Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 017_འབུམ།_ང

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
པ་འགགས་པས་འདུ་བྱེད་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །འདུ་བྱེད་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །འདུ་བྱེད་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །འདུ་བྱེད་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །འདུ་བྱེད་འགག་པ་ནི་མཚན་མ་མྱེད་པ་
ཉིད་དུ་ཡིད་ལ་བྱའོ། །འདུ་བྱེད་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །འདུ་བྱེད་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས།
འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །རྣམ་པར་ཤེས་པ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །རྣམ་པར་ཤེས་པ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །
རྣམ་པར་ཤེས་པ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པར་ཤེས་པ་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པར་ཤེས་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་

ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་འགག་པས་མྱིང་དང་གཟུགས་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །མྱིང་དང་གཟུགས་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །མྱིང་དང་
གཟུགས་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །མྱིང་དང་གཟུགས་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །མྱིང་དང་གཟུགས་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །མྱིང་དང་གཟུགས་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །
མྱིང་དང་གཟུགས་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། མྱིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་པ་ནི་བདག་
མྱེད་པར་ཡིད་ལ་བྱའོ། །སྐྱེ་མཆེད་དྲུག་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །སྐྱེ་མཆེད་དྲུག་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །སྐྱེ་མཆེད་དྲུག་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་མཆེད་དྲུག་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །
སྐྱེ་མཆེད་དྲུག་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་མཆེད་དྲུག་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྐྱེ་མཆེད་
དྲུག་འགགས་པས་རེག་པ་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །རེག་པ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །རེག་པ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །རེག་པ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །རེག་པ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་
ཡིད་ལ་བྱའོ། །རེག་པ་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རེག་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། རེག་པ་

འགགས་པས་ཚོར་བ་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །ཚོར་བ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །ཚོར་བ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །ཚོར་བ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །ཚོར་བ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །
ཚོར་བ་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །ཚོར་བ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ཚོར་བ་འགགས་པས་
སྲེད་པ་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །སྲེད་པ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །སྲེད་པ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །སྲེད་པ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །སྲེད་པ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །སྲེད་པ་
འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །སྲེད་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྲེད་པ་འགགས་པས་ལེན་པ་
འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །ལེན་པ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །ལེན་པ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །ལེན་པ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །ལེན་པ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །ལེན་པ་
འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །ལེན་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ལེན་པ་འགགས་པས་སྲིད་པ་འགག་
པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །སྲིད་པ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །སྲིད་པ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །སྲིད་པ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །སྲིད་པ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །སྲིད་པ་འགག་པ་ནི་སྨོན་

པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །སྲིད་པ་འགག་པ་ནི་མངོན་པར་འདུ་བྱེད་པ་མེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྲིད་པ་འགགས་
པས་སྐྱེ་བ་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་སྟོང་པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་བ་
འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །སྐྱེ་བ་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྐྱེ་བ་འགགས་པས་རྒ་ཤི་དང་།
མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་བདག་མྱེད་པར་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་
བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་ཞི་བར་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དང་། སྡུག་
བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་དབེན་པར་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་སྟོང་པ་
ཉིད་དུ་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་མཚན་མ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྒ་ཤི་དང་།

མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་སྨོན་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་
བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྣམས་འགག་པ་ནི་མངོན་པར་འདུ་བྱེད་པ་མྱེད་པ་ཉིད་དུ་ཡིད་ལ་བྱའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མི་དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་
ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་
པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་
ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་

བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། དབང་པོ་ལྔ་སྒོམ་མོ། །རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྟོབས་ལྔ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་
མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་
པའི་ཚུལ་གྱིས། འཕགས་པའི་བདེན་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། བསམ་གཏན་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་
བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་མོ། །རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། རྣམ་པ་ཐར་པ་བརྒྱད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་སྒོམ་མོ། །རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མི་དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་
པའི་སྟོབས་བཅུ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། མི་འཇིགས་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་
པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་
བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མྱི་དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒོམ་མོ། །ཀཽ་ཤི་ཀ་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་སོ་སོར་ཡང་དག་པར་སློབ་སྟེ། འདི་ལྟར་ཆོས་རྣམས་མངོན་པར་རླན་བར་བྱེད་པ་དང་། ཡོངས་སུ་རླན་བར་བྱེད་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་དང་།
ཡོངས་སུ་རྒྱས་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པ་དེ་དག་ནི་ཆོས་ཁོ་ནར་ཟད་དེ། དེ་ལ་བདག་གམ་བདག་གི་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་

སེམས་དང་འགྲོགས་པ་མ་ཡིན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་དགེ་བའི་རྩ་བའི་སེམས་དང་འགྲོགས་པ་མ་ཡིན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན། ཡོངས་སུ་
བསྔོ་བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན་ཏེ། ཀཽ་ཤི་ཀ་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་དགེ་བའི་རྩ་བའི་སེམས་ལ་མེད་ཅིང་མི་དམིགས།
བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས། ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས་ཏེ། ཀཽ་ཤི་ཀ་གང་དེ་ལྟར་ཆོས་ཐམས་ཅད་ལ་ཡང་རབ་ཏུ་རྟོག་ལ། ཆོས་གང་ལ་ཡང་རྣམ་
པར་རྒྱུ་བ་མེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་
ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན་ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་དང་འགྲོགས་པ་མ་ཡིན། ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མྱི་དམིགས། ཇི་ལྟར་ན་བྱང་ཆུབ་ཀྱི་
སེམས་ཡོངས་སུ་བསྔོ་བའི་སེམས་ལ་མྱེད་ཅིང་མྱི་དམྱིགས། །རབ་འབྱོར་ཀྱིས་སྨྲས་པ། ཀཽ་ཤི་ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བའི་སེམས་མ་ཡིན་ཏེ། དེ་ལྟར་ན་སེམས་མ་ཡིན་
པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། སེམས་མ་ཡིན་པ་ནི་སེམས་མ་ཡིན་པར་ཡོངས་སུ་བསྔོ་བ་མྱེད། བསམ་གྱིས་མི་ཁྱབ་པ་ཡང་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྔོ་བ་མྱེད་དེ། དེ་ལྟར་

ན་སེམས་མ་ཡིན་བ་གང་ཡིན་པ་དེ་ནི་བསམ་གྱིས་མྱི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི་སེམས་མ་ཡིན་པ་སྟེ། ཀཽ་ཤི་ཀ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས།
ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་མོས་པ་སྐྱེད་པ་ལེགས་སོ། །ལེགས་སོ། །རབ་འབྱོར་ལེགས་སོ། །རབ་འབྱོར་གྱིས་
གསོལ་བ། བཅོམ་ལྡན་འདས་བདག་གིས་ནི་བཀའ་དྲིན་དྲན་བར་བགྱི་སྟེ། བཀའ་དྲིན་མྱི་དྲན་བར་མྱི་བགྱིའོ། །དེ་ནི་འདི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་པའི་ཚེ། དེའི་ཚེ་
ཉན་ཐོས་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པ་དང་། རྗེས་སུ་བསྟན་པ་བགྱིས་ཏེ། དགྱེས་པ་དང་། ཡང་དག་པར་
བསྐུལ་བ་དང་། ལེགས་པར་གཟེངས་བསྟོད་པ་དང་། རབ་ཏུ་དགྱེས་པ་དང་། གཞག་པ་དང་། ཤིན་ཏུ་བརྟན་པ་བགྱིས་པས། སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་མཛད་དེ། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་པར་བགྱིའོ། །རྗེས་སུ་བསྟན་པར་བགྱིའོ། །དགའ་བར་
བགྱིའོ། །ཡང་དག་པར་བསྐུལ་བར་བགྱིའོ། །ལེགས་པར་གཟེངས་བསྟོད་པར་བགྱིའོ། །རབ་ཏུ་དགའ་བར་བགྱིའོ། །དགོད་པར་བགྱིའོ། །ཤིན་ཏུ་བརྟན་པར་བགྱིའོ། །བདག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དེ་ལྟར་

གདམས་པ་དང་། རྗེས་སུ་བསྟན་པ་དང་། དགའ་བར་བགྱིས་པ་དང་། ཡང་དག་པར་བསྐུལ་བ་དང་། ལེགས་པར་གཟེངས་བསྟོད་པ་དང་། རབ་ཏུ་དགའ་བར་བགྱིས་པ་དང་། བཀོད་པ་དང་། ཤིན་ཏུ་བརྟན་པ་དག་ཀྱང་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་
ཟུངས་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང་ཇི་ལྟར་མྱི་གནས་པར་བྱ་བ་བདག་གིས་བཤད་དོ། །ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་ནི་ཚོར་བས་
སྟོང་ངོ་། །འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང་ངོ་། །འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་གཟུགས་སྟོང་པ་ཉིད་དང་།
ཚོར་བ་སྟོང་པ་ཉིད་དང་། འདུ་ཤེས་སྟོང་པ་ཉིད་དང་། འདུ་བྱེད་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མྱིག་ནི་མྱིག་གིས་སྟོང་ངོ་། །རྣ་བ་ནི་རྣ་བས་སྟོང་ངོ་། །སྣ་ནི་སྣས་སྟོང་ངོ་། །ལྕེ་ནི་ལྕེས་སྟོང་ངོ་། །ནི་ལུས་ཀྱིས་སྟོང་ངོ་། །ཡིད་ནི་ཡིད་
ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་མྱིག་སྟོང་པ་ཉིད་དང་། རྣ་བ་སྟོང་པ་ཉིད་དང་། སྣ་སྟོང་པ་ཉིད་དང་། ལྕེ་སྟོང་པ་ཉིད་དང་། ལུས་སྟོང་པ་ཉིད་དང་། ཡིད་སྟོང་པ་ཉིད་དང་། བྱང་ཆུབ་སེམས་

དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །
སྒྲ་ནི་སྒྲས་སྟོང་ངོ་། །དྲི་ནི་དྲིས་སྟོང་ངོ་། །རོ་ནི་རོས་སྟོང་ངོ་། །རེག་ནི་རེག་གིས་སྟོང་ངོ་། །ཆོས་ནི་ཆོས་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་གཟུགས་སྟོང་པ་ཉིད་དང་། སྒྲ་སྟོང་པ་ཉིད་དང་། དྲི་སྟོང་
པ་ཉིད་དང་། རོ་སྟོང་པ་ཉིད་དང་། རེག་སྟོང་པ་ཉིད་དང་། ཆོས་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་
ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མྱིག་གི་རྣམ་པར་ཤེས་པ་ནི་མྱིག་གི་རྣམ་པར་ཤེས་པས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པས་སྟོང་ངོ་། །སྣའི་རྣམ་པར་ཤེས་པ་ནི་སྣའི་རྣམ་པར་ཤེས་པས་སྟོང་ངོ་། །ལྕེའི་རྣམ་པར་ཤེས་པ་
ནི་ལྕེའི་རྣམ་པར་ཤེས་པས་སྟོང་ངོ་། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་མྱིག་གི་རྣམ་
པར་ཤེས་པ་སྟོང་པ་ཉིད་དང་། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། བྱང་ཆུབ་
སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མྱིག་གི་འདུས་ཏེ་རེག་པ་ནི་མྱིག་གི་འདུས་ཏེ་རེག་པས་སྟོང་

ངོ་། །རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པས་
སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། སྣའི་འདུས་ཏེ་རེག་པ་སྟོང་
པ་ཉིད་དང་། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་རྣ་བའི་འདུས་
ཏེ་རེག་པ་ལས་བྱུང་བའི་ཚོར་བས་སྟོང་ངོ་། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་སྟོང་ངོ་། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་སྟོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པ་ལས་
བྱུང་བའི་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་སྟོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་མྱིག་
གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། ལུས་ཀྱི་

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་ངོ་། །ཆུའི་ཁམས་ནི་ཆུའི་ཁམས་ཀྱིས་སྟོང་ངོ་། །མྱེའི་ཁམས་ནི་མྱེའི་ཁམས་ཀྱིས་སྟོང་ངོ་། །རླུང་གི་ཁམས་ནི་རླུང་གི་ཁམས་ཀྱིས་སྟོང་ངོ་། །
ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་སའི་ཁམས་སྟོང་པ་ཉིད་དང་། ཆུའི་ཁམས་
སྟོང་པ་ཉིད་དང་། མྱེའི་ཁམས་སྟོང་པ་ཉིད་དང་། རླུང་གི་ཁམས་སྟོང་པ་ཉིད་དང་། ནམ་མཁའི་ཁམས་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་
ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མ་རིག་པ་ནི་མ་རིག་པས་སྟོང་ངོ་། །འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང་ངོ་། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །
མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱིས་སྟོང་ངོ་། །སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་སྟོང་ངོ་། །རེག་པ་ནི་རེག་པས་སྟོང་ངོ་། །ཚོར་བ་ནི་ཚོར་བས་སྟོང་ངོ་། །སྲེད་པ་ནི་སྲེད་པས་སྟོང་ངོ་། །ལེན་པ་ནི་ལེན་པས་སྟོང་ངོ་། །སྲིད་པ་ནི་སྲིད་པས་སྟོང་ངོ་། །སྐྱེ་བ་ནི་
སྐྱེ་བས་སྟོང་ངོ་། །རྒ་ཤི་ནི་རྒ་ཤིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་མ་རིག་པ་སྟོང་པ་ཉིད་དང་། འདུ་བྱེད་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། མྱིང་དང་གཟུགས་སྟོང་པ་ཉིད་དང་།

སྐྱེ་མཆེད་དྲུག་སྟོང་པ་ཉིད་དང་། རེག་པ་སྟོང་པ་ཉིད་དང་། ཚོར་བ་སྟོང་པ་ཉིད་དང་། སྲེད་པ་སྟོང་པ་ཉིད་དང་། ལེན་པ་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། སྐྱེ་བ་སྟོང་པ་ཉིད་དང་། རྒ་ཤི་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་
སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་
སྟོང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་སྦྱིན་པའི་
ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །
ཀཽ་ཤི་ཀ་གཞན་ཡང་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆེན་པོ་

སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་ངོ་། །
མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དོར་བ་མྱེད་པ་སྟོང་པ་ཉིད་ནི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་བཞིན་
སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །མྱི་དམྱིགས་པ་སྟོང་པ་ཉིད་ནི་མྱི་དམྱིགས་པ་
སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །
བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་ནང་སྟོང་པ་ཉིད་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་དང་།
དོན་དམ་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་སྟོང་
པ་ཉིད་དང་། རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་

པ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་ངོ་། །རྫུ་འཕྲུལ་གྱི་རྐང་པ་རྣམས་
ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་ངོ་། །དབང་པོ་རྣམས་ནི་དབང་པོ་རྣམས་ཀྱིས་སྟོང་ངོ་། །སྟོབས་རྣམས་ནི་སྟོབས་རྣམས་ཀྱིས་སྟོང་ངོ་། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་ངོ་། །འཕགས་པའི་ལམ་ཡན་ལག་
བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་སྟོང་པ་ཉིད་དང་། ཡང་དག་པར་སྤོང་བ་སྟོང་པ་ཉིད་དང་། རྫུ་འཕྲུལ་གྱི་རྐང་པ་སྟོང་པ་
ཉིད་དང་། དབང་པོ་སྟོང་པ་ཉིད་དང་། སྟོབས་སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་སྟོང་པ་ཉིད་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་ངོ་། །བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང་ངོ་། །
ཚད་མྱེད་པ་རྣམས་ནི་ཚད་མྱེད་པ་རྣམས་ཀྱིས་སྟོང་ངོ་། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་རྣམས་ཀྱིས་སྟོང་ངོ་། །མཐར་ཀྱིས་གནས་པའི་

སྙོམས་པར་འཇུག་པ་རྣམས་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་ངོ་། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པས་སྟོང་ངོ་། །
མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པ་རྣམས་ཀྱིས་སྟོང་ངོ་། །ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་
སྟོང་ངོ་། །མྱི་འཇིགས་པ་རྣམས་ནི་མྱི་འཇིགས་པ་རྣམས་ཀྱིས་སྟོང་ངོ་། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་ངོ་། །བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོས་སྟོང་ངོ་། །སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་སྟོང་ངོ་། །སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་འཕགས་པའི་བདེན་པ་སྟོང་པ་ཉིད་དང་། བསམ་གཏན་སྟོང་པ་ཉིད་དང་། ཚད་མེད་པ་སྟོང་པ་ཉིད་དང་། གཟུགས་མེད་པའི་སྙོམས་
པར་འཇུག་པ་སྟོང་པ་ཉིད་དང་། རྣམ་པར་ཐར་པ་སྟོང་པ་ཉིད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་སྟོང་པ་ཉིད་དང་། མངོན་པར་ཤེས་པ་སྟོང་པ་ཉིད་དང་། ཏིང་ངེ་འཛིན་སྟོང་པ་ཉིད་དང་།
གཟུངས་ཀྱི་སྒོ་སྟོང་པ་ཉིད་དང་། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་དང་། མྱི་འཇིགས་པ་སྟོང་པ་ཉིད་དང་། སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་དང་། བྱམས་པ་ཆེན་པོ་སྟོང་པ་ཉིད་དང་། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་
དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་ངོ་། །རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་

རྒྱས་ཀྱི་ཐེག་པས་སྟོང་ངོ་། །སངས་རྒྱས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པ་སྟོང་པ་ཉིད་དང་། རང་སངས་རྒྱས་ཀྱི་ཐེག་པ་
སྟོང་པ་ཉིད་དང་། སངས་རྒྱས་ཀྱི་ཐེག་པ་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་བྱའོ། །
ཀཽ་ཤི་ཀ་གཞན་ཡང་ཉན་ཐོས་ནི་ཉན་ཐོས་ཀྱིས་སྟོང་ངོ་། །རང་སངས་རྒྱས་ནི་རང་སངས་རྒྱས་ཀྱིས་སྟོང་ངོ་། །སངས་རྒྱས་ནི་སངས་རྒྱས་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་ཉན་ཐོས་སྟོང་པ་ཉིད་དང་།
རང་སངས་རྒྱས་སྟོང་པ་ཉིད་དང་། སངས་རྒྱས་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་པར་
བྱའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་ངོ་། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་ངོ་། །ཕྱིར་མི་འོང་བའི་འབྲས་བུ་ནི་ཕྱིར་མྱི་འོང་བའི་འབྲས་བུས་སྟོང་ངོ་། །དགྲ་
བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱིས་སྟོང་ངོ་། །རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱིས་སྟོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །
བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །ཀཽ་ཤི་ཀ་དེ་ལྟར་ན་རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་པ་ཉིད་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་པ་ཉིད་དང་། ཕྱིར་མྱི་འོང་བའི་འབྲས་བུ་སྟོང་པ་ཉིད་དང་། དགྲ་བཅོམ་པ་ཉིད་སྟོང་པ་ཉིད་དང་།

རང་བྱང་ཆུབ་སྟོང་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དང་། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དེ་ལ་གཉིས་སུ་མྱེད་ཅིང་གཉིས་སུ་བྱར་མྱེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་དེ་ལྟར་གནས་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་
རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་པར་མྱི་བྱ། །རབ་འབྱོར་ཀྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ལ་སྤྱོད་པའི་ཚེ། དམྱིགས་པའི་ཚུལ་གྱིས། གཟུགས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་ལ་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། འདུ་བྱེད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་ལ་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། སྣ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་ལ་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། གཟུགས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྒྲ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲི་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རོ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

རེག་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆོས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བའི་རྣམ་པར་ཤེས་པ་ལ་
གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣའི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེའི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་གི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བའི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་
གྱིས། སྣའི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེའི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་
ཏེ་རེག་པ་ལ་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་
གྱིས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་
གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སའི་ཁམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆུའི་ཁམས་ལ་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། མྱེའི་ཁམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རླུང་གི་ཁམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནམ་མཁའི་ཁམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
རྣམ་པར་ཤེས་པའི་ཁམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མ་རིག་པ་ལ་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། འདུ་བྱེད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་ལ་གནས་པར་མྱི་
བྱའོ། །དམྱིགས་པའི་ཚུལ་གྱིས། མྱིང་དང་གཟུགས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྐྱེ་མཆེད་དྲུག་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
ཚོར་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྲེད་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལེན་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྲིད་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
སྐྱེ་བ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒ་ཤི་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་
མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་
པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནང་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ལ་གནས་པར་མྱི་

བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ལ་གནས་པར་མྱི་
བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་བྱས་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་
གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ལ་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་

ཡན་ལག་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ལ་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས།
བསམ་གཏན་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
རྣམ་པར་ཐར་པ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་།
སྨོན་པ་མྱེད་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ལ་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་ཀྱི་སྒོ་རྣམས་ལ་
གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སོ་སོ་ཡང་དག་པར་རིག་པ་རྣམས་
ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་ལ་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པར་མྱི་
བྱའོ། །དམྱིགས་པའི་ཚུལ་གྱིས། ཉན་ཐོས་ཀྱི་ཐེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཐེག་པ་ལ་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས།

རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་ཀྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་
ཉིད་ལ་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས། རང་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས། སངས་རྒྱས་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཐམས་ཅད་ཤེས་པ་ཉིད་ལ་གནས་པར་མྱི་བྱའོ། །དམིགས་
པའི་ཚུལ་གྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་
ཚུལ་གྱིས། ཚོར་བ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་ཞེས་
བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་
ཚུལ་གྱིས། ལྕེ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་ཞེས་བྱ་བར་གནས་
པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྒྲ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། རོ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རེག་

ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆོས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བའི་རྣམ་པར་
ཤེས་པ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣའི་རྣམ་པར་ཤེས་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་
གྱིས། ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། རྣ་བའི་འདུས་ཏེ་རེག་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣའི་འདུས་ཏེ་རེག་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེའི་འདུས་ཏེ་རེག་པ་ཞེས་བྱ་བར་གནས་
པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་གི་འདུས་ཏེ་རེག་
པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བར་གནས་
པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སའི་ཁམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆུའི་ཁམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། མྱེའི་ཁམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རླུང་གི་ཁམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ནམ་མཁའི་ཁམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་
ཤེས་པའི་ཁམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མ་རིག་པ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་ཞེས་བྱ་བར་
གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིང་དང་གཟུགས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྐྱེ་མཆེད་དྲུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རེག་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། ཚོར་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྲེད་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལེན་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྲིད་པ་ཞེས་
བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྐྱེ་བ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒ་ཤི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ཞེས་བྱ་བར་གནས་པར་
མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བརྩོན་འགྲུས་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། ནང་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
འདུས་བྱས་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བཞིན་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བར་གནས་
པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། །དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་

བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དབང་པོ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྟོབས་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱང་ཆུབ་ཀྱི་ཡན་ལག་
རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འཕགས་པའི་བདེན་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་
གྱིས། བསམ་གཏན་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚད་མྱེད་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། རྣམ་པར་ཐར་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་
པ་དང་། སྨོན་པ་མྱེད་པ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མངོན་པར་ཤེས་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཏིང་ངེ་འཛིན་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུངས་
ཀྱི་སྒོ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱི་འཇིགས་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།

སོ་སོ་ཡང་དག་པར་རིག་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། བྱམས་པ་ཆེན་པོ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། སྙིང་རྗེ་ཆེན་པོ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། དགྲ་བཅོམ་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རང་བྱང་ཆུབ་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་སྡུག་ཅེས་བྱ་བ་
དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། གཟུགས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་སྨོན་པ་

ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་བདེ་ཞེས་བྱ་བ་དང་། སྡུག་
བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། ཚོར་བ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་སྟོང་ཞེས་བྱ་བ་དང་།
མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་
གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་
ཤེས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་
མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་

མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་ཤེས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་རྟག་ཅེས་བྱ་བ་
དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་
པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་
བྱེད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་མཚན་མ་ཡོད་ཅེས་བྱ་བ་དང་།
མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། འདུ་བྱེད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་
གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་
བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་སྡུག་ཅེས་བྱ་བ་དང་། མི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་

གྱིས། རྣམ་པར་ཤེས་པ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། མྱིག་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་བདག་ཅེས་བྱ་བ་
དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། མྱིག་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་མཚན་མ་ཡོད་
ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། མྱིག་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། རྣ་བ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་
བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་

པའི་ཚུལ་གྱིས། རྣ་བ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་
བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། རྣ་བ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། རྣ་བ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་བདེ་ཞེས་བྱ་བ་དང་། སྡུག་
བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། སྣ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་
བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྣ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། ལྕེ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་བདག་ཅེས་བྱ་བ་དང་། བདག་

མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམིགས་
པའི་ཚུལ་གྱིས། ལྕེ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་
མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལྕེ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། ལུས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་སྡུག་ཅེས་བྱ་བ་
དང་། མྱི་སྡུག་ཅེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམིགས་པའི་ཚུལ་གྱིས། ལུས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །
དམྱིགས་པའི་ཚུལ་གྱིས། ལུས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ལུས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
ལུས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་བདེ་ཞེས་བྱ་བ་དང་། སྡུག་

བསྔལ་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །
དམིགས་པའི་ཚུལ་གྱིས། ཡིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་སྟོང་ཞེས་བྱ་བ་དང་།
མི་སྟོང་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། ཡིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་
གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་
པའི་ཚུལ་གྱིས། གཟུགས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་
ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་གནས་
པར་མྱི་བྱའོ། །དམིགས་པའི་ཚུལ་གྱིས། གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། གཟུགས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་གནས་པར་མྱི་བྱའོ། །

དམྱིགས་པའི་ཚུལ་གྱིས། སྒྲ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས། སྒྲ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་གནས་པར་མྱི་བྱའོ། །དམྱིགས་པའི་ཚུལ་གྱིས།
སྒྲ་བདག་ཅ