Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 018_འབུམ།_ཅ
Văn bản gốc(Tây Tạng)
Trang 15 / 23 (50.000 ký tự/trang)
ས་སུ་བཟུང་བར་འགྱུར་བ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་ དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་བཟུང་ བར་འགྱུར་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་ བཟུང་བར་འགྱུར་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཡང་དག་པར་སྤོང་བ་ རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། དབང་པོ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ ཡོངས་སུ་བཟུང་བར་འགྱུར་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བཟུང་བར་འགྱུར་བ་དང་། འཕགས་པའི་བདེན་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། བསམ་གཏན་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཚད་ མྱེད་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པར་ཐར་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་ རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་བཟུང་བར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཏིང་ངེ་འཛིན་ རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། མྱི་འཇིགས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། བྱམས་པ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་བ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་ བཟུང་བར་འགྱུར་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཡོངས་ སུ་བཟུང་བར་འགྱུར་བ་དང་། རང་བྱང་ཆུབ་ཡོངས་སུ་བཟུང་བར་འགྱུར་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་ཡང་། ངོ་མཚར་ཆེའོ། །དེ་ སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ ཡོངས་སུ་བཟུང་བར་འགྱུར་རོ། །ནང་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཕྱི་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཆེན་པོ་ སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །མཐའ་ལས་འདས་པ་ སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཆོས་ཐམས་ ཅད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ངོ་བོ་ཉིད་སྟོང་ པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །དབང་པོ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ ལག་བརྒྱད་པ་ཡོངས་སུ་བཟུང་བར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །བསམ་གཏན་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །ཚད་མྱེད་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །གཟུགས་མྱེད་ པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །རྣམ་པར་ཐར་པ་རྣམས་ཡོངས་སུ་གཟུང་བར་འགྱུར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་བར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་ བཟུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །མྱི་འཇིགས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་རོ། །བྱམས་པ་ཆེན་ པོ་ཡོངས་སུ་བཟུང་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་བཟུང་བར་འགྱུར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་བཟུང་བར་ འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །རང་བྱང་ཆུབ་ཡོངས་སུ་བཟུང་བར་འགྱུར་ རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཟུང་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་བ་དང་། ཡོངས་སུ་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས་ཚེ་འདི་ལ་ཡོན་ཏན་གང་དང་གང་ཡོངས་སུ་ཟིན་པར་འགྱུར་བ། དེ་དག་བསྟན་ཀྱིས། ཤིན་ཏུ་ ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས། ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་མུ་སྟེགས་ཅན་གཞན་དང་། མུ་སྟེགས་སྤྱོད་པ་དང་། ཀུན་ཏུ་རྒྱུ་བ་དང་། བདུད་དམ། བདུད་ཀྱི་རིགས་སུ་གཏོགས་པའི་ལྷ་འམ། གང་ཟག་ང་རྒྱལ་ཅན་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྒལ་བར་འདོད་པ་དང་། འདི་དང་དབྲལ་བར་འདོད་པ་དང་། འདི་ལ་ བརྩད་པར་འདོད་པ་དང་། དགལ་བར་འདོད་པ་ཞིག་བྱུང་ན། བརྒལ་བར་འདོད་པ་དང་། དབྲལ་བར་འདོད་པ་དང་། བརྩད་པར་འདོད་པ་དང་། དགལ་བར་འདོད་པ་དེ་དག་གིས་རྒོལ་བ་དང་། དབྲལ་བར་བྱ་བ་དང་། བརྩད་པ་དང་། འགལ་བར་བྱེད་ པ་གང་དང་གང་བྱུང་བ་ཀུན་ཀྱང་མྱུར་དུ་ནུབ་ཅིང་མྱེད་པར་འགྱུར་ཏེ། བརྒལ་བར་དགའ་བ་དང་། དབྲལ་བར་དགའ་བ་དང་། བརྩད་པར་དགའ་བ་དང་། དགལ་བར་དགའ་བ་དེ་དག་གི་བསམ་པ་ཡང་ཡོངས་སུ་རྫོགས་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གང་གི་དོན་དུ་སེམས་ཅན་རྣམས་ཡུན་རིང་པོར་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། ཤགས་སུ་གྱུར་པའི་ཕྱི་ནང་ གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཚུལ་ཁྲིམས་ངན་པར་གྱུར་པའི་ཕྱི་ནང་གི་ཆོས་ དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཁྲོ་བ་དང་། གནོད་སེམས་དང་། འཚེ་བར་ གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ལེ་ལོ་བྱེད་པར་གྱུར་ པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་སེམས་ གཡེངས་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ ཅན་དེ་དག་ཡུན་རིང་པོར་ཤེས་རབ་འཆལ་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པ་དང་། ཡང་དག་པར་བསྐུལ་བའི་ ཕྱིར་རོ། །ཀཽ་ཤི་ཀ་གང་གི་དོན་དུ་སེམས་ཅན་དེ་དག་འདི་ལྟ་སྟེ། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བས། འཁོར་བ་ན་འཁོར་བར་གྱུར་པའི་བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་ བཅིལ་ཏེ། སེམས་ཅན་དེ་དག་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཚད་མྱེད་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །མངོན་ པར་ཤེས་པ་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་བཞི་པ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཡང་དག་པར་སྤོང་བ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་ བསྐུལ་བའི་ཕྱིར་རོ། །དབང་པོ་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །སྟོབས་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །འཕགས་པའི་བདེན་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་ པར་བསྐུལ་བའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཏིང་ངེ་འཛིན་ཐམས་ཅད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །གཟུངས་ཀྱི་སྒོ་ཐམས་ཅད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། དེ་བཞིན་གཤེགས་ པའི་སྟོབས་བཅུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །མྱི་འཇིགས་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །བྱམས་པ་ཆེན་པོ་ལ་ཡང་དག་པར་བསྐུལ་བའི་ཕྱིར་ རོ། །སྙིང་རྗེ་ཆེན་པོ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རང་བྱང་ཆུབ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །བླ་ན་མྱེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། འདི་ལ་ཡོན་ཏན་དེ་དག་འབྱུང་སྟེ། ཚེ་རབས་གཞན་ལ་ ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས་སྨོན་ལམ་གྱི་ཚུལ་བཞིན་དུ་རབ་ཏུ་བཀོད་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་ འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། ཀཽ་ཤི་ཀ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚེ་རབས་གཞན་ལ་འབྱུང་བའི་ཡོན་ཏན་དང་ལེགས་པ་དག་གོ །ཀཽ་ཤི་ཀ་གཞན་ཡང་སའི་ཕྱོགས་ གང་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡོད་པའི་སའི་ཕྱོགས་དེར་བདུད་དམ། བདུད་ཀྱི་ རིས་སུ་གཏོགས་པའི་ལྷ་འམ། མུ་སྟེགས་ཅན་གཞན་དང་། ཀུན་ཏུ་རྒྱུ་བའམ། གང་ཟག་ང་རྒྱལ་ཅན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྒལ་བའམ། བརྩད་པ་འམ། དགལ་བ་འམ། མྱེད་པར་བྱ་བའི་ཕྱིར། འོང་བར་མྱི་ ནུས་ཏེ། དེའི་གོང་དུ་དེ་དག་ལ་ཡོན་ཏན་དང་ལེགས་པར་འགྱུར་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་དང་། གཟུང་བ་དང་བསྒོམ་པས། ཐེག་པ་གསུམ་གྱིས་བྱུང་ནས། སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་ དཔེར་ན། རྩི་མ་གི་ཞེས་བྱ་བ། དུག་ཐམས་ཅད་ཞི་བར་བྱད་པ་ཡོད་དེ། དེར་སྦྲུལ་ལམ། སྲོག་ཆགས་བཀྲེས་པས་མནར་ཅིང་ཟས་ཚོལ་བ་ཞིག་གིས། སྲོག་ཆགས་ཀྱི་རིགས་ལ་ལ་མཐོང་བར་གྱུར་ཏེ། དེས་སྲོག་ཆགས་ཀྱི་རིགས་དེ་བཟའ་ བའི་ཕྱིར། དེའི་རྗེས་སུ་འབྲང་སྟེ། བསྙགས་པར་གྱུར་ན། དེ་ནས་སྲོག་ཆགས་ཀྱི་རིགས་དེ་འཆི་བས་འཇིགས་ཤིང་སྐྲག་སྟེ། རྩི་མ་གི་གང་ན་ཡོད་པ་དེར་སོང་ན། དེ་ནས་སྦྲུལ་དེ་རྩི་དེའི་དྲི་ཚོར་བ་ཙམ་གྱིས་ཕྱིར་ལྡོག་པར་འགྱུར་རོ། དེ་ཅིའི་ཕྱིར་ ཞེ་ན། ཀཽ་ཤི་ཀ་དེ་ལྟར་སྦྲུལ་གྱི་གདུག་པ་ཟིལ་གྱིས་གནོན་པ་དེ་ནི། རྩི་མ་གིའི་ཡོན་ཏན་ཏེ། ཀཽ་ཤི་ཀ་རྩི་མ་གི་དེ་ནི་དེ་ལྟ་བུའི་མཐུ་དང་ལྡན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་ པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་ནི། ཀཽ་ཤི་ཀ་རྒོལ་བ་དང་། རྩོད་པ་དང་། འགལ་བར་བྱེད་པ་གང་དང་གང་བྱུང་བ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟི་ བརྗིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་དེ་དག་ཉེ་བར་ཞི་བ་དང་མྱེད་པར་འགྱུར་ཏེ། གང་དང་གང་ནས་བྱུང་བ་དེ་དང་དེ་ཉིད་དུ་མྱེད་པར་འགྱུར་ཏེ། རྣམ་པར་འཕེལ་བར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྡིག་ཏོ་མྱི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་སྟེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྡིག་ཏོ་མྱི་དགེ་བའི་ཆོས་གང་ཐམས་ཅད་ཉེ་བར་ཞི་བར་བྱེད་ཅིང་། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ཞེ་ན། འདི་ལྟ་སྟེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མ་རིག་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུ་བྱེད་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་ བར་བྱེད་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱིང་དང་གཟུགས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྐྱེ་མཆེད་དྲག་ཉེ་བར་ཞི་བར་བྱེད་དེ། རྣམ་ པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རེག་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚོར་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲེད་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་ བྱེད་པ་མ་ཡིན་ནོ། །ལེན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲིད་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྐྱེ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྒ་ ཤི་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྡུག་ བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་གི་བར་དུ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བར་དུ་གཅོད་པ་རྣམས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྒྲིབ་པ་རྣམས་ཉེ་ བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བག་ལ་ཉལ་བ་རྣམས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཀུན་ནས་ལྡང་བ་རྣམས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བདག་ཏུ་ལྟ་བ་ཉེ་ བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སེམས་ཅན་དུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲོག་ཏུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འགྲོ་བར་ལྟ་བ་ ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གསོ་བར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྐྱེས་བུར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གང་ཟག་ཏུ་ལྟ་བ་ཉེ་ བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེད་ཅན་དུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེད་བདག་ཏུ་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བྱེད་པ་པོར་ལྟ་བ་ ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚོར་བ་པོར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེས་པ་པོར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མཐོང་པ་ པོར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཆད་པར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྟག་པར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ཡོད་པར་ལྟ་བ་ཉེ་བར་ ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱེད་པར་ལྟ་བ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ལྟ་བའི་རྣམ་པ་ཐམས་ཅད་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སེར་སྣ་ཉེ་བར་ཞི་བར་བྱེད་དེ་ རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚུལ་ཁྲིམས་ངན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གནོད་སེམས་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ལེ་ལོ་ཉེ་བར་ཞི་བར་བྱེད་དེ། རྣམ་ པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འཁྲུག་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཤེས་རབ་འཆལ་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྟག་པར་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བདེ་བར་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བདག་ཏུ་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ། སྡུག་པར་འདུ་ཤེས་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྲེད་པས་སྲེད་པའི་རྣམ་པར་སྤྱོད་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །གཟུགས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་ འཕེལ་བར་བྱེད་པ་མ་ཡིན་ནོ། །ཚོར་བར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུ་ཤེས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུ་བྱེད་དུ་འཛིན་པ་ཉེ་བར་ཞི་བར་ བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྣམ་པར་ཤེས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་ བར་བྱེད་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་ བྱེད་པ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། །རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ནང་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཆེན་པོ་ སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་ བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་ འཕེལ་བར་བྱེད་པ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་ མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་ མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཡང་དག་པར་སྤོང་བར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པར་འཛིན་ པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དབང་པོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྟོབས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བྱང་ ཆུབ་ཀྱི་ཡན་ལག་ཏུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །འཕགས་པའི་བདེན་ པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བསམ་གཏན་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚད་མྱེད་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་ བར་བྱེད་པ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། རྣམ་པར་ཐར་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་ པ་མ་ཡིན་ནོ། །མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་འཛིན་པ་ཉེ་བར་ཞི་ བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མངོན་པར་ཤེས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཏིང་ངེ་འཛིན་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ། གཟུངས་ཀྱི་སྒོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་སུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱི་འཇིགས་པར་འཛིན་པ་ཉེ་བར་ཞི་བར་བྱེད་ དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བྱམས་པ་ཆེན་པོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། ། སྙིང་རྗེ་ཆེན་པོར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་དུ་འཛིན་པ་ཉེ་ བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་ པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱ་ངན་ལས་འདས་པར་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ཏེ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་ནི་སྡིག་ཏོ་མི་དགེ་བའི་ཆོས་དེ་དག་ཐམས་ཅད་ཞི་བར་བྱེད་པ་ ཡིན་ཏེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མྱི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཀུན་སྣང་དང་བའི་ལྷ་ རྣམས་དང་། དགེ་རྒྱས་ཀྱི་ལྷ་རྣམས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་ལྷ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་ བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་རྟག་ཏུ་རྒྱུན་མྱི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་བཞུགས་ ཤིང་འཚོ་སྐྱོང་བ་དེ་དག་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་རྟག་ཏུ་རྒྱུན་མྱི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་མཛད་དེ། དེ་ནི་མྱི་དགེ་བའི་ཆོས་རྣམས་ཡོངས་སུ་སྤངས་ཤིང་དགེ་བའི་ཆོས་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ། འདི་ལྟར་མྱི་དམྱིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་ འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བཟོད་པའི་ ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་ འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་ཀྱིས། རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཀྱིས་རྣམ་ པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་ སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་ གྱིས་དོན་དམ་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། ། མྱི་དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་ མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་ རོ། །མྱི་དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སྟོབས་ རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་ སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བསམ་གཏན་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་ཀྱིས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ ཚུལ་གྱིས། རྣམ་པར་ཐར་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་ སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། མྱི་ དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་ པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་རྣམ་པར་འཕེལ་ བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་ པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་ སྙིང་རྗེ་ཆེན་པོས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་ རོ། །མྱི་དམྱིགས་པའི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་ སུ་འགྲིབ་པར་མྱི་འགྱུར་རོ། །མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། །ཡོངས་སུ་འགྲིབ་པར་མྱི་འགྱུར་རོ། །དེ་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ། །ཚིག་རན་པ་ དང་ལྡན་པར་འགྱུར་རོ། །ཚིག་འཆལ་བ་མྱེད་པ་དང་ལྡན་པར་འགྱུར་རོ། །ཁྲོ་བའི་ཟིལ་ཀྱིས་ནོན་པ་མྱེད་པར་འགྱུར་རོ། །ང་རྒྱལ་གྱི་ཟིལད་ཀྱིས་ནོན་པ་མྱེད་པར་འགྱུར་རོ། །སེར་སྣ་ཅན་དུ་མྱི་འགྱུར་རོ། །ཕྲག་དོག་ཅན་ དུ་མྱི་འགྱུར་རོ། །བདག་ཀྱང་སྲོག་གཅོད་པ་སྤངས་པར་འགྱུར། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་སྲོག་གཅོད་པ་སྤངས་ན་ཡང་དེ་དག་ གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མ་བྱིན་པར་ལེན་པ་སྤོངས་པར་འགྱུར། གཞན་ཡང་མ་བྱིན་པར་ལེན་པ་སྤང་བ་ལ་ཡང་དག་པར་སྐུལ་བར་འགྱུར། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་མ་བྱིན་པར་ལེན་པ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པར་འགྱུར། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་ པར་སྐུལ་བར་འགྱུར། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་འདོད་པས་ལོག་པར་གཡེམ་པ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བརྫུན་དུ་སྨྲ་བ་ སྤངས་པར་འགྱུར། གཞན་ཡང་བརྫུན་དུ་སྨྲ་བ་སྤང་བ་ལ་ཡང་དག་པར་སྐུལ་བར་འགྱུར། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་བརྫུན་དུ་སྨྲ་བ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་ འགྱུར་རོ། །བདག་ཀྱང་ཕྲ་མ་སྤངས་པར་འགྱུར། གཞན་ཡང་ཕྲ་མ་སྤང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ཕྲ་མ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ཕྲ་མ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་ འགྱུར་རོ། །བདག་ཀྱང་ཞེ་གཅོད་པ་སྤངས་པར་འགྱུར། གཞན་ཡང་ཞེ་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ཞེ་གཅོད་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ཞེ་གཅོད་པ་སྤངས་ན་ཡང་དེ་དག་གི་ལེགས་ པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཚིག་ཀྱལ་པ་སྤངས་པར་འགྱུར། གཞན་ཡང་ཚིག་ཀྱལ་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ཚིག་ཀྱལ་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ཚིག་ཀྱལ་པ་ སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཆགས་སེམས་སྤངས་བར་འགྱུར། གཞན་ཡང་ཆགས་སེམས་སྤང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ཆགས་སེམས་སྤོང་བའི་ལེགས་པ་རྗོད་ པར་འགྱུར། གཞན་གྱིས་ཆགས་སེམས་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་གནོད་སེམས་སྤངས་པར་འགྱུར། གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། གནོད་སེམས་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་གནོད་སེམས་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ལོག་པར་ལྟ་བ་སྤངས་པར་འགྱུར། གཞན་ཡང་ལོག་པར་ལྟ་བ་ སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ལོག་པར་ལྟ་བ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ལོག་པར་ལྟ་བ་སྤངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་ དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་ འགྱུར། གཞན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ལེགས་པ་རྗོད་པར་འགྱུར། གཞན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་ པ་རྗོད་པར་འགྱུར། གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ནང་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་ འགྱུར། ནང་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ནང་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཕྱི་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ཕྱི་སྟོང་པ་ཉིད་ལ་ ཡང་དག་པར་སྐུལ་བར་འགྱུར། ཕྱི་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཕྱི་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཕྱི་ནང་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ ཕྱི་ནང་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཕྱི་ནང་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཕྱི་ནང་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོང་པ་ཉིད་སྟོང་པ་ ཉིད་ལ་སྒོམ་པར་འགྱུར། གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་སྟོང་པ་ཉིད་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་ སུ་དགའ་བར་འགྱུར་རོ། །བདག་ཀྱང་ཆེན་པོ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ཆེན་པོ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཆེན་པོ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཆེན་པོ་སྟོང་པ་ཉིད་ལ་སྒོམ་ན་ ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དོན་དམ་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་དོན་དམ་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། དོན་དམ་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དོན་དམ་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདུས་བྱས་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་འདུས་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་ བར་འགྱུར། འདུས་བྱས་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་འདུས་བྱས་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདུས་མ་བྱས་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། འདུས་མ་བྱས་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་འདུས་མ་བྱས་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་མཐའ་ལས་འདས་པ་ སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྒོམ་པར་ འགྱུར། གཞན་ཡང་དོར་བ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་ འགྱུར་རོ། །བདག་ཀྱང་རང་བཞིན་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་རང་བཞིན་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། རང་བཞིན་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རང་བཞིན་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་ དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ལེགས་པ་ རྗོད་པར་འགྱུར། གཞན་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་རང་གི་མཚན་ཉིད་སྟོང་པ་ ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མྱི་ དམྱིགས་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་མྱི་དམྱིགས་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་མྱི་དམྱིགས་པ་སྟོང་པ་ཉིད་ལ་སྒོམ་ན་ ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། དངོས་པོ་མྱེད་པ་ སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་ངོ་བོ་ཉིད་ སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ངོ་བོ་ཉིད་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྒོམ་པར་འགྱུར། གཞན་ཡང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དངོས་པོ་མྱེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དགུ་པ། །བདག་ཀྱང་ ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་གཟུངས་རྣམས་ཐོབ་པར་འགྱུར། གཞན་ཡང་གཟུངས་རྣམས་ཐོབ་པར་བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། གཟུངས་རྣམས་ཐོབ་པར་བྱེད་པའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་གཟུངས་རྣམས་ཐོབ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་དང་པོའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་པར་ འགྱུར་རོ། །བདག་ཀྱང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་པར་སྐུལ་པར་འགྱུར། བསམ་གཏན་གཉིས་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་གཉིས་ པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་གསུམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་ གཏན་གསུམ་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་བཞི་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། ། བདག་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བྱམས་པ་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། བྱམས་པ་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་བྱམས་པ་ལ་ སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྙིང་རྗེས་སྙོམས་པར་འཇུག་པར་འགྱུར། གཞན་ཡང་སྙིང་རྗེ་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། སྙིང་རྗེ་ལ་ སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་སྙིང་རྗེ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དགའ་བ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་དགའ་བ་ལ་ སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། དགའ་བ་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་དགའ་བ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་ འགྱུར་རོ། །བདག་ཀྱང་བཏང་སྙོམས་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བཏང་སྙོམས་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། བཏང་སྙོམས་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་བཏང་སྙོམས་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ནམ་མཁའ་མཐའ་ཡས་ སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་ སྐུལ་བར་འགྱུར། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་ རོ། །བདག་ཀྱང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ པའི་ལེགས་པ་རྗོད་པར་འགྱུར། གཞན་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ པར་འགྱུར། གཞན་ཡང་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་དྲན་པ་ཉེ་བར་གཞག་པ་བསྒོམ་ པ་ལ་ཡང་དག་པར་སྐུལ་བར་འགྱུར། དྲན་པ་ཉེ་བར་གཞག་པ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་དྲན་པ་ཉེ་བར་གཞག་པ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཡང་དག་པར་སྤོང་བ་ བཞི་ལ་སྒོམ་པར་འགྱུར། གཞན་ཡང་ཡང་དག་པར་སྤོང་བ་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། ཡང་དག་པར་སྤོང་བ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་ཡང་ཡང་དག་པར་སྤོང་བ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་ རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། རྫུ་འཕྲུལ་གྱི་རྐང་པ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་རྫུ་འཕྲུལ་གྱི་རྐང་པ་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དབང་པོ་ལྔ་ལ་སྒོམ་པར་འགྱུར། གཞན་ཡང་དབང་པོ་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། དབང་པོ་སྒོམ་པའི་ ལེགས་པ་རྗོད་པར་འགྱུར། གཞན་དབང་པོ་རྣམས་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོབས་ལྔ་ལ་སྒོམ་པར་འགྱུར། གཞན་ཡང་སྟོབས་བསྒོམ་པ་ལ་ཡང་དག་པར་སྐུལ་ བར་འགྱུར། སྟོབས་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་སྟོབས་རྣམས་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྒོམ་པར་འགྱུར། གཞན་ཡང་བྱང་ཆུབ་ཀྱི་ ཡན་ལག་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། བྱང་ཆུབ་ཀྱི་ཡན་ལག་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་བྱང་ཆུབ་ཀྱི་ཡན་ལག་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་འགྱུར། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྒོམ་པར་འགྱུར། གཞན་ཡང་སྟོང་ པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་བར་འགྱུར། །སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་གྱི་ལགས་པ་རྗོད་པར་འགྱུར། གཞན་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པར་སྙོམས་པར་ འཇུག་པར་འགྱུར། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་སྐུལ་བར་འགྱུར། རྣམ་པར་ཐར་པ་བརྒྱད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པར་ སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་མཐརད་ཀྱིས་གནས་པའི་སྙོམས་པར་ འཇུག་པ་དགུ་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ལེགས་པ་རྗོད་པར་འགྱུར། གཞན་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་ འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བར་ འགྱུར། དེ་བཞིན་གཤེགས་པའི་སྟོབས་བཅུའི་ལེགས་པ་རྗོད་པར་འགྱུར། གཞན་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མྱི་ འཇིགས་པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་མྱི་འཇིགས་པ་བཞི་ལ་ཡང་དག་པར་སྐུལ་བར་འགྱུར། མྱི་འཇིགས་པ་བཞིའི་ལེགས་པ་རྗོད་པར་འགྱུར། གཞན་མྱི་འཇིགས་པ་བཞི་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒོམ་པར་འགྱུར། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་བསྒོམ་པར་ཡང་དག་པར་སྐུལ་བར་འགྱུར། སོ་སོ་ཡང་དག་པར་རིག་པ་ བཞིའི་ལེགས་པ་རྗོད་པར་འགྱུར། གཞན་སོ་སོ་ཡང་དག་པར་རིག་པ་བཞི་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་པར་ འགྱུར། གཞན་ཡང་བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་བྱམས་པ་ཆེན་པོ་ལ་སྙོམས་པར་འཇུག་ན། ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྙིང་རྗེ་ཆེན་པོ་ལ་སྒོམ་པར་འགྱུར། གཞན་ཡང་སྙིང་རྗེ་ཆེན་པོ་ལ་བསྒོམ་པར་ཡང་དག་བར་སྐུལ་བར་འགྱུར། སྙིང་རྗེ་ཆེན་པོ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་སྙིང་རྗེ་ཆེན་པོ་ལ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒྲུབ་པར་འགྱུར། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ བསྒྲུབ་པ་ལ་ཡང་དག་པར་སྐུལ་བར་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒྲུབ་པའི་ལེགས་པ་རྗོད་པར་འགྱུར། གཞན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒྲུབ་པར་གྱུར་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་ རོ། །བདག་ཀྱང་ཡོངས་སུ་མྱི་ཉམ་པའི་ཆོས་ཅན་དུ་འགྱུར། གཞན་ཡང་ཡོངས་སུ་མྱི་ཉམ་པའི་ཆོས་ཉིད་ལ་ཡང་དག་བར་སྐུལ་བར་འགྱུར། ཡོངས་སུ་མྱི་ཉམ་པའི་ཆོས་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ཡོངས་སུ་མྱི་ཉམ་པའི་ ཆོས་ཅན་དུ་གྱུར་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྟག་ཏུ་བཏང་སྙོམས་ལ་གནས་པར་འགྱུར། གཞན་ཡང་རྟག་ཏུ་བཏང་སྙོམས་ལ་གནས་པར་ཡང་དག་པར་སྐུལ་བར་འགྱུར། བཏང་སྙོམས་ལ་རྟག་ ཏུ་གནས་པའི་ལེགས་པ་རྗོད་པར་འགྱུར། གཞན་བཏང་སྙོམས་ལ་རྟག་ཏུ་གནས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར། གཞན་ཡང་ལམ་ གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་ རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེགས་པ་ རྗོད་པར་འགྱུར། གཞན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །དེ་ཕ་རོལད་ཏུ་ཕྱིནད་པ་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་ཡང་། དེ་སེམས་ཅན་ཐམས་ཅད་ དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལད་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །ཚུལ་ཁྲིམས་སྲུང་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ ཚུལ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །བཟོད་པ་སྒོམ་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །བརྩོན་འགྲུས་རྩོམ་ཡང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། ། བསམ་གཏན་ལ་སྙོམས་པར་འཇུག་ཀྱང་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །ཤེས་རབ་སྒོམ་ཡང་ དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མྱི་དམྱིགས་པའི་ཚུལ་གྱིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དྲན་པ་སྐྱེ་བར་འགྱུར་ཏེ། གལ་ཏེ་བདག་གིས་སྦྱིན་པ་མ་བཏང་ན། ངན་སོང་གི་རྒྱུད་དུ་སྐྱེ་བར་འགྱུར་ཏེ། བདག་གིས་སེམས་ཅན་ཡོངས་སུ་སྨྱིན་པར་ཡང་མྱི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་བདག་གིས་ཚུལ་ཁྲིམས་མ་བསྲུངས་ན། ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཏེ། མྱིའི་ལུས་ཐོབ་པར་ཡང་མྱི་འགྱུར། བདག་གིས་སེམས་ཅན་ཡོངས་སུ་སྨྱིན་པར་ཡང་མྱི་ འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་བདག་གིས་བཟོད་པ་མ་བསྒོམས་ན་བདག་གི་དབང་པོ་རྣམས་ཀྱང་ཉམས་པར་འགྱུར། བདག་གི་བཞིན་གྱི་དཀྱིལ་འཁོར་ཡང་གཟི་མྱེད་པར་འགྱུར། གཟུགས་ཕུན་སུམ་ཚོགས་པར་ཡང་འཐོབ་པར་མྱི་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་གང་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མཐོང་མ་ཐག་ཏུ་ སེམས་ཅན་རྣམས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མྱི་ཟ་བར་འགྱུར་བ་དེ་ལྟ་བུ་འང་མྱེད་པར་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པས་སེམས་ཅན་ཡོངས་སུ་སྨྱིན་པར་ཡང་མྱི་འགྱུར། སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་ལེ་ལོར་གྱུར་ན། བདག་གིས་བྱང་ཆུབ་ཀྱི་ལམ་ཐོབ་པར་ཡང་མྱི་ནུས། སེམས་ཅན་ཡོངས་སུ་སྨྱིན་པར་ཡང་མྱི་འགྱུར། སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མྱི་འགྱུར་རོ། །གལ་ཏེ་སེམས་འཁྲུག་པར་གྱུར་ན། བདག་གིས་ཏིང་ངེ་འཛིན་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ བསྐྱེད་པར་མྱི་ནུས། བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་ཡང་མི་འགྱུར་རོ། །གལ་ཏེ་ཤེས་རབ་འཆལ་བར་གྱུར་ན། བདག་གིས་ཤེས་རབ་དང་ཐབས་ མཁས་པས་ཉན་ཐོས་ཀྱིས་དང་རང་སངས་རྒྱས་ཀྱིས་ལས་བཟླས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་ཡང་མྱི་ནུས་སོ། ། ཞེས་དེ་འདི་ལྟར་ཡང་དག་པར་སློབ་སྟེ། དེ་ལྟར་བདག་གིས་སེར་སྣའི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །ཚུལ་ཁྲིམས་ངན་པའི་དབང་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །གནོད་སེམས་ཀྱི་དབང་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །ལེ་ལོའི་དབང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ ནི་མྱི་རིགས་མྱི་ཆའོ། །འཁྲུག་པའི་དབང་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་རིགས་མྱི་ཆའོ། །ཤེས་རབ་འཆལ་བའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མྱི་བྱ་བ་ནི་མྱི་ རིགས་མྱི་ཆ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་བྱས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མྱི་འགྱུར་རོ། །ཞེས་བྱ་བར་དྲན་པ་སྐྱེ་བར་འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མྱི་འབྲལ་བ་དེ་དག་གི་ཚེ་འདི་དང་ཚེ་རབས་གཞན་ལ་ཡོན་ཏན་འདི་དག་འཐོབ་པར་འགྱུར་རོ། །བརྒྱ་ བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པར་འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མྱེད་པའི་དོན་དུ་ཉེ་བར་གནས་པ་ཡིན། །བརྒྱ་བྱིན་གྱིས་གསོལ་ པ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ལ་སྦྱིན་པ་ ཡོངས་སུ་གཏོང་བ་བགྱིད་ཅིང་འདི་སྙམ་དུ་འདི་ལྟར་བདག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། ཕོངས་པ་དང་། ཉམ་ཐག་པ་དང་། འདྲོན་པོ་དང་། སློང་བ་རྣམས་ལ་སྦྱིན་པ་ ཡོངས་སུ་གཏོང་ངོ་སྙམ་དུ་སེམས་ན། དེ་ཐབས་མྱི་མཁས་པའི་སྦྱིན་པ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། ། བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་དོ། །བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་མོ་སྙམ་ན་ཡང་དེ་ཐབས་མྱི་མཁས་པའི་སླད་དུ། འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ང་རྒྱལ་དུ་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་ཚེ། འདི་ སྙམ་དུ་འདི་ལྟར་བདག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །ཡང་དག་པར་སྤོང་བ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཡང་དག་པར་སྤོང་ བ་རྣམས་སྒོམ་མོ་སྙམ་ན་ཡང་དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་རྫུ་འཕ