Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 017_འབུམ།_ང
Văn bản gốc(Tây Tạng)
Trang 22 / 23 (50.000 ký tự/trang)
ནས། སྲིད་པ་ལ་མི་གནས། སྐྱེ་བ་ལ་མི་གནས། རྒ་ཤི་ལ་ མྱི་གནས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་མྱི་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱི་གནས་སོ། །ནང་སྟོང་པ་ཉིད་ལ་མྱི་གནས། ཕྱི་སྟོང་པ་ཉིད་ལ་མྱི་གནས། ཕྱི་ནང་སྟོང་པ་ཉིད་ལ་མྱི་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་མྱི་གནས། ཆེན་པོ་སྟོང་པ་ཉིད་ལ་མྱི་གནས། དོན་དམ་པ་སྟོང་པ་ཉིད་ལ་མི་གནས། འདུས་བྱས་སྟོང་པ་ཉིད་ལ་མྱི་གནས། འདུས་མ་བྱས་སྟོང་པ་ཉིད་ལ་མི་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མྱི་གནས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མྱི་གནས། དོར་བ་མེད་པ་སྟོང་པ་ཉིད་ལ་མྱི་གནས། རང་བཞིན་སྟོང་པ་ཉིད་ལ་མྱི་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མྱི་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མི་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་མྱི་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་མྱི་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མྱི་ གནས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་མྱི་གནས། ཡང་དག་པར་སྤོང་བ་རྣམས་ལ་མི་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱི་གནས། དབང་པོ་རྣམས་ལ་མྱི་གནས། སྟོབས་རྣམས་ལ་མི་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱི་གནས། འཕགས་ པའི་ལམ་ཡན་ལག་བརྒྱད་པ་ལ་མི་གནས་སོ། །འཕགས་པའི་བདེན་པ་རྣམས་ལ་མྱི་གནས། བསམ་གཏན་རྣམས་ལ་མྱི་གནས། ཚད་མྱེད་པ་རྣམས་ལ་མྱི་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་གནས། རྣམ་པར་ཐར་པ་རྣམས་ལ་མྱི་ གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་གནས། མངོན་པར་ཤེས་པ་རྣམས་ལ་མྱི་གནས། ཏིང་ངེ་འཛིན་རྣམས་ལ་མྱི་གནས། གཟུངས་ ཀྱི་སྒོ་རྣམས་ལ་མྱི་གནས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མྱི་གནས་མྱི་འཇིགས་པ་རྣམས་ལ་མྱི་གནས། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མྱི་གནས། བྱམས་པ་ཆེན་པོ་ལ་མྱི་གནས། སྙིང་རྗེ་ཆེན་པོ་ལ་མྱི་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་བ་རྣམས་ལ་མྱི་གནས་སོ། །ཐམས་ཅད་ཤེས་པ་ཉིད་ལ་མྱི་གནས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མྱི་གནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མྱི་གནས་སོ། །རབ་འབྱོརད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཇི་ལྟར་དེ་བཞིན་གཤེགས་པར་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཚོར་བ་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན། འདུ་ཤེས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུ་བྱེད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ ཡིན། རྣ་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལུས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྒྲ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དྲི་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རོ་ལ་གནས་ བ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རེག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཆོས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་གི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣ་བའི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣའི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེའི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལུས་ཀྱི་ རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་གི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣ་བའི་འདུས་ཏེ་ རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣའི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་པ་ ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ ཡིན། ལུས་ཀྱི་འདུས་ཏེ་རེག་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་ པ་ཡང་མ་ཡིན། ཆུའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱེའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རླུང་གི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ནམ་མཁའི་ཁམས་ལ་ གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཤེས་པའི་ཁམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མ་རིག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུ་བྱེད་ལ་གནས་པ་ ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱིང་དང་གཟུགས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྐྱེ་མཆེད་དྲུག་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན་ རེག་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྐྱེ་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྒ་ཤི་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལེན་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྲིད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྐྱེ་བ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྒ་ཤི་ལ་གནས་པ་ཡང་མ་ཡིན། རྒ་ཤི་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་ པ་ཡང་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ནང་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་ པ་ཡང་མ་ཡིན། ཕྱི་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཆེན་པོ་སྟོང་པ་ ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དོན་དམ་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུས་བྱས་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལ་གནས་ པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རང་བཞིན་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རང་གི་མཚན་ཉིད་ སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ངོ་བོ་ཉིད་ སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཡང་དག་པར་སྤང་བ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དབང་པོ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྟོབས་རྣམས་ ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འཕགས་པའི་ལམ་ཡིན་ལག་བརྒྱད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། འཕགས་པའི་ བདེན་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བསམ་གཏན་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཚད་མྱེད་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཐར་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པ་ ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། མངོན་པར་ཤེས་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ ཡང་མ་ཡིན། ཏིང་ངེ་འཛིན་རྣམས་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན། གཟུངས་ཀྱི་སྒོ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ ཡང་མ་ཡིན། མྱི་འཇིགས་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། བྱམས་པ་ཆེན་པོ་ལ་གནས་ལ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སྙིང་རྗེ་ཆེན་པོ་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ཐམས་ཅད་ཤེས་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་ཡང་མ་ཡིན། མྱི་གནས་པ་ཡང་མ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པར་བྱ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་མྱི་དམྱིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །གནས་པར་བྱའོ། །དེ་ནས་འཁོར་དེའི་ནང་ནས། ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་ རྣམས་ཀྱི་གནོད་སྦྱིན་གྱི་ཚིག་དང་གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་ཀྱི་སྒྲ་དང་གནོད་སྦྱིན་གྱི་བརྗོད་པ་དེ་དག་ནི་སྨྲས་པར་གྱུར་ན། ཤེས་པར་རུང་གི །གང་འཕགས་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འཆད་པ་དང་། རྗོད་པ་དང་། སྟོན་པ་དང་། རྣམ་པར་ འབྱེད་པ་དང་། གསལ་བར་བྱེད་བ་དང་། གཏན་ལ་ཕབ་པར་སྟོན་པ་དེ་ནི་ཤེས་པར་མྱི་རུང་ངོ་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་ གང་སྨྲས་པ། དེ་ཤེས་བར་མྱི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོརད་ཤེས་པར་མྱི་རུང་ངོ་། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་ཀྱི། གང་མ་བརྗོད་པ་དེ་ནི་ཐོས་པར་མྱི་རུང་ངོ་། །གང་ ཐོས་པར་མྱི་རུང་བ་དེ་ནི་ཤེས་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་ཡིན་ཏེ། དེ་ལ་སུ་ཡང་སྟོན་པ་དང་། ཉན་པ་དང་ཤེས་པར་བྱེད་པ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་ཡིག་མྱེད་པའོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་སྤྲུལ་པ་ཞིག་སྤྲུལ་སྟེ། སྤྲུལ་པ་དེས་ཀྱང་དགེ་སློང་དང་ དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་མངོན་པར་སྤྲུལ་ལ། དེ་ནས་སྤྲུལ་པ་དེས་སྤྲུལ་པའི་འཁོར་བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། འཁོར་དེར་སུས་ཀྱང་བསྟན་པར་གྱུར་པའམ། སུས་ཀྱང་ཐོས་པའམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲུལ་པ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། ། སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །ལྷའི་བུ་དག་འདི་སྟེ་དཔེར་ན། སྐྱེས་བུ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིག་ཆོས་སྟོན་པར་མཐོང་ན། ལྷའི་བུ་དག་ ལ་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པ་འམ། ཐོས་པ་འམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མྱི་ལམ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། ། སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིས་ཤིག་རིའི་སུལ་དུ་འཁོད་དེ་སངས་རྒྱས་ཀྱི་ལེགས་པ་ཡང་བརྗོད། ཆོས་དང་དགེ་འདུན་གྱི་ལེགས་པ་ཡང་བརྗོད་ལ། དེ་གཉིས་ལས་སྒྲ་བརྙན་གྱི་ དབྱངས་བྱུང་ན། ལྷའི་བུ་དག་དེ་ལ་ཇི་སྙམ་དུ་སེམས། སྒྲ་བརྙན་གཅིག་པོ་དེས། སྒྲ་བརྙན་གཉིས་པའི་སྒྲ་ཤེས་པར་བྱས་པ་ཡོད་དམ། སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྲ་ བརྙན་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་པ་མྱེད་དོ། །སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་མཁན་པོ་འམ། སྒྱུ་མའི་མཁན་པོའི་མཚན་བུ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་དེ་བཞིན་གཤེགས། པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིག་མངོན་པར་སྤྲུལ་ཏེ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་ཡང་མངོན་པར་སྤྲུལ་ནས། དེས་སྤྲུལ་པའི་འཁོར་བཞི་ལ་ཆོས་བསྟན་ན། ལྷའི་བུ་དག་དེ་ལ་དྲི་ སྙམ་དུ་སེམས། དེ་ལ་སུས་ཀྱང་བསྟན་པའམ། ཐོས་པ་འམ། ཤེས་པར་གྱུར་པ་ཡོད་དམ། །སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མྱེད་དོ། །རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྐྱེ་མ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བསྟན་ པ་མྱེད་དོ། །སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་གསལ་བར་བྱེད་པ་སྟེ། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ གསལ་བར་བྱེད་ཀྱང་། ཟབ་པ་བས་ཀྱང་ཤིན་ཏུ་ཟབ་པ་སྟོན། ཕྲ་བ་བས་ཀྱང་ཤིན་ཏུ་ཕྲ་བ་ལ་འཇུག་གོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ཏེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་ སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚོར་བ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། འདུ་ཤེས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། འདུ་བྱེད་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །འདུ་ཤེས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །འདུ་བྱེད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ ཡིན་ནོ། །རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །མྱིག་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལྕེ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ནི་ཟབ་པ་ མ་ཡིན་ཕྲ་བ་མ་ཡིན། ཡིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིད་ནོ། །རྣ་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྣའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལྕེའི་ རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ལུས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྒྲ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ ཡིན། དྲི་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རོ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རེག་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཆོས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྒྲའི་རང་བཞིན་ནི་ཟབ་པ་ མ་ཡིན་ཕྲ་བ་མ་ཡིན་ནོ། །དྲིའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རེག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆོས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱིག་གི་རྣམ་པར་ ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བའི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣའི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལྕེའི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་གི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྣའི་རྣམ་པར་ཤེས་པའི་ རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ ནོ། །མྱིག་གི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣའི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ཀྱི་འདུས་ཏེ་ རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་གི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་བ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ ཕྲ་བ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་པ་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་བྲ་བ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་ རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་ མ་ཡིན། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ ནོ། །སའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཆུའི་ཁམས་ནི་ཟབ་པ་མ་ཡིན་པ་བ་མ་ཡིན། མྱའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རླུང་གི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ནམ་མཁའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པར་ཤེས་ པའི་ཁམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆུའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱེའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ ནོ། །རླུང་གི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ནམ་མཁའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མ་རིག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། འདུ་བྱེད་ ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པར་ཤེས་པ་ནི་ཟབ་བ་མ་ཡིན། མྱིང་དང་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྐྱེ་མཆེད་དྲུག་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རེག་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚོར་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྲེད་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལེན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྲིད་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྐྱེ་བ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྒ་ཤི་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་ བ་མ་ཡིན་ནོ། །འདུ་བྱེད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མྱིང་དང་གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྐྱེ་མཆེད་དྲུག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། ། རེག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཚོར་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྲེད་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལེན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྲིད་པའི་རང་བཞིན་ནི་ཟབ་པ་མ་ཡིན་ ཕྲ་བ་མ་ཡིན་ནོ། །སྐྱེ་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྒ་ཤིའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ནང་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་ བ་མ་ཡིན། ཕྱི་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཆེན་པོ་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དོན་དམ་པ་སྟོང་པ་ཉིད་ནི་ཟབ་པ་ མ་ཡིན་ཕྲ་བ་མ་ཡིན། འདུས་བྱས་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཟབ་པ་མ་ ཡིན་ཕྲ་བ་མ་ཡིན། དོར་བ་མྱེད་པ་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རང་བཞིན་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། མྱི་དམྱིགས་པ་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཕྲ་བ་མ་ཡིན། དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ངོ་བོ་ཉིད་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ ཕྱིར་ཞེ་ན། ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །འདུས་ མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དོར་བ་མྱེད་པ་སྟོང་པ་ ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ ཡིན་ཕྲ་བ་མ་ཡིན་ནོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཡང་དག་པར་སྤོང་བ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དབང་ པོ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྟོབས་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། འཕགས་པའི་བདེན་པ་རྣམས་ནི་ཟབ་ པ་མ་ཡིན་ཕྲ་བ་མ་ཡིན། བསམ་གཏན་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཚད་མྱེད་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པར་ཐར་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། མཐར་ ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། མངོན་པར་ཤེས་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཏིང་ངེ་འཛིན་རྣམས་ ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། གཟུངས་ཀྱི་སྒོ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། མི་འཇིག་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཟབ་པ་མ་ཡིན་ ཕྲ་བ་མ་ཡིན། བྱམས་པ་ཆེན་པོ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སྙིང་རྗེ་ཆེན་པོ་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཉེ་བར་གཞག་པའི་རང་བཞིན་ནི་ཟབ་པ་མ་ ཡིན་ཕྲ་བ་མ་ཡིན་ནོ། །ཡང་དག་པར་སྤོང་བའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དབང་པོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྟོབས་ཀྱི་རང་བཞིན་ནི་ཟབ་པ་མ་ ཡིན་ཕྲ་བ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །འཕགས་པའི་བདེན་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། ། བསམ་གཏན་གྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཚད་མྱེད་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པར་ཐར་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་ མ་ཡིན་ནོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །མངོན་ པར་ཤེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཏིང་ངེ་འཛིན་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །གཟུངས་ཀྱི་སྒོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ ཡིན་ནོ། །མྱི་འཇིགས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སོ་སོ་ཡང་དག་པར་རིག་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །བྱམས་པ་ཆེན་པོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །སྙིང་རྗེ་ཆེན་པོའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་ བ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཟབ་པ་མ་ཡིན་ ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཤེས་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ ནོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་པར་གྱུར་ཏེ། ཆོས་བསྟན་པ་འདི་ལ་ནི་གཟུགས་སུ་བཏགས་པ་མྱེད་དོ། །ཚོར་བར་བཏགས་པ་མྱེད་དོ། །འདུ་ཤེས་སུ་བཏགས་པ་མྱེད་དོ། །འདུ་བྱེད་དུ་བཏགས་པ་མྱེད་དོ། །རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །ཆོས་ བསྟན་པ་འདི་ལ་ནི་མྱིག་ཏུ་བཏགས་པ་མྱེད་དོ། །རྣ་བར་བཏགས་པ་མྱེད་དོ། །སྣར་བཏགས་པ་མྱེད་དོ། །ལྕེར་བཏགས་པ་མྱེད་དོ། །ལུས་སུ་བཏགས་པ་མྱེད་དོ། །ཡིད་དུ་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་གཟུགས་སུ་བཏགས་པ་མྱེད་དོ། །སྒྲར་བཏགས་པ་ མྱེད་དོ། །དྲིར་བཏགས་པ་མྱེད་དོ། །རོར་བཏགས་པ་མྱེད་དོ། །རེག་ཏུ་བཏགས་པ་མྱེད་དོ། །ཆོས་སུ་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་མྱིག་གི་རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །རྣ་བའི་རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །སྣའི་རྣམ་པར་ ཤེས་པར་བཏགས་པ་མྱེད་དོ། །ལྕེའི་རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་མྱིག་གི་འདུས་ཏེ་རེག་པར་བཏགས་པ་མྱེད་དོ། །རྣ་བའི་འདུས་ཏེ་ རེག་པར་བཏགས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པར་བཏགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པར་བཏགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པར་བཏགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པར་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་མྱིག་གི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བར་བཏགས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་བཏགས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་བཏགས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་བཏགས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་ཀྱིས་ཚོར་བར་བཏགས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བར་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་སའི་ཁམས་སུ་བཏགས་པ་མྱེད་དོ། །ཆུའི་ཁམས་སུ་བཏགས་པ་མྱེད་དོ། །མྱེའི་ཁམས་སུ་བཏགས་པ་མྱེད་དོ། །རླུང་གི་ཁམས་ སུ་བཏགས་པ་མྱེད་དོ། །ནམ་མཁའི་ཁམས་སུ་བཏགས་པ་མྱེད་དོ། །རྣམ་པར་ཤེས་པའི་ཁམས་སུ་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་མ་རིག་པར་བཏགས་པ་མྱེད་དོ། །འདུ་བྱེད་དུ་བཏགས་པ་མྱེད་དོ། །རྣམ་པར་ཤེས་པར་བཏགས་པ་མྱེད་དོ། །མྱིང་དང་གཟུགས་ སུ་བཏགས་པ་མྱེད་དོ། །སྐྱེ་མཆེད་དྲུག་ཏུ་བཏགས་པ་མྱེད་དོ། །རེག་པར་བཏགས་པ་མྱེད་དོ། །ཚོར་བར་བཏགས་པ་མྱེད་དོ། །སྲེད་པར་བཏགས་པ་མྱེད་དོ། །ལེན་པར་བཏགས་པ་མྱེད་དོ། །སྲིད་པར་བཏགས་པ་མྱེད་དོ། །སྐྱེ་བར་བཏགས་པ་མྱེད་དོ། །རྒ་ཤིར་བཏགས་ པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པར་བཏགས་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་ནང་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །ཕྱི་ནང་སྟོང་ པ་ཉིད་དུ་བཏགས་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་དུ་བཏགས་པ་མེད་དོ། །འདུས་བྱས་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་དུ་བཏགས་ པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ དུ་བཏགས་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་དུ་བཏགས་པ་མྱེད་དོ། །ཆོས་བསྟན་པ་འདི་ལ་ནི་དྲན་པ་ཉེ་བར་གཞག་པ་རྣམས་སུ་བཏགས་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་སུ་བཏགས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་བཏགས་པ་མྱེད་དོ། །དབང་པོ་རྣམས་སུ་བཏགས་པ་མྱེད་དོ། ། སྟོབས་རྣམས་སུ་བཏགས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་བཏགས་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པར་བཏགས་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་སུ་བཏགས་པ་མྱེད་དོ། །བསམ་གཏན་རྣམས་སུ་བཏགས་པ་མྱེད་དོ། ། ཚད་མྱེད་པ་རྣམས་སུ་བཏགས་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སུ་བཏགས་པ་མྱེད་དོ། །རྣམ་པར་ཐར་པ་རྣམས་སུ་བཏགས་པ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སུ་བཏགས་པ་མེད་དོ། །རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པར་བཏགས་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་སུ་བཏགས་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་སུ་བཏགས་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་སུ་བཏགས་པ་མྱེད་དོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་སུ་བཏགས་པ་མྱེད་དོ། །མྱི་འཇིགས་པ་རྣམས་སུ་བཏགས་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་སུ་བཏགས་པ་མྱེད་དོ། །བྱམས་པ་ཆེན་པོར་བཏགས་པ་མྱེད་དོ། །སྙིང་རྗེ་ཆེན་པོར་བཏགས་པ་མྱེད་དོ། །སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དུ་བཏགས་པ་མེད་དོ། །ཆོས་བསྟན་པ་འདི་ལ་ནི་རྒྱུན་ཏུ་ཞུགས་པར་བཏགས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུར་བཏགས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བར་བཏགས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུར་ བཏགས་པ་མྱེད་དོ། །ཕྱིར་མྱི་འོང་བར་བཏགས་པ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུར་བཏགས་པ་མྱེད་དོ། །དགྲ་བཅོམ་པར་བཏགས་པ་མྱེད་དོ། །དགྲ་བཅོམ་པ་ཉིད་དུ་བཏགས་པ་མྱེད་དོ། །རང་སངས་རྒྱས་སུ་བཏགས་པ་མྱེད་དོ། །རང་བྱང་ཆུབ་ཏུ་བཏགས་པ་ མྱེད་དོ། །བྱང་ཆུབ་སེམས་དཔར་བཏགས་པ་མྱེད་དོ། །བྱང་ཆུབ་སེམས་དཔའི་ས་རྣམས་སུ་བཏགས་པ་མྱེད་དོ། །སངས་རྒྱས་སུ་བཏགས་པ་མྱེད་དོ། །བྱང་ཆུབ་ཏུ་བཏགས་པ་མྱེད་དོ། །ཡི་གེ་རྣམས་སུ་བཏགས་པ་མྱེད་དོ། སྙམ་པ་དང་། །དེ་ནས་ཚེ་དང་ལྡན་པ་རབ་ འབྱོར་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་བྱང་ཆུབ་ནི་བརྗོད་དུ་མྱེད་དོ། །སྨྲར་མྱེད་དོ། །དེ་ནི་སུས་ཀྱང་བསྟན་པ་མྱེད་དོ། །སུས་ཀྱང་ཐོས་པ་མྱེད་དོ། །སུས་ཀྱང་ཤེས་པ་མྱེད་དོ། །ལྷའི་བུ་ དག་དེ་ལྟ་བས་ན་ལ་ལ་ཞིག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་ཅིང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །ལ་ལ་ཞིག་ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ལ་གནས་པར་འདོད་ཅིང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །ལ་ལ་ཞིག་ཕྱིར་མྱི་འོང་བའི་འབྲས་བུ་ལ་གནས་པར་འདོད་ཅིང་། ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་ བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །ལ་ལ་ཞིག་དགྲ་བཅོམ་པ་ཉིད་ལ་གནས་པར་འདོད་ཅིང་། དགྲ་བཅོམ་པ་ཉིད་མངོན་དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །ལ་ལ་ཞིག་རང་བྱང་ཆུབ་ལ་གནས་ པར་འདོད་ཅིང་། རང་བྱང་ཆུབ་མངོན་ཏུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མི་བརྟེན་དུ་མྱི་རུང་ངོ་། །ལ་ལ་ཞིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འདོད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ དུ་བྱ་བར་འདོད་ན་ཡང་། བཟོད་པ་འདི་ལ་མྱི་བརྟེན་དུ་མྱི་རུང་ངོ་། །ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་བརྗོད་པ་དང་། མཉན་དུ་མྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་ལ་གནས་ པར་བྱའོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཅུ་བཞིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉི་ཤུ་ལྔ་པ། །དེ་ནས་ལྷའི་བུ་དེ་ དག་འདི་སྙམ་དུ་སེམས་པར་གྱུར་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་པ་དང་། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱི་སེམས་ཀྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས་ ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བདག་གིས་ཆོས་བསྟན་པ་ནི་སྒྱུ་མ་ལྟ་བུ་སྟེ། ལྷའི་བུ་དག་བདག་ལ་ཆོས་ཉན་པ་ཡང་སྒྱུ་མ་ལྟ་བུར་བཙལ་བར་བྱའོ། །ལྷའི་བུ་དག་བདག་གིས་ཆོས་བསྟན་པ་ནི་སྤྲུལ་པ་ལྟ་བུ་སྟེ། བདག་ལ་ཆོས་ཉན་པ་ཡང་ སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། དེ་དག་ནི་ཅི་ཡང་ཉན་པ་མྱེད་ཅིང་། ཅི་ཡང་མངོན་དུ་བྱེད་པ་མྱེད་དོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་ སྒྱུ་མ་ལྟ་བུ་ཡིན་ནམ། སེམས་ཅན་དེ་དག་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུ་ཡིན་ནམ། རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ། སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྒྱུ་མ་ལྟ་བུའོ། །སེམས་ཅན་ དེ་དག་ནི་སྤྲུལ་པ་ལྟ་བུ་སྟེ། ཆོས་ཉན་པ་དེ་དག་སྤྲུལ་པ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་རྨྱི་ལམ་ལྟ་བུའོ། །ལྷའི་བུ་དག་སེམས་ཅན་དེ་དག་ནི་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་གཟུགས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་ཚོར་བ་ཡང་རྨྱི་ལམ་ལྟ་བུ་ སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་འདུ་ཤེས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་འདུ་བྱེད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་མྱིག་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣ་བ་ཡང་རྨྱི་ལམ་ ལྟ་བུ་སྒྱུ་མ་ལྟ་བུའོ། །སྣ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྕེ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལུས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཡིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །གཟུགས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྒྲ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དྲི་ ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རོ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རེག་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཆོས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱིག་གི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣ་བའི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། ། སྣའི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྕེའི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལུས་ཀྱི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱིག་གི་ འདུས་ཏེ་རེག་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣ་བའི་འདུས་ཏེ་རེག་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྣའི་འདུས་ཏེ་རེག་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྕེའི་འདུས་ཏེ་རེག་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལུས་ཀྱི་འདུས་ཏེ་རེག་པ་ཡང་རྨྱི་ལམ་ ལྟ་བུ་སྒྱུ་མ་ལྟ་བུའོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྣའི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སའི་ཁམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཆུའི་ཁམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱེའི་ཁམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རླུང་གི་ཁམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ནམ་མཁའི་ཁམས་ཀྱང་ རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣམ་པར་ཤེས་པའི་ཁམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མ་རིག་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །འདུ་བྱེད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣམ་པར་ཤེས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱིང་དང་གཟུགས་ཀྱང་རྨྱི་ ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྐྱེ་མཆེད་དྲུག་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རེག་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཚོར་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྲེད་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལེན་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྲིད་པ་ཡང་ རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྐྱེ་བ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྒ་ཤི་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིནད་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་ བུའོ། །ནང་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཕྱི་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཕྱི་ནང་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཆེན་པོ་སྟོང་པ་ཉིད་ཀྱང་ རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དོན་དམ་པ་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །འདུས་བྱས་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་ བུ་སྒྱུ་མ་ལྟ་བུའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དོར་བ་མྱེད་པ་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རང་བཞིན་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མྱི་དམྱིགས་པ་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དངོས་པོ་མྱེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཡང་དག་པར་སྤོང་བ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དབང་པོ་ རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྟོབས་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་ བུའོ། །འཕགས་པའི་བདེན་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བསམ་གཏན་རྣམས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཚད་མྱེད་བ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྨྱི་ལམ་ལྟ་ བུ་སྒྱུ་མ་ལྟ་བུའོ། །རྣམ་པར་ཐར་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་རྨྱི་ལམ་ ལྟ་བུ་སྒྱུ་མ་ལྟ་བུའོ། །མངོན་པར་ཤེས་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཏིང་ངེ་འཛིན་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །གཟུངས་ཀྱི་སྒོ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རྨྱི་ལམ་ལྟ་བུ་ སྒྱུ་མ་ལྟ་བུའོ། །མྱི་འཇིགས་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །བྱམས་པ་ཆེན་པོ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སྙིང་རྗེ་ཆེན་པོ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཕྱིར་མྱི་འོང་བའི་འབྲས་བུ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། ། དགྲ་བཅོམ་པ་ཉིད་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །རང་བྱང་ཆུབ་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ལྷའི་བུ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པ་རབ་འབྱོར་བྱང་ཆུབ་ཀྱང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་ན། མྱ་ངན་ལས་འདས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་བཤད་དམ། རབ་འབྱོར་ཀྱིས་སྨྲས་པ། ལྷའི་བུ་དག་བདག་ནི་མྱ་ངན་ལས་འདས་པ་ཡང་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲས་ཏེ། དེ་བས་ ན་གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་། དེ་ལ་བདག་ནི་རྨྱི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་དེ་ནི་འདི་ལྟར་རྨྱི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུ་དང་། མྱ་ངན་ལས་འདས་པ་དེ་ལ་ གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་མཛོད་ལྡན་ཆེན་པོ་དང་། ཚེ་དང་ལྡན་པ་ཀ་ཏྱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་གང་གི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་བ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གསལ་བ། འདི་ལྟར་ཕྲ་བ། འདི་ལྟར་བཟང་བ། འདི་ལ་སུ་དག་ཡིད་ཆེས་པར་འགྱུར། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་ དང་ལྡན་པ་དག་ཕྱིར་མྱི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ་འདི་ལྟར་བརྟག་དཀའ་བ། འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་བ། འདི་ལྟར་ཕྲ་བ། འདི་ལྟར་གསལ་བ། འདི་ལྟར་བལྟ་ དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་བཟང་བ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ། འདི་ལ་ཡིད་ཆེས་པར་འགྱུར་རོ། །བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ ཟད་པ་བསམ་པ་ཡོངས་སུ་རྫོགས་པ་འམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའི་སེམས་ཅན་སངས་རྒྱས་བྱེ་བ་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་བསྐྱེད་པ་དག་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དགེ་བའི་བཤེས་གཉེན་ཀྱིས་ཡོངས་སུ་ ཟིན་པ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་བརྟག་དཀའ་བ། འདི་ལྟར་བརྟག་པའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་ཕྲ་བ། འདི་ལྟར་གསལ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་ བཟང་བ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་ཤིང་ཤེས་པས་རིག་པར་བྱ་བ་འདི་ལ་ཡིད་ཆེས་པར་འགྱུར་བ་དེ་དག་ནི། གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་སྟོང་པ་ཉིད་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཚོར་ པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། སྟོང་པ་ཉིད་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུ་ཤེས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་བྱེད་སྟོང་ཞེས་བྱ་ བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་མཚན་མ་མྱེད་ཅེས་ བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཚོར་བ་མཚན་མ་མྱེད་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། འདུ་ཤེས་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་བྱེད་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་འདུ་བྱེད་ཅེས་བྱ་བར་རྣམ་པར་ རྟོག་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་ མྱེད་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཚོར་བ་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་ཤེས་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་བྱེད་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་སྨོན་པ་མྱེད་ཅེས་བྱ་ བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། ཚོར་བ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་ཤེས་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་ འགྱུར་རོ། །འདུ་བྱེད་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་རྣམ་པར་ཤེས་པ་ཞེས་ བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཚོར་བ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་ཤེས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་བྱེད་འགག་པ་ མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་ རྟོག་པར་མྱི་འགྱུར་རོ། །གཟུགས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཚོར་བ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་ རོ། །འདུ་ཤེས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་བྱེད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣམ་ པར་ཤེས་པ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། ཚོར་བ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དབེན་པ་ཚོར་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་ཤེས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་འདུ་ཤེས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །འདུ་བྱེད་ དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་འདུ་བྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣམ་པར་ཤེས་པ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། མྱིག་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣ་བ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྣ་སྟོང་ ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལྕེ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལུས་སྟོང་ཞེས་བྱ་ བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཡིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །མྱིག་མཚན་མ་མྱེད་ཅེས་ བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་མཚན་མ་མྱེད་པ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣ་བ་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྣ་མཚན་མ་ མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལྕེ་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་ མྱི་འགྱུར་རོ། །ལུས་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཡིད་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། མཚན་མ་མྱེད་པ་ ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །མྱིག་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མེད་པ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣ་བ་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྣ་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལྕེ་སྨོན་པ་མྱེད་ཅེས་བྱ་ བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མེད་པ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལུས་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། ཡིད་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །མྱིག་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་ འགྱུར་རོ། །རྣ་བ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྣ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་ རོ། །ལྕེ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལུས་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། ཡིད་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །མྱིག་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། རྣ་བ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྣ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལྕེ་ འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལུས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། ཡིད་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །མྱིག་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣ་བ་ཞི་ཞེས་བྱ་བར་ རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྣ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལྕེ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ལྕེ་ ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལུས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཡིད་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་ འགྱུར་རོ། །མྱིག་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་མྱིག་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རྣ་བ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་པ་རྣ་བ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྣ་དབེན་ བྱ་བར་རྣམ་པར་རྟོག་པར་མི་འགྱུར། དབེན་པ་སྣ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལྕེ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་ལྕེ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ལུས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་ལུས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཡིད་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་ཡིད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་གཟུགས་ ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྒྲ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་སྒྲ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དྲི་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་དྲི་ཞེས་ བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རོ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་རོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རེག་བྱ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་རེག་བྱ་ཞེས་བྱ་བར་རྣམ་པར་རྟོག་ པར་མྱི་འགྱུར་རོ། །ཆོས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྟོང་པ་ཉིད་ཆོས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་གཟུགས་ཞེས་བྱ་བར་ རྣམ་པར་རྟོག་པར་མྱི་འགྱུར་རོ། །སྒྲ་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་སྒྲ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དྲི་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་དྲི་ཞེས་བྱ་ བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རོ་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་རོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རེག་བྱ་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་རེག་བྱ་ཞེས་ བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཆོས་མཚན་མ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། མཚན་མ་མྱེད་པ་ཆོས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་ པ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྒྲ་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་སྒྲ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དྲི་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་ དྲི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རོ་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་རོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རེག་བྱ་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་རེག་བྱ་ ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཆོས་སྨོན་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྨོན་པ་མྱེད་པ་ཆོས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་ གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྒྲ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་སྒྲ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དྲི་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་དྲི་ ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རོ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་རོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རེག་བྱ་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་རེག་བྱ་ཞེས་བྱ་ བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཆོས་སྐྱེ་བ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། སྐྱེ་བ་མྱེད་པ་ཆོས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་མྱེད་པ་ གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྒྲ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་སྒྲ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དྲི་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་ པ་མྱེད་པ་དྲི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རོ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་རོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རེག་བྱ་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་རེག་བྱ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །ཆོས་འགག་པ་མྱེད་ཅེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། འགག་པ་མྱེད་པ་ཆོས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །གཟུགས་ཞི་ཞེས་བྱ་བར་རྣམ་ པར་རྟོག་པར་མྱི་འགྱུར། ཞི་བ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །སྒྲ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་སྒྲ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དྲི་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། ཞི་བ་དྲི་ ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རོ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་རོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རེག་བྱ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་རེག་བྱ་ཞེས་བྱ་བར་རྣམ་པར་རྟོག་པར་ མྱི་འགྱུར་རོ། །ཆོས་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། ཞི་བ་ཆོས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་གཟུགས་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། ། སྒྲ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་སྒྲ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །དྲི་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་དྲི་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རོ་དབེན་ཞེས་བྱ་བར་རྣམ་པར་ རྟོག་པར་མྱི་འགྱུར། དབེན་པ་རོ་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར་རོ། །རེག་བྱ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མྱི་འགྱུར། དབེན་བ་རེག་བྱ