྱུར་འགྱུར་ཞེའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་ཡང་ཡོད་པར་འགྱུར་ཞེའོ། །ཕྱོགས་གང་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་
གླེགས་བམ་དུ་བྱས་ཏེ། འཆང་བའི་ཕྱོགས་དེ་ནི་སྣང་བ་དང་ལྡན་པར་རིག་པར་བྱའོ། །ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་། འོག་མྱིན་གྱི་བར་གྱི་

ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྲིད་དུ་འཛམ་བུའི་གླིང་གི་མྱི་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་
སྲིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ནུབ་པར་མྱི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་
ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་ཡང་ཡོད་པར་འགྱུར་རོ། །ཕྱོགས་གང་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་
དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཆང་བའི་ཕྱོགས་དེ་ནི་སྣང་བ་དང་ལྡན་པར་ངས་ཤེས་སོ། །ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་ངས་ཤེས་སོ། །དེ་ནས་ལྷའི་བུ་དེ་དག་གིས་
ལྷ་རྫས་ཀྱི་མེ་ཏོག་མང་པོ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་གང་ན་བ་དེར་མངོན་པར་གཏོར་ཏེ། འདི་སྐད་ཀྱི་ཚིག་བརྗོད་དོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་
དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་བདུད་དམ། བདུད་ཀྱི་རིས་སུ་གཏོགས་པའི་ལྷ་གླགས་ཚོལ་བ་རྣམས་ཀྱིས་གླགས་མྱི་རྙེད་དོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་

རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་རྟག་ཏུ་རྒྱུན་མྱི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་
ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ནི་སྟོན་པ་འམ། སྟོན་པ་དང་མཚུངས་པ་ཙམ་དུ་བདག་ཅག་སེམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། དགེ་བའི་རྩ་བ་དམའ་བ་དང་ལྡན་པ་མ་ལགས་ཏེ།
བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པར་འགྱུར་རོ། །
བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་
པར་འགྱུར་རོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། དགེ་བའི་བཤེས་
གཉེན་གྱིས་ཡོངས་སུ་བཟུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་
གཞན་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མ་མཆིས་ཏེ། གཉིས་
སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་
གཞན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ཡིན་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུའོ།། །།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས། ཇི་ལྟར་ཤེས་རབ་ཀྱི། ཕ་རོལད་ཏུ་ཕྱིནད་པའི། མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་

ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་ནང་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་
སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཕྱི་ནང་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཆེན་པོ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་
བརྗོད་པ་མ་མཛད། དེ་ལྟར་དོན་དམ་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་འདུས་བྱས་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་འདུས་མ་བྱས་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་
མཛད། དེ་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་
བརྗོད་པ་མ་མཛད། དེ་ལྟར་རང་བཞིན་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་
པ་མ་མཛད། དེ་ལྟར་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་

མཛད། དེ་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་དྲན་པ་ཉེ་བར་གཞག་
པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཡང་དག་པར་སྤོང་བ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་དབང་པོ་རྣམས་ཀྱི་མྱིང་ཡང་ཡོངས་སུ་
བརྗོད་པ་མ་མཛད། དེ་ལྟར་སྟོབས་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་
མཛད་དོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་འཕགས་པའི་བདེན་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་བསམ་གཏན་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་
ཚད་མྱེད་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་
རྣམ་པར་ཐར་པ་བརྒྱད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་
མྱེད་པའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མངོན་པར་ཤེས་པ་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཏིང་ངེ་འཛིན་རྣམས་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་གཟུངས་ཀྱི་སྒོ་རྣམས་ཀྱི་མྱིང་ཡང་ཡོངས་

སུ་བརྗོད་པ་མ་མཛད་དོ། །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡོངས་སུ་བརྗོད་པ་མཛད་པ་དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་མྱི་འཇིགས་པ་བཞིའི་མྱིང་ཡང་ཡོངས་སུ་བརྗོད་པ་
མ་མཛད། དེ་ལྟར་སོ་སོ་ཡང་དག་པར་རིག་པ་བཞིའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སྙིང་རྗེ་ཆེན་པོའི་མྱིང་ཡང་ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་མྱིང་ཡང་ཡོངས་སུ་བརྗོད་པ་མ་
མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་
པ་བཞི་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་
ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་
པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་གི་ཐོག་མར་འགྲོ་བའོ། །ཀུན་ཏུ་འདྲེན་པའོ། །ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པ་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཅི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཚུལ་ཁྲིམས་ཚུལ་ཁྲིམས་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། །གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་བཟོད་པ་བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་བརྩོན་འགྲུས་བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་བསམ་གཏན་བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡིན་ནམ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ན། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་སྦྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་
ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་བཟོད་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་
བསྡོས་པའི་བརྩོན་འགྲུས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་བསམ་གཏན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་

སུ་བསྔོས་པའི་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། །རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་ནི། ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་
གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ནི། བརྩོན་
འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བརྩོན་འགྲུས་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་
ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བསམ་གཏན་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་

སུ་བསྔོས་པའི་བསམ་གཏན་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་མྱེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མྱི་སྐྱེ་
བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གསོལ་བ། བཅོམ་ལྡན་འདས་ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་
མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་
པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་ཀྱིས། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
ཡོངས་སུ་བསྔོས་པའི་བརྩོན་འགྲུས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་
བསྔོས་པའི་བསམ་གཏན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་སྐྱེ་བའི་ཚུལ་དང་། མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་གཉིས་སུ་མྱེད་པའི་ཚུལ་དང་། ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། འདུ་ཤེས་གཉིས་སུ་མྱེད་པའི་ཚུལ་དང་། འདུ་བྱེད་གཉིས་སུ་མྱེད་པའི་ཚུལ་དང་།
རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིག་གཉིས་སུ་མྱེད་པའི་ཚུལ་དང་། རྣ་བ་གཉིས་སུ་མྱེད་པའི་ཚུལ་དང་། སྣ་གཉིས་སུ་མྱེད་པའི་ཚུལ་དང་། ལྕེ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་གཉིས་སུ་མྱེད་པའི་ཚུལ་དང་། ཡིད་གཉིས་སུ་
མྱེད་པའི་ཚུལ་དང་། གཟུགས་གཉིས་སུ་མྱེད་པའི་ཚུལ་དང་། སྒྲ་གཉིས་སུ་མྱེད་པའི་ཚུལ་དང་། དྲི་གཉིས་སུ་མྱེད་པའི་ཚུལ་དང་། རོ་གཉིས་སུ་མྱེད་པའི་ཚུལ་དང་། རེག་གཉིས་སུ་མྱེད་པའི་ཚུལ་དང་། ཆོས་གཉིས་སུ་མྱེད་པའི་ཚུལ་དང་།
མྱིག་གི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། རྣ་བའི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། སྣའི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། ལྕེའི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་ཀྱི་རྣམ་པར་ཤེས་པ་
གཉིས་སུ་མྱེད་པའི་ཚུལ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་
དང་། ལྕེའི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་།
རྣ་བའི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། ལུས་ཀྱི་འདུས་ཏེ་རེག་

པའི་རྐྱེན་གྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་གཉིས་སུ་མྱེད་པའི་ཚུལ་དང་། སའི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། ཆུའི་ཁམས་གཉིས་སུ་མྱེད་པའི་ཚུལ་
དང་། མྱེའི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། རླུང་གི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། ནམ་མཁའི་ཁམས་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཤེས་པའི་ཁམས་གཉིས་སུ་མེད་པའི་ཚུལ་དང་། མ་རིག་པ་གཉིས་སུ་མྱེད་པའི་ཚུལ་
དང་། འདུ་བྱེད་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཤེས་པ་གཉིས་སུ་མྱེད་པའི་ཚུལ་དང་། མྱིང་དང་གཟུགས་གཉིས་སུ་མྱེད་པའི་ཚུལ་དང་། སྐྱེ་མཆེད་དྲུག་གཉིས་སུ་མྱེད་པའི་ཚུལ་དང་། རེག་པ་གཉིས་སུ་མྱེད་པའི་ཚུལ་དང་། ཚོར་བ་གཉིས་
སུ་མྱེད་པའི་ཚུལ་དང་། སྲེད་པ་གཉིས་སུ་མྱེད་པའི་ཚུལ་དང་། ལེན་པ་གཉིས་སུ་མྱེད་པའི་ཚུལ་དང་། སྲིད་པ་གཉིས་སུ་མྱེད་པའི་ཚུལ་དང་། སྐྱེ་བ་གཉིས་སུ་མྱེད་པའི་ཚུལ་དང་། རྒ་ཤི་གཉིས་སུ་མྱེད་པའི་ཚུལ་དང་། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་
གཉིས་སུ་མྱེད་པའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། བསམ་གཏན་གྱི་ཕ་རོལ་
ཏུ་ཕྱིན་པ་གཉིས་སུ་མྱེད་པའི་ཚུལ་དང་། ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་གཉིས་སུ་མྱེད་པའི་ཚུལ་དང་། ནང་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཕྱི་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཕྱི་ནང་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་
དང་། སྟོང་པ་ཉིད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཆེན་པོ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དོན་དམ་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། འདུས་བྱས་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། འདུས་མ་

བྱས་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དོར་བ་མྱེད་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་།
རང་བཞིན་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། མྱི་དམྱིགས་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་།
དངོས་པོ་མྱེད་པ་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། ངོ་བོ་ཉིད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གཉིས་སུ་མྱེད་པའི་
ཚུལ་དང་། ཡང་དག་པར་སྤོང་བ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། དབང་པོ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། སྟོབས་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། བྱང་
ཆུབ་ཀྱི་ཡན་ལག་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་གཉིས་སུ་མྱེད་པའི་ཚུལ་དང་། འཕགས་པའི་བདེན་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། བསམ་གཏན་རྣམས་གཉིས་སུ་མྱེད་པའི་
ཚུལ་དང་། ཚད་མྱེད་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཐར་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། མཐརད་ཀྱིས་གནས་པའི་
སྙོམས་པར་འཇུག་པ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གཉིས་སུ་མྱེད་པའི་ཚུལ་དང་། མངོན་པར་ཤེས་པ་རྣམས་གཉིས་སུ་མྱེད་པའི་ཚུལ་

དང་། ཏིང་ངེ་འཛིན་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། གཟུངས་ཀྱི་སྒོ་རྣམས་གཉིས་སུ་མྱེད་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་གཉིས་སུ་མྱེད་པའི་ཚུལ་དང་། མྱི་འཇིགས་པ་བཞི་གཉིས་སུ་མྱེད་པའི་ཚུལ་
དང་། སོ་སོ་ཡང་དག་པར་རིག་པ་བཞི་གཉིས་སུ་མྱེད་པའི་ཚུལ་དང་། སྙིང་རྗེ་ཆེན་པོ་གཉིས་སུ་མྱེད་པའི་ཚུལ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་གཉིས་སུ་མྱེད་པའི་ཚུལ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་གཉིས་སུ་མྱེད་པའི་ཚུལ་དང་། ལན་
ཅིག་ཕྱིར་འོང་བའི་འབྲས་བུ་གཉིས་སུ་མྱེད་པའི་ཚུལ་དང་། ཕྱིར་མྱི་འོང་བའི་འབྲས་བུ་གཉིས་སུ་མྱེད་པའི་ཚུལ་དང་། དགྲ་བཅོམ་པ་ཉིད་གཉིས་སུ་མྱེད་པའི་ཚུལ་དང་། རང་བྱང་ཆུབ་གཉིས་སུ་མྱེད་པའི་ཚུལ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་གཉིས་སུ་མྱེད་པའི་ཚུལ་གྱིས་སོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུ་ཤེས་གཉིས་སུ་མ་མཆིས་པའི་ཚུལ་དང་།
ཇི་ལྟར་འདུ་བྱེད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིག་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣ་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྣ་གཉིས་སུ་མ་
མཆིས་པའི་ཚུལ་དང་། ཇི་ལྟར་ལྕེ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལུས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྒྲ་
གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དྲི་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རོ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རེག་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཆོས་གཉིས་སུ་མ་མཆིས་པའི་ཚུལ་དང་།

ཇི་ལྟར་མྱིག་གི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣ་བའི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྣའི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལྕེའི་རྣམ་པར་ཤེས་པ་གཉིས་སུ་མ་
མཆིས་པའི་ཚུལ་དང་། ཇི་ལྟར་ལུས་ཀྱི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིག་གི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣ་
བའི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྣའི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལྕེའི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལུས་ཀྱི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་
པའི་ཚུལ་དང་། ཇི་ལྟར་ཡིད་ཀྱི་འདུས་ཏེ་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་
མཆིས་པའི་ཚུལ་དང་། ཇི་ལྟར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་
ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སའི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཆུའི་ཁམས་གཉིས་སུ་མ་
མཆིས་པའི་ཚུལ་དང་། ཇི་ལྟར་མྱེའི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རླུང་གི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ནམ་མཁའི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་

ཤེས་པའི་ཁམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མ་རིག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུ་བྱེད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་ཤེས་པ་གཉིས་སུ་མ་མཆིས་
པའི་ཚུལ་དང་། ཇི་ལྟར་མྱིང་དང་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྐྱེ་མཆེད་དྲུག་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རེག་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཚོར་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་
སྲེད་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལེན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྲིད་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྐྱེ་བ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྒ་ཤི་གཉིས་སུ་མ་མཆིས་པའི་ཚུལ་
དང་། ཇི་ལྟར་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ནང་
སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཕྱི་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་།
ཇི་ལྟར་ཆེན་པོ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུས་བྱས་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་གཉིས་

སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དོར་བ་མྱེད་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་
ཚུལ་དང་། ཇི་ལྟར་རང་བཞིན་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་
དམྱིགས་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དངོས་པོ་མྱེད་པ་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་
པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྫུ་འཕྲུལ་གྱི་རྐང་བ་རྣམས་གཉིས་སུ་མ་
མཆིས་པའི་ཚུལ་དང་། ཇི་ལྟར་དབང་པོ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྟོབས་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འཕགས་
པའི་ལམ་ཡན་ལག་བརྒྱད་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་འཕགས་པའི་བདེན་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བསམ་གཏན་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཚད་མྱེད་པ་རྣམས་
གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་ཐར་པ་བརྒྱད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མཐརད་ཀྱིས་གནས་པའི་སྙོམས་པར་

འཇུག་པ་དགུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མངོན་པར་ཤེས་པ་རྣམས་གཉིས་སུ་མ་མཆིས་
པའི་ཚུལ་དང་ཇི་ལྟར་ཏིང་ངེ་འཛིན་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་མྱི་
འཇིགས་པ་བཞི་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་བཞི་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སྙིང་རྗེ་ཆེན་པོ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཕྱིར་མྱི་འོང་བའི་འབྲས་བུ་གཉིས་སུ་མ་
མཆིས་པའི་ཚུལ་དང་། ཇི་ལྟར་དགྲ་བཅོམ་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རང་བྱང་ཆུབ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉིས་སུ་མ་མཆིས་པའི་ཚུལ་གྱིས་ལགས།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ།
བམ་པོ་ཉི་ཤུ་གསུམ་པ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་དང་ཕ་རོལད་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་

དེ་གཉིས་སུ་བྱར་མྱེད་དོ། །ཚོར་བ་ནི་ཚོར་བས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཚོར་བ་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདུ་ཤེས་དང་ཕ་རོལ་ཏུ་ཕྱིན་
པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འདུ་བྱེད་དང་ཕ་རོལ་ཏུ་ཕྱིན་པ་འདི་དག་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །རྣམ་པར་ཤ